CLOSE WINDOW

GT2082: phyir bzlog ma chen mo
Wyliee-texts produced with BDRC’s OCR application

གསུམ་གྱིས་མཚན་པའི་རང་གི་ས་བོན་བར་དུ་རླུང་གི་མིང་དང་བཅས་པ་ནི་ཆེ་གེ་མོའི་སྡུག་སོ།། ། རྒྱུ་ཕྱུར་སྐད་དུ། མ་ཧཱ་པྲ་ཏྱཾ་གཱི་རཱ། བོད་སྐད་དུ། ཕྱིར་བཟློག་མ་ཆེན་མོ། ཕྱིར་བརླ ་མཚན་མོའི་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་དྲུག་མ་སྟྭཾ། རལ་གྲི་དང་ལྕགས་ཀྵུ་དང་མཆོག་སྦྱིན་པ་ནཱི་གཡས་པའི་ཕྱག་གིས་སོ།། པདྨ་དམར་པོ་དང་། ཏྲི་ཤུ་ལ་དང་། ཞགས་པ་དང་བཅས་པའི་བསྡིགས ་མཛུབ་སྙིང་ག་ན་གནས་པ་དང་ལྡན་པ་ནི་གཡོན་པའི་ཕྱག་རྣམ་སོ།། ས་བོན་ནི་ཧཱུ~ཾ་ངོ་།། དབུ་རྒྱུན་ལ་མི་བསྐྱོད་པའོ།། རྒྱན་ཐམས་ཅད་དང་ལྡན་པ། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་མའོ།། ཨུ་བྷྱཱ་ཡེ་ལྷས ་ཚུལ་ཁྲིམས་རྒྱུལ་མཚན་གྱིས་བསྒྱུར་བ་རྫོག་སོ།། ། རྒྱུ་སྐུར་སྐད་དུ། དྷཱ་ཛྙཱ་གྲྀ་ཀཱ~ཾ་གྷཱ་སཱ་དྷ་ནཱཾ། ཁད་སྐད་དུ། རྒྱལ་མཚན་གྱི་དཔུང་རྐྱེན་གྱི་རྩེ་མོའི་སྒྲུབ་ཐབས། རྒྱུལ་མཚན་གྱི་དཔུང་རྒྱུན་གྱི་རྩེ་མོའི་སྐུ་མདོག་ནི ་ནིགྲ་མོ་ཞལ་གསུམ་ཕྱག་བཞི་མའོ།། གཡས་པ་དང་གཡོན་པའི་ཞལ་ནི་དམར་པོ་དང་ལྗང་གུའོ།། རིལ་གྷི་དང་ཞགས་པོ་བསྣམས་པ་ནི་གཡས་པའི་ཕྱག་ག་ཉིསོ།། རྡོ་རྗེས་མཚན་པོའི་ཁ་ཊྭཱཾ་གཽ་དང་འཁོར་ལོ་ནི་གཡོན ་པའི་ཕྱག་གཉིས་ན་སྟེ། སྐྲ་ཁམ་སེར་གྱེན་དུ་གྱུར་པ། དབུ་ལ་ཐོད་པ་སྐམ་པོ་ལྔས་རྒྱན་དུ་མཛད་པ་སྟག་གི་པགས་པའི་ཤམ་ཐབས་ཅན། ཞལ་གྱི་མཚོ་བ་གཙིགས་པར་གྱུར་པ། གསུས་པི་འཕྱང་བར་གྱུར་པ། གཡས ་བསྐུམས་པའི་ཞབས་ཀྱིས་ཉི་མའི་གྲདན་དང་འོད་ཟེར་ཅན་ཏེ། སྟོང་ཤག་སེར་པོ་མན་བས་པར་གྱུར་པ་དང་། ས་བོན་ནི་ཧཱུ~ཾ་དང་དབུ་རྒྱན་ལ་མི་བསྐྱོད་པའོ།། རྒྱལ་མཚན་གྱི་དཔུང་རྒྱན་གྱི་རྩེ་མོའི་སྒྲུབ་ཐབས། ཨ་བྷ་ཡ་ལས ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ་རྟོག་སོ།། ། རྒྱ་གར་སྐད་དུ། ཨ་པ་རཱ་ཛི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། གཞན་གྱིས་མི་ཐུབོ་མའི་སྒྲུབ་ཐབས། གཞན་གྱིས་མི་ཐུབ་མ་ནི་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག ་གཉིས་མ་སྟེ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཉེ་བོར་མཛེས་པར་གྱུར་པའི་ཚོགས་བདག་ལེགས་པར་མནན་པ་ཕྱག་གཡས་པ་ནི་ཐལ་མོ་གདེངས་པའི་སྟངས་མཛད་པ། ཕྱག་གཡོན་པ་ནི་ཞགས་པ་བསྣམས་པའི་སྡིགས་མཛུབ ་ཐུགས་ཀ་ན་གནས་པའོ།། ཤིན་ཏུ་འཇིགས་པར་མཛད་པ། གདུག་པའི་ཞལ་མཆེ་བ་རྣམ་པར་གཙིགས་པ། བདུད་རྣམས་མ་ལུས་པ་ངེས་པར་བརླག་པར་མཛད་པ། ཚངས་པ་ལ་སོགས་པ་དང་དྲག་ཅིང་མ་བགྲུངས་པའི་ལྷ་འཁོ ་དང་བཅས་བཱ་རྣམས་ལ་ཆེར་མཐོ་བའི་གདུགས་བཏེག་སྡུ་པའོ།། གཞན་གྱིས་མི་ཐུབ་མའི་སྒྲུབ་ཐགས། ཨ་ལ་སྐྱེ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། བཛྲ་གནྡྷེ་རོ་སཱ་དྷ་ནཾ། བོད ་སྐད་དུ། རྡོ་རྗེ་དྲི་ལྡན་མའི་སྒྲུབ་ཐབས། རྡོ་རྗེ་དྲི་ལྡན་མ་ནི་ནག་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ་སྟེ། སྐྲ་སེར་པོ་གྱེན་དུ་གྱུར་པ། ཞལ་མཆེ་བ་རྣམ་པར་གཙིགས་པའི་ཞལ་དང་པོ་ནག་པ། གཞན་མ་རྣམས་ནི་ཁ་དོག་རྣམ ་