| Wylie | e-texts produced with BDRC’s OCR application |
མདོག་ནི་དམར་མོ་སྟེ། ལས་ཀྱི་རྗེ་སུ་འཐུན་པས་ནི་དཀར་མོ་ལ་སོགས་པའི་ཁ་དོག་དང་ལྡན་པར་ཡང་བསྒོམ་པར་བྱ་ཞིང་། རང་གི་སྙིང་གའི་ཡི་གེ་ཙེ་གི་འོད་ཟེར་གྱི་ཡེ་ཤེས་ཀྱི་འཁྲོར་ལོ་སྤྱན་དྲངས་ལ་མདུན ་དུ་ལེགས་པར་བཞུགསུ་གསོལ་ཏེ། མཆོད་པ་ལ་སོགས་པ་རྣམས་རྫོགས་པར་བྱས་ལ་ལེགས་པར་བཞུགས་པར་བྱ་བའོ།། དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲ་ཙར་ཙ་ཀ་ཧཱུཾ་སྭཱ་ཧཱ། འདིས་ནི་རྡོ་རྗེ་ཙར་ཙ་ཀའི་སྒྲུབ་ཐབས་རྫོགས་པ ་ཡིན་ནོ།། ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གྲཝར་སྐད་དུ། མ་ཧཱ་པྲྀ་ཏི་སཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སོ་སོར་འབྲིང་མ་ཆེན་མོའི་སྒྲུབ་ཐབས། སོ ་སོར་འབྲང་མ་ཆེན་མོ་ལ་ཕྱག་འཚལོ།། སྔར་བཤད་པའི་བྱ་བའི་རིམ་པས་སྟོང་པ་ཉིད་སྒོམས་པའི་མཇུག་ཐོག་སུ་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་པྲཾ་སེར་པོའི་འོད་ཟེར་རྣམ་པ་སྣ་ཚོགས་པས་གཞོན་གྱི་དོན་བྱས ་ནས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ཆེན་མོར་སྐད་ཅིག་གིས་བདག་ཉིད་ཡོངསུ་རྫོགས་པར་བྱ་སྟེ། སྐུ་མདོག་སེར་མོ་ཞལ་བཞི་མ་སྤྱན་གསུམ་མ་ཕྱག་བརྒྱད་མ། ཞལ་དང་པོ་ནི་སེར་བའོ།། གཡས་པ ་པ་ནི་དཀར་བའོ།། ནུབ་ཀྱི་ནི་མཐིང་ནགོ། གཡོན་གྱི་ནི་དམར་བའོ།། གཡས་པའི་ཕྱག་རྣམས་ཀྱིས་ནི་རལ་གྲི་དང་འཁོར་ལོ་དང་མོ་དུང་ཐུང་རྩེ་གསུམ་པ་དང་མདའ་བསྣམོས་པའོ།། གཡོན་པའི་ཕྱག་རྣམས་ཀྱིས་ནི་མདུང་དང་། གཞུ་དང་། ་ཞགས་པ་དང་རྡོ་རྗེའོ།། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རོལ་ཅིང་བསྐྱོད་པས་ལེགས་པར་བཞུགས་པ། འོད་ཟེར་དམར་པོའི་ཁོར་ཡུག་གིས་བསྐོར་བ། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་རྣམ་པ་སྣ་ཚོགས་ཀྱི་སྟོད་གཡོགྶ། ་དུང་སྨད་གཡོགས་དང་འོད་ཀྱི་སྟོང་བཤེགས་མན་པས་པ། རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན་དང་ལྡན་པ་དེ་ལྟ་བུ་རྣམ་པར་བསམས་ལ། དེ་ནས་སྐུ་དང་གསུང་དང་ཐུགས་ཀྱི་ཟླ་བ་ལ་ཨོཾ་དང་ཨཱཿདང་། ཧཱུཾ་གཽ་ཡི་གེ་གསུམ་དཀུར་པོ་དང ་སེར་པོ་དང་མཐིང་ནག་ཏུ་བསམ་པར་བྱ་བའོ།། དེ་ནས་ནུ་མ་གཉིས་ཀྱིས་བར་དུ་ཟླ་བ་ལ་གནས་པའི་ཡི་གེ་པྲི་རྣམ་པར་བསམཱ་པར་བྱ་ཞིང་ལྷ་རྣམས་པ་སྣ་ཚོགས་པ་རྣམས་ཀྱི་བདག་ཉིད་མཆོད་པར་ཡང་བལྟས་ལ། ཇི་སྲིད་ཏུ་སྐྱོ་བཱ ་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ།། སྐྱོ་བར་གྱུར་ན་ནི་རང་གི་སྙིང་གའི་ཟླ་བ་ལ་ཕྲེང་བ་དམར་པོ་ལྟ་བུར་སྔགས་བལྟ་ཞིང་བཟླས་པར་བྱ་སྟེ། ཨོཾ་མནི་དྷ་རི་བཛྲ་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སོ་སོར་འབྲང་མ་ཆེན་མ ་སྒྲུབ་ཐབས་སོ།། པཎྜི་ཏ་ཨ་བྷ་ཡ~ཾ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། ་རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱུ་རཱི་སཱ་དྷ་ནཾ། བོད་སྐད་དུ། རྨ་བྱ་ཆེན་མོའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་སྣ་ཚོགས་པདྨ་དང་ཟླ་བ་ལ་ཡི་གེ་མཾ་ལྗང་གུ་ལས་བྱུང་བའི་རྨ་བྱ་ཆེན་མོ་སྟེ། སྐུ་མདོག ་