| Wylie | e-texts produced with BDRC’s OCR application |
མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། ཨཱརྱཱ་རྀ་ཀ་ཏ་ཡ་མཱ་རི་སཱ་དྷཱ་ནཾ། བོ་སྐད་དུ། འཕགས་པ་གཤིནྡ་རྗེ་དམར་པོའི་སྒྲུབ་ཐབས།། ་གཤིན་རྗེའི་མགོར་གཞུགས་པ་ལ་ཕྱག་འཚལོ།། དང་པོར་རེ་ཤིག་སྔགས་པས་བདེ་བའི་སྟན་ལ་ཉེ་བར་གནས་ཏེ། སྒྲུབ་པ་པོས་རང་གི་སྙིང་གར་ཡི་གེ་ཨཾ་དམར་པོ་ལས་ངེས་པར་གྲུབ་པའི་ཉི་མའི་དཀྱིལ་འཁོར་རྣམ ་པར་བསྒོམ་པར་བྱ་བའོ།། དེའི་སྟེང་དུ་ལྀ་གེ་ཧཱུཾ་དམར་པོ་རྣམ་པར་དགོད་པས་གཤིན་རྗེ་གཤེད་དམར་པོ་དང་། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དམིགས་ལ། མེ་ཏོག་ལ་སོགས་པས ་ལེགས་པར་མཆོད་ཅིང་ཕྱག་ཀྱང་འཚལ་ཞིང་གསུམ་ལ་བསྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ལ་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ་པར་རོ།། དེའི ་རྗེས་ལ་ཡི་གེ་ཨོཾ་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ངོ་།། དེ་ཡོངས་སུ་གྱུར་པ་ལས་འཛག་པ་དང་ལྡན་པའི་མགོ་བོས་མཚན་པའི་དབྱུག་ཐོ་དཀར་པོ་ཡི་གེ་ཧཱུཾ་གིས་བྱིན་གྱིས ་བརླབས་པ་རྣམ་པར་བྱ་བའོ།། དེ་དྲུག་རྣམས་ཐམས་ཅད་ཡོངས་སུ་གྱུར་པ་ལ་བདག་ཉིད་གཤིན་རྗེ་གཤེད་དུ་རྣམ་པར་བསམ་པར་བྱ་སྟེ། སྐུ་མདོག་དམར་གཡས་བསྐུམས་པའི་ཞབས་ཀྱི་གནས་པ། ཞལ་གཅིག ་པ། ཕྱག་གཉིས་པའོ།། ཕྱག་གཡོན་པ་ན་ཁྲག་གིས་ཡོངས་སུ་གང་བར་གྱུར་པའི་ཐོད་པ་སྟེ། ཕྱག་གཡས་པས་ནི་མགོ་བོས་མཚན་པའི་དབྱུག་ཐོ་བསྣམས་པའོ།། སྦྲུལ་གྱིས་རྒྱན་གྱིས་བརྒྱན་པ། འཇིག་སུ་རུང ་བ། དབུ་སྐྲ་ཁམ་སེར་གྱོན་དུ་འཁྱིལ་བ། འཛག་པར་གྱུར་པའི་སྟག་གི་པགས་པའི་ཤམ་ཐབས་དང་ལྡན་པ། རང་ལྟར་སྣང་བའི་ཤེས་རབ་མ་རྣམ་པ་སྣ་ཚོགས་པའི་རྒྱན་དང་ལྡན་པ། རྐྱང་བསྐུམ་གྱི་ཞབས་ཀྱིས ་གནས་པ་ལ་འཁྱུད་པའི་བདག་ཉིད་དུ་བསྒོམ་པར་བྱ་བའོ།། ཕྱི་ནས་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུ~ཾ་གིས་བྱིན་གྱིས་བརླཔ་སྟེ། དེ་ཡོངས་སུ་གྱུར་པ་ལས་འཛག་པར་གྱུར་པའི ་མགོ་བོས་མཚན་པའི་དབྱུག་ཐོ་དཀར་པོས་མི་གཡོ་བར་རྣམ་པར་བསྒོམས་ལ། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་དམར་པོ་ལ་གནས་པའི་ཡི་གཽ་ཧཱུ~ཾ་ཁ་དོག་དམར་པོ་རྣམ་པར་བསྒོམ་པར་བྱ་བའོ།། དེ་ནས་གསང་བར ་རྡོ་རྗེ་དང་ཡི་གེ་ཧཱུ~ཾ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཀྱི་གསང་བར་པདྨ་འདབ་མ་བརྒྱད་པ་ལ་ཡི་གེ་ཨཱཿདམར་པོའོ།། དེའི་རྗེས་ལ་སྔགས་བརྗིད་པར་བྱ་སྟེ། ཨོཾ་དེ་བཞིན་གཤེགས་པོ་རྣམ་ཐམས་ཅད་ཀྱི་རྗེས ་ཆགས་པའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ།། དེའི་རྗེས་ལྟ་བའི་ལྐོག་ཏུ་ཅུང་ཟད་དམ་བའི་པདྨ་འདབ་མ་བརྒྱུད་པའི་སྟེང་དུ་ཡ་ག་ཧྲཱིཿདམར་པོ་འབར་བར་གྱུར་པར་བསམ་པར་བྱ་བ ་ཤེས་རབ་མ་ནི་རྒྱགས་པས་མྱོས་པ་འོད་འཛག་པ་དང་ལྡན་པ་ཞལ་ཅིག་ཕྱག་གཉིས་མ་བཅོམ་ལྡན་འདས་དང་ལྷན་ཅིག་མཉམ་པར་སྦྱོར་བའི་སྦྱོར་བས་ཀུན་ནས་གནས་པའོ།། དེ་ལྟ་བུར་གྱུར་པའི་གཤིན་རྗེ་གཤོད ་དམར་པོ་མཱ་ཧེ་ཥའི་སྟེང་ནཱ་སྣ་ཚོགས་པདྨ་ལ་བཞུགས་པར་བསྒོམ་པར་བྱ་བའོ།། དེ་ལྟར་དམ་ཚིག་ལ་སོགས་པ་རྣམས་ཆོ་ག་བཞིན་དུ་སྔོན་དུ་འགྲོ་བོས་ཐུན་ཚོད་གཉིས་སམ་གསུམ་མམ་བཞིར་བསྒོམ་པར་བྱ་བའོ།། ཨོཾ ་ཨཱཾ་དྲཱྀ་ཁཾ་ཧཱུཾ་ནི་དམ་ཚིག་བྱིན་གྱིས་རློ་བ་པཱའི་སྔགས་སོ།། ཨཽ་ཧྭེཿཥྚཾཿཔཽ་ཀྲྀ་ཏཱ་ནྱཱ་ན་ཧཱུ~ཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྩ་བའི་སྔག་སོ།། ཨོཾ་ཡ་ནཱནྟ་ཀ་ཧཱུཾ། སྙིང་པོའི་སྔགས། འ་ཁ་གཤི་རྗེ་བཤད་དམར་པོའི་སྒྲུབ་ཐཱབས་རྫོགསོ།། །། པཎཱི་ཏ། ་ཨ་བྷི་ཡིའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིསའི་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཀྲཱིཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་ནག་པོའི་སྒྲུབ་ཐབས། དང་པོར་རེ་ཞིག་བདེ་བའི་སྟོན ་