CLOSE WINDOW

GT2075: rdo rje tsar tsi ka'i sgrub thabs
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། བཛྲཱི་ཙར་ཙཀཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཙ་ར་ཙི་ཀའི་སྒྲུབ་ཐབས། སྣར་བཤད་པའི་ཆོ་གའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལོ། པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཉི་མ་ལ་གནས ་པའི་ཡོ་གེ་ཧཱུཾ་གིས་བསྐྱེད་པའི་རྡོ་རྗེའི་ལྟེ་བཱ་ལ་ཡི་གེ་ཙ་གནས་པར་བསྒོམ་པར་བྱ་བའོ།། དེ་དག་ཡོངསུ་གྱུར་པ་ལས་རྡོ་རྗེ་ཙ་ར་ཙི་ཀ་ཞལ་གཅིག་སྤྱན་གསུམ་མ་སྟེ། སྐྱིལ་ཀྲུང་ཕྱེད་པའི་བརྐྱང་བསྒོམ་གྱིས་རོའི་གདན་ལ་བཞུམ ་པ། སྐུ་རིང་ཅིང་མཆེ་བ་གཙིགས་པའི་བཞིན་བསྒྱུར་བས་འཇིག་སུ་རུང་བ། མི་མགོའི་འཕྱང་བས་ངོ་ཤལ་དུ་རྣམ་པར་བརྒྱན་པ། རུས་པའི་རྒྱན་གྱིས་ཀུན་ནས་བརྒྱན་པོ། ཕྱག་རྒྱ་ལྔ་དང་ལྡན་པ། མོ་བསྐྱོད་པ་དབུ་རྒྱན་ལ ་བཞུགས་པ། སྟག་གི་ལྤགས་པའི་ཤམ་ཐབ་ས་ཅན། སྐྲ་ལྷུག་པར་གྱུར་པ། ཕྱག་དྲུག་མ་སྟེ་གཡས་པས་ནི་རྡོ་རྗེ་དང་རོལ་གྲི་དང་འཁོར་ལོ་བསྣམས་པའོ།། གཡོན་པས་ནི་ཐོད་པ་དང་ནོར་བུ་དང་པདྨོ་བསྣམས་པའོ།། སྐུ ་མདོག་ནི་དམར་མོ་སྟེ། ལས་ཀྱི་རྗེ་སུ་འཐུན་པས་ནི་དཀར་མོ་ལ་སོགས་པའི་ཁ་དོག་དང་ལྡན་པར་ཡང་བསྒོམ་པར་བྱ་ཞིང་། རང་གི་སྙིང་གའི་ཡི་གེ་ཙེ་གི་འོད་ཟེར་གྱི་ཡེ་ཤེས་ཀྱི་འཁྲོར་ལོ་སྤྱན་དྲངས་ལ་མདུན ་དུ་ལེགས་པར་བཞུགསུ་གསོལ་ཏེ། མཆོད་པ་ལ་སོགས་པ་རྣམས་རྫོགས་པར་བྱས་ལ་ལེགས་པར་བཞུགས་པར་བྱ་བའོ།། དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲ་ཙར་ཙ་ཀ་ཧཱུཾ་སྭཱ་ཧཱ། འདིས་ནི་རྡོ་རྗེ་ཙར་ཙ་ཀའི་སྒྲུབ་ཐབས་རྫོགས་པ ་ཡིན་ནོ།། ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གྲཝར་སྐད་དུ། མ་ཧཱ་པྲྀ་ཏི་སཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སོ་སོར་འབྲིང་མ་ཆེན་མོའི་སྒྲུབ་ཐབས། སོ ་