CLOSE WINDOW

GT2081: gdams ngag gzhan gyi lha lnga legs par bstan par bya ba
Wyliee-texts produced with BDRC’s OCR application

ཚིལ་ཆེན་མོའི་སྒྲུབ་ཐབས་རྫོགས་པ་ཡིན་ནོ།། ཨོཾ་བྷཱུ་ཡ~ཾ་ལོས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའི།། རྒྱུ་གར་སྐད་དུ། ཨ་ཐཱ་མནྟ། ་ཡཱནྟ་ར་ཎ་པཉྩ་རོ་བཾ་ཏོནྟི་དེ། བོད་སྐད་དུ། དེ་ནས་གདམས་ངག་གཞན་གྱི་ལྷ་ལྔ་ལོགས་པར་བསྟན་པར་བྱ་བའོ།། དེ་ལ་སོ་སོར་འབྲང་མ་ཆེན་མོ་སེར་མོ་ཞལ་གསུམ་མ་སྟེ། ཞལ་སོ་སོར་སྤྱན་གསུམ་གསུམ་མ ་ནགྲ་མོ་དང་དཀར་མོ་ནི་གཡས་པ་དང་ཅིག་ཤོས་ཀྱི་ཞལོ།། ཕྱག་བཅུ་ལས་གཡས་ཀྱི་ཕྱག་ལྡན་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རལ་གྲི་དང་རྡོ་རྗེ་དང་། མདའ་དང་མཆོག་སྦྱིན་པ་དང་སྙིང་གར་གནས་པའི་ཕྱག་གིས་གདུགས ་འཛིན་པའོ།། དེ་བཞིན་དུ་གཡོན་པའི་ཕྱག་ལྔ་ནུ་ཡང་གཞུ་དང་། རྒྱལ་མཚན་དང་རིན་པོ་ཆེའི་གདུགས་དང་། མདུང་དང་དུང་ངོ་།། དབུ་རྒྱན་ལ་ནི་རིན་ཆེན་འབྱུང་ལྡན་ནོ།། སྟོང་ཤག་ནི་ནགོ་བོའོ།། སྟོད་གཡོ ་དམར་པོ་བསྣམས་པའོ།། སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བསྐྱོད་པ། ལྷ་རྫས་ཀྱི་རྒྱན་རྣམས་ཀྱིས་ཀྱང་བརྒྱན་པ་ནི་རྫོགསོ།། ། རྨ་བྱེ་ཆེན་མོ་ནི་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག ་གཉིས་མ་སྟེ། ཕྱག་གཡས་པ་དང་གཡོན་པས་ནི་མཆོག་སྦྱིན་པ་དང་ལྷ་རྗེས་ཀྱི་རྨ་བྱའི་མཇུག་སྒོ་བསྣམོས་པས་ཀྱང་རྫོགས་པ་ཡིནོ།། སྐྱོང་ཆེན་མོ་རབ་ཏུ་འཇོམས་མཱ་ནི་སྔམ་ཉིད་ཁོ་ན་བཞིན་ནོ།། གསོད ་སྔགས་རྗེས་སུ་འབྲང་བ་ཆེན་མོ་ནི་ཞལ་གཅིག་ཕྱག་བཞི་མ་སྐྱོ་མདོག་ནག་མོ་སྟེ། གཡས་པའི་ཕྱག་གཉིས་ནཱ་རལ་གྲི་དང་མཆོག་སྦྱིན་པའིའོ།། གཡོན་པའི་ཕྱག་གཉིས་ནི་ནི་མདུང་དང་ཞགས་པ་སྟེ་རྫོགས ་པ་ཡིན་ནོ།། བསིལ་བའི་ཚལ་ཆེན་མོ་ནི་སྐུ་མ་དོག་དམར་མོ་ཞལ་གཅིག་ཕྱག་བཞི་མ་སྟེ། གཡས་པའི་ཕྱག་གཉིས་ཀྱིས་ནི་རལ་གྲི་དང་མཆོག་སྦྱིན་པའོ།། གཡོན་པའི་ཕྱོ་གཉིས་ཀྱི་ནི་མདུང་དང་ཞུགས་པ་ཡིན་ནོ།། ཡེ་གྷ ་གསུམ་གྱིས་མཚན་པའི་རང་གི་ས་བོན་བར་དུ་རླུང་གི་མིང་དང་བཅས་པ་ནི་ཆེ་གེ་མོའི་སྡུག་སོ།། ། རྒྱུ་ཕྱུར་སྐད་དུ། མ་ཧཱ་པྲ་ཏྱཾ་གཱི་རཱ། བོད་སྐད་དུ། ཕྱིར་བཟློག་མ་ཆེན་མོ། ཕྱིར་བརླ ་