CLOSE WINDOW

GT210: dpa' bo gcig pa'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱུ་གཱར་སྐད་དུ། ཨེ་ཀ་བྷཱི་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ལྷན་ཅིག་སྐྱེས་པ་རང་གི་ལྷ་ལ་ཕྱག་འཚལ་ལོ།། དང་པོར་སྔགས་པས་ཕྱི་ནང་གི་དྲི་མ་དག་པར་བྱས་ལ་སྟན་བདེ་བ་ལ་འདུག་སྟེ། རང་སྐད ་ཅིག་གིས་ཧེ་རུ་ཀར་བསྐྱེད་པའི་སྙིང་གའི་ཧཱུཾ་གི་འོད་ཀྱིས་གདུག་པ་ཐམས་ཅད་ཞི་བར་བྱས་ཏེ། འོད་ཚུར་འདུས་པ་ལས་བསྲུང་བའི་འཁོར་ལོ་བསྒོམ་པར་བྱའོ།། དེ་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱ་སྟེ།། སེམས་ཅན་ཐམས་ཅད་བདེ་བ་དང་། ་ལྡན་པར་བྱ་སྙམས་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་བྱ་སྙམ་པའི་སྙིང་རྗེ་དང་། ཧེ་རུ་ཀའི་གོ་འཕང་ལ་དགོད་པར་འདོད་པའི་དགའ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་མ་ལུས་པ་ལ་དགོད་པར་འདོད ་པའི་བཏང་སྙོམས་ཚང་མེད་པ་བསྒོམ་པར་བྱའོ།། དེ་ནས་དད་པ་དོང་གུས་པས་མདུན་གྱི་ན་མཁའ་ལ་བླ་མ་བརྒྱུད་པ་དང་བཅས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསམས་ཏེ། དེ་དག་ཐམས་ཅད་འོད་ཀྱི་གོང་བུ་ལས། ་དཔལ་ཧེ་རུ་ཀར་གྱུར་པ་ལ་མཆོད་པ་དང་། བསྟོད་པ་དང་། སྒྱོགས་པཱ་བྱཱ་ཤགས་པ་དང་། སྡོམ་པ་བཟུང་བ་དང་། གསོལ་བ་གདབ་པ་ལ་སོགས་པ་བྱའོ།། དེ་ནསྭཱ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་མཱ་ཀོ་ཧ~ཾ། ནས ་བརྗོད་པས་སྟོང་པ་ཉིད་བ་དུ་བསམ་པར་བྱའོ།། འབྱུང་བ་རི་མ་བརྩེགས་ཀྱི་རི་རབ་ཀྱི་སྟེང་དུ་པདྨ་ལ་ཉི་མ་དང་ཟླ་བའི་སྟེང་དུ་ཧཱུཾ་འོད་ཟེར་ལྔ་འཕྲོ་བ་དང་འཇུབ་རྡོ་རྗེ་སེམས་རོ་བའི་རང་བཞིན་ཅན། དེ་ཡི་སུ་གྱུར་པ་འིས་བཅོམ་ལྡན་འདས ་དཔའ་བོ་གཅིག་པ་སྐུ་མདོག་མཐིང་གཞལ་གཅིག་པ་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུ་འཛིན་པས་ཡུལ་འཁྱུད་པ། ཞབས་གཡས་བརྐྱང་པས་འཇིགས་བྱེད་མནན་པ། གཡོན་བསྐུམ་པས་དུས་མཚན་མནན་པ། རལ་པ་ནག་པོ་གྱེན་དུ ་གཡེངས་པའི་ཅོད་པ་ནེ་ཙམ་སྤྱི་གཙུག་གི་ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པའི་དབུ་རྒྱན་ཅན། མི་བསྐྱོད་པས་དབུ་བརྒྱན་པ་དར་དབྱངས་ཀྱི་ཙིང་པན་དང་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་ཞིང་ཤིན་ཏུ་སིང་བག་དང་ལྡན ་པདྨ་སྟག་གི་པགས་པས་སྨད་དཀྲིས་ཤིང་། མི་མགོ་ལྔ་བཅུས་དོ་ཤལ་བྱས་པ། ཕྱག་རྒྱ་དྲུག་དང་ལྡན་པར་བསྒོམ་པོར་བྱའོ།། དེའི་སྤྱན་སྔར་ཡུམ་བཅོམ་ལྡན་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་གེ ་ཕྱག་གཡོན་ན་ཐོད་པ་བསྣམས་ན་ས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་སྡིགས་མཛུབ་བྱས་ནས་གདུག་པ་ཅན་སྐྲག་པོར་བྱེད་པ། སྐྲ་གྲོལ་བ་གཅེར་བུ་དུམ་བུའི་སྐ་རགས་ཅན། མི་མགོ་སྐམ་པོའི་ཕྲེང་བ་སེ་ར་ལ་ཁར་འཕྱར་བ། ་ཞབས་གཡས་བྱིན་པ་ལ་འཁྲིལ་ཞིང་གཡོན་བརྐྱང་བ། ཕྱག་རྒྱ་ལྔ་དང་ལྡན་པ་བདེ་བ་ཆེན་པོའི་བདག་ཉིད་ཅན། ཡབ་ཡུམ་སྣང་སྟོང་ཟུང་དུ་འཇུག་པ་བསྒོམ་པར་བྱའོ།། དེ་ལས་ལུས་སྐྱོ་ཞིང་སེམས་དུབ་ན་བསྐྱེད་རིམ་གྱི་ངང་ལས། བླ་མའི་མན ་ངག་གིས་བཟླས་པར་བྱའོ།། དེ་ཡང་ཧེ་རུ་ཀའི་ཐུགས་ཀ་ནོས་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀ་ནཱས་ཏིང་ངེ་འཛིན་སེམས་དཔའི་ཡི་གེ་ཧཱུཾ་སྔོན་པོ་ལ་སྙིང་པོའི་སྔགས་ཀྱིས་བསྐོར་བ་ལྔ་སེམས་གཏད་དེ་བཟླས་པར་བྱའོ།། ཨོཾ་ཧྲཱིཿཧཱ་ཧེ་ཧུཾ་ཧཱུཾ་ཕཊ། ་དེ་ལས་སྐྱོ་བར་གྱུར་ན་ཁམས་གསུམ་ཐམས་ཅད་འོད་ཀྱི་རང་བཞིན་དུ་བྱས་ཏེ། འོད་ཟེར་ཡང་རིམ་གྱིས་བསྡུས་ནས། ཧེ་རུ་ཀ་ཡབ་ཡུམ་ལོ། དེ་སྙིང་གའི་ཧཱུཾ་ལ་ཧཱུཾ་ཞབས་ཀྱུ་ནས་ནཱ་དའི་བར་དུ་བསྡུས་ལ། འོད་གསལ་བསམ་གྱིས་མི་ཁྱབ་པའི ་ང་ལ་ཛི་སྲིད་གནས་ཀྱི་བར་དུ་བསྒོམ་མོ།། དེ་ལས་ཀྱང་ལུས་སྐྱོ་སེམས་དུབ་ནཾ། འོད་གསལ་ལས་ཟུང་འཇུག་གྱི་སྐུར་ལངས་ཏེ། སྣང་ལ་རང་བཞིན་མེད་པ། མེ་ལོང་གི་གཟུགས་བརྙན་ལྟ་བུ། ཁ་དོག་དཱི་ང་བཅས་པ་འཇའ་ཚོན་ལྟ་བུ། སྒྲོ་སྐུར་དང་བྲལ ་བ་དང་ཆུ་ཟླ་ལྟ་བུར་ལངས་ཏེ། ཟུང་འཇུག་ཏུ་བསྒོམ་པར་བྱའོ།། སྤྱོད་ལམ་དང་མཐུན་མཚམས་ཀྱི་རྣལ་འབྱོར་དང་ལྡན་པས་ཐུན་བཞིར་ཉམས་སུ་བླང་ངོ་།། དཔལ་བདེ་མཆོག་འཁོར་ལོ་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཡུལ་བྷཾ་གྷ་ལ་སློབ་དཔོན ་བསོང་སྙོམས་པ། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ། བོད་ཀྱི་ལོ་ཙ་བ་ནག་ཚོ་ཚུལ་ཁྲིམས་ཀྱི་རྒྱལ་བས་བསྒྱུར་བའོ།། ་