CLOSE WINDOW

GT2091: dzam+b+ha la tshon po'i sgrub thabs
Wyliee-texts produced with BDRC’s OCR application

ཡཱ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱུ་གར་སྐད་དུ། ཨུཙྪནྡྷི་ཛམྦྷ་ལི་སྱཱ་དྷཱ་ནཾ། བོད་སྐད་དུ། ཛམྦྷ་ལ་ཆེན་པོའི་སྒྲུབ་ཐབས། དཔལ་དང་ལྡན་པའི་ཛམྦྷ་ལ་ཆེན་པོ་ལ་ཕྱག་འཚའོ།། ་མིག་གསུམ་རྩ་ལགས་གོས་ནི་སྤྱི་གཙུག་བརྒྱན་པ་ཡི།། ནོར་བུས་ཞབས་ངག་ལ་ནི་གཏུགས་པ་གང་ཡིན་པ། ཕུན་ཚོགས་ཕལ་ཆེན་དང་ལྡན་མཆོག་གྱུར་ཐུབ་དབང་སྲས།། ལྷ་དེ་ཐུབ་པ་གཞོན་ནོར་གྱུར་པ་དེ་ཉིད་ཡིན ་ཏེ། བླ་མེད་ཡོན་ཏན་གཉིས་མེད་པའི།། རིན་ཆེན་ཆར་འབེབས་འདྲེན་པ་པོ།། ཉིད་ཀྱི་ཕུན་ཚོགས་སྐྱེ་དགུ་ལ།། མྱུར་འབྱུང་འདི་ནི་བརྟེན་བྱ་ཡིན།། དེ་ལ་རེ་ཤིག་བདག་གིས་དཔལ་ཛམྦྷ་ལ་མཉེས་པར་བྱས་ལ ་ས་དང་མངོན་པར་རྟོགས་པའི་རིམ་པས་དེའི་བདག་ཉིད་དུ་གྱུར་ཏེ། སྐྱེ་དགུ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཕུན་སུམ་ཚོགས་པ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བའི་བསམ་པ་དང་ལྡན་པས། སྙིང་གི ་ནང་གི་བུག་པར་དང་བར་འགྱུར་ཞིང་འོད་ཟེར་འཕྲོ་བ་དང་ལྡན་པའི་ཡི་གེ་ཨ་ཀླང་ཀོར་མེད་པ་སྟེ་དེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ།། དེའི་དབུས་སུ་ནི་ཡི་གེ་ཧཱུཾ་མགོ་གྱེན་ལ་སྟོན་པ་སྟེ། ཕྱི་རོལ་གྱི་ཉེ་འཁོར་ན་ཅུང་ཟད ་སེར་བའི་འོད་ཟེར་གྱི་ཚོགས་འཕྲོ་བར་གྱུར་པའོ།། དེས་བསྐྱེད་པ་ནི་རྡོ་རྗེ་སྟེ་དབུས་ཀྱི་རྩེ་མོ་ལ་འབྲེལ་པའི་རྩ་དགུ་པ་སྟེང་དང་འོག་གཅིག་ཏུ་བྱས་པས་གསུངས་རབ་ཡན་ལགྣ་དགུ་རྣམ་པར་དག་པའོ།། ཁ་དོག་ནི་ཡི་གེ་ཧཱུཾ་བཞིན ་དུ་བྱ་སྟེ། ལྟེ་བའི་ནང་དུ་ཆུད་པའི་ཟླ་བ་ལ་གནས་པར་དེ་དང་འདྲ་བའི་ཧཱུཾ་དང་ལྡན་པ་བསྒོམ་པར་བྱ་བའོ།། དེ་ནཱས་ཡི་གེ་ཧཱུ~ཾ་དང་རྡོ་རྗེ་དག་ལས་འོད་ཟེར་སྤྲོས་པར་གྱུར་པས་ཨོཾ་ཨཱཾཿཞེས་བྱ་བའི་སྔགས་བརྗོད་པ་སྔོན་དུ་འགྲོ་བ ་ཅན་གྱི་ཕྱོགས་བཅུར་སེམས་ཅན་གྱི་དོན་མཛད་པའི་ཛམྦྷ་ལའི་སྐུ་མཐའ་ཡས་པ་མར་མེ་གཅོག་ནས་གཅིག་ཏུ་མཆོད་པའི་ཚུལ་གྱིས་སྤྱན་དྲངས་ལ། མདུན་དུ་དེའི་སྐུ་གཅིག་ཏུ་རྣམ་པར་བསྒོམ་པར་བྱ་བའོ།། འོད་ཟེར ་གྱི་ཉེ་བར་མཁོ་བའི་མཆོད་པ་རྣམ་པ་ལྔ་དང་། སྡིག་པ་དང་། ཇི་སྲིད་དུ་བཏང་སྙོམས་ཀྱི་བར་དུའོ།། དེའི་རྗེས་ཐོགས་ལ་ཧཱུཾ་དང་རྡོ་རྗེའི་འོད་ཟེར་རྣམས་མཐའ་དག་ལུས་ཀྱི་ནང་དུ་བསྟིམས་ལ། སྤྲོས་པ་ཐམས་ཅད་དང་བྲལ་བ ་ཉིད་ཀྱིས་ན་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཟླ་བ་དང་རྡོ་རྗེ་དང་ས་བོན་དང་འོད་ཟེར་ཏེ། ཨོཾ་ཨཱཿབྱ་བ་འདི་སྤྲོས་ལ་ངེས་ལེགས་པར་དྲངས་ལ་བཅོམ་ལྡན་འདས་གཞུག་པར་བྱ་བའོ།། ལེགས་པར་བཅུག་པའི་རྗེས་ཐོགས ་ལ་སྐད་ཅིག་གིས་ཟླ་བ་ལ་སོགས་པ་ལས་ལེགས་པར་གྲུབ་པའི་བཅོམ་ལྡན་འདས་ཚོན་པོར་བདག་ཉིད་དེ། ལོ་ལྔ་ལོན་པའི་གཞོན་ནུའི་རྣམ་པ་བོང་ཐུང་བ། སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་སྟེང་ན་རྒྱན་རྣམས ་ཐམས་ཅད་ཀྱིས་བརྒྱན་ཅིང་། རིན་པོ་ཆེའི་དབུ་རྒྱན་དང་ལྡན་པ། ཁ་ནས་རིན་པོ་ཆེ་སྐྱུག་པ། ལུས་ཀྱི་མདོག་སེར་པོ་ཕྱིས་སྐན་ལ་ཉལ་བའི་ནོར་སྦྱིན་གྱི་དཔྲལ་བར་ནི་ཞབས་གཡས་པས་སོ།། རྐང་པ་གཉིས་གཡོན་པས ་མནོན་པར་མཛད་པ། ཞབས་གཡས་པ་བསྐུམ་པས་གྱེན་དུ་འགྱོགས་པ་གཅེར་བུ་རྟརྟེ་རྫོགས་གྱེན་ལ་ལངས་པ་གསུམ་པ་འཇོལ་བ། ཁྲག་གིས་གང་པོའི་ཐོད་པ་ཕྱག་གཡས་པས་ཐུགས་ཀར་བསྣམས་པ་ལ་ཞལ་མངོན ་དུ་ཕྱོགས་ནས་གཟིགས་པ། ཁ་འོག་ཏུ་བརྟན་ནས་རིན་པོ་ཆེའི་ཚོགས་སྐྱུག་པར་གྱུར་པའི་ནེའུ་ལ་བརླ་གཡོན་པ་ལ་ལེགས་པ་འཁྲོལ་བར་ཕྱག་གཡོན་པས་བསྣམས་པ། ནང་ཆེ་བའི་རྣ་བ་མ་ཕུག་པ་ཟླ་ཚེས་པ་ལྟ་བུའི ་ཞལ་མཆེ་བ་རྣམ་པར་གཙིགས་པ། སྤྱན་གཉིས་དམར་ཞིང་ཟླུམ་པ། ཁྲོ་གཉེར་དང་ལྡན་པ། དཔྲལ་བར་ཐོང་ལེབ་མས་བཅིངས་པའི་དབུ་སྐྲ་ཁམ་སར་གྱེན་དུ་འཕྱུར་པ། ས་གནོན་གྱི་ཕྱག་རྒྱ་དང ་ལྡན་པའི་ཐུབ་པ་མི་བསྐྱོད་པ་མཐིང་ནག་གིས་དབུལ་རྒྱས་བཏབ་པ། ཏ་མཱ་ལ་སྔོན་པོ་དང་དགའ་བོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་རྣ་བའི་གདུབ་ཀོར་དུ་བྱས་པ། པདྨ་དཀར་པོ་དང་པདྨ་ཚོན་པོས་ངོ ་ཤེལ་དུ་བྱས་པ། དུར་པོ་ལྗང་ཁུ་དང་ཀར་ཀོ་ཊ་ཀཱ་ཚངས་པའི་དག་བྱེད་དུ་བྱས་པ། ནོར་རྒྱས་དཀར་པོས་སྨེད་སྐེར་བྱས་པ། འཁྱིལ་པ་ལེགས་པ་དང་པད་མས་རྐང་རྒྱན་དུ་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་དུ ་བྱས་པ། དུང་མདོག་ཀར་བུ་ར་དང་རིགས་ལྡན་གྱིས་དབུ་རྒྱན་དུ་བྱོས་པ། ཁ་དོག་མཐོང་ནག་ལ་ཕྱི་རོལ་གྱི་ཉེ་འཁོར་ཅུང་ཟད་སེར་བའི་འོད་ཟེར་སེར་པོའི་ཚོགས་རྣམས་སྤྲོ་བར་བྱེད་པར་བསྒོམ་ལ། དཔྲལ་བ་དང ་ཁ་དང་། དཔུང་པ་གཡས་པ་དང་། གཡོན་པ་དང་། སྙིང་ཁ་དང་། རྡོ་རྗེའི་སྟེང་དང་། བརླ་གཡས་པ་དང་། གཡོན་པ་དང་། རྐང་པ་གཡས་གཡོན་རྣམས་ཀྱི་ནང་གི་སྦུབས་ན་གནས་པའི་ཟླ་བ་ཚེས་པ་དཀྱིལ་འཁོར་རྣམ ་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ་ཞེས་བྱ་བའི་ཡི་གེ་སེར་པོ་འོད་སར་པོ་དང་ལྡན་པ་བལྟ་བར་བྱ་བའོ།། དེའི་རྗེས་ལ་སྣ་བུག་གི་རླུང་ཕྱིར་འབྱུང་བའི་དུས་སུ་ཨོཾ་ལ་སོགས་པ་རྣམས་ཀྱི་འོད་ཟེར་དང་སྙིང་ཁའི་རྡོ་རྗེ་དང་ཧཱུཾ་གི ་འོད་ཟེར་གྱིས་ཀྱང་ཕྱོགས་རྣམས་སུ་སྤྲོས་པས་རེག་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱིས་སྐུར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་བྱུང་བའི་དབུག་འཇུག་དུས་སུ་ཡི་གེ་ཧཱུཾ་ལ་ལེགས་པར་བཅུག་ལ། སེམས ་གནས་པར་བྱ་བའི་དོན་དུ་གནན་པར་བྱ་བའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པོའི་རིན་པོ་ཆ་སྣ་ཚོགས་པ་རྣམས་ཀྱང་ཀླུ་དང་ནའུ་ལ་དང་ནོར་སྦྱིན་རྣམས་ཀྱི་ཁར་ལགས་པར་གཞུག་པར་བྱ་བའོ།། ཡུང་རླུང ་ཕྱིར་རྒྱུ་བ་ན་ནི་ཀླུ་ལ་སོགས་པ་རྣམས་ཀྱི་མིན་པོའི་རིན་པོ་ཆེ་རྣམས་མདུན་གྱི་གཡོན་དུ་བསྒོམ་པར་བྱའོ།། དེ་ལྟར་ཡང་དང་ཡང་དུ་ཀུན་ཏུ་སྤྲོ་བ་དང་ལེགས་པར་བསྡུ་བ་ལ་སོགས་པ་ཡང་བྱའོ།། སྐྱོན་དེའི་རྗེས་ལ།། ་ནོ་མོ་རྀད་ནཱ་ཏྲ་ཡཱ་ཡ། ན་མོ་མཱ་ཎཱི་བྷཱ་དྲཱ་ཡཱ་མ་ཧཱ་ཡཱཀྵ་སེ་ན་པཱ་ཏཱ་ཡེཡཻ། ཨཽ་ཛམྦྷེ་ལཱ་ཛ་ལན་དྲ་ཡཱ་སྭཱ་ཧཱ་ཞེས་བྱ་བའི་སྱཱ་གྷྲསྟྲ་ལིངྒ་བྲཱཌྷཱས་པཱུ་རེ་བྱཱ་སྟཱཾ། བཀོད་པཱའི་ཡི་གེ་བཅུའི་སྔགས་ཀྱདྷ་རུང་ངོ་།། ཆུ་སྦྱི་ནཽ་པའི་དུས་སུ་ནི་ལག་པ། ་གཡས་པའི་ཁ་བཀན་པའི་དབུས་སུ་ཡོ་གེ་བ~ཾ་གྱིས་ལག་པ་བུཾ་པ་བཟངབཞིན་དུ་བྱས་ཤིང་། ལོག་འགྲོམ་དུ་ནྀ་ཡི་གེ་མི་གྱི་འོད་ཀྱིས་ལོག་གདུག་ཀྱི་རྣམ་པ་དང་ལྡན་པར་ཏེ། གོ་དབུས་ཨོཾ་ནི་ཛ་ངོ་།། མཛུང་གུ་དང་གུ ་མོ་དང་སྲིན་ལག་དང་མཐེའུ་ཆུང་དང་མཐེ་བོང་རྣམས་ཀྱི་རྩེ་མོ་ལ་ནི་ཛམྦྷ་ལ་ཛ་ལེན་དྲོའི་ཡི་གེ་རྣམས་རིམ་པ་བཞིན་ནོ།། ཨོཾ་དང་བཾ་གཉིས་ཀྱི་བར་དུ་ནི་ཡའོ།། ཡི་གེ་ཡའི་གཡས་དང་གཡོན་གྱི་བློ་གཉིས་ལ་ནི་ཡི་གེ་སྭཱ ་དང་ཧའོ།། ཡོཾ་གོ་ལ་སོགས་པ་དེ་དག་རྣམས་ནི་རང་རང་གི་གནས་ཀྱི་སྦུབས་ན་ཟླ་བ་ལ་གནས་པ་སྟེ། ཁ་དོག་སེར་པོ་དང་འོད་སེར་པོ་ཅན་དུ་བསྒོམས་ལ། ཆུ་དང་བཅས་པ་མེ་ཏོག་གི་སྙིང་པོ་ཅན ་གྱི་ཁ་དང་ཐག་ཉེ་བར་བྱས་ཏེ། ཨོཾ་ཨིནྡྲ་ནཱི་མུ་ཁ་དྷ་མ་རཽ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ལན་བདུན་དུ་མངོན་པར་བསྔག་གོ།། དེའི་རྗེས་ཐོགས་ལ་ལག་པ་བརྐྱང་བས་སྦྱིན་པར་གྱུར་པ་ན་ཆུ་རང་གི་ཁ་ནས་ཞུགས ་པར་གྱུར་ཏེ། ཡི་གེ་ཛྲཱྀཾ་གི་འོད་ཟེར་དང་སྙིང་ཁ་ན་གནས་པའི་ཛཱ་དང་རྡོ་རྗེ་དང་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་ཀྱང་བྱས་པས་ཁ་དོག་སར་པོའི་ཁ་ནས་ངེས་པར་བྱུང་སྟེ། ལག་པ་ནས་བྱེབ་པས་སྐད་ཅིག་གིས་མདུན་དུ ་བསྒོམས་པ་མདུན་གྱིས་ཕྱོགས་པ་དེའིའཾ། བཅོམ་ལྡན་འདས་འདིའི་སྐུ་གཟུགས་ཀྱང་རུང་སྟེ། ཞལ་གྱི་སྒྲར་ཨོཾ་ཛྫ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱི་ལན་བྱཱརྞྞ་རྩ་བརྒྱུད་དང་། ན་མོ་རཱད་ན་ཏྲ་ཡཱ་ཡ་ཞེས་བྱ་བ་ལ་སོཿ ་པས་ཀྱང་ལན་བདུན་དུ་སྦྱིན་པར་བྱའོ།། ཡང་ན་མོ་དར་ན་ཞེས་བྱ་བ་ལ་སོགས་པ་ལན་གཅིག་བརྗོད་པས་བུ་རྱ་དང་བསླུས་པའི་སྒྱུ་ཁུར་རཾ་འབྲུ་ལ་སོགས་པའི་གཏོར་མ་བཅོམ་ལྡན་འདས་ལ་དབུལ་བར་བྱ ་བའོ།། དེ་དག་དེ་ལྟར་ནུས་པོ་ཇི་ལྟ་བོ་བཞིན་དུ་ཐུན་གསུམ་མཾ་ཐུན་གཅིག་ལ་རྗེས་སུ་བསྒྲུབ་པར་བྱ་ཞིང་། བསྟོད་པ་དང་སྨོན་ལམ་ཡང་གདབ་པར་བྱ་བའོ།། དེའི་རྗེས་ལ་བསྒོམས་པའི་བཅོམ་ལྡན་འདས ་ཨོཾ་བཛྲ་མུཿཞེས་བྱ་བས་གཤེགས་སུ་གསོལ་ལོ།། གཞན་ཡང་སྨིན་དྲུག་དང་སྟ་དང་ས་ག་དང་ཆུ་སྟོད་རྣམས་སོ།། ཉ་གཞན་ཡང་གང་ཡང་རུང་བའོ། དགེ་བའི་ཉི་མ་ལ་གཞན་དག་ལ་ཡང་རུང་སྟེ། རྡོ་བ་རུངས་པ ་སྐད་ཅིག་གིས་བཅོམ་ལྡན་འདས་ཀྱི་སྐུར་བསྐྱེད་པར་བྱ་ཞིང་ལགས་པར་ཡང་མཆོད་ལ། བཟོ་བོ་བསྙེན་གནས་བླངས་པར་གྱུར་པས་ཉི་མ་གཅིག་ཉིད་ལ་སྐུ་བཞེངས་སུ་གསོལ་བར་བྱ་སྟེ། དཔའ་བོ་ཉོ་བ་ནི་མ ་ཡིན་བསོ་བྱས་ལ་ཡང་བདག་ཉིད་བཞིན་དུ་བཅོམ་ལྡནྡོ་འདས་ཀྱི་སྐུ་རིམས་ཇི་ལྟ་བ་བཞིན་དུ་ཡི་གེ་འགོད་པ་དང་བཅས་པ་རྣམ་པར་བསྒོམས་ལ། ཆུ་སྦྱིན་པ་ལ་སོགས་པས་མཉེས་པར་བྱ་བའོ་ཞེས་བྱ་བ་ནི ་གདམས་ངག་གོ།། དེའི་ཚེ་ན་ནི་གཤེགས་སུ་གསོལ་བརྱ་མི་བྱཱ་སྟེ། སྐུ་གཟུགས་ཀྱི་སྐུའི་བཅོམ་ལྡན་འདས་ནི་གང་གི་ཕྱིར་རྟག་ཏུ་གནས་པ་ཡིན་པས་བསྙེན་བཀུར་བར་བྱ་བ་ཡིན་ནོ།། ཞེས་བྱ་བའོ།། པཎྜི་ཏ་ཨ་བྷ ་ཡ་ཀ་ར་གུབ་ཏས་མཛེས་པར་སྦྱར་བའི་ཛམྦྷ་ལ་ཚོན་པོའི་སྒྲིབ་ཐབས་རྫོགསོ།། ། པཎྜི་ཏ་མཁས་པ་དེ་ཉིད་དང་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་གཽཙང་མར་བསྒྱུ་བའི།། ་