| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། པ་ར་མཱ་ཤྭ་སཱ་དྷ་ནཾ། བོད་སྐད་དུ། རྟ་མཆོག་གི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་ཉི་མ་དང་ཡི་གེ་ཧཱུཾ་མཐིང་ནག་ལས་བྱུང་བའི་རྟ་མཆོག་དམར་པོ་ཞལ་བཞི་ཕྱག་བརྒྱད་པ། ཞབས་བཞི་པ་སྟེ། ཞལ ་དང་པོ་ནི་ཁྲོ་བོའོ་སྒེག་བག་དང་ལྡན་པའི་སྤྱན་གསུམ་པའོ།། གཡས་པ་ནི་དྲག་རྐན་དང་ལྡན་པའོ།། གཡོན་པ་ནི་ཚངས་པའི་ཞལ་ལོ།། སྤྱི་བོ་ན་ནི་འགྱིང་བག་དང་ལྡན་ཞིང་སོ་ཚིགས་ཀྱི་མ་སྒོ་བསྡུམས་པའི་ཎྜའི ་ཞལ་ལྗང་ཁུའོ།། གཡས་པའི་ཕྱག་གཅིག་གིས་ནི་སྣ་ཚོགས་རྡོ་རྗེ་དང་བཅས་པས་བ་དན་ལྕེ་གསུམ་པ་བསྣམས་ནས་བསླང་བའི་སྟོང་སྟབས་མཛད་པའོ།། གཡོན་པའི་ཕྱག་བསྙལ་པ་གཅིག་གིས་ནི་སྣ་ཚོགས ་པདྨ་བསྣམས་པར་མཛད་པའོ།། ཡང་གཡས་པས་བ་དནྡ་ལྕེ་གསུམ་པའི་རྣམ་པར་བསླང་བའི་སྟང་སྟབས་མཛད་པའོ།། ཡང་ཕྱག་གཡོན་པས་འཁོར་ལོ་བསྣམས་པའོ།། ཡང་ཕྱག་གཡས་པ་གཉིས་ཀྱིས་ནི ་རལ་གྲི་དང་མདྲའོ།། གཡོན་པའི་ཕྱག་ལྷག་མ་གཉིས་ཀྱིས་ནི་དབྱུག་ཐོ་དང་གཞུ་བསྣམས་པའོ།། ཞབས་གཡས་པ་བརྐྱང་བསྐུམ་དུ་མཛད་པ་ཅིག་གིས་ནི་དབང་མོ་དང་དཔལ་མོ་མཽནན་ནས་གནས་པའོ།། གཡས ་ཀྱི་ཞབས་གཉིས་པས་ནི་དགའ་མོ་དང་སྔགས་མའོ།། གཡོན་པའི་ཞབས་དང་པོ་གཅིག་གིས་ནི་དབང་པོ་དང་མངར་བྱེད་ཀྱང་ངོ་།། གཡོན་པའི་ཞབས་གཉིས་པས་ནི་རྒྱལ་བྱེད་དང་གནས་ལྡན་ཡང་ངོ་།། དེ་ལྟར ་བདག་ཉིད་བསྒོམ་པར་བྱ་བ་ཡིན་ནོ།། ཕྱག་རྒྱ་ནི་སྣ་ཚོགས་རྡོ་རྗེ་དང་། བ་དན་ལྕེའུ་གསུམ་པ་སློང་བ་ནི་རྟ་མཆོག་གི་ཕྱག་རྒྱའོ།། སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཞེས་བྱ་བའོ།། རྟ་མཆོག་གི་སྒྲུབ་ཐབ་སོ།། ་མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། ཨཱརྱཱ་རྀ་ཀ་ཏ་ཡ་མཱ་རི་སཱ་དྷཱ་ནཾ། བོ་སྐད་དུ། འཕགས་པ་གཤིནྡ་རྗེ་དམར་པོའི་སྒྲུབ་ཐབས།། ་