| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་བྷ་ག་ཝ་ཏི་ཨ་བྷི་ས་མ་ཡ་ནཱ་མ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། དང་པོ་ཁོ་ནར་རྣལ་འབྱོར་པའི་དབང ་ཕྱུག་གིས། ཚངས་པའི་གནས་བཞི་བསྒོམ་པར་བྱའོ།། དེ་ནས་ཕུང་པོ་ལྔའི་ང་རྨྱི་ལ་བསྐྱེད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དོ།། ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ནོ།། འདུ་ཤེས་ཀྱི་ཕུང་པོ་ནི་སྣང་བ་མཐའོ་ཡས་སོ།། ་འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོན་གྲུབ་པའོ།། རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའོ།། དེ་དག་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་ནི་དཔལ་ཧེ་རུ་ཀཱའོ།། མིག་གཉིས་ལ་སའི་སྙིང་པོའོ།། རྣ་བ་གཉིས་ལ་ནི་ཕྱག་ན་རྡོ་རྗེའོ།། སྣ ་ལ་ནི་ན་མཁའི་སྙིང་པའོ།། ཁ་ལཱ་ནི་སྤྱན་རས་གཟིགསསོ།། ལུས་ལ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ།། སྐྱེ་མཆེད་ཐམས་ཅད་ལ་ནི་དབང་ཕྱུག་རྡོ་རྗེའོ།། སའི་ཁམས་ནི་སངས་རྒྱས་སྤྱན་ནོ།། ཆུའི་ཁམས་ནི་མཱ་མ་ཀཱིའོ།། མེའི་ཁམས་ནི ་གོས་དུ་ཀར་མོའོ།། རླུང་གི་ཁྲིམས་ནི་དམ་ཚིག་སྒྲོལ་མའོ།། ན་མཁའི་ཁམས་ནི་པདྨའི་དྲ་བ་ཅན་ནོ།། དེ་དག་ནི་ཕུང་པོ་དང་ཁམས་རང་སྐྱེ་མཆེད་རྣམས་ལྷའི་རྣམ་པར་དག་པའོ།། དེ་ནས་རང་ཧེ་རུ་ཀར་བསྐྱེད་པའི་སྙིང་གིཥྚི་ཧཱུཾལ ་འོད་འཕྲོས་ཏེ་ཁམས་གསུམ་པའི་བགེགས་བསྐྲང་།། དེ་ནས་འོད་དེ་ཚུར་འདུས་པ་ལས།། བདག་ཉིད་ཁམས་གསུམ་རྣམ་པར་རྒྱལ་བ་ཞལ་གསུམ་ཕྱག་དྲུག་པ་བསྐྱེད་པར་བྱ་ཏེ། ཁམས་གསུམ་རྣམ་རྒྱལ་གྱི་ཞལ་ནས། ཨོཾ་སུཾ ་ནི་སུཾ་བྷཱ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བདྷི་རཱ་ཛཾ་ཧུཾ་ཧཱུཾ་ཕཊ་ཅེས་པའི་སྔགས་ཤར་ཕྱོགས་ལ་སོགས་པར་དགོད་པར་བྱའོ།། ཡིག་འབྲུར་གྱུར་པ ་ལས་རྡོ་རྗེའི་གུར་དང་། དྲ་བ་དང་། བླ་བྲེ་དང་། མདའི་དྲ་བ་དང་། མེའི་ར་བ་དང་། རྡོ་རྗེའི་ས་གཞི་བསམ་པར་བྱའོ།། དེ་ལྟར་ཁྲོ་བོ་རྣམ་པར་རྒྱལ་བས་མཚམས་བཅད་པར་བྱའོ།། གནོད་མཛེས་ཀྱི་ཕྱག་རྒྱས་དགུག་པ་དང་། བདུད་རྩི་འཁྱིལ་པའི ་ཕྱག་རྒྱས་བརྡུང་བར་བྱའོ།། ཨོཾ་གྷཿགྷཿགྷཱ་ཏ་ཡ་གྷཱ་ཏ་ཡ། སརྦྦ་དུཥྚཱ་ན་ཧཱུཾ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུ~ཾ་ཧཱུཾ་བཛྲ་ཀཱི་ལ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི། སརྦ~ཾ་བི་གྷྲཾ་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཽ་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཕུར་བུ་གདབ་པའི་སྔགསོ།། ་ཨོཾ་བཛྲ་མུངྒ་ཌེ་བཛྲ་ཀྵོ་ལཱ་ཀོ་ཊ་ཡ་ཧཱུ~ཾ་ཕཊ། ཕུར་བུ་བརྡུང་པའི་སྡིག་སོ།། དེ་ནས་རླུང་གི་སྙིང་གར་ཟླ་བའི་སྟེང་གིཧཱུཾ་འོད་ཟེར་གྱིས་བླ་མ་ལ་སོགས་པ་སྤྱན་དྲངས་ལ་འོད་དུ་ཞུ་བ་ལས་བདེ་མཆོག་གི་ལྷའི་བདག་ཉིད་དུ་བསམས་ལ། མཆོད་པ་ད ་བསྟོད་པ་བྱས་ལ།། སྐྱེབསུ་འགྲོ་པ་དང་སེམས་བསྐྱེད་པར་བྱའོ།། དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲེ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཧེ། ཞེས་བརྗོད་པས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་སྣང་བ་མེད་པ། སྣང་བ་རྣམ་པར་དག་པ་ན་མཁའ་རྣམ་པར་དག ་པ་ལྟ་བུའི་དཔལ་བཞག་པར་བྱའོ།། འོད་གསལ་དེའི་ང་ལས་ཡོཾ་ཡོངསུ་གྱུར་པ་ལ་ས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ཁ་དོག་སྔོན་པོའོ།། དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་ཁ་དོག་དམར་པོ། དེའི་སྟེང་དུ་བཾ ་ཡོངསུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ། དེའི་སྟེང་དུ་ལཾ་ཡོངསུ་གྱུར་པ་ལས། སའི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོའོ།། དེའི་སྟེང་དུ་སུཾ་ཡོངསུ་གྱུར་པ་ལས་རི་རབ་ཟུར་བཞི་པ། རིན་པོ་ཆེ་སྣ་བཞི་ལས་གྲུ་པ་གྲུ ་བཞིའི་རང་བཞིན་ཅན། ལྕོག་བརྒྱད་ཀྱིས་ཉེ་བར་མཛེས་པའོ།། དེའི་སྟེང་དུ་པཾ་ཡོངསུ་གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་བཅས་པའོ།། དེའི་སྟེང་དུ་ཐབས་ཀྱི་རང་བཞིན་ཨཱ་ལི་ལས་ཟླ་བ། ཤེས་རབ་ཀྱི་རང་བཞིན་ཀཱ ་ལི་ལས་ཉི་མ། དེའི་སྟེང་དུ་ཧཱུཾ་མཐིང་ག། རྡོ་རྗེ་སེམས་དཔའི་རང་བཞིན་འོད་ཟེར་ལྔ་འཕྲོ་ཞིང་འདུ་བ་དང་བཅས་པའོ།། དེ་དག་ཐམས་ཅད་ཡོངསུ་གྱུར་པ་ལས། དཔལ་ཧེ་རུ་ཀ་ཞལ་བཞི་པ་སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། སྐུ་མདོག ་མཐིང་ག། དཔྲལ་བར་རྡོ་རྗེའི་ཕྲེང་བ་འཛིན་པ། གཡས་བརྐྱང་བས་བཞུགས་པ། འཇིགས་བྱེད་དང་དུས་མཚན་ཞབས་ཀྱིས་མནན་པ། རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། དེའི་འོག་མའི་ཕྱག་གཉིས་ཀྱིས ་གླང་པོ་ཆེའི་པགས་པ་བརྐྱང་བ། གཡས་པའི་གསུམ་པན་ཌ་མ་རྱ། བཞི་པ་ནེ་དགྲ་སྟ། ལྔ་པ་ནི་གྲྀ་གུག། དྲུག་པ་ནུ་མདུང་རྩེ་གསུམ་པ། གཡོན་པའི་གསུམ་པ་ན་ཁ་ཊྭཱཾ་ག། བཞི་པ་ན་ཐོད་པ། ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་མགོ་བསྣམ ་པརལ་པ་དང་ཅོད་པན་གྱིས་བརྒྱན་པ། ཐོད་པའི་ཕྲེང་བའི་ཐོང་ཅན། ཟླ་བ་ཕྱེད་པ་དབུ་ལ་འཛེག་པ། སྣ་ཚོགས་རྡོ་རྗེས་མཚན་མའི་དབུ་རྒྱན་ཅན་ཞལ་རྣམ་པར་འགྱུར་བ། མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྒེག་པ་ལ་སོགས་ཉམས ་དགུ་ལྡན་པ། ཞལ་གཡོན་མན་ཏ་ལྟ་བུ་གཡས་པའི་ཞལ་སེར་བ། རྒྱབ་པདྨ་རཱ་ག་ལྟ་བུའི་མདོག་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། མི་མགོ་རློན་པའི་ཕྲེང་བ་འཕྱང་བ། རྣ་ཆ་དང་། གདུ་བུ་དང་། མགུལ ་རྒྱན་དང་། དཔུང་རྒྱན་དང་། སྤྱི་གཙུག་ནོར་བུ་རིན་པོ་ཆེས་བརྒྱན་པ། མཆོད་ཕྱིར་ཐོགས་འཕྱང་བ། ཐལ་བ་དང་ཕྱག་རྒྱ་དྲུག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དག་པའི་ཕྱིར་ཕྱག་རྒྱ་དྲུག་གྲིས་རྒྱས་བཏབ་པའོ།། དེའི་སྤྱན་སྔར་ཡུམ་སྐུ་མདོག་དམར ་མོ་ཞལ་གཅིག་པ་སྤྱན་གསུམ་པ། ཕྱག་གཉིས་པ། སྐྲ་གྲོལ་བ། གཅེར་བུ། དུམ་བུའི་སྐེ་རིགས་ཅན། ཕྱག་གཡོན་ཐོད་པ་བསྣམས་པ་ནཱ~ཾས་ཡབ་ལ་འཁྱུད་པ། གཡས་པ་རྡོ་རྗེ་སྡིག་མཛུབ་བྱས་པ། བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན། ་ཁྲག་ལ་དགྱེས་ཤིང་ཞལ་ནས་ཁྲག་འཛག་པ། བྱིན་པ་གཉིས་ཀྱིས་ལེགས་པར་བ་འཁྱུད་པ། བདེ་བ་ཆེན་པོའི་བདག་ཉིད་ཅ་ནོ།། ཕྱོགས་ཀྱི་འདབ་མ་བཞི་ལ་ནི། མཁའ་འགྲོ་མ་དང་། ལཱ་མ་དང་། ཁཎྜ་རོ་ཧ་དང་། གཟུགས་ཅན་མ་ནི་དངོས ་གྲུབ་སྟེར་བ་སྟེ། ནག་མོ་དང་། ལྗང་གུ་དང་། དམར་མོ་དང་། སེར་མོ་སྟེ་ཞལ་གཅིག་པ་ཕྱག་བཞི་པ། གཡས་ན་ཌཱ་མ་རུ་དང་གྲི་གུག། གཡོན་ན་ཐོད་པ་དང་། ཁ་ཊྭཱཾ་ག་བསྣམས་པ། སྤྱན་གསུམ་པ། སྐྲ་གྲོལ་བ་གརྗེ་འུ་གཡས་བརྐྱང་བས་བཞུ ་པ། ཞལ་མཆེ་བ་གཙིགས་པ་ཕྱག་རྒྱ་ལྔས་བརྒྱན་པ་བསྒོམ་པར་བྱའོ།། མཚམས་ཀྱི་འདབ་མ་རྣམས་ན་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་སྣོད་བཞིའོ།། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བོརླབ་པ་ནི། མགོ་བོ་དང་། མགྲིན་པ། སྙིང་ག་རྣམས། ཨོཾ་དེ ་པོ་དང་། ཨཿདམར་པོ་དང་། ཧཱུཾ་ནག་པོ་བསམ་པར་བྱའོ།། དེ་ནས་ཡི་གེ་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྐུལ་ཏེ། ཡི་གེ་བཞི་ལས་སོ་སོར་ཐིམ་པར་བསམ་ཞིང་། ཨོཾ་ཨཱཿཧཱུཾ་སརྦ་བཱི་ར་ཡོ་གི་ནི ་ལ་ཝཱཀྵཱིཏྟ་བཛྲ་ས་བྷཱ་ཝ་ཨཱཏྨ་ཀཽ་ཧཱུ~ཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ&ཧཾ། ཞེས་བརྗོད་པས་ང་རྒྱལ་བརྟན་པར་བྱའོ།། དེ་ནས་གོ་ཆ་བསམ་པར་བྱ་སྟེ། ཧ་རུ་ཀའི་སྙིང་གར་ཨོཾ་ཧ་དཀར་པོ་དང་། མགོ་བོ་ལ་ན་མཱ་ཧི་སེར་པོ་དང་། སྤྱི་གཙུག་ཏུ་སྭཱ་ཧཱ་ཧ ་ར་པོ་དང་། ཕྲག་པ་གཉིས་སུ་པོ་ཥ་ཊ་ཧེ་ནག་པོ་དང་། མིག་གཉིས་སུ་ཧཱུ~ཾ་ཧཱུཾ་ཧོཿདམར་པོ་དང་། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་གུ། ཡུམ་གྱི་ལྟེ་པར་ཨོཾ་བཾ་དམར་པོ།། སྙིང་གར་ཧཾ་ཡོ་ཡ་མ་ནི་སྔོན་མོ།། ཁ་ལ་ཧཱུཾ་མོ་རྨོངས་བྱེད་མ་དཀར་མོ།། མགོ་བོ་ལ ་ཧཱུ~ཾ་ཧཱུ~ཾཧྲཱིཾ་སྐྱོད་བྱེད་མ་དཀར་མོ།། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་སྐྲག་བྱེད་མ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ཙཎྜི་ཀ་དུ་བའི་མདོག་ཅན་ནོ།། དེ་ལྟར་གོ་ཆ་བགོས་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི། སྔགས་དང་ཕྱག་རྒྱས་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་ཞིང་། དམ ་ཚིག་དོང་ཡོ་ཤེས་པ་གཉིས་སུ་མེད་པར་བྱས་ནས། ཨོཾ་ཡོ་གེ་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ&ཧཾ། ཞེས་བརྗོད་པས་ང་རྒྱལ་བརྟན་པར་བྱའོ།། དེ་ནས་དབང་བསྐུར་བའི་ཕྱིར་སིང་གའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ནས། ན་མཁའ་ལ་བྱོན་པར ་བསམ་རོ།། དེ་ནས་ཕྱི་ནང་གསང་བ་གསུམ་གྱིས་ཆོས་ནས། གསོལ་བ་གདབ་སྟེ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཇི་ལྟར་མཆོག་ཉིད་སྩོལ་བ་མཛད་དང་། བདག་ཀྱང་བསྲུང་བའི་དོན་གྱི་ཕྱིར།། ན་མཁའི་རྡོ་རྗེ་བང་པོ་ལ་སྩོལ་ཞེས་གསོལ་བ་གདབ་པར ་བྱའོ།། དེ་ནས་མི་བསྐྱོད་པ་རྡོ་རྗེ་གཙོ་བོར་གྱུར་པའི་ཐུགས་ཀ་ནས་མཁའ་འགྲོ་མ་བཞི་ཡེ་ཤེས་ཀྱི་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟ་ར།། ལྷ་ཡི་ཆུ་ནི་དག ་པ་ཡིས།། དེ་བཞིན་བདག་གིས་ཁྲུས་བྱའོ།། ཞེས་བརྗོད་པ་དེ་དབང་བསྐུར་བ་དང་། གཙོ་བོས་ཀྱང་རྡོ་རྗེ་ཆེན་པོ་དབང་བསྐུར་བ། ཁམས་གསུམ་པའི་ཕྱག་བྱས་པའི།། སངས་རྒྱས་ཀུན་གྱི་གསང་གསུམ་པའི་གནས་ལས་བྱུང་བ་སྦྱིན་པར་བྱ་ཞེས་བརྗོད་ཅིང་དབང ་བསྐུར་བྱས་ལུས་ཀྱི་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བསམ་མོ།། དབང་ཡོང་སུ་རྫོགས་ནས་དབང་རྟགས་ཏུ་མི་བསྐྱོད་པ་ས་གནོན་པོ་གྱི་ཕྱག་རྒྱ་ཅན་སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་ཅན་གྱིས་དབུ་བརྒྱན་པའོ།། དེ་ལྟར་བསྐྱོད་པའི་རིམ་པ་ལས་སྐྱེ་ན་བཟླས་པ ་བྱསྟྭ~ཾ་ཨོཾ་ཤྲཱི་བཛྲ་ཧི་ཧོ་རུ་རུ་ཀ~ཾ་ཧུ~ཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦྷ་རཱཾ་སྭཱ་ཧཱ། སྙིང་པོའོ།། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ།། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧུ~ཾ་ཧཱུཾ་ཕཊ། བཛྲ་ཝཎྜ་ནཱི་ཡེ་ཧུ~ཾ་ཧཱུཾ་ཕཊ། ཡུམ་གྱི་སྙིང་པོའོ།། ཨོཾ་བཛྲ་བཻ་རི་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཡུམ་གྱི་ཉེ་བའི་སྒོང ་ཨོཾ་ཌ་ཀི་ནཱི་ཡཻ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཾཎྜ་རོ་ཧ~ཾ་ཧུཾ་ཧཱུ~ཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཕྱོགས་ཀྱི་ལྷ་མོ་བཞིའོ།། དེ་ལྟར་སྔགས་ཀྱི་སྐྱོན་ཡོན་གཉིས་ཤེས་པཾ་སཾ། ཇི་ཙམ་དུ་བླ་མའི་གདམས་ངག་གིས་བཟླས་པར་བྱའོ།། དེ་ནས་མཉམ་གཞག་ལས ་ལངས་ནས་རིམ་གྱིས་ལྷ་བསྡུས་ཏེ། དཔའ་བོ་གཅིག་པའི་ང་རྒྱལ་གྱིས་རྗེས་དང་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ།། དེ་ནས་རྫོགས་པའི་རིམ་པོ་ལ་འཇུག་པར་འདོད་པས། ཟླ་བ་ཕོ་ཉའི་ལམ་པ་དང་། ཉི་མ་ལུས་ཀྱི་དཀྱིལ་འཁོར་ཏེ།། ཐིག་ལེ་བཞི་ནི་ཡེ་ཤེས ་ཡིན།། ཡོངས་སུ་དག་པ་འོད་གསལ་ཡིན།། དཔེར་ན་ན་མཁའི་མཚན་ཉིད་དོ།། རང་བཞིན་མེད་པ་ཟུང་འཇུག་སྟེ། བདེ་ཆེན་རྣམ་པ་གསུམ་གྱིས་བསྟན།། བསྐྱེད་དང་རྫོགས་པའི་རིམ་པ་ནི།། རྣལ་འབྱོར་པ་ཡི་ལཾ་ཁྱེར་རོ།། དཔལ་བདེ་མཆོག་འཁོར ་ལོ་ལྷ་ལྔའི་སྦུབས་ཐབས་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད།། བོད་ཀྱི་ལོ་ཙ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་