| Wylie | e-texts produced with BDRC’s OCR application |
སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནི་མཐིང་ནག་དང་། དཀར་པོ་སྟེ། ཞལ་སོ་སོ་ཞིང་སྤྱན་གསུམ་པའོ།། སྦྲུལ་གྱི་རྒྱུན་དང་ལྡན་པ། ཞབས ་བརྐྱང་བསྐུམས་གྱིས་བཞུགས་པ། ཁྲོ་བོའི་ལྷ་སྟངས་ཀྱིས་རྣམ་པར་གཟིགས་པ། ཞལ་དང་པོ་ནི་མཛུམ་པ་དང་ལྡན་པའོ།། ཞལ་གཡས་པ་ནི་ལྗགས་འདྲིལ་བར་མཛད་པའོ།། ཞལ་གཡོན་པ་ནི་མཆེ་བསྡུ་སོམ ་ཚོགས་མཛད་པའོ།། སྡུག་གི་པགས་པའི་ཤམ་ཐབས་མན་བསྲ་པ། གཡས་པའི་ཕྱག་བཞིན་རྡོ་རྗེ་དང་། དབྱུག་ཐོ་དང་། བ་དན་རྩེ་གསུམ་པའི་ཕྱག་རྒྱ་དང་། མདའ་གདེངས་པའོ།། གཡོན་པའི་ཕྱག་བཞི་ནི་སྡིགས ་མཛུབ་དང་ཉིད་ཀྱི་དཀུ་བརྟན་པ་དང་། པདྨ་དང་གཞུ་སྐོར་བའོ།། མི་བསྐྱོད་པ་ཅོད་པན་ལ་བསྒོམ་པར་བྱ་བ་སྟེ། རྟ་མཆོག་གི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ།། བཟླས་པའི་སྔགས་ནི་ཨོཾ་ཧཾ་ཧ་ཡ་གྷི ་བ་སྭཱ་ཧཱ། རྟ་མགྲིན་གྱི་སྒྲུབ་ཐབས།། ། ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཏྲཻ་ལོཀྵཱ་བི་ཛ་ཡ་སཱ་དྷ་ནཱཾ། བོད་སྐད་དུ། ཁམྦ ་གསུམ་རྣམ་པར་རྒྱལ་བའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་ཉི་མ་ལ་ཡི་གེ་ཧཱུཾ་མཐོང་ནག་ལས་བྱུང་བའི་རྗེ་བཙུན་ཁམས་གསུམ་རྣམ་པར་རྒྱལ་བ་སྟེ། སྐུ་མདོག་མཐིང་ནག་ཞལ་བཞི་པ། ཕྱག་བརྒྱད་པའོ། ་ཞལ་དང་པོ་ཁྲོ་བོ་སྒེག་པ་དང་ལྡན་པའོ།། གཡས་པ་ནི་དྲག་རྐན་དང་ལྡན་པའོ།། གཡོན་པ་ནི་ཤིན་ཏུ་འཇིགས་སུ་རུང་བའོ།། རྒྱབ་མ་ནི་དཔའ་བོའི་ཉམས་དང་ལྡན་པའོ།། རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི་ཕྱག་གཉིས་ཀྱིས་ནི ་ཐུགས་ཀར་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཛིན་པའོ།། གཡས་པའི་ཕྱག་གསུམ་གྱིས་ནི་རལ་གྲི་དང་ལྕགས་ཀླུ་དང་མདའ་སྣརུམས་པའོ།། གཡོན་པའི་ཕྱག་གསུམ་གྱིས་ནི་གཞུ་དང་། ཞགས་པ་དང་། རྡོ་རྗེ་བསྣམས་པའོ།། ། ་ཞབས་གཡོན་པ་བཏང་བསྒོམ་གྱིས་དབང་ཕྱུག་ཆེན་པོའི་མགོ་བོ་མནན་པ། ཞབས་གཡས་པས་གཽ་རཱི་ནུ་མ་གཉིས་ཀུན་ནས་མནན་པ། སངས་རྒྱས་ཀྱི་ཕྲེང་བ་དང་ཕྲེང་བཾ་ལ་སོགས་པ་རྣམ་པར་བཀྲ་བིའི་ན་བཟའ་དང ་རྒྱན་དང་ལྡན་པར་བདག་ཉིད་རྣམ་པར་བསམས་ལ་ཕྱག་རྒྱ་བཅང་བར་བྱ་སྟེ། དེ་ལ་ཁུ་ཚུར་གཉིས་ཀྱི་རྒྱབ་སྦྱར་ལ་མཐེའུ་ཚུང་གཉིས་ལུ་གུ་རྒྱུད་ཀྱི་རྣམ་པར་སྦྱར་བར་བྱས་པ་འདིའོ།། སྔགས་ནི་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ ་གྲྀཧྞ་ཧཱུ~ཾ། གྲྀཧྞཱ་པ་ཡ་གྲྀཧྣ་པ་ཡ་ཧཱུ~ཾ། ཨཱ་ན་ཧོ་བྷ་ག་བཱན་བིདྷི་རཱ་ཛཱ་ཧཱུ~ཾ་ཕཊ། ཁམས་གསུམ་རྣམ་པར་རྒྱལ་པོའི་སྒྲུ་བ་ཐབས་སོ།། །། ཨ་བྷ་ཡ་ལས་དགེ་སློང་ཚུ་ཁྲིམས་རྒྱུལ་མཚན་གྱི་ས་བསྒྱུར་དེའོ།། ་རྒྱ་གར་སྐད་དུ། བཛྲ་ཛྭཱ་ལཱ་ནི་ལཱངྐ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་མེ་འབར་བའི་གཟི་བརྗིད་ཀྱི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་སྟོང་པ་ཉིད་ཀྱི་རྗེས་ཐོགས་ལ་ཉི་མ་ལ་ཡི་གེ་ཧཱུཾ་མཐོང་ནག་ཡོངས་སུ་གྱུར་པ་ལ་སོ་རྡོ་རྗེ་མ ་