| Wylie | e-texts produced with BDRC’s OCR application |
དང་བཅས་བཱ་རྣམས་ལ་ཆེར་མཐོ་བའི་གདུགས་བཏེག་སྡུ་པའོ།། གཞན་གྱིས་མི་ཐུབ་མའི་སྒྲུབ་ཐགས། ཨ་ལ་སྐྱེ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། བཛྲ་གནྡྷེ་རོ་སཱ་དྷ་ནཾ། བོད ་སྐད་དུ། རྡོ་རྗེ་དྲི་ལྡན་མའི་སྒྲུབ་ཐབས། རྡོ་རྗེ་དྲི་ལྡན་མ་ནི་ནག་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ་སྟེ། སྐྲ་སེར་པོ་གྱེན་དུ་གྱུར་པ། ཞལ་མཆེ་བ་རྣམ་པར་གཙིགས་པའི་ཞལ་དང་པོ་ནག་པ། གཞན་མ་རྣམས་ནི་ཁ་དོག་རྣམ ་པ་ལྔ་སྟེ། ཞལ་རེ་རེ་ཞིང་སྤྱན་གསུམ་མ། གཡས་པའི་ཕྱག་དྲུག་པོ་རྣམསྭ་ན་ནི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་རལ་གྲི་དང་ཏཱཾ་ཤུ་ལ་དང་མདའ་དང་མཚོན་ཆའི་འཁོར་ལོ་རྣམ་སོ།། གཡོན་པའི་ཕྱག་དྲུག ་པོ་རྣམས་ན་ནི་ཁ་ཊྭཱ~ཾ་གཱ་དང་ལྕགས་ཀྱུ་དང་གཞུ་དང་མདུང་དང་ཞགས་པ་དང་།། ཐུགས་ཀ་ན་བསྡིགས་མཛུབ་རྣམསོ།། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡས་བསྐུམས་པའི་ཞབས་ཀྱིས་སྟེ། བཟླས་པའི་སྔགས་ནི། ་ཧཱུཾ་ཧཱུཾ་ཧཱཧྨ་ཞེས་བྱ་བའོ།། རྡོ་རྗེ་དྲི་ལྡན་མོའི་སྒྲུབ་ཐབས། མཁས་པ་ཨ་ལུས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། པྲ་སནྣ་དྷཱ་རཱ་ཡཱཿསཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་རབ ་