CLOSE WINDOW

GT2095: dpal dzam+b+ha la'i sgrub thabs
Wyliee-texts produced with BDRC’s OCR application

ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བཱའོ།། ། རྒྱ་གར་སྐད་དུ། ཤྲཱི་ཛམྦྷ་ལྱ་སྱཱ་དྷ་ནཾ། བིདི་སྐད་དུ། དཔལ་འཛེམྦྷ་ལའི་སྒྲུབ་ཐབས་སྔར་བཤད་པའི་ཆོ་གའི་རཱི་མོ་པས་སྙིང་ཁའི་ཟླ་བའི་དབུས་སུ་ས ་བོན་གསུམ་པོ། ཁ་དོག་སེར་པོ་སྟོབང་པའི་ལྷས་མནན་པར་གྱུར་པ་ཟླ་བ་ཆེས་པས་མ་གོ་བོ་བརྒྱན་པའོ།། དེ་དག་ཉིད་ལས་གྲུབ་པའི་འཛམྦྷ་ལ་ལ་སྐེ་མདོག་སེར་པོ་ཕྱག་གཉིས་པ། ཕྱག་གཡས་པས་ས་བོན་གྱི ་སྙིང་པོ་སྟེ། ཕྱག་གཡོན་པས་རིན་པོ་ཆེའི་ཆར་རབ་ཏུ་འབེབས་པར་གྱུར་པའི་ནེའུ་ལེ་བསྣམས་པ། དབུ་རྒྱན་ལ་སངས་རྒྱས་ལྔ་དང་ལྡན་པ། ཞབས་གཉིས་ཀྱིས་དུང་གི་ཁ་རྒྱན་དང་། པདྨའི་ཁ་རྒྱན་དང་ལྡན ་པའི་གཏེར་ཆེན་པོ་ཀུན་ནས་མནན་པ། ཨུཏྤ་ལ་སྔོན་པོའི་ཕྲེང་བས་བརྒྱན་པ། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པར་གྱུར་པའི་ཛམྦྷི་ལའི་སྐུར་བདག་ཉིད་བསྒོམ་པར་བྱ་བའོ།། རིན་པོ་ཆེ་སྣ་ཚོགས་ལ་སོགས་པའི་ཆེ ་རབ་ཏུ་འབེབས་པར་བྱེད་པསྤུ་རང་གི་ཁྱིམ་དུ་ཡང་ལོགས་པར་འཇུག་པར་བདག་ཉིད་ཀྱིས་བསམ་པར་བྱ་བའོ།། དེ་ནས་ནི་ཕྱག་བརྒྱ་བཅིངས་པར་བྱ་སྟེ། ལག་པ་གཉིས་ཀྱིས་ཁུ་ཚུར་བཅངས་ལ་གུང་མོའི་ཚིག་གསུམ་པ ་དགུགས་པར་བྱ་བའོ།། འདི་ནི་ཛམྦྷ་ལའི་ཕྱག་རྒྱའོ།། ཨོཾ་ཛམྦྷ་ལ་ཛ་ལེན་དྷཱ་ཡ་སྭཱཧཱ། སྔགས་འདིས་རྗེ་བཙུན་ལ་ཆུ་ཁྱོར་པོ་བརྒྱ་རྩ་བརྒྱད་དབུལ་བར་བྱ་བའོ།། ཕྱི་ནུས་ནི་མཆོད་པ་བྱསྡེ་ལ་སྔགས་བཟླས་པར་བྱ་བའོ།། དེ་ནས ་ནི་གྲུབ་ནས་ནི་ནོར་གྱི་བདག་པོ་ཆེན་པོར་འགྱུར་བ་ལ་ཐེ་ཚོམ་མེད་དོ།། དཔལ་ཛམྦྷེ་ལའི་སྒྲུབ་ཐབས་མདོར་བསྡུས་པའོ།། ད་ཆེན་པོ་ལྔས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ་