| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་ཛྭཱ་ལཱ་ནི་ལཱངྐ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་མེ་འབར་བའི་གཟི་བརྗིད་ཀྱི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་སྟོང་པ་ཉིད་ཀྱི་རྗེས་ཐོགས་ལ་ཉི་མ་ལ་ཡི་གེ་ཧཱུཾ་མཐོང་ནག་ཡོངས་སུ་གྱུར་པ་ལ་སོ་རྡོ་རྗེ་མ ་འབར་བའི་བརྗིད་སྐུ་མདོག་མཐིང་ནག། འབར་བའི་ཕྲེང་བས་ཀུན་ནས་དཀྲིགས་པའི་འོད་ཟེར་ཅན། ཞལ་བཞི་པ་ཕྱག་བརྒྱད་པ་སྟེ། སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། ཐུགས ་རྗེའི་རོ་དང་ལྡན་པའི་ཞལ་བཞིའོ།། གཡས་པའི་ཕྱག་བཞིན་ཊཱི་རྡོ་རྗེ་དང་རལ་གྷྲི་འཁོར་ལོ་དང་མདའ་བསྣམས་པའོ།། གྲཡོན་པའི་ཕྱག་བཞི་ན་ནི་དྲིལ་བུ་དང་། གཞུ་དང་། ཞགས་པ་དང་། ཁ་ཊཱི་ག་དང་། བསྒྲོལ ་ནས་རྣམ་པར་བཀྲ་བའི་ངན་བསྣམས་པའོ།། དབུ་སྐྱ་སེར་པོའི་ཐོར་ཚུགས་ཀྱི་མེ་དཔུང་འབར་གྱུར་པི། ཤིན་ཏུ་འཇིགས་ཆེན་པོ་དང་ལྡན་པར་གྱུར་པའི་དཔུང་རྒྱན་དང་། ལག་གདུབ་དང་། སྨྱེང་སྐ་དང་། དོ་ཤ ་དང་། རྐང་གདུབ་དང་། མགུལ་རྒྱན་དང་། རྣ་གདུབ་དང་། དབུ་རྒྱན་རྣམས་ཀྱིས་བརྒྱན་པ། སྒྱུ་མ་ཆེན་པོ་དང་འཁོར་ལོ་མཱ་དང་། ར་ཙ་ནཱ་དང་། ཙ་ཏུ་རི་ཁྱིམ་ཐབ་དང་། བཅས་པའི་ཁྱབ་འཇུག་གཡོན་བསྐམས་པའི ་ཞབས་ཀྱིས་མནན་ནས་ལེགས་པར་གནས་པར་བསྒོམས་པར་བྱ་བ་ཡིན་ནོ།། དེ་ནས་ནི་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་མཐིལ་རྡོ་རྗེ་བཅིངས་ལ་སོར་མོ་རྣམས་འབར་བའི་སྙིང་པོར་དབུས་སུ་མཐེ་བོང་གཉིས་མཐོར ་བྱས་ཏེ། སྔགས་བཟླས་པར་བྱ་བའོ།། ཨོཾ་བཛྲ་ཛྭ་ལཱ་ནཱ་ལཱ་ར་ཀ་ཧཱུ~ཾ་བྱ་བའོ།། རྡོ་རྗེ་འབར་བའི་སྒྲུབ་ཐབས་རྫོགས་སོ།། ། ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ་