| Wylie | e-texts produced with BDRC’s OCR application |
ཨ་བྷྱཱ་ཡ་འི་ཞལ་སྟ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། རྒྱ་གར་སྐད་དུ། དྷ་ར་ཨུ་པ་ད་ཤ། བོད་སྐད་དུ། རྒྱན་གྱི་གདམས་དག། སྲིན་ལག་གི་རྩེ་ལ་ཡིན ་སེར་པོ་བསྒོམ་པར་བྱ་ཞིང་ཛའི་གཞོང་བུ་ལ་སོགས་པར་ཛ་བྷ་ལ་བ་སྐམས་ལ། ལག་པ་གཞན་གྱིས་ཆུ་རྒྱུན་སྤྲིན་ལག་གི་རྩཝ་བར་འབབ་པར་བྱས་པས་དེའི་དཱུང་ཉིད་ལ་འབབ་པར་འགྱུར་བར་ཡི་གེ་ཛ་བརྒྱ་རྩ་བརྒྱད་བཟླས་པ་ད ་ལྡན་པས་ལེགས་པོར་བསམ་པར་བྱ་བའོ།། ཛམྦྷ་ལའི་རྒྱུན་འབབ་པའི་གདམས་ངག་གོ། ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཛམྦྷ་ལ་སྱ་ཨུ་པ་དཾ་ཤཿ། བོང ་དུ། ཛམྦྷ་ལའི་གདམས་ངག། ལག་པ་གཡས་པོར་ཟླ་བ་ལ་གནས་པའི་ས་བོན་ཙཱ་ལ་སོགས་པ་ལྔ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤགས་པ་ལ་བསྒོམས་ལ། དེ་དག་རྣམས་ཀྱང་ཟླ་བ་དང་ལྷན་ཅིག་ཁུ་བར་བྱས་ཏེ། ་ཛཾ་ལསྱ་བྱུང་བའི་ཛམྦྷ་ལ་རབ་ཏུ་གྲགས་པ་མདུན་དུ་བསྐྲད་ལ། སྥུརུ་བརྗོད་པའི་ཁུ་བ་དང་ཆུ་ལྷན་ཅིག་ཏུ་སྤྲིན་ལག་བརྐྱང་བའི་ལྷག་པ་ཁུ་ཚུར་ཕྱད་དུ་བྱས་པའི་ཁྱོར་བས་དེའི་དབུས་ལ་བརྒྱ་རྩ་བརྒྱད་བླུགས་པར་བྱའོ།། ཕུན ་སུམ་ཚོགས་པ་ལྷག་ཙམ་མ་ལུས་པར་འབྱུང་བར་འགྱུར་རོ།། འདི་ནི་ཛམྦྷ་ལའི་གདམས་ངག་གཽ། དཱ་དང་ཨེའི་ཞལ་སྔ་ནོས་དགེ་སློང་ཚུལ་ཁྲིམས་རྒྱལ་མེ་ཚོན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨུ་པ་ར་ཤ ་ཤཿ། བོད་སྐད་དུ། གདམས་ངག་གི་ཁྱད་པར།། རྒྱལ་བ་རྣམ་སྣང་ཞེས་གྲགས་དང་།། རིན་ཆེན་འབྱུང་ལྡན་ཉིད་དང་ཡང་།། སྣང་མཐའ་དང་ནི་དོན་ཡོད་གྲུབ།། མི་བསྐྱོད་པར་ཡང་རབ་ཏུ་བསྒྲགས།། འདི་དག་མདོག ་ནི་དཀར་དང་སེར།། དམར་དང་ལྗང་ཁུ་མཐིང་ནག་ཡིན།། བྱང་མཆོག་མཆོད་སྦྱིན་མཉམ་བཞག་དང་།། མི་འཇིགས་ས་གནོན་ཕྱག་རྒྱའོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་བོན་ནི་བྲུཾ། ཨཾ། ཧཱུཾ་ངོ་།། ་བཞིན་གཤེགས་པ་ལྔའི་གདྲིམས་དྲག་གི་ཁྱད་པར་ཨོཾ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤ་ཨ་མ་ན་ཡ། བོད་སྐད་དུ། ཁྱད་པར་གྱི་གདམས ་ལག་གཡས་ཟླ་བ་ལ་གནས་པའི།། ཡི་གེ་ལཱུ་ལྔས་ལེགས་བྱུང་བར།། དེ་བཞིན་གཤེགས་ལྔ་བསྒོམ་བྱས་ལ།། ཁུ་བའི་གཟུགས་སུ་རྣམ་པར་བསྒོམ།། ཛཾ་ལས་སྨད་བྱུང་ཛམྦྷ་ལ།། བསྒོམས་ལ་ཁྱེར་བས་རབ་གུས་པས། ་དེ་སྔགས་བཟླས་པས་བརྒྱ་རྩ་བརྒྱད།། ཚོན་སྦྱིན་པར་བྱ་བ་ཡིན།། ཛམྦྷ་ལའི་ཁྱད་པར་གྷི་གཱདམས་དོག་དཱ་དང་ཨ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ་ཧ་ཡེ་གྷི་བྷ་ས་དྷ་ནཾ། བོད་སྐད་དུ། རྟ་མགྲོན་གྱི་སྒྲུབ་ཐབས།། སྔར་བཤད་པའི་ཆོ་གའི་རིམ་པས་སྣ་ཚོགས་པདྨ་དང་ཉི་མ་ལ་ཡི་གེ་ཧཾ་དམར་པོའི་ཡེ་ཤེས་ཡོངས་སུ་རྫོགས་པ་ལས་འཕགས་པ་རྟ་མགྲིན་ཏེ། ་