| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨ་དྷི་ས་མ་ཡ་བི་ཛྙཱ་གནྡྷ་མ། བོད་སྐད་དུ། མངོན་པར་རྟོགས་པ་རྣམ་པར་བྱེད་པ་ཞེས་བྱབ། དཔའ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། འཇིག་དུས་བསྐུལ་པའི་མེ་ཝཱར་འབར།། དག་པ་རྣམ་པ་བཅུ ་གཉིས་ལྡན།། བདེན་དོན་རྣམ་པ་བཅུ་གཉིས་ལྡན།། ཧེ་རུ་ཀ་དཔལ་དེ་ལ་འདུད།། གང་གི་དྲིན་གྱི་བདེ་ཆེན་གནས།། སྐུད་ཅིག་གིས་ནི་ཐོབ་པར་གྱུར་པ།། བླ་མ་རིན་ཆེན་ལྟ་བུ་ཡི།། རྡོ་རྗེ་ཅན་ཞབས་པད་ལ་འདུད་། མིང་གི་རྒྱུད་ནི་འབུམ་སྡེ་ལ། ་སྡོམ་པ་བཏུས་པར་གྱུར་པ་ཡིན།། ན་མཁའ་དང་མཉམ་པའི་རྒྱུད།། འབུམ་གཅིག་ནང་ནས་དེ་སྐད་བཤད།། ངེས་དོན་ཟབ་མོ་རིམ་ཕྱེ་ཡང་།། མིག་བྲལ་ངེས་པ་མ་རྙེད་པ།། ངེས་བརྗོད་མངོན་འབྱུང་མཁའ་འགྲོ་ལས།། སྙིང་པོ་བསྡུས་པ་བདག་གི ་བཤད།། དེ་ལ་འདིར་བཤད་བྱ་ན་མཁའ་དང་མཉམ་པའི་རྒྱུད་ཆེ་ན་མྱོ་དང་། འཆང་བྱེད་རྒྱུད་བཞི་དང་ལྡན་པའི་རྣལ་འབྱོར་མའི་རྒྱུད་རྣམས་ཀྱིས་བརྗོད་བྱ་ངེས་དོན་ལམ་གྱི་རིམ་པ་ནི། ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་རྣམ་པར་དག་པ་དང་།། ་སྒྲུབ་བྱེད་དབང་དང་། གང་གིས་སྒྲུབ་པ་དང་། གང་ལ་བ་བསྒྲུབ་པའོ།། ཤེས་རབ་ལོག་ཉིས་ཏེ། དམིགས་པ་དང་བཅས་པའི་ཤེས་རབ་དང་། དེ་མིགས་པ་མེད་པའོ།། ཤེས་རབ་གཉིས་ཀྱི་མཐོང་བ་དང་། མཐུན་པར་དེ་ལ་བློ་འཇོག་པ་དང་། ་སྤྱོད་པའི་སྒོ་ནས་གཉིས་མེད་ཟུང་འཇུག་ཏུ་བསྒོམ་པའོ།། དེ་ཡང་སྒྲུབ་བྱེད་དབང་བཞིའི་སྒོ་ནས་ཏེ། བུམ་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་དང་། གསང་བ་མངོན་དུ་སོང་བའི་ཤེས་རབ་ཡེ་ཤེས་ཀྱིས་དོན་དམ་པ་དང་། བཞི་པས ་གཉིས་མྱེད་རྒྱུ་འཇུ་དུ་སྒྱོགས་པ་བསྒྲུབ་པར།། དེ་ཡང་ཐམ་ལ་རླུག་ལས་པས་དེ་ས་སྐྱེས་པ་ལས་ཐོ་པའི་སྦྱ་རོ།། དེ་སྦྱར་བསྒྲུབ་པས་སྒྲུབ་པ་པའི་མཚན་ཉིད་དུ་གྱུར་པ་ནི། དང་བ་སྙིང་རྗེརྗེ་སྟོབས ་ལས་བྱུང་།། རྫོགས་པའི་བྱང་ཆུབ་སེམས་བརྟན་བྱས།། བུམ་པོ་གསང་སྲོག་གིས་དབང་བསྐུར་བ།། བླ་མའི་དྲིན་གྱིས་ཡང་དགུ་ཐོབ།། ཅེས་པ་ལ་སོགས་པའོ།། དེ་ཡང་སྒྲུབ་པོའི་གནས་དང་། གྲོགས་དང་། ཡན་ལག་དང་། ཚུལ་ཇི་ལྟར་བསྒྲུབ་པའོ།། གནས ་ནིདུར་ཁྲོད་ལ་སོགས་པའོ།། གྲོགས་ནི་ལེའུ་བཅུ་གསུམ་པ་ལས། དབང་གི་ལྷ་མོ་མཆོད་བྱ་སྟེ།། དཔའ་བོའི་ལྷ་མོ་བཀའ་བསྒོ་སྐྱེས།། ལོངས་སྤྱོད་ཡན་ལག་ཀུན་སྤྱོད་མ།། འཁོར་བ་ལས་སྒྲོལ་གཙོ་བོ་ཡིན།། ཞེས་གསུངས་པའི་ཕྱིར།། སྒྲུབ་པའི ་ཡན་ལག་བསྟན་པའི་ཕྱིར།། དང་པོ་ར་ཞིག་ཅེས་བྱ་བ་ལ་སོགས་པའོ།། ཚུལ་ཇི་ལྟར་བསྒྲུབ་པ་ནི་སྐྱེ་བ་མེད་པར་ཤེས་པའི་ཚུལ་གྱིས་ཏེ། དེ་ཡང་རྡོ་རྗེ་མཁའ་འགྲོ་ལས།། གང་ཡང་ལས་རྣམས་ཐམས་ཅད་ལ།། ཤེས་རབ་དང་ནི་སྦྱར་བྱ་སྟེ།། དེ་ཡང་སྟོང་པའི ་གནས་སུ་སྦྱར། ཞེས་གསུངས་པས། ལས་རྣམས་ནི་འདིར་ཚངས་པའི་གནས་བཞི་བསྒོམས་པ་ལ་སོགས་པའོ།། ཤེས་རབ་དང་སྦྱར་བ་ནི་ཤེས་རབ་ཀྱི་མིག་གིས་བལྟ་བའི་ཡུལ་ཡིན་པའི་ཕྱིར་རོ།། དེ་ཡང་སྟོང་པའི་གནས་ཏེ་བློ་གོང་གིས་རྣམ་པར་སྐྱེ་བ་དེ་རྟེན ་འབྲེལ་ཡིན་པའི་ཕྱིར། སྟོང་པ་ཉིད་དུ་ཤེས་པའི་ཚུལ་གྱིས་བསྒོམ་པའོ།། དང་པོར་རེ་ཞིག་ནི་རྣལ་འབྱོར་པས་བྱ་བའི་རིམ་པ་བསྟོན་པའོ།། རྣལ་འབྱོར་པའི་དབང་ཕྱུག་ནི་དབང་བཞིས་སྣོད་དུ་བྱས་པའོ།། ཚངས་པའི་གནས་བཞིས་ནི་བྱམས་པ་ལ་སོགས ་པའོ།། བསྒོམ་པ་ནི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པ་དང་། གང་དག་སྡུག་བསྔལ་བ་ལ་དམིགས་ནས་དེ་དང་བྲལ་བར་འདོད་པ་དང་། ཧེ་རུ་ཀའི་གོ་བཕང་ལ་དགོད་པར་འདོད་པ་དང་། མི་དགེ་བའི་ཕྱོགས་མ་ལུས་པ་ཟད་པར་བྱ་བའི་འཇིག ་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་མ་ལུས་པ་ལ་དགོད་པར་འདོད་པའོ།། ད་ནི་འདིར་རྣལ་འབྱོརར་བསྲུང་བ་སྟེ། རྣལ་འབྱོར་ནི་འདྲིར་སྙིང་རྗེ་དང་སྟོང་པ་གཉིས་མེངྒ་ཡིན་པར་དགོངས་སོ།། གང་ལས་བསྲུང་ཞེ་ན། མི་མཐུན་པའི་ཕྱོགས་ཏེ། གནོད་སེམས་དང་། ་རྣམ་པར་འཚེ་བ་དང་། ཐེག་པ་དམན་པ་ལ་འདོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཟད་ཅིང་མི་འཕེལ་པོའོ།། ཇི་སྲིད་དེ་ཡོད་པ་དེ་སྲིད་དུ་སྔར་བྱས་པ་འཇིག་ཅིང་ཕྱིས་མི་སྐྱེ་བ་དང་། ཐེག་པ་ཆེན་པོའི་གནས་ལས་ཉམས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་དུ་ངེས་པར་མི་འགྱུར་བའི་ཕྱིར་རོ།། དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ལ། འདི་ལྟར་བདག་ཏུ་མངོན་པར་ཞན་པ་ལ་བརྟེན་ནས་པར་འཛིན་པ་ལ་འབྱུང་ལ། བདག་གི་མངོན་པར་ཞེན་པ་ལ་རྟེན་ནས་ང་ཡིར་འཛིན་པར་འགྱུར་བས། གང ་གི་ཕྱིར་བདག་ཏུ་ཞེན་པ་མེད་ན་དེའི་ཕྱིར་ངར་འཛིན་མེད་ལ། བདག་གིར་ཞོན་པ་ན་དེའི་ཕྱིར་ང་ཡིར་འཛིན་པ་མེད་པར་འགྱུར་རོ།། དེར་ཞེན་པའི་གཞི་བསྒྱུར་བའི་ཕྱིར་གཟུགས་ཀྱི་ཕུང་པོའི་རྡུལ་ཕྲ་རབ་རྣམས་རྣམ་པར་སྣང་མཛད་ཀྱིས་སྦྱངས་ཏེ། དེ་ཡང་ཞལ ་གཅིག་པ་ཕྱག་གཉིས་པ་པདྨ་དང་ཟླ་བ་དང་སངྒེའི་གདན་ལ་བཞུགས་པ། གཡས་འཁོར་ལོ་གཡོན་དྲིལ་བུ་དཀུ་ལ་བརྟེན་པའོ།། དེ་བཞི་ན་དུ་ཕུང་པོ་བཞིའི་ཚོགས་ལ་རྡོ་རྗེ་ཉི་མ། པདྨ་གར་དབང་། རྡོ་རྗེ་རྒྱལ་པོ། རྡོ་རྗེ་སེ་མོས་དཔའ་སྟེ། ཞལ ་གཅིག་པ། ཕྱུག་གཉིས་པ། གཡས་རྣམས་ན་ངྒ་རང་གི་མཚན་མ་འཛིན་པ། གཡོན་པ་ཐམས་ཅད་ན་དྷིལ་བྲུ་དཀུར་བརྟེན་པ། རྟ་དང་རྨྱ་བྱཱ་དང་། ན་མཁའ་ལྡིང་དང་། གླང་པོ་དང་། པདྨཱ་དང་། ཉི་མའི་གདུན་ལ་བཞུགས་པའོ།། 8 ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་ནི་དཔྲལ་ཧེ་རུ་ཀའོ་ཞེས་པ་ལ་རོའི་གདན་ལ་བཞུགས་པ་སྐུ་མདོག་ནག་པོ་རྡོ་རྗེ་དྲིལ་བུ་ཙྪན་ནོ།། འདིར་རོགས་ནི་ལྔ་ནི་ཕུང་པོ་ལྷ་ལ་སོགས་པ་བྱེ་བྲག་གི་དག་པ་ཡིན་ལ། ཧེ་རུ་ཀ་ནི་སྤྱིའི ་དག་པའོ།། གཟུགས་ལ་སོགས་པ་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ལྷར་དག་ལ།། ། དོན་དམ་སྐྱེ་མེད་དུ་དགེ་པ་དཔལ་ཧེ་རུ་ཀའོ།། དེ་ཡང་ཧེ་ནི་རྒྱུ་ཚོགས་རྣམ་པར་སྤངས།། རུ་ནི་ཚོགས་དང་བྲལ་པོ་ཉིད།། ཀ་ནི་གང་དུའང་མི་གནས་པའོ་ཞེས ་གསུངས་པས། རྒྱུ་ལ་སོགས་པ་ནི། བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་དང་རྒྱུ་མེད་པ་ལས་སྐྱེ་བ་སྤངས་པའོ།། ཚོགས་ནི་གནས་པ་དང་འཇིག་པའི་ཚོགས་དང་བྲལ་བའོ།། སྐྱེ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་མི་གནས་པའི་མྱ་ངམ། ་ལས་འངས་པའོ།། དེ་བཞིན་དུ་རྡོ་རྗེ་མཁའ་འགྲོ་ལུས་ཀྱང་གཟུགས་འདི་ཐམས་ཅད་སྟོང་པ་ཉིད།། སྟོང་པའི་ཚུལ་གྱིས་མིག་གིས་ནི།། དོགས་པ་མེད་པར་བསྒོམ་པའི་མཆོག། རློམ་པར་མི་རྟོགས་པ་ཡིས་བལྟོ།། ཞེས་གསུངས་པས། ་ཕུང་པོ་དང་ཁམས་དང་སྐྱེ་མ་ཆིང་རྣམས་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ལྷར་བསྒོམ་ལ། དོན་དམ་པར་སྟོང་པ་ཉིད་ངོ་།། དེ་བཞིན་དུ་མིག་ལ་སོགས་པ་ལ་གཏི་མུག་རྡོ་རྗེ་དང་། ཞེ་སྡང་རྡོ་རྗེ་དང་། སེར་སྣ་རྡོ་རྗེ་དང་། འདོད་ཆགས་རྡོ་རྗེ་དང་། ཕྲག ་དོག་རྡོ་རྗེ་དང་། དབང་ཕྱུག་རྡོ་རྗེ་སྟེ། དཀར་པོ་དང་། ནག་པོ་དང་། སེར་པོ་དང་། དམྱུར་པོ་དང་། ལྗང་གུ་དང་། ཡང་དཀར་པོ་སྟེ། ཕྱག་མཚན་ནི་བདག་པོ་དང་མཐུན་ནོ།། ཡང་ས་ལ་སོགས་པའི་ཁམས་ལ་ལྟུང་བྱེད་མ་དང་། གསོད་བྱེད་མ་དང་། ་འགུགས་བྱེད་མྱ་དང་། གར་གྱི་དབང་ཕྱུག་མ་དང་། པདྨའི་དྲ་བ་ཅན་ཏེ། སེར་མོ་དང་། ནག་མོ་དང་། དམར་སེར་དང་། དཱ་མར་མོ་དང་སྔོན་མོ་སྟེ། རང་རང་གི་དཀྱིལ་འཁོར་ལ་བཞུགས་པ། ཞལ་གཅིག་པ། ཕྱག་བཞི་པ། གཡས་ཀྱི་ངང ་པོ་རྣམས་ནི་འཁོར་ལོ་དང་། རྡོ་རྗེ་དང་ཤི་པདྨ་དང་། རལྀ་གྲིའོ།། ཐ་མ་རྣམས་ནི་གྷྲི་གུག་གོ། གཡོན་ན་ཐོད་པ་དང་ཁ་ཊྭཱཾ་གའོ།། པདྨའི་དྲ་བ་ཅན་ཉི་མ་ལ་བཞུགས་པ་ཞལ་གསུམ་པ་ཕྱག་དྲུག་པ་སྟེ། གཡོས་པས་གསུམ་ན་ཐོད་པ་དང ་ཁ་ཊྭཱཾ་ག་དང་། ཞགས་པའོ།། གཡོན་ན་ལྕགས་ཀྱུ་དང་། ཚངས་པའི་མགོ་དང་། གྲི་གུག་གོ།། དེ་ལྟར་ན་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་འབྱིན་པར་བྱེད་པ་དང་། སྤྲོས་པ་ག་སོད་པ་དང་། ལྷན་ཅིག་སྐྱེས་པའི་བདེ་བ་འདྲེན་པ ་དདང་མི་དམིགས་པའི་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པའོ།། དབྱིངས་དང་ཡེ་ཤེས་དང་ཐབས་དང་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེ་མ་སོ་ལས་ལྷའི་འཁོར་ལོ་རྫོགས་པར་བྱེད་པའི་ཕྱིར་རོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ ་ལ། གང་དག་པ་ཕུང་པོ་ལ་སོགས་པ་དང་། གང་གི་རང་བཞིན་དུ་དག་པོ་སྒྱུ་མ་ལྟ་བུའི་ལྷ་དང་། ཇི་ལྟར་དག་པ་སྐྱེ་མེད་དུ་དག་པའོ།། བདག་གིར་འཛིན་པ་དག་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེའི་ར་བི་བསམ་པར་བྱ་སྟེ། ཞེས་བྱ་བ་ལ་སོགས ་པ་ལ། བདག་གི་སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་འོད་ཟེར་གྱི་ཕྲེང་བ་འཕྲོ་བ་བསམས་ལ། དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་བདག་དང་ཁམས་གསུམ་པའི་དངོས་པོ་ཐམས་ཅད་སྒྱུ་མ་ལྟར་སྐྱེ་མེད་དུ་ཤེས་པར ་བྱས་ནས། ཚུར་འདུས་པས་བདག་ཁམས་གསུམ་རྣམ་རྒྱལ་དུ་བསམས་པ་སྟེ། བདག་གིར་ཞེན་པ་ལས་རྣམ་པར་རྒྱལ་བའི་ཕྱིར་རོ།། དེ་ལྟར་བདག་མེད་པའི་ཤེས་རབ་དེའི་ལས་དང་མཚན་ཉིད་བསྟན་པའི་ཕྱིར་ར་བ་ལ་སོགས་པ་བསམས་པ་སྟེ། དེ ་ཡོང་ཨོཾ་སུམྦྷ་ལ་སོགས་པའི་སྔགས་བཞི་ཕྱོགས་བཞིར་བསམ་དེ་ལས་རྡོ་རྗེའི་རབ་གྲུ་བཞི་པ་བསམས་པར་བྱའོ།། ས་གཞི་ནི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེར་བསམས་ལ།། དེའི་འོད་ཀྱི་སྣང་བས་བླ་རེ་དང་། གུར་དང་། མདའི་དྲ་བ་དང་། མེའི་ར་བ ་བསམ་པར་བྱའོ།། དེ་ནས་རྡོ་རྗེའི་རེ་བ་དང་མེའི་ར་བའི་བར་དུ་ཤྭ་ར་པུ་ཁཱ་གདོང་། བྱང་དུ་འུག་གདོང་། ནུབ་ཏུ་ཁྱི་གདོང་། ལྷོར་ཕག་གདོང་མ་བཞི། མཚམས་རྣམསུ་མཚམས་མ་བཞི། སྟེང་ཁྭ་གདོང་དང་འོག་ཁྱི་གདོང་ཅན་བསྒོམ་པར་བྱའོ།། དེ་ཡང་ལེའུ་བཅུ ་བདུན་པ་ལས།། ཁྲོ་བོ་རྣམ་རྒྱལ་ལ་སོགས་པ། སྒོ་དང་མཐར་ཡི་མཆིམས་རྣམས་སུ།། སྣ་ཚོགས་འདུལ་བའི་ཐབས་ཅན་གྱིས།། སེམས་ཅན་དོན་ལ་བརྩོན་པར་མཛད།། ཅེས་པས་སྣ་ཚོགས་འདུལ་བའི་ཐབས་ནི་བུད་མེད་ཀྱི་འདུལ་པོ་རྣམས་ལ་བཀའ་བསྒོ ་རྣམས་སུ་སྤྲུལ་པའི་ཕྱིར་རོ།། དེ་རྣམས་ཀྱི་ཕྱག་ན་ཁྲོ་བོའི་ཕུར་པ་བསྣམས་པ་བསམས་ལ།། ཡང་སྔགས་མཚན་བཞི་བརྗོད་པ་དང་། ཧཱུཾ་གི་འོད་ཟེར་གྱི་སྒོ་ལས་ཁྲོ་བོ་ཞགས་པ་དང་ལྕགས་ཀྱུ་བསྣམས་པ་རྣམས་ཀྱིས་ཕྱོགས་བཅུ་ནས་བགེགས་ཐམས ་ཅད་བཀུག་པ་ལ་ཕུར་བུ་གདབ་པ་སྟེ། ཨོཾ་གྷཿགྷཿལ་སོགས་པ་བརྗོད་པར་བྱའོ།། དེ་ནས་མུད་ག་རས་བརྡུང་བར་བྱའོ།། དེ་ལྟར་ན་ཤེས་རབ་དེ་ཉིད་ཀྱི་ལས་དང་མཚན་ཉིད་མ་ཕྱེད་ཅིང་འབྱེད་པ་དང་། རྟོག་པ་དང་། ལྷན་ཅིག་མི་གནས་པ་དང་། དེ་ཉིད་བསྲེག་པའི་ཕྱིར་རྡོ་རྗེ ་རབ་དང་། ཁྲོ་བོའི་ར་བ་དང་། མེའི་ར་བའོ།། ཞེ་སྡང་གིས་བསླང་བའི་བཟློག་པ་ནི་མ་ཡིན་ནོ།། འོ་ན་ཀུན་རྫོབ་ཏུ་གནོད་བྱ་གནོད་བྱེད་མེད་དོ་ཞེས་ན་ནི་རྒྱུ་འབྲས་ལ་སྐུར་པ་ཡང་ཡིན་ལ།། ཡོད་ན་ནི་ཐཱ་དད་གྱི་ཚུལ་གྱིས་བཟློག་པ་ལ་འགལ་བ་མདོ་ཞེ་ན། ཀུན་རྫོབ་ཏུ་རྒྱུ་དྲ ་མེད་པ་མ་ཡིན་གྱི། འོན་ཀྱང་ཞེ་སྡང་གིས་བསླང་བའི་སྦྱོར་བས་བཟློག་པར་བྱ་བ་མ་ཡིན་ཏེ། ཀུན་རྫོབ་ཉིད་དུ་ཡང་བྱམས་པ་ལ་སོགས་པའི་གོ་ཆ་དང་དོན་དམ་པར་སྐྱེ་མེད་དུ་ཤེས་པས་སོ།། དེ་ཡང་ཅི་ཞེ་ན། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སེམས་ཙམ་ལས་གཞན ་མཱ་ཡིན་ཏེ། དེ་བས་ན་སེམས་ལ་སོགས་པར་གཡོ་བ་ཉིད་བདུད་དང་བགེགས་ཡིན་ནོ།། དེ་ཡང་ངན་སོང་སྤྱོད་པའི་རྒྱུད་ལས། ཇི་སྲིད་ཡིད་ཀྱི་ལོག་གཡོ་བ་དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ལོ།། ཞེས་གསུངས་སོ།། སེམས་གཉེན་པོ་ལས་འཁྱར་བ་ཉིད་བདུད་ལ་སོགས་པ ་ཡིན་ནོ།། འོ་ན་སངས་རྒྱས་ལས་ཆེས་མཁས་པ་ཡོད་པ་མ་ཡིན་པ་ན་ཐམས་ཅད་ལ་གྲགས་པ་ཡིན་ལོ།། དེ་རྒྱུད་ལས་བཤད་པ་ཅི་ཞེ་ན། དེ་ནི་བདེན་མོད་ཀྱི་རང་དོན་དུ་གོནས་པ་གང་ཡང་མེད་དོ།། དེའི་ཕྱིར་ངེས་བརྗོད་ལས། མི་གསོང་གསོད་པ་མེད་པ་ཡིན།། ་གང་གིས་རང་སེམས་ཐུལ་བ་ཡིས།། བདག་གི་སེམས་ནི་བཅིངས་པ་ཡིན།། གང་ལ་གང་གིས་གསོད་པ་ཡོད།། ཅེས་པ་དང་། ཡང་བྱམས་པའི་གོ་ཆ་བགོས་པ་དང་།། སྙིང་རྗེ་ཆོས་ཀྱིས་གོ་ཆ་ཡིན།། ཤེས་རབ་མཚོན་ཆར་ལྡན་པ་ཡིས།། ཉོན་མོངས་བདུད་རྣམ ་བཟློག་པར་བྱ།། བཀའ་ཡིས་འཁོར་ལོ་བསྲུང་བ་ཆེ།། ཕུར་བུས་བགེགས་མེད་དངོས་གྲུབ་འགྱུར།། བསྲུང་བའི་ཆོ་ག་འདི་དག་གིས།། བསྒྲུབ་པ་པོ་ལ་བྱང་ཆུབ་སྩོལ།། གཙོ་བོའི་བཀའ་ནི་བླང་བར་བགྱི།། རྣལ་འབྱོར་པར་ནི ་གར་གནས་པར།། བགེགས་རྣམས་ཐམས་ཅད་མེད་པར་མཐོང་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་མ་ཡིན་པར་བཀའ་ལ་ལོག་པར་རྟོགས་ཏེ་ངན་པའི་ལས་དང་ལྡན་པ་ངོ་བོ་ཉིད་ཀྱི་འོག་ཏུ་འགྲོ་བ་ལ་ཕྱོགས་པ་ཉོན་མོངས་པ་ལ་སོགས་པའི་ཞགས་པས་བཅིང། ་པ་ཟོ་ཆུན་ལྟར་འཁོར་བ་རྣམས་དང་ཁྱད་པར་མེད་པས་ལམ་ལ་གནས་པའི་རྣལ་འབྱོར་པ་ཡང་མ་ཡིན་ནོ།། དེ་ལྟར་བདག་མེད་པའི་ཤེས་རབ་དང་ལྡན་པའི་རྣལ་འབྱོར་པ་ལ་ཁྱད་པར་ཅན་གྱི་ཚོགས་སྐྱེ་བས་དེ་ནས་ཤེས་བྱ་བ་ལ་སོགས་པ་ལ། དེ་ཡང ་ཡུལ་གང་ལ་བརྟེན་ནས་རྫོགས་པའི་ནི་ལྷ་དང་བླ་མ་ལས་ཏེ། དེ་ནས་ཤེས་པ་ནི་ཁམས་གསུམ་རྣམས་རྒྱལ་ཧེ་རུ་ཀར་བསྒྱུར་ལ། དེའི་སྙིང་གར་ཨ་ལས་ཟླ་བ་དེའི་སྟེང་དུ་ཧཱུཾ་འོད་ཟེར་སྣ་ཚོགས་འཕྲོ་བ་བསམ་པའོ།། ཧཱུཾ་དེའི་འོད་ཀྱི་སྣང་བས ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དཔལ་ཧེ་རུ་ཀླུའི་དཀྱིལ་འཁོར་སུམ་ཅུ་རྩ་བདུན་ནོ།། བླ་མ་ནཱི་དེར་དབང་བཞི་བསྐུར་བའོ།། སོགས་པ་ནི་བླ་མ་གཞན་དང་མགྲོན་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ།། བལྟས་ལ་ཞེས་པ་ནི། ཐཱ ་མི་ངང་པར་བལྟ་སྟེ། དེ་ཡང་སྙིང་གའི་འོད་ཟེར་གྱིས་བླ་མའི་དྲིན་དྲན་པའི་ཚུལ་གྱིས། བཞུ་ལ་ཧེ་རུ་ཀའི་དཀྱིལ་འཁོར་ལ་པོ་སྟིམ། དེ་ལྟར་ལྷ་དང་བླ་མ་ཐ་དད་མེད་པ་ལ་མཆོད་པ་ལ་སོགས་བྱའོ།། གང་གི་དོན་དུ་ཞེ་ན། སྡུག་བསྔལ་གྱི་མེ་འབར་བ་རྣམས ་དོན་དུའོ།། ཚུལ་ཇི་ལྟར་རྫོགས་ཞེ་ན། སྐྱེ་མེད་དུ་ཤེས་པའི་ཚུལ་གྱིས་སོ།། དེ་ལྟར་བསོད་ནམས་ཀྱི་ཚོགས་དང་ལྡནྡ་པཱ་ལ་ཡེ་ཤེས་ཀྱི་ཚོགས་སྐྱེ་བས། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་སྭ་བྷཱ་ཤུད་དྷཿསྡེ་རང་བཞི་དག་པའོ།། གང་དག་ཅེ ་ནན། སརྦཾ་དྷརྨྨཿསྟེ་ཆོས་ཐམས་ཅད་དོ།། ཅིའི་རང་བཞིན་དུ་དག་ཅེ་ན། སྒྱུ་མ་ལ་སོགས་པར་རོ།། དེ་ལ་དོན་ནི་འདི་ཡིན་ཏེ། གཟུང་འཛིན་ལ་སོགས་པ་དང་བྲལ་བ་བརྫུན་པའི་རྣམ་པར་རྟོག་པ་གོ་མཾ་སེ་པར་བྱས་པའི་བག་ཆགས་ཀྱིས་བསྒོས ་པའི་རང་གི་སེམས་སྣང་བ་རྨི་ལམ་ལ་སོགས་པ་དང་། ཁམས་གསུཾམ་པོ་འདི་དག་ཁྱད་པར་མེད་པར་བཏགས་ལ། སྣང་བ་ཙམ་པོ་དེ་ཡང་སྟོང་པ་ཉིད་དུ་བསམ་པའི་ཕྱིར་ཡང་ནི་སྟོང་པ་ཉིད་བསམ་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་ལ་ཡང་གི ་སྒྲ་ནི་སྔར་སྒྱུ་མ་ལྟ་བུརི་བསྒོམ་པ་ལས་ལྟོས་སོ།། གང་སྟོང་པ་ཉིད་དུ་བསྒོམ་ཞེ་ན། བྱང་ཆུབ་ཀྱི་ཚོགས་ལ་སོགས་པ་སྟེ། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་དང་། རྣམ་པར་བྱང་བ་བསོད་ནམས་ཀྱི་ཚོ་ནི་བུས་ཀྱི་ཆོས་གོ། དེ་ཡང་རང་གི་སེམས ་ཙམ་ལས་གོ་ཞན་མིན་ལ་དེ་ཉིད་མིག་ཡོར་ལྟར་བ་སྣང་བའོ།། དེ་ཉིད་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ།། དེ་ནས་ཨོཾ་ཤཱུ་ནྱ་ལ་སོགས་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་བརྫུན་པའི་རྣམ་པར་རྟོག་པ་གོམས་པའི་དབང་གིས་རང་གི་སེམས་སྒྱུ་མ ་མཁན་གྱིས་སྤྲུལ་པའི་སྣོད་བཅུད་ཀྱིས་འཇིག་རྟེན་དུ་རྣམ་པར་འཁྲུ་སྩོལ་པའི་དྲི་མ་སྦྱང་བའི་ཕྱིར་ཇི་ལྟར་ན་མཁའ་སྒྲིབ་གཡོགས་ནི། རྡུལ་དང་། ཁུག་རྣ་དང་། དུ་བ་དང་། ཁ་བ་དང་སྤྲིན་དང་བྲལ་བའི་སྟོན་ཀའི་ཉི་མ་ཕྱེད་ཀྱི་དཀྱིལ་ལྟ་ར། ་འཇིག་རྟེན་གསུམ་པོ་མ་ལུས་པ་ཐམས་ཅད་སྟོང་པ་འོད་གསལ་བའི་རང་བཞིན་དུ་བསྒོམ་པ་ནི་ན་མཁའ་རྡོ་རྗེའི་ཏིང་ངེ་འཛིན་དང་། ཨེའི་ཆ་བྱད་བཟང་པོའོ།། དེ་ལྟར་སྔགས་རྣམ་པ་གཉིས་ལན་གསུམ་བརྗོད་པ་ནི། ་སྟོང་པ་ཉིད་རྟོགས་ནུས་པ་དང་། སྟོང་པ་ཉིད་ཀྱི་དྲན་པ་གསོ་བ་དང་། གནས་པ་བརྟན་ན་པ་དང་། ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། ཐ་མལ་པའི་ལུས་ངག་ཡིད་གསུམ་སྤོང་བ་དང་། རྟེན་དང་བརྟེན་པ་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་འཕྲུལ་དུ་རྟོགས་པའི ་ཕྱིར་རོ།། ད་ནི་ཨེའི་ཆ་བྱད་ལ་དབུས་སུ་བཾ་གྲིས་བརྒྱན་པའི་ཕྱིར།། དེ་ནས་ལངས་ལ་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བ་བཞི་དང་རཱི་རབ་བསྐྱེད་པ་ནི་གོ་སླའོ།། དེ་ནས་རྟེན་དྲང་བརྟེན་པར་བཅས་པའི་ལྷ་བསྐྱེད་པའི་ཕྱིར། དེའི་དབུས་སུ་ཨཱ་ལི་ཀཱ་ལཱི ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་བཅུ་དྲུག་ཤེས་རབ་ཀྱི་རང་བཞིན་ཡོངས་སུ་གྱུར་པ་ཟླ་བའི་དཀྱིལ་འཁོར་དང་། ཀཱ་ལི་སུམ་ཅུ་རྩ་བཞི་ཐབས་ཀྱི་རང་བཞིན་ཡོངས་སུ་གྱུར་པ་ཉི་མིའི་དཀྱིལ་འཁོར་བསམ་པར་བྱའོ།། དེའི ་དབུས་སུ་ཤེསཽ་བྱ་བ་ནི་ཉི་ཟླའི་བར་པུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན་དེའི་ལྟེ་བ་ལ་ཡི་གེ་ཧཱུ~ཾ་འོད་ཟེར་གྱི་ཕྲེང་བ་འཕྲོ་བར་བསམ་པར་བྱའོ།། དེའི་འོད་ཟེར་གྱི་འགྲོ་བ་ཐམས་ཅད་ཀྱི་ཟག་བཅས་ཀྱི་ཕུང་པོ་ཐམས ་སྦྱངས་ནས། ཟག་མེད་དཔལ་ཧེ་རུ་ཀེའི་དཀྱིལ་འཁོར་དུ་བྱས་ཏེ་སླར་བསྡུས་ལ། དེ་ཡོངས་སུ་གྱུར་པ་ནི་དེ་རྣམས་ལས་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་རྟོན་དང་བརྟེན་པར་བཅས་པ་བསམ་པར་བྱའོ།། ཟླ་བ་ལ་མེ་ལོང་ལྟེ་བུའི་ཡེ་ཤེས ་དང་ཉི་མ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ཧཱུཾ་འོད་ཟེར་གྱི་ཕྲེང་བ་སོ་སོར་རྟོག་པའི་ཡེ་ཤེས་དང་། འོད་ཟེར་གྱིས་གཞན་དོན་བྱས་པ་བྱ་བ་གྲུབ་པའི་ཡེ་ཤེས་དང་རྫོགས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པར་ཡེ་ཤེས་ལས་བྱང་ཆུབ་པའོ།། ཟླ་བ་ལ ་ཆོས་ལྔ་སྟེ། དཀར་བ་དང་། ཆ་བཅུ་དྲུག་པ་དང་། མུན་པ་སེལ་བ་དང་། ཚ་བའི་གདུང་བ་བཞི་པར་བྱེད་པ་དང་། འཇིག་རྟེན་གྱིས་མཐོབ་ན་དགའ་བའོ།། དེ་བཞིན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱང་དཀར་བ་དང་། ཆ་བཅུ་དྲུག་པ་དང་། ལྷན་ཅིག་སྐྱེས ་པའི་ཡེ་ཤེས་གསལ་བར་བྱེད་པ་དང་། ཉོན་མོངས་པ་འདོད་ཆགས་ཀྱི་གདུང་པ་ཞི་བར་བྱེད་པོ་དང་། སེམས་ཅན་དགའ་བ་བསྐྱེད་པའོ།། དེ་བཞིན་དུ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱང་། ཉེས་པའི་སྐྱོན་མེད་པས་ངཀ་རེ་བ་དང་། ནད་ལ་སོགས་པ ་སྟོང་པ་ཉིད་བཅུ་དྲུག་སྟོན་པས་ཆ་བཅུ་དྲུག་དང་། མ་རིག་པའི་མུན་པ་སེལ་བ་དང་། ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་དང་ནིའོད་གསལ་མཐོང་བ་ས་དགའ་བ་བསྐྱེད་པའོ།། ཉི་མ་ལ་ཆོས་གསུམ་སྟེ། དམར་བ་དང་། འངམ་རྫབ་སྐེམས་པ་དང་། ་མྱུ་གུ་ལ་སོགས་པ་སྨིན་པར་བྱེད་པའོ།། དེ་བཞིན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱང་། ཐིག་ལེ་དམར་བ་དང་། འདོད་ཆགས་ལ་སོགས་པ་ཞི་བར་བྱེད་པ་དང་། བུ་ཚ་ལ་སོགས་པ་འཕེལ་བར་བྱེད་པའོ།། དེ་བཞིན་དུ་སྙིང་རྗེས་སེམས་ཅན་ལ་ཆགས ་པས་དམར་བར་ཆོས་མཐུན་པ་དང་། ཉོན་མོངས་པའི་འདམ་རྫོབ་སྐེམ་པ་དང་། ཐབས་དགེ་བའི་མྱུ་གུ་ལ་སོགས་པ་སྨིན་པར་བྱེད་པའོ།། རྡོ་རྗེ་སེམས་དཔའི་རང་བཞིན་ལ། རྒྱུ་འབྲས་བྱང་ཆུབ་ཀྱི་སེམས་ཚི་གཉིས་སྟོན་པས་ཆ་གཉིས ་དང་། གདུལ་བྱའི་རྒྱུད་ལ་འཕྲོ་བས་འཁོར་ལོ་དང་། སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་སྣ་རྩིབས་བརྒྱད་དང་། མིའི་སེངྒེར་གྱུར་པས་སེང་ཐོད་དང་། གདུལ་བྱ་འདུལ་དེས་ཁྲོ་ཞལ་དང་། སེམས་ཅན་སྨིན་པར་བྱེད་པ་ལ ་ཆགས་པས་པདྨ་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པས་ཉི་ཟླ་དང་། སྙིང་རྗེས་སེམས་ཅན་མི་གཏོང་བས་ཆུ་སྲིན་གྱི་ཁམས་བྱུང་བའོ།། ཐུགས་རྗེས་ཁྱབ་པའི་ཕྱིར་ཁ་གྱེས་པ་དང་། ཡེ་ཤེས་བཞི་ཆོས་ཀྱི་དབྱིངས་སུ་འདུས་པས་རྩེ་མོ་ནང ་དུ་འདུས་པའོ།། བྱང་ཆུབ་སེམས་དཔས་ཆོས་ཉིད་དངོས་སུ་མ་བྱས་པས་ནི་ཅུང་ཟད་ཁ་གྱེས་པའོ།། དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་ཇི་ལྟ་བར་ཐུགསུ་ཆུད་པས་རྡོ་རྗེ་རྩེ་མོ་འདུས་པའོ།། སེམས་ཅན་དང་སངས་རྒྱས་རང་བཞིན་མི་མཉམ་པ ་མི་དེ་པས་དབུས་རྩེ་མོ་ཐལ་བྱུང་དུ་བྱུང་བའོ།། ལུས་ངག་ཡིད་གསུམ་ཡོངསུ་དག་པས་ཆ་གསུམ་པའི་ཆ་གཟུངས་དང་ལྡན་པའོ།། འོད་ཟེར་སྤྲོས་བསྡུ་ལ་ཆོས་བཞི་དང་ལྡན་པས་ཆོས་མཐུན་བཞི་ཡིན་ཏེ། ན་མཁའ་ལས་འབྱུང་བ་དང་། རང ་གཞན་གསལ་བར་བྱེད་པ་དང་། མུན་པ་འཇོམས་པ་དང་། ཐམས་ཅད་ལ་ཁྱབ་པའོ།། དེ་བཞིན་དུ་སྤྲོ་བསྡུས་འགྲོ་དོན་བྱེད་པ་ཡང་། རྒྱུ་སྟོང་པ་ཉིད་ལས་བྱུང་བ་དང་། འོད་ཟེར་ལྔ་དང་ལྡན་པ་དང་། ཉོན་མོངས་པ་ལྔ་འཇོམས་པ་དང་། སེམས ་ཅན་རང་གི་འདོད་པའི་ལྷར་གྱུར་པའི་ཕྱིར་ཁྱབ་པའོ།། ད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ལས་བྱང་ཆུབ་པའི་མཚན་ཉིད་བསྟན་པའི་ཕྱིར། དཔལ་ཧེ་རུ་ཀ་ཉི་མ་ལ་བཞུགས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ། དུར་ཁྲོད ་བརྒྱད་ཀྱིས་བརྒྱན་པའོ་ཞེས་བྱ་བ་ལ། དུར་ཁྲོད་བརྒྱད་ནི་གཏུམ་གྲག་དང་། ཚང་ཚིང་དང་འབར་བས་ཁྱབ་པ་དང་། རྐེང་རུས་ཅན་འཇིག་སུ་རུང་བའོ།། ཧ་ཧ་རྒོད་དང་། དཔལ་འཛིན་དང་། མུན་ཆེན་དང་། ཅ་ཅོ་སྒྲོགས་པའོ།། ཞིང་སྐྱོང་བརྒྱད་ནི། སེང་གེའི ་གདོང་ཅན་སེར་པོ།། ཅེ་སྤྱང་གི་གདོང་ཅན་དཀར་པོ་དང་། ཁྱིའི་གདོང་ཅན་དམར་པོ་དང་། སྟག་གི་གདོང་ཅན་ལྗང་གུ་དང་། ཁའི་གདོང་ཅན་སེར་པོ་དང་། ལཱུངཔ་ཀའི་གདོང་ཅན་སྔོན་པོ་དང་། ཁྱུ་མཆོག་གི་གདོང་ཅན་སེར་པོ་དང་། ཨུག་ཤུད་ཀྱི་གདོང ་ཅན་སེར་པོའོ།། དེ་དག་མིའི་གཟུགས་ཅན་ཤིང་ལས་རོ་སྟོང་ཕྱུང་བའོ།། དེ་ལ་ཞིང་སྐོང་བརྒྱད་ནི། སངས་རྒྱས་རབས་བདུན་དང་བྱམས་པ་སྟེ་བརྐྱང་ངོ་།། གདུལ་བྱ་ལ་གདོང་ཐ་དད་པར་བསྟན་པའོ།། བྱང་ཆུབ་ཀྱི་ཤིང་བརྒྱད་དང་། ཀླུ་བརྒྱད་དང ་ཉོན་མོངས་པ་བརྒྱད་དང་ཡེ་ཤེས་བརྒྱད་དང་། སྤྲིན་བརྒྱད་དང་ཡེ་ཤེས་བརྒྱད་དང་། འཇིག་རྟེན་སྐྱོང་བ་བརྒྱད་ཐུགས་རྗེས་ཆེན་པོའོ།། དེ་ལ་རྣལ་འབྱོར་པ་དུར་ཁྲོད་བརྒྱད་ཀྱིས་དབེན་པར་གནས་པ་ནི། ངོས་འབྱུང་གི་ཡན་ལག་མི་རྟག་པ་དང་། ་སྡུག་བསྔལ་རྟོགས་པར་བྱེད་པ་དང་། འཇིག་རྟེན་གྱི་ཆོས་ལ་ཆགས་པ་སྤོང་བའི་ཕྱིར་རོ།། དེ་ལ་བརྟེན་ནས་ངེས་འབྱུང་གི་ལམ་སྐྱེ་མེད་རྟོགས་པའི་ཕྱིར་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ནང་དུ་གནས་པའོ།། དེ་བས་ན་མི་རྟག་པ་དང་། སྡུག ་བསྔལ་རྟོགས་པ་ལ་བརྟེན་ནས། རང་གི་མཚན་ཉིད་སྐྱེ་མེད་རྟོགས་པས་དེ་གཉིས་ཕྱི་ནང་དུ་གནས་པའོ།། ལམ་དེ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་བརྟེན་ཅིང་སྤྱད་ལ་སངས་རྒྱས་པས་སངས་རྒྱས་ཀྱི་བསྟན་པའི་གོ་རིམ་དང་། ་ཆོས་འདྲེའོ།། ཞལ་བཞི་ནི་རྣམ་པར་ཐར་པའི་སྒོ་བནའོ།། དུས་གསུམ་མཁྱེན་པས་སྤྱད་གསུམ་དང་། སྲིད་པའི་ཡན་ལག་བཅུ་གཉིས་དག་པནི་ཕྱག་བཅུ་གཉིས་སོ།། འཁོར་བ་དག་བས་ཞབས་གཡས་བརྐྱང་བ ་དང་། འདོད་ཆགས་དང་ཞེ་སྡང་དག་པས་མི་གནས་པའི་མྱ་ངན་ལས་འདས་པ་ནི། འཇིགས་དང་དུས་མཚན་མནན་པཱའོ།། ཐབས་ཀྱིས་དགུ་བའི་ཆོས་མཐའ་དག་སྡུད་པ་ནི་རྡོ་རྗེའོ།། ཤེས་རབ་ཀྱིས་དེའི་མི་མཐུན་པའི་ཕྱོགས་གཅོད་པས་དྲིལ་བུའོ།། ་དེ་ཡང་བྱང་ཆུབ་སེམས་གང་དེ་རྡོ་རྗེ།། ཤེས་རབ་དྲིལ་བུ་ཞེས་བཤད་དོ། ཞེས་པའི་ཕྱིར་རོ།། ཐུབས་ཤེས་རབ་གཉི་སུ་མེད་པའི་ཚུལ་གྱིས་དགེ་བའི་ཆོས་ཐམ་ས་ཅང་རྫོགས་པར་བྱེད་པ་གཉིས་སུ་འཛིན་པ་རྣམས་རྟོག་གི་དོན་ཡིན་པས་དེ ་གསད་ནས་གྱི་གཉིས་སུ་མེད་པའི་ཚུལ་གྱི་དགེ་བའི་ཆོས་ཐམས་ཅད་རྫོགས་པར་བྱེད་པ་ནི། གླང་པོའི་པགས་པ་སྟེ། དེ་ཡང་རྣམ་པར་རྟོག་པ་གདོན་ཆེན་པོ།། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན།། མི་རྟོག་ཏིང་འཛིན་ལ་གནས་ན།། མཁའ་བཞིན ་དྲི་མ་མེད་པར་འགྱུར། ཞེས་སོ།། དངོས་པོ་ཐམས་ཅད་རྟེན་འབྲེལ་ཡིན་པའི་ཕྱིར་སྐྱེ་བ་མེད་ལ། གང་དེ་མ་ཡིན་དུ་རྟོག་པ་ལ་སྟོང་ཉིད་ཀྱི་སྒྲ་སྒྲོགས་པ་ནི་རྡེའུ་ཆུང་ངོ་།། དེ་ཡང་ཤེས་རབཽ་ཌ་མ་རུའི་སྒྲ་ཞེས་པས་སོ།། དངོས་པོ་ཐམས་ཅད་སྐད ་ཅིག་མ་དང་མི་རྟག་པ་ལ་གང་དེ་མ་ཡིན་དུ་རྟོག་པ་གཅོད་པ་ནི་དགྲ་སྟའོ།། དེ་ཡང་རྟོག་པ་གཅོད་ཕྱིར་དགྲ་སྟའོ།། ཞེས་སོ།། འཇིག་རྟེན་པའི་སེམས་བརྒྱ་དྲུག་ནུ་མེད་པའི་དངོས་པོ་ལ་བརྟགས་ནས་སེམས་ལ་ཉོན་མོངས་མེད་པར་བྱེད་པ་ལ་དེ ་གཅོད་པ་ནི་གྲི་གུག་གོ།། དེ་ཡང་ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས།། གཅོད་པས་གྲི་གུག་ཅེས་བྱའོ།། ཞེས་པས་སོ།། ཉོན་མོངས་པ་གསུམ་བཅོམ་ནས་གནོད་པ་གསུམ་དང་ལྡན་པ་ནི་རྩེ་གསུམ་མོ།། དེ་ཡང་ཉོན་མོངས་འཇོམས་ཕྱིར་རྩེ་གསུམ་མ ་ཞེས་པས་སོ།། གཉིས་མེད་ཟུང་འཇུག་དུ་རྟོགས་པས་ཤེས་རབ་གཉིས་མེད་དང་ངེས་ལུས་ངག་ཡིད་གསུམ་དག་པ་ནི་ཁ་ཊྭཱཾ་གའོ།། དེ་ལྟར་མ་རྟོགས་ཤིང་ལོག་པར་རྟོགས་པ་ལ་རྒྱུ་མི་རྟག་པ་དང་། འབྲས་བུ་སྡུག་བསྔལ་དང་ལྡན་པ་ལ་དམིགས་ཏེ། ་དེདང་བྲལ་བར་འདོང་བ་ནི་སྙིང་རྗེ་གཉིས་ནི་ཁྲག་གིས་བཀང་བའི་ཐོད་པ་དང་ཞགས་པའོ།། དེ་ལྟར་ལམ་རྒྱུད་ལ་སྐྱེས་ཀྱང་རློམ་པ་མེད་པ་ནི་ཚངས་པའི་མགོ་བོའོ།། འདོད་ཆག་ས་ལ་དགའ་བ་ཉིད་ལ་མཛུད་པས་རེལ་པ་དང་། དྲག་པོ་ལ་སོགས ་པཔས་མི་ཐུབ་པས་ཅོད་པན་གྱིས་བརྒྱན་པ་དང་། རིགས་ལྔའི་རྒྱ་དང་ལྡན་པ་ཐོད་པའི་ཕྲེང་བ་དང་། བྱང་ཆུབ་ཀྱི་སེམས་དང་། ངེས་འཕངས་པའི་ལྔས་སྣ་ཚོགས་མཚོན་པའི་ནི་ཟླ་བ་ཕྱེད་པ་དང་། སྣ་ཚོགས་རྡོ་རྗེའོ།། མ་རུངས་པ་སྐྲག་པར་མཛད་པས ་ཞལ་རྣམ་པར་འགྱུར་བའོ།། མ་རུངས་པ་དང་ཉོན་མོངས་པ་འཇོམས་པས་མཆེ་བ་གཙིགས་པའོ།། སྒེག་པ་ལ་སོགས་པའི་ཉམས་དགུ་ནི་སྒེག་པ་ནི་ཕྱག་གཉིས་ཤེས་རབ་ལ་འཁྱུད་དོ་འགྱིང་བག་དང་བཅས་པ་སྟེ། དེ་ནི་ཐབས་ཤེས་རབ་མི་ཕྱེད་པའི་བརྡའོ།། ། ་ཞབས་གཡས་བརྐྱང་བས་བདུད་དང་། སྒྲིབ་གཉིས་དང་། མྱ་ངན་ལས་འདས་པ་ང་མན་པ་གཉིས་ལ་རྒྱལ་བ་ནི་དཔའ་བའོ།། ལོག་པར་ལྟ་བ་ལ་མ་རངས་པས་བཞིན་མི་སྡུག་པ་དང་། ངོ་བོ་མེད་པའི་འདུག་སྟངས་ནི་མི་སྡུག་པའོ།། རྔ་མ་པའི་སྒྲས་འགྲོ་བ་འདུལ ་བ་ནི་རྒོད་པའོ།། སྨིན་མ་གཉེར་བ་དང་མཆེ་བ་གཙིགས་པ་ལ་སོགས་པས་ཉོན་མོངས་པ་སྐྲག་པར་མཛད་པ་ནི་ཁྲོ་བའོ།། མི་སྡུག་པ་དང་མ་རུངས་པའི་ཐོད་པའི་ཕྲེང་བ་དང་སྟག་གི་ལྤགས་པ་ལ་སོགས་པ་ནི་འཇིགས ་སུ་རུང་བའོ།། དེ་ནི་ཤེས་རབ་ཀྱིས་དངོས་པོར་རྟོག་པ་གཅོད་པའི་ཕྱིར་རོ།། འཇིགས་བྱེད་དང་དུས་མནན་མཚན་ཡང་མ་ཤི་བ་ནི་སྙིང་རྗེའོ།། འགལ་བའི་ཆོས་དང་ལྡན་པས་རྔམ་པ་སྟེ། འདོད་ཆགས་ཀྱིས་འཁྱུད་ལ་ཞེ་སྡང་གིས་མཚོན་བསྣམས་པ་སྟེ། ་འགལ་བའི་ཆོས་འཆང་བའོ།། སྐུ་དྲང་བ་དང་དང་བ་དང་། སྣུམ་པ་དང་། བརྟགས་ན་ཞི་བ་སྟེ། མདོར་ན་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའོ།། བྱམས་པའི་ཐུགས་དང་ཆོས་ཉིད་མི་འགྱུར་བས་སྐུ་མདོག་མཐིང་གའོ།། རྣམས་རྟོགས་བཅོམ་པས ་རྟག་གི་པགས་པའོ།། འཇིག་རྟེན་པའི་སེམས་རྣམས་བ་ཅོམ་པས་ཐོད་རློན་གྱི་ཕྲེང་བའོ།། རྣ་ཚན་བཟོད་པའོ།། གདུ་བུ་ནི་ཚུལ་ཁྲིམས། མགུལ་རྒྱན་ནི་བརྩོན་འགྲུས། སྤྱི་གཙུག་གི་ནོར་བུ་ནི་སྦྱིན་པའོ།། མཆོད་ཕྱིར་ཐོགས་ནི་བསམ་གཏན།། ་ཐལ་བའི་རྒྱ་ནི་ཤེས་རབ་བོ།། གཅེར་བུ་ཐབས་ཤེས་རབ་གཉིས་མེད་དེ་སྒྲིབ་པ་ལ་སོགས་པ་དང་ལྷན་ཅིག་མི་གནས་པའོ།། དེའི་སྤྱན་སྔར་བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་ཞེས་བྱ་བ་ལ་སོགས་པ་ལ། སྟོང་པ་ཉིད་ལ་ཡེ་ཤེས་སྐྱེར ་འཇུག་པས་སྐུ་མདོག་དམར་ཐོའོ།། ཆོས་ཐམས་ཅད་དོན་དམ་པའི་བདེན་པར་རོ་གཅིག་པས་ཞལ་གཅིག་པར།། ཤེས་རབ་ཀྱི་ཐབས་དབང་དུ་བྱས་པས་ཕྱག་གཉིས་པའོ།། ཆོས་ཀྱི་དབྱིངས་ལ་ཡེ་ཤེས་སྐྱེར་འཇུག་པས་སྒྲ ་བྷཱའོ།། གསུང་རབ་བཅུ་གཉིས་ཀྱི་ཆོས་སྟོན་པས་དུ་མ་བུའི་སྐཱ་རག་སོ།། སྙིང་རྗེ་ངང་སྟོང་པ་མཚོན་པའི་ཕྱིར་ཁྲག་གིས་བཀང་བའི་ཐོད་པའོ།། སྤྲོས་པས་བསྔགས་པས་བསྡིགས་མཛུབ་དང་། སྤྲོས་པ་གཅོད་པས་གྲི་གུག་གོ།། སྟོང་པ ་ཀྱིས་དངོས་པོ་ཐམས་ཅད་བསྲེག་པས་བསྐལ་པོའི་མེ་ལྟ་བུའི་གཟི་བརྗིད་དང་ལྡན་པའོ།། འཁོར་བ་བཅོམ་ཞིང་སྤངས་པས་ཁྲག་ལ་དགྱེས་པ་ཤིང་འཛག་པའོ།། ཐབས་ཤེས་རབ་མཉན་པའི་བསམ་གཏན་དང་ལྡན་པས་བྱིན་པ་གཉིས ་འཁྱུད་པས་བདེ་བ་ཆེན་པོའོ།། དཔལ་ཧེ་རུ་ཀ་དང་ཕག་མོ་གཉིས་ཁ་སྦྱར་དུ་བཞུགས་པ་ནི་འདོད་ཆགས་དང་ཞེ་སྡང་ཕན་ཚུན་འཕྲོག་པའོ།། མཁའ་འགྲོ་མ་ལ་སོགས་པ་བཞི་ཡང་སྒྲུབ་ཐབས་ཇི་ལྟ་བ་བཞིན་དུ་དམིགས་པར་བྱའོ།། དེ ་བཞིན་དུ་འཁོར་ལོ་གསུམ་དང་བཀའ་བསྒོ་རྣམས་ཀྱང་སྐུ་མདོག་ལ་སོགས་པ་སྐྱེ་བ་ཐབས་ལས་བཤད་པ་ལྟར་དམིགས་ཏེ་གོ་སླའོ།། འཁོར་བ་དང་མྱ་ངན་ལས་འདས་པ་གཟུགས་གི་ཉིས་དང་། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པས ་གཟུགས་གཉིས་སོ།། འཆི་བ་བསྲེག་པ་དང་། འཆི་རེ་མི་སྟེར་བ་དང་། འཆི་བ་ཟོས་པ་དང་། འཆི་བ་གཏན་བཅོམ་པ་སྟེ། འཆི་བ་ནི་འདིར་རྟོག་པའི་འཆི་བ་དང་། མྱ་ངན་ལས་འདས་པའི་འཆི་བའོ།། གཉིས་སུ་མེད་པའི་ཡེ་ཤེས་དང་། རིགས ་དྲན་པའི་ཕྱིར་དཔྲལ་བར་རྡོ་རྗེའི་ཕྲེང་བའོ།། དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷ་དང་སྦྱར་བ་ནི། དཔལ་ཧེ་རུ་ཀའི་ལྷ་རྣམས་ཆོས་ཀྱི་སྐུའི་བཞིན་དུ་བསྟན་པ་དང་། དེར་ཞེན་པ་བཟློག་པ་དང་། སྒྱུ་མ་དང་སྟོང་པ་གཉིས ་མེད་མཚོན་པ་དང་། ཅིག་ཆར་ལམ་དུ་བྱས་པས་ཐིག་པའི་ཁྱད་པར་རོ།། འདིར་རྣལ་འབྱོར་པས་ཕུང་པོ་ལྔ་སྒྱུ་མ་ལྟར་སྐྱེ་མེད་དུ་ཤེས་ལ། དེའི་དོན་མ་བརྗེད་པ་ནི་དྲན་པ་ཉེ་བར་གཞག་པ་སྟེ། དེ་ཉིད་མཁའ ་འགྲོ་མ་བཞིའོ།། ཤེས་རབ་དེ་བརྩོན་འགྲུས་ཀྱི་གྲོགས་དང་བཅས་པས་ནི་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་ལ། སྐྱེས་པ་བསྲུང་བ་དང་། མི་དེ་གེ་བའི་ཆོས་སྐྱེས་པ་སྤོང་བ་དང་། མ་སྐྱེས་པ་མི་བསྐྱེད་པ་སྟེ་དེ་ནི་མཚམས་བཞིའོ།། ཤེས ་རབ་དེ་ཏིང་ངེ་འཛིན་གྱིས་གྲོགས་བྱས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། ཥཿ་གཏུམ་མོ་ལ་སོགས་པའོ།། སྙིང་རྗེ་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དེ་དབང་པོ་ལྔས་དབོང་བྱས་པས་བརྟན་པའི་བློ་མ་ལ་སོགས་ལྔ་པའོ།། ལྔ ་མཐར་ཐུག་པ་ལ་སྟོབས་ཤེས་བྱ་སྟེ། དེ་ནི་འཇིགས་བྱེད་ཆེན་མོ་ལ་སོགས་པ་དེ་མཐར་ཐུག་པའི་འབྲས་བུ་ཏིང་ངེ་འཛིན་རྩེ་གཅིག་པ་ཉིད་བྱང་ཆུབ་ཀྱི་རྒྱུའམ་མཚན་ཉིད་དེ། ངོ་ན་ཧ་ཡ་ཀརྞའོ།། དེ་ལེ་ལོའི་སྐབས་མི་འབྱེད་པ ་དང་། དགེ་བ་ཡོངསུ་འཛིན་པ་དང་། དེ་ལ་སེམས་ལས་སུ་རུང་བ་དང་བདག་མེད་པའི་རང་བཞིན་ངེས་པར་འཛིན་པ་དང་། བརྗེད་པ་མེད་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་སྟེ། དེ་ནི་ཁ་ག་ན་ལ་སོགས་པའོ།། བྱང་ཆུབ་ཀྱི ་སེམས་ཀྱིས་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་དང་། བརྩམས་པ་མཐར་ཕྱིན་པར་བྱེད་པ་དང་། བརྫུན་དང་བྲལ་བ་དང་། དགེ་བ་བཅུ་དང་བྱང་ཆུབ་སེམས་ལས་མི་འདའ་བར་རིམ་གྱི་སྤྱོད་པ་དང་། གཞན་ལ་མཐོ་འཚམ་པ་མེད་པར་འཆོག ་དང་། བྱང་ཆུབ་སེམས་ལ་རྩོལ་བ་དང་། སངས་རྒྱས་ཀྱི་གསུང་རྗེས་སུ་དྲན་པ་དང་། དཔལ་ཧེ་རུ་ཀྭ་ཟུང་འཇུག་གི་སྐུ་ལ་དམིགས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ནོ།། དེ་ལྟ་བུའི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་ཅན་གྱི ་མཁའ་འགྲོ་མ་སུ་མུ་ཅུ་རྩ་བདུན་ནུང་ལུས་ཀྱི་དཀྱིལྔ་འཁོར་ལ་བསྒོམ་པ་བསྟན་པའི་ཕྱིར། སྐུ་ཡི་དཀྱིལ་འཁོར་མཆོགེ་གྱུར་པ། ཞེས་བྱ་བ་ལ་སོགས་པ་ལ། སྐུ་ནི་དཔལ་ཧེ་རུ་ཀར་གྱུར་པའི་ལུས་ལ་གནས་པའི་མཁ་འི་འགྲོ་མ་རྣམས་སོ།། ་གནས་ཀྱི་རིམ་པ་ནི་ཉི་ཤུ་རྩ་བཞིའོ།། ས་བཅུ་ནཱི་གོ་བྱར་ཟད་དོ།། མགོ་བོ་ལ་སོགས་པའི་གནས་དེ་རྣམསུ་མཁའ་འགྲོ་མ་རྣམས་སྐད་ཅིག་གིས་བསྒོམ་པར་བྱའོ།། སེམས་ལྔ་བརྟེན་མེད་པས་ན་མཁའ་ལ་རྒྱུ་བའོ།། ཚོགས་པའི ་དངོས་གྲུབ་ལ་བརྟེན་པས་ས་ལ་སྤྱོད་པའོ།། སྦྲུལ་པོའི་འཁོར་ལོ་ལ་བརྟེན་པས་ས་འོག་ན་གནས་པའོ།། དེ་ནས་སོ་དང་སེན་མོ་ལ་ནི་ཁཎ་ཌ་ཀ་པཱ་ལའོ།། ཞེས་བྱ་བ་ལ་སོགས་པས་ཁམས་ཉི་ཤུ་རྩ་བཞིའི་རྡུལ་རྣམས་དཔེའ་བོ་ཉི་ཤུ་རྩ་བཞིར ་དག་པར་སྐད་ཅིག་གིས་བསམ་པར་བྱའོ།། དཔའ་བོའི་རྩ་བའི་སྔགས་སོགས་གང་ནི་ཀ་ར་ཀཱ་རཱ་སྟེ། དེ་ལས་མཆོད་ཕྱིར་ཐོགས་བསམ་པའོ།། དཔའ་བོའི་གོ་ཆ་ནི་ཨོཾ་ཧ་ལ་སོགས་པ་སྟེ། དེ་ལས་ཕྱེ་ག་རྒྱ་དྲུག་བསྐྱེད་པར་བྱའོ།། རྡོ་རྗེ ་ཕག་མོ་སྔགས་གང་ནི་སྔགས་རིགསཽ་ཏེ། དེ་ལས་མགུལ་རྒྱན་བསྐྱེད་པར་བྱའོ།། དཔའ་བོའི་སྙིང་པོའི་སྔགས་ནི་ཡི་གེ་ཉི་ཤུ་རྩ་གཉིས་པ་སྟེ། དེ་ལས་ཐོད་པའི་ཕྲེང་བ་བསྐྱེད་པར་བྱའོ།། གསང་སྔགས་ཡི་གེ་བདུན་ནི་ཨོཾ་ཧྲཱིཿལ་སོགས ་བ་སྟེ་ངེས་རྣ་བའི་རྒྱུན་བསྐྱེད་པར་བྱའོ།། སངས་རྒྱས་ཀུན་གྱི་མཁའ་འགྲོ་ནི། ཨོཾ་སརྦྦ་བུད་དྷ་ལ་སོགས་པ་སྟེ། ངེས་གླང་པོའི་པགས་པ་བསྐྱེད་པར་བྱའོ།། རྣལ་འབྱོར་མ་དྲུག་གིས་སྔགས་ནི་ཨོཾ་བཾ་ལ་སོགས་པ ་སྟེ་དེས་སྐ་རགས་བསྐྱེད་པར་བྱའོ།། འཁོར་ལོ་ཀུན་གྱི་རྣལ་འབྱོར་མ་ནི་སུམ་ཅུ་རྩ་བདུན་ནོ།། སྔགས་ནི་ཨོཾ་པྲ་ཙཎ་ཌེ་ལ་སོགས་བྱ་སྟེ། དེས་མཁའ་འགྲོ་མ་རྣམས་ཀྱིས་ཕྱག་གི་ཐོད་པ་བསྐྱེད་པར་བྱའོ།། བཻ་རོ་ཙ་ནའི་སྔགས་ཨོཾ་བཛྲ། ་བ་རོ་ལ་སོགས་པ་སྟེ་ངོས་ཐོད་པའི་ཕྲེང་བ་བསྐྱེད་བར་བྱའོ།། དེ་ལྟར་སྔགས་རྣམས་ལས་རྒྱན་བསམ་པ་ནི། རྣལ་འབྱོར་པ་དེའི་ཡིད་ལོག་པར་གཡོ་བ་ལས་སྐྱོབ་པ་དང་། སྔགས་དང་ལྷ་རྒྱུ་འབྲུ་ས་ཐ་མི་དད་པ་དང་ལྷའི་ང་རྒྱལ་བརྟན་པར་བྱ ་པའི་ཕྱིར་རོ།། རྣལ་འབྱོར་མ་རྣམས་ཀྱི་སྡུགས་ལ་ཕྱོག་གི་ཐོད་པ་བསྐྱེད་པ་ནི་ལྷ་དེ་ཐམས་ཅད་བདག་མེད་པར་བསྟན་པ་དང་། ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བསྟན་པའི་ཕྱིར་རོ།། དཱ་ནི་བསྐྱེད་པའི་རིམ་པ་དེ་དག་གི་བསྡུ་བའི་མན་ངག ་བབསྟན་པའི་ཕྱིར། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར་ནི་སྟོང་པ་ཉིད་སྔོན་དུ་སོང་བའི་བྱང་ཆུབ་པ་ལྔ་ལས་རྟེན་དང་བརྟེན་པའི་ལྷ་དུས་གཅིག་ལ་གྲུབ་པའོ།། སྐང་ཅིག་ཙམ ་གྱིས་རྣལ་འབྱོར་བདག་ནི་དཔལ་ཧེ་རུ་ཀེའི་མཚན་ཉིད་ཚང་བར་དམིགས་པའོ།། སྐད་ཅིག་ཕྱག་རྒྱའི་རྣམ་པ་ཅན་ནི་ཡུམ་གསལ་བར་དམིགས་པའོ།། སྐད་ཅིག་གིས་ནི་སྐུ་འཆང་ཞིང་ཞེས་པ་ནི་ཡེ་ཤེས་སེམས་དཔའ་དང་། ཀུན་ནས ་ཀུན་ཏུ་སྐད་ཅིག་ནི་ཏིང་ངེ་འཛིན་སོམས་དཔའོ།། སྐད་ཅིག་གིས་ནི་གསང་སྔགས་འདོན་པ་ནི།། སྐུ་གསུང་ཐུགས་ལ་གནས་པའི་ཡི་གེ་གསུམ་སྐད་ཅིག་ལ་གྲུབ་པའོ།། མགོ་བོ་དང་། ལྐོག་མ་དང་། སྙིང་གར་ཨོཾ་དཀར་པོ་དང་། ཨཱཿདམ ་པོ་དང་། ཧཱུཾ་སྔོན་པོའོ།། དེ་ནས་ཡི་གེ་བཞིའི་འོད་ཀྱི་སྐུ་གསུང་ཐུགས་དང་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་སོ་སོ་ལ་ཐི་མ་པར་བསམས་ཏེ། སྔགས་ཀྱིས་དེའི་ང་རྒྱལ་བརྟན་པར་བྱའོ།། དེ་ནས་སྔར་བཞིན་ཕུང་པོ་ལ་སོགས ་པ་ལྷར་བསམ་པར་བྱའོ།། དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ལས་བྱང་ཆུབ་པ་ཞེས་བྱ་སྟེ། དེ་ལས་འདིར་ཆོས་ནི་ཕུབ་པོ་ལ་སོགས་པའོ།། དབྱིངས་ནི་རྒྱུའི་དོན་དེ་རྟོགས་པའི་རྒྱུ་དང་། མི་རྟོགས་པའི་རྒྱུའོ།། རྣམ་པར་དག་པ ་ནི་ཀུན་རྫོབ་ཀྱི་དག་པོ་དང་། དོན་དམ་པའི་དག་པའོ།། ཡེ་ཤེས་ལས་ཤེས་བྱ་བ་ནི་ཡེ་ཤེས་ལྔའོ།། བྱང་ཆུབ་པ་ནི་གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང་བཞིན་དུ་སེམས་སྣང་བའོ།། དེ་ནི་ངམ་ཚིག་སེམས་དཔའ ་བསྐྱེད་པ་ཞེས་བྱ་སྟེ། འདིར་ས་མ་ཡ་སཏྭ་ཡའི་རྐྱེན་མི་སྣང་བར་བྱས་ནས་ས་མ་ནོས་བྱ་བའི་སྒྲ་ནི་མཉམ་པོ་ལ་འཇུག་སྟེ། ཅིར་མཉམ་ཞེས་ཞེ་ན། བདག་དང་ཁམས་གསུམ་པ་རྣམས་ཀུན་རྫོབ་ཏུ་ལྷར་མཉམ་ལ། དོན་དམ་པར་སྐྱེ་མེད་དུ་མཉམ ་པཔའོ།། ཡའི་རྐྱེན་བྱིན་ན་འདའ་བར་མི་བྱ་བ་སྟེ། མཉམི་ཉིད་ལས་སོ།། སཏྭ་སྟེ་བདོན་པ་གཉིས་མཉམ་པ་ཉིད་ཀྱི་སེམས་གང་ལ་ཡོད་པའི་རྣལ་འབྱོར་པ་དེ་དམ་ཚིག་སེམས་དཔའོ།། དེ་ཡང་ལེའུ་བཅུ་གཅིག་པ་ལས་དངོས་པོ་གང་དང་གང ་གཱིས་ནི།། མི་རྣམས་ཡིད་ནི་ཡང་དག་སྦྱོར།། དེ་དང་དེ་ཡི་དངོས་འགྱུར་ཏེ།། སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ་ཞེས་པ་དང་། མཁའ་འགྲོ་ལས་ཀྱང་། བངག་ཉིད་སངས་རྒྱས་ཐམས་ཅད་དང་།། དཔའ་བོ་ཐམས་ཅད ་ཉིད་ཡིན་ཏེ། རང་གི་ལྷ་ཡི་སྦྱོར་བ་ཡིས། བདག་ཉིད་རབ་ཏུ་བསྒྲུབ་པར་བྱ།། ཞེས་གསུངས་སོ།། དེའི་ཕྱིར་ཐི་མལ་པའི་རྟོག་པ་སྤོང་བ་དང་། ཚོགས་གཉིས་རྫོགས་པ་དང་། བྱར་ཆད་མེད་པ་དང་། བགྲོ་མེད་པའི་གནས་ལུས་ལྡོག་པ་དང་། གོང་ནས ་གོང་དུ་ཟབ་པའི་དོན་རྟོག་པས་བྱ་བའི་ཕྱིར་རོ།། འོ་ན་འཛིན་པ་གཉིས་ཀྱི་རྒྱད་དེ་ཅིས་མཚོན་ཞེ་ན། དེ་བསྟན་པའི་ཕྱིར། དྲི་ནས་གོ་ཆ་གཉིས་ཤེས་ནས་ཤེས་བྱ་བ་ལྟ་སོགས་པ་ལ། ཨོཾ་ཧ་ལ་སོགས་པ་དཔའ་དོའི་གོ་ནི་དྲུགུ་དང་། ་ལ་སོགས་པ་དཔའ་མོའི་གོན་དྲུག་གོ།། དེ་ལོ་ལྷ་དང་སྔགས་དབྱེར་མེད་པའི་ཕྱིར་རྣམ་པ་ཡི་གེ་ལ་རང་བཞིན་ལྷའི་ང་རྒྱལ་བྱའོ།། མི་འགྱུར་བའི་དོན་དང་། ཤེས་སྤྱོད་ཀྱི་ངས་ཚིག་དང་ལྡན་པའི་ཕྱིར་རོ།། གནས་གང་དུ་བསྒོམ་པ་ནི་གོ་སླའོ། 5 ་ན་སྔགས་ལས་བསྐྱེད་པའི་ལྷོ་བསྒོམ་པ་སྟེ། ཕྱག་མཚན་ལ་སོགས་པ་ནི་མན་ངག་ལས་ཤེས་པར་བྱའོ།། ད་ནི་ཡེ་ཤེས་སེམས་དཔའ་དང་གཉིས་མྱོང་དུ་བསྲི་བ་བསྟན་པའི་ཕྱིར། ཤེས་འཁོར་ལོ་རྣམ་པར་བྱསྒོམ། ཞེས་པ་ལ་སྡུག ་དང་ཞེས་པས་མདོར་བསྟན་ནས། རྒྱས་པར་བསྟན་པ་ནི་མཛུབ་མོ་མདུང་བྱས་ལ་སོགས་པ་ནི། ལུས་ཀྱི་ཕྱག་རྒྱ་དང་། ངག་གི་ཕྱག་རྒྱ་དང་། སེམས་ཀྱི་ཕྱག་རྒྱ་དང་ལྡན་པས། སྔོན་གྱི་སྤྱོད་པས་གྲུབ་པའི་དཔའ་བོ་ཉི་ཤུ་རྩ་ལྔ། དཔའ་མོ ་སུམ་ཅུ་རྩ་བདུན་མདུན་དུ་སྤྱན་དྲང་བ་ནི་འདུགས་པའོ།། གང་ནཱས་ཤེས་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་སོ།། ཐབས་ནི་ཕྱག་རྒྱ་གསུམ་གྱིས་སོ།། དེ་རྣམས་མངོན་དུ་བལྟས་ལ་མཆོད་དེ། སྙིང་པོའི་ཕྱག་རྒྱ་བསྟན་ལ། ་ཛཿཧཱུཾ་བཾ་ཧོཿཞེས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། གཉིས་སུ་མེད་པར་བསྲེས་ལ་དེའི་ང་རྒྱལ་བསྐྱེད་པོར་བ~ཾ་སྟེ། ཨོཾ་ཡོ་ག་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཡོ་ག་ཤུ་དྷཿསྟོ་དག་པའི་བདག ་ཉིད་ཅན་ཏེ་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ལྷར་ངེ་ག་པ་དང་། དོན་དམ་པར་སྐྱེ་མེད་དག་པའོ།། གང་དག་ཅེ་ན། སེནྣ་དྷརྨཱཿསྟེ་ཆོས་ཐམས་ཅད་དེ་ཕུང་པོ་ལ་སོགས་པའོ།། ཅིར་དག་ཅེ་ན་སྙིང་རྗེ་ཤེས་རབ་དབྱེར་མེད་པའི་བྱང་ཆུ་བོ་ཀྱི་སེམས་ཀྱི་རང་བཞིན ་རང་བཞིན་དུ་དག་གོ།། དེ་ཡི་པ་མཁའ་འགྲོ་ལས། བྱང་ཆུབ་སེམས་ཆེ་ནོ་རྣལ་འབྱོར་གང་།། རྣལ་འབྱོར་དབང་ཕྱུག་རང་ཉིད་གཙོ།། བྱང་ཆུབ་སེམས་འདི་རྡོ་རྗེ་སྟེ།། སངས་རྒྱས་ཀུན་གྱི་རང་བཞིན་ནོ་ཞེས་གསུངས་སོ།། ཡེ་ཤེས་སྒྲོན་མའི་རྒྱུད ་ལས་ཀྱང་།། རྒྱལ་བའི་ཡེ་ཤེས་འཁོར་ལོ་ནི།། དམ་ཚིག་འཁོར་ལོ་ལུ་མྱུར་གཞུག། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད།། ཐོབ་པོར་འགྱུར་གྱིས་གཞན་དུ་མིན། ཞེས་པ་དང་། ཡང་མཁའ་འགྲོ་ལས། འདི་ཡིས་སངས་རྒྱས་ཐམས་ཅད་དང་། ་དཔའ་བོ་ཐམས་ཅད་ཉིད་དཔ་ནི། རྡོ་རྗེ་འཛིན་པའང་ཐམས་ཅད་དུ།། ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས།། བེ་ཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས་ཤེས་སོ།། དེ་ལྟར་ན་ཐ་དད་ཀྱི་རྟོག་པ་འགག་པ་དང་། ང་རྒྱལ་བརྟན་པ་དང་། བྱིན་གྱིས་རློབ་པའོ།། འགྲུབ ་པའི་ཡན་ལག་དབང་བསྐུར་བ་བསྟན་པའི་ཕྱིར། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། ཞེས་པ་ལ་སོགས་པ་ལ། ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས་ལྷ་སུམ་ཅུ་རྩ་བདུན་སྤྱན་དྲངས་ལ་མཆོད་དེ། དབང་ལ་གསོལ་བ་བཏང ་པས། བཀའ་བསྒོ་བརྒྱད་ཀྱིས་བགེགས་སྐྲོང་བ་དང་། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་དང་། དཔའ་མོ་རྣམས་ཀྱིས་གླུ་དང་བུམ་བཞི་དང་། ཕག་མོ་དང་ལྔས་རིན་པོ་ཆུའི་བུམ་པ་བདུད་རྩིས་གདྲ་བ་བསྒོམས་པས་བུམ་པའི་དབང་དང་། ཡུམ་བཞི་རྡོ ་རྗེ་ཕག་མོ་ལ་ཐིམ་ནས་སྙོམས་པར་ཞུགས་པའི་གསང་བ་ལྕེ་ལ་ཐིམ་པ་གསང་བའི་དབང་དང་། རྡོ་རྗེ་ཕག་མོ་ཕྱག་རྒྱར་གནས་ཏེ་སྙོམས་པར་ཞུགས་པས་བདེ་བ་མྱོང་བ་ཤེས་རབ་ཡེ་ཤེས་དང་། དཔལ་ཧེ་རུ་ཀ་བཞི་པ་བསྟན་པ་བཞིའོ།། དེ་ནས ་དབང་བསྐུར་བའི་ལྷ་རྣམས་བདག་ལ་ཐིམ་པར་བསམ་མོ།། དེ་ཡང་ངེས་བརྗོད་ལས། བདེ་ཆེན་ཡེ་ཤེས་དགྱེས་མོས་ནི།། དམ་ཚིག་དམ་ཚིག་ཅན་ལི་གཞུག། ཡེ་ཤེས་རོ་གཅིག་བསྒོམ་ནས་ནི།། རོ་གཅིག་འཁོར་ལོ་དེ་བཞིན་བསྒོམ།། རྡོ་རྗེ་སེམས ་དཔའི་དབུ་རྒྱན་ཅན་ཞེས་གསུངས་པས་སོ།། དེ་ནས་རྒྱས་གདབ་པ་ནི། འབྲས་བུ་ལ་རྒྱུས་རྒྱས་གདབ་པའི་ཕྱིར་མི་བསྐྱོད་པ་དང་། ཆོས་ཀྱི་སྐུ་ལ་གཟུགས་ཀྱི་རྒྱུས་རྒྱས་གདབ་པའི་ཕྱིར་རྣམ་པར་སྣང་མཛད་དང་། རིགས་ངེས་པ་ཅན་དུ་བྱ་བའི། ་ཕྱིར་ཡུམ་བཞི་ལ་རིན་ཆེན་འབྱུང་ལྡན་དང་། འཁོར་ལོ་གསུམ་ལ་མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། རྣམ་པར་སྣང་མཛད་དང་། བཀེའི་བསྒོ་ལ་དོན་ཡོ་གྲུབ་པ་བསམ་པར་བྱའོ།། དེ་ལྟརརི་ན་བགེགས་དང་། སྒྲིབ་པ་དང་། ཐེག་པ ་དམན་པ་སེལ་བ་དང་། བཟླས་བསྒོམ་གྱི་སྣོད་དུ་རུང་བ་དང་། ལས་རྣམས་ཀྱི་བྱ་བ་ལ་མཐུ་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་ཉམས་པ་བསྐོངས་པ་དང་། དམ་ཚིག་དང་སྡོམ་པ་ཉམས་པ་བསྐོངས་པ་དང་། མ་འོངས་པ་ན་སངས་རྒྱས་ཀྱི་དབང་བསྐུར་བའོ།། ་དབང་དང་རྗེ་སུ་མཐུན་པའི་དམ་ཚིག་བསྟན་པའི་ཕྱིར། མཆོད་པ་ལ་སོགས་པ་བྱ་སྟེ། བུམ་པའི་ངང་འབྲེལ་པ། ཕྱི་དང་ནང་དང་། གསང་བ་དང་། དེ་ཁོ་ནའི་མཆོད་པའོ།། གསང་བ་དང་འབྲེལ་པ་བདུད་རྩི་མྱང་བ་དང་། ཤེས་རབ་ཡེ་ཤེས་དང་འབྲེལ་པ ་དགའ་བ་བརྩམས་པ་སྟེ། དེ་ཡང་ལེའུ་བརྒྱད་པ་ལསྭ།། ཡི་གྲེ་བྷཱ་ནི་སྣ་རྩེར་ཡང་དག་སྦྱོར།། བྷཱ་ནི་མཚན་ལ་གོད་པ་སྟེ། ལྟེ་བ་སྙིང་ག་ཁ་དང་དཔྲལ་བ་རུ། སྔགས་དང་བཅས་པས་བྱིན་གྱིས་བརླབ།། ལྟེ་བ་སྙིང་ག་དག་ཏུ་རྣལ་འབྱོར་མ།། སངས་རྒྱས ་མཁའ་འགྲོའི་སྔགས་ཀྱིས་ནི།། ཨ་བདྷཱུ་ཏཱི་གཉིས་ནི་དཔལ་བྱིན་བརླབ།། རྣལ་འབྱོར་མ་དང་དཔའ་བློ་གཉིས་མེང་ཡིན།། དང་པོར་དགའ་བ་དཔའ་བོ་སྡེ། མཆོག་ཏུ་དགའ་བ་རྣལ་འབྱོར་མ། རབ་ཏུ་དགའ་བ་མ་ལུས་ཉིད།། དེ་བདེ་ཐབས་ནི་ཀུན་རིགས ་ཞེས་གསུངས་སོ།། བྱུང་ང་བྱས་པདྨོ་དང་རྡོ་རྗེ་བྱིན་གྱིས་བརླབས་དཔྲལ་བ་དང་ཁ་ལ་དཔའ་བོའི་སྙིང་པོ་དང་ཉེ་བའི་སྙིང་པོ་དགོད་པའོ།། སྙིང་ག་དང་ལྟ་བ་ལ་ཡེམ་གྱི་སྙིང་པོ་དང་ཉ་བའི་སྙིང་པོ་དགོང་། དེ་ནས་སྒོམ་པར་ཞུགས་པ་ལས་དགའ ་བ་ལ་སོགས་པ་མྱོང་བར་བསམ་མོ།། དེ་ལ་འདིར་མན་ངག་ནི་འདི་ཡིན་ཏེ། དང་པོར་རྣལ་འབྱོར་པས་དུར་ཁྲོད་བརྒྱད་ཀྱི་དབེན་པ་ལ་བརྟེན་ནས་འཁོར་བའི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་རྟོགས་པར་བྱ་སྟེ། དེ་ཡང་མཁའ་འགྲོ་ལས། གང ་ཚྭ་འདུས་བྱས་ཚུལ་རྣམས་ནི།། གློག་དང་ཆུ་བུར་ལྟར་སྨིན་པ།། གང་གིས་ཇི་ལྟར་མཐོང་གྱུར་པ།། དེ་ཚེ་ཤེས་རབ་བསྟན་པ་མིནྡ། ཞེས་གསུངས་པས། རྣལ་འབྱོར་པ་གང་གིས་འདུས་བྱས་ཏེ། བདག་དང་ཁམས ་གསུམ་པ་རྣམས་གློག་ལྟར་མི་རྟག་པོ་དང་། ཆུ་བུར་ལྟར་སྡུག་བསྔལ་དུ་མཐོང་བར་བྱས་པ་སྟེ། དེ་ཤེས་རབ་ཀྱི་མིག་གིས་བལྟ་བར་བྱ་བ་ཡིན་པའི་ཕྱིར་རོ།། དེ་ལྟར་མི་རྟག་དང་སྡུག་བསྔལ་དུ་མཐོང་བས་ཁམས་གསུམ་པའི་འགྲོ་བ ་རྣམས་ལས་དང་ཉོན་མོངས་པའི་ཞགས་པ་དམ་པོས་ནི་བཅི་ངས། འཁྲུལ་འཁོར་བསྐོར་བའི་རྣམས་ཤེས་ཀྱིས་ནི་བསྐོར། ཟོ་ཆུ་ན་ལྟར་ནི་འཁོར། འཁོར་བའི་ཁྲོན་པ་གཏིང་རིང་པོརི་ནི་ལྷུང་། ངོ་བོ་ཉིད་ཀྱིས་འོག་ཏུ་འགྲོ་བ་ལ་ནི་ཕྱོགས ་ཅི་ཞིག་ལྟར་སྟེང་དུ་བྱུང་ཡང་ཤེས་རབ་ཀྱི་མིག་དང་ནི་བྲལ། ཐབས་ཀྱི་རྐང་པ་ནི་མེད། བརྟེན་པའི་འཁར་བ་བླ་མ་དང་ནི་བྲལ་བའི་དབང་གིས་ཡང་འོག་ཏུ་འགྲོ་བ་རྣམས་ལ་བལྟས་ཏེ། བྱམས་པ་དང་སྙིང་རྗེས་འཕངས་པའི་བྱང་ཆུབ་ཀྱི་སེམས ་ལོགས་སུ་བསྒོམ་པར་བྱའོ།། དེ་ལྟར་གཞན་དོན་དཔལ་ཧེ་རུ་ཀ་འདོད་པའི་བློ་དང་ལྡན་པའི་རྣལ་འབྱོར་པས། དང་པི་ཚངས་པའི་གནས་བཞི་བསྒོམས་ཏེ་ཡང་ཤེས་རབ་ཀྱི་མིག་གིས་མཐོང་བ་དེ་རྣམས་ལ་དམིགས་ཏྭོ་བདེ་བར་འདོད ་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། དེ་རྣམས་དཔེལ་ཧེ་རུ་ཀའི་གོ་འཕང་ལ་དགོད་པར་འདོད་པའི་དགའ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ལ་དགོད་པར་འདོད་པའི་བཏང་སྙོམས ་བསྒོམ་པར་བྱའོ།། དེ་ནས་བདག་གིས་ཕུང་པོ་ལ་སོགས་པར་རྡུལུ་ཕྲ་རབ་ལ་དམིགས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་ད་རིགས་ལྔ་དང་། ཧེ་རུ་ཀ་དང་དྲུག། ཁམས་ལ་ལྷ་མོ་ལྔ་དང་སྐྱེ་མཆེད་རྣམས་བྱང་ཆུབ་སེམས་དཔར་སྐད་ཅིག་གིས ་བསྒོམ་པར་བྱའོ།། དེ་ནས་བདག་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྙིང་དུ་ཧཱུཾ་འོད་ཟེར་གྱི་ཕྲེང་བ་འཕྲོ་བར་བསམས་ལ། དེའི་འོད་ཀྱི་བགེགས་ཐམས་ཅད་བསྐྱེད་པར་བྱ་སྟེ། བདག་དང་ཁ་མོས་གསུམ་པའི་དངོས་པོ་ཐམས་ཅད་སྒྱུ་མ་ལ་སོགས ་པ་ལྟར་སྣང་བ་ཙམ་དུ་རྟོགས་པར་བྱས་ནས་ཚུར་འདུས་བདག་ཉིད་ཁམས་གསུམ་རྣམ་རྒྱལཉ་ཀ་ཙཾ་ཕྱག་དྲུག་པ་བསམ་པར་བྱའོ།། དེ་ནས་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱི་ཤར་ངའོ།། ཨོཾ་གྲྀཧྞ་ལ་སོགས་བྱང་དུའོ།། ཨོཾ་གྲྀཧྞཱ་པ་ཡ་ལ་སོག་ཟློས་པ་ནུབ་ཏུ ་ཨོཾ་ཨཱ་ནཱི་ཡ་ལ་སོགས་པ་ལྷོར་རོ།། ས་གཞི་ལ་ཡི་གི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའོ།། དེའི་འོད་ཀྱིས་རྡོ་རྗེའི་ར་བ་དང་། དྲ་བཱ་དང་། བླ་བྲེ་དང་། མངའི་དྲ་བ་དང་མའི་རི་བྱའོ།། རྡོ་རྗེའི་ར་བ~ཾ་གྲུ་བཞི་པ་བསམས་པའི་ཤ་ར་ལ་སོགས་པའི་ཕྱོགས་སུ ་བཀའ་བསྒོ་བརྒྱདང་སྟེང་ཁྭ་གདོང་འོག་ཁྱི་གདོང་སྟེ་བཅུའོ།། བསྐལ་པའི་མེ་འབར་བའི་ཀློང་ན་བཞུགས་པ་བུད་མོད་ཀྱི་གཟུགས་ཀྱིས་སྒེག་པ་བསྒོམ་པར་བྱའོ།། དེ་ནས་ཡང་ཨོཾ་སྲྀམྦྷ་ལ་སོགས་པའི་སྔགས་བརྗོད་པ་དང་། འདོད་པའི ་རྒྱལ་པོ་ལྕགས་ཀྱུ་ཞགས་པ་ཐོགས་པ་སྤྲོས་པས། ཕྱོགས་སྐྱོང་བཅུ་བཀུག་ལ་བཀའ་བསྒོ་རྣམས་ཀྱིས་མདུན་དུ་གནས་པར་བསམ་མོ།། དེ་ནས་ཨོཾ་གྷཿགྷོཿལ་སོགས་པ་བརྗོད་ཅི་ཅིང་ཁྲོ་མོ་རྣམས་ཀྱིས་ཕུར་པ་བཏབ་ལ། ཨོཾ་བཛྲ ་མུང་ག་ར་ལ་སོགས་པས་ཐོ་བས་ཕུར་བུ་བརྡུང་བར་བྱའོ།། དེ་ནས་བདག་ཉིད་སླར་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་བསྒྱུར་ལ། དེའི་སྙིང་གར་ཨ་ལས་ཟླ་བ་དེའི་སྟེང་དུ་ཧཱུཾ་འོད་ཀྱི་ཕྲེང་བ་འཕྲོ་བ་བསམས་ལ། དེའི་འོད ་ཀྱི་སྣང་བས་དཔལ་ཧེ་རུ་ཀ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང་བླ་མ་བསམས་ལ། ཡང་སྙིང་གའི་ཧཱུ~ཾ་ལས་འོད་འཕྲོས་ཏེ་བླ་མའི་དྲིན་དྲན་པའི་ཚུལ་གྱི་ས་བཞུ་ལ་འོད་ཀྱི་གོང་བུར་བསམ་མོ།། དེ་བཞིན་དུ་ལྷ་ཡང་འོད་ཀྱི་གོང་བུར་བསམས་ལ། ་དེ་གཉིས་འདྲེས་པས་ལྷ་སུམ་ཅུ་རྩ་བདུན་གསལ་བར་བསམས་ཏེ། འདོད་པ་དང་། དང་བ་དང་། ཡིད་ཚོས་པའི་དད་པས། དང་པོར་ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་པཱ་ད་བནྡྷ་ནཱཾ་ཀ་རོ་མི་ཞེས་པས་ཕྱག་བྱའོ།། དེ་ནས་སྙིང་གའི་ཧཱུཾཿོཾ་ཏོག་མ་དཀར་མོ་དང་། བདུག ་པ་མ་དུ་བའི་མདོག་ཅན་དང་། མར་མེ་མ་ད་མར་སེར་དང་། བྱུག་པ་མ་ལྗང་གུ་དང་། ཞལ་ཟས་མ་སྣ་ཚོགས་པའི་མདོག་ཅན་ཏེ། ཕྱག་བཞིའི་དང་པོ་རྣམས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། གཉིས་པ་རྣམས་ན་རིན་པོ་ཆེའི་སྣོད་རང་རང་གི་མཆོད་པ ་སྤྲིན་གྱིས་བཀང་བ་དང་། གཟུགས་རྡོ་རྗེ་མ་དཀར་མོ་དང་། སྒྲ་རྡོ་རྗེ་མེ་སྔོན་མོ་དང་། དྲི་རྡོ་རྗེ་མ་དཀར་མོ་དང་། རོ་རྡོ་རྗེ་མ་དམར་མཽ་དང་། རཱག་རྡོ་རྗེ་མྱ་ལྗང་གུ་སྟེ། ཕྱག་བཞི་མ་ཕྱག་དང་པོ་ན་བསྣམས་པ་ནི་ཁ་ཊྭཱཾ་ག་དང་ཐོད་པ་དང་། གཞན་རྣམས ་རང་རང་གི་མཚན་མ་ཐོགས་པ། གཟུགས་དང་། ལང་ཚོ་ད་ང་། རྒྱན་ཕུན་སུམ་ཚོགས་པ་བུད་མེད་ཉམས་དང་ལྡན་པས་མཆོད་པར་བྱའོ།། ཨོཾ་བཛྲ་པུཥྤཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ་སྭཱ་ཧཱ། ་ཨོཾ་བཛྲ་གནྡྷ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུཾ་སྭཱཧཱ། ཨོཾ་སརྦྦ་བི་ཤྲཱིཧྞཱ་པྲ་སཱ་ར་པཱུ་ཛ་མེ་གྷ་ས་མུ་དྱཱ་ཨཱཿཧཱུཾ་སྭཱཧཱ། དེ་ལས་འདོད་ཡོན་ལྔ་དང་། རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། བ་དནྡ་དང་། བླ་བྱཱ་དང་། འཁོར་ལོས ་སྦྱར་བའི་རིན་པོ་ཆེ་དང་། རྡོ་རྗེའི་གླུ་དང་། སྒྲ་ལ་སོགས་པས་མཆོད་པའི་སྡིགསོ།། ཡང་གི་སྙིང་གའི་ཧཱུ~ཾ་ལས་ལྷ་མོ་བཅུ་གཉིས་སྤྲོས་ཏེ་བདུད་རྩི་ལྔས་མཆོད་པར་བྱའོ།། དེ་རྣམས་ལས་ཡུམ་བཞི་རྡོ་རྗེ་ཕག་མོ་ལ་སྤྲོས་ལ་ཐིམ་པས ་བདེ་བའི་མཆོད་པ་བྱའོ།། དེ་ནས་སྔ་མ་ལྟར་དད་པས་སྤྱན་དྲངས་ཏེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བ་བྱའོ།། དེ་ནས་གང་དག་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བ་རྣམས་ལ་དམིགས ་ཏེ་སྙིང་རྗེ་ཆེན་པོས་དེ་དོག་མྱ་ངན་ལས་འདའ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱ་ཆུབ་ཏུ་སྨོན་པའི་སེམས་བརྟན་པོར་བསྐྱེད་པར་བྱའོ།། དེ་ནས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ ་བསྔོ་བར་བྱའོ།། དེ་ནས་བཟོད་པར་གསོལ་ལ་གཤེགས་སུ་གསོལ་ལོ།། དེ་ནས་ཨོཾ་སྭ་བྷ་བི་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ&ཧི། ཞེས་ལེན་གསུམ་དུ་བརྗོད་དེ། རང་གི་སེམས་བརྫུན་པའི་བག་ཆགས་ཀྱིས་བསྒོས་པ་ཁམས ་གསུམ་པོ་འདི་དག་རྨི་ལམ་ལ་སོགས་པ་སྣང་བ་ཙམ་དུ་ཤེས་པར་བྱའོ།། དེ་ལྟར་སྣང་བ་ཙམ་པོ་ལ། དབུསུ་བཾ་ཐིབས་ཀྱིས་བརྒྱན་པའི་ཕྱིར་ཡིག་འབྲུ་ཙམེ་ལས་འབྱུང་བ་བཞིའི་དཀྱིལ་འཁོར་དང་། རི་རབ་མཚན་པའི་ཡི ་གེ་དང་བཅས་པར་བསྣམ་པར་བྱའོ།། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་དང་། རཾ་ལས་ཉི་མ་དང་། སྣ་ཚོགས་རྡོ་རྗེ་དང་། དེའི་སྟེང་དུ་ཉི་མའོ།། དེའི་སྟེང་དུ། ཨ་ཨཱ། ཨི་ཨཱིཿུ་ཨཱཿརྀ་རཱྀ། ལེ་ལཱྀ། ཨེ་ཨེ། ཨོ་ཨོ། ་ཨཾ་ཨཱཾཿཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས།། ཀ་ཁ་ག་བྷ་ང། ཙ་ཙ་ཛ་ཛྙཱི་ཉ། ཊ་ནཱ་ཌཱི་ཌྷ་ཎ། ཏ་ཐཱ་ད་དྷ་ནཱ། པ་ཕི་བ་བྷ་མ། ཡ་ར་ལ་ཝཱ། ཤ་ཥ་ས་ཧ་ཀཱ། ཉི་མའི་དཀྱིལ་འཁོར་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། དེ་གཉིས་ཀྱི་བར ་དུཧཱུཾ་འོད་ཀྱི་ཕྲེང་འཕྲོ་བ་དེ་ལས་རྡོ་རྗེ་རྩེ་ལྔ་པ་དེའི་ལྟེ་བ་ལ་ཉི་མ་ལ་གནས་པའི་ཧཱུཾ་དང་བཅས་པ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ།། དེ་ལས་འོད་ཟེར་སྤྲོས་པས་ཁམས་གསུམ་པ་རྣམས་ཀྱི་སྒྲིབ་པ་སྦྱངས་ཏེ། ལྷ་སུམ་ཅུ་རྩ་བདུན་དུ་བྱས་ལ ་སླར་རྡོ་རྗེ་ལ་ཐིམ་པས་བྱ་བ་གྲུབ་པའི་ཡེ་ཤེས་དང་། ཐམས་ཅད་ཡོངས་སུ་གྱུར་པ་ཆོས་ཀྱི་དབྱིངས་དགེ་པ་ལས་བྱང་ཆུབ་པ་སྟེ། དཔལ་ཧེ་རུ་ཀ་རྟེན་དང་བརྟེན་པར་བཅས་པ་རྣམས་སྐུ་མ་དོག་དང་། རྒྱ་ནི་དང་། བཞུགས་ཆུ་ལྀ་དང ་ཕྱག་མཚན་རྣམས་ལེགས་པར་བསམ་པར་བྱའོ།། དེ་ནས་དེ་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་དུ་བསམ་པར་བྱའོ།། དེ་ནས་ལུས་ཀྱི་དཀྱིལ་འཁོར་བསྒོམ་ཏེ། གསང་བའི་པདྨར་ཕག་མོ།། སྤྱི་གཙུག་ལ་ཧེ་རུ་ཀའོ།། སྙིང་གར ་མཁའ་འགྲོ་མ། མགྲིན་པར་ལཱ་མ། ལྟེ་བར་ཁཎ་ཌ་རོ་ཧ། དཔྲལ་བར་གཟུགས་ཙོན་མ། མགོ་བོ་ལ་སོགས་པ་གནས་ཉི་ཤུ་རྩ་བཞིར་རབ་ཏུ་གཏུམ་མོ་ལ་སོགས་པ་བསྒོམ་པར་བྱའོ། ཁ་ལ་ཁྲ་གདོང་མ། སྣ་གཡས་པར་ཐུག་པའི ་གདོང་ཅན། བཤྭང་ལམ་དུ་ཁྱི་གདོང་མ། སྣ་གཡོན་པར་ཕག་གདོང་མཱ། རྣ་བ་གཡོན་པར་གཤིན་རྗེ་བརྟན་མ། གཡས་པར་ཕོ་ཉ་མ། མིག་གཡས་པར་མཆེ་བ་མ། གཡོན་པར་འཇོམས་མ་བསམ་པར་བྱའོ།། དེ་ནས་ཨོཾ་ཀ་ར་ཀཱ་ར་ལ་སོགས ་པཔ་ལས་མཆོད་ཕྱིར་ཐོགས་པ་བསམ་པར་བྱའོ།། དེ་ནས་ཁམས་ཉི་ཤུ་རྩ་བཞིའི་ཕྲ་རབ་རྣམས་དཔའ་བློ་ཡི་ཤུ་རྩ་བཞིར་བསམ་པར་བྱའོ།། དེ་ནས་ད་ཨོཾ་ཧ་ལ་སོགས་པ་ལས་ཕྱག་རྒྱ་དྲུག་བསྐྱེད་པར་བྱའོ།། རྡོ་རྗེ་ཕག་མོའི་སྔགས་རིངས ་ལས་མགུལ་རྒྱན་བསྐྱེད་པར་བྱའོ།། ཨོཾ་གྲཱྀ་བཛྲ་ཧཾ་ལ་སོགས་པས་ཐོབ་པའི་ཕྲེང་པོ་བསྐྱེད་པར་བྱའོ།། ཡི་གེ་བདུན་པས་རྣ་རྒྱན་དང་། ཡུཚོམ་གྱི་སྙིང་པོས་གླང་པོའི་པགས་པ་དང་། དཔའ་མོའི་གོ་ཆེའི་སྔགས་ཀྱིས་སྐ་རགས་དང་། མཁའ ་འགྲོ་མ་རྣམས་སོ་སོའོ་སྔགས་ཀྱིས་སེ་སོའི་ཕྱག་གི་ཐོད་པ་དང་། ཡུམ་གྱི་ཉེ་བའི་སྙིང་པོས་ཐོང་པའི་དབུ་རྒྱན་དང་། དེ་ནས་སྐྲ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། གོ་ཆའི་སྔགས་ཀྱིས་གོ་ཆ་དང་། ་སྙིང་གའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་དེ་བསྲེ་བ་དང་། ཨོཾ་ག་ཤུདྡྷཿས་གཉིས་སུ་མེད་པའི་ང་རྒྱལ་བྱདེའོ།། དཱ་ནས་ཡང་སུམ་ཅུ་རྩ་བདུན་སྤྱན་དྲངས་ལ་མཆོད་དེ། དེ་ནས་ལྷ་དེ་དག་གིས་ཀྱང་བཀའ་བསྒོ་རྣམས་ཀྱི ་བགེགས་བསྐང་། དཔའ་མོ་རྣམས་ཀྱི་ས་གླུ་ལེན། དབང་བསྐུར་རོལ་མོའི་དང་ཆེན་པོ།། མཁའ་འགྲོ་དྲ་བོའི་བོདེ་ཆེན་པོ། དགྱེས་ཆེན་སྩོལ་བའི་བ་དེ་ཆེན་པོ།། གསོལ་མཛད་བདེ་ཆེན་པོ་སྟེ། ཨ་ལ་ལ་ཧོ།། མཆོག་ཏུ ་གྱུར་པ་བདེ་ཆེན་པོ།། མཁའ་འགྲོ་དྲ་བའི་བདེ་ཆེན་པོ།། ཨ་ལ་ལ་ཧོ། ཞེས་པའི་གླུ་དང་། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད་པ་དང་། ཡུམ་བཞི་ཕག་མོ་དང་ལྔས་ན་མཁའ་ནས་ཡེ་ཤེས་ཀྱི་བདུད ་རྩིས་གང་བའི་བུམ་པའི་བློ་ངས་ནས། ལག་པས་དབང་བསྐུར་བར་བསམ་མོ།། དེ་ནས་ཡུམ་བཞི་ཕག་མོ་ལ་ཐིམ་སྟེ། དཔལ་ཧེ་རུ་ཀ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གསང་བའི་དབང་བསྐུར་བར་བྱའོ།། ་དེ་ནས་ཧེ་རུ་ཀས་ཕག་མོ་མུ་དཱ་ར་གནང་སྟེ། སྙོམས་པར་ཞུག་ས་པས་རླུང་ཐིམ། དེ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པ་མྱོང་བསམ་མོ།། དེ་ནས་དཔལ་ཧེ་རུ་ཀས་རིགས་ཀྱི་བུ་ཁྱོད་ཀྱིས་མུ་དྲ་དང་གཉིས་སྤྱོད་པ་ལ་བརྟེན་ནས་མྱོང་བ་སྣང ་བ་ཐོབ་པའི་ཤེས་རབ་དེ་འོད་གསལ་བསྒོམས་ཤིག། དེ་ནི་རྣམ་པར་ཤེས་པ་གསུམ་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལུས་དང་ངག་སེམས་མེད་པ་ལས་དང་། སྐྱེ་བ་ལས་གྲོལ་བ། ཟླ་བ་དང་། ཉི་མ་དང་། མེ་དང་། ་ནོར་བུ་ལྟར་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དྲོན་དམ་པའི་མཚན་ཉིད་ཅན་བདེན་པ་དེ་མཐོང་བ་གཞན་གྱི་ཡུལ་ལས་འདས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་མིག་གིས་ལྟོས་ཤི་ག། དེ་ལྟར་གང་གི་ཡང་རང་བཞིན་དུ་མ་མཐོང་བ ་དེ་འོང་གི་སལ་བ་མཐོང་བ་ཡིན་ནོ།། ཇི་ལྟར་འོད་གསལ་བ་དེའི་ངོ་ན་རྒྱུ་འབྲས་གང་ཡང་མེད་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་རླུང་དང་སེམས་ཙམ་ལས་ལྷ་སུམ་ཅུ་རྩ་བདུན་མེ་ལོང་གི་གཟུགས་བརྙན་ལྟར་གསལ་ལ་རྫོགས་པ། འཇའ་ཚོན་ལྟར་ཁ ་དོག་དང་བཅས་པ། ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བར་ལྟོས་ཤིག། དེ་ནི་རྒྱུ་རྐྱེན་གྱི་ལ་ལྟོས་ནས་སྐྱེས་པས་ཀུན་རྫོབ་བོ།། དེ་ལྟར་བདེན་པ་གཉིས་མི་ཕྱེད་པ་ཟུང་དུ་འཇུག་པ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ་བཞི་པའོ།། དེ་ནས་དབང་བསྐུར་བའི་ལྷ་རྣམས་བདག་ལ་ཞུགས ་བར་བསམས་ལ་སོ་སོར་རྒྱས་གདེ་བ་སྟེ། སྔ་མ་ལྟར་མཆོད་བྱ་མཆོང་བྱེད་མཆོད་པ་རྣམས་སྐྱེ་མེད་དུ་ཤེས་པར་བྱས་ལ་མཆོད་པར་བྱའོ།། དེ་ནས་བདུད་རྩི་མྱང་སྟྲི། ཡཾ་རཾ་ལས་མི་རླུང་ཨ་ལས་ཐོད་པ་དེའི་ནང་དུ། གོ་ཀུ་ད་ཧ་ན། རྣམས་ལས་ཤ་ལྷ་དང་། བི་མུ་ཤུ་ར་མཾ་ར ་རྣམས་ལས་བདུད་རྩི་ལྔའོ།། དེ་རྣམས་ཀྱི་སྟེང་དུ་ཧཱུཾ། ཨོཾ་ཏྲཾ་ཧྲཱིཿོཾ་སྨེ་རིགས་ལྔའོ།། ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱིས་ཁ་དགབ་པར་བྱའོ།། དེའི་སྟེང་དུ་ཨོཾ་ཨཱཿཧཱུ~ཾ་གསུམ་སྟེ་རིགས་གསུམ་མོ།། དེའི་སྟེང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་དགུ་པ་ཧཱུཾ་འོང ་ཀྱི་ཕྲེང་བ་ཅན་གྱིས་མཚོན་པ་ནི་གསང་བ་ཆེན་པོ་དྲུག་པའོ།། དེ་ནས་ཡི་གེ་བཞི་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་སོ་སོ་ལ་ཐིམ་པར་བསམ་མོ།། དེ་ནས་རླུང་མེས་བསྐོལ་རྡོ་རྗེས་དཀྲུགས ་པས་ཤ་ལ་སོགས་པ་དང་ཟླ་བ་དང་ཡི་གེ་དང་རྡོ་རྗེ་རྣམས་བཞུ་སྟེ་ཧཱུཾ་གིས་སྦྱངས།། ཨཿས་དག་པར་བྱས། ཨོཾ་གྱིས་སྤེལ་ཏེ་བཏང་བར་བྱའོ།། ཨོཾ་ཨ་མྲྀ་ཏ་ས་ད་ན་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་ང་རྒྱལ་བསྐྱེད་པར་བྱའོ།། དེ་ནས་སྔ་མ་ལྟར་རྡོ་རྗེ་དང་པདྨ་བྱིན་གྱིས ་བརླབ་པ་དང་། འཁོར་ལོ་བཞི་དང་གཉིས་ལ་ཡི་གེའི་འཁོར་ལོ་བཀོད་དེ། དགའ་བ་བཞི་མྱོང་བར་བསམས་ལ་ང་རྒྱལ་བསྒྱིད་པར་བྱ་སྟེ། ཨོཾ་བཛྲ་ཀཱ་མི་ནི་སརྦྦ་བཛྲ་བཀྵ་ལྦོལ་གུ་ཧྱཾ་བཛྲི་ཎི་ཧཱུཾ། ཞེས་བརྗོད་དོ།། དེ་ནས་སྒྱུ་མ་ལྟ་བུའི་ལྷ་སུམ་ཅུ་རྩ་བདུན་ལ་དམིགས་ཏེ། ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་དཔྱད་ཅིང་བསྒོམ་པར་བྱའོ།། དེ་ཡང་དཔལ་རྡོ་རྗེ་མཁའ་འགྲོ་ལས་ཤེས་རབ་ཐབས་ནི་མ་རྟོགས་པར།། གང་ཚེ་སེམས་གཞན་མི་གཡོན།། དེ་ཚེ་བྱང་ཆུབ་ཆེན་པོ་ནི།། ངེས་པར་སྟེར་བ་ཉིད་དུ ་བཤད།། ཅེས་གསུངས་པས། ཤེས་རབ་ཀྱི་མིག་གིས་ཇི་ལྟར་མཐོང་བ་དེ་ཐབས་དྲན་པ་ལ་སོགས་པས་དབང་དུ་བྱས་ལ་བསྒོམ་པར་བྱའོ།། གང་གི་ཚེ་དབང་པོ་ལྔས་དབང་བྱས་པས་སེམས་གཞན་ཏེ། འཇིག་རྟེན་པའི་སེམས་རྣམས ་ཡོ་ན། དེའི་ཚེ་རྒྱ་འབྲས་ཕྱིན་ཅི་ལོག་པས། བྱང་ཆུབ་ཆེན་པོ་ངེས་པར་འཐོབ་ཅེས་བྱའོ།། བརྩོན་འགྲུས་དང་ཏིང་འཛིན་བསྟན་པ་ནི། རྣམ་པར་མོ་རྟོགས་རྗེས་འཇུག་ལ།། རྣལ་འབོར་པ་ནི་མངོན་བརྩོན་པ།། དེ་ནི་ཐམས་ཅད་འབྱུང་བ་ཡི།། ཤེས ་རབ་ཕ་རོལ་ཕྱིན་པ་ཡི་ན། ཞེས་བྱ་བ་སྟེ་མི་རྟོག་པ་ནི་ཏིང་ངེ་འཛིན་ནོ།། རྗེ་སུ་འཇུག་པ་ནི་དྲན་པ་དང་ངད་པའོ།། མངོན་བརྩོན་ནི་བརྩོན་འགྲུས་ཏེ། ངེས་པའི་བྱ་བ་ལས་བརྩོན་པའོ།། དེ་ལྟར་ཤེས་རབ་ཀྱི་མིག་གིས་མཐོང་བའི་ཡུལ་དེ་དྲན་ལ་སོགས ་པས་དབང་དུ་བྱས་ནས་བསྒོམས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་འབྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་མོ།། ཤེས་རབ་ཀྱི་མིག་གིས་གང་ང་ལྟ་ཞེ་ན། གང་ཚེ་འདས་བྱས་ཚུལ་རྣམས་ནི། རྣམ་པར ་མི་རྟོག་སེམས་ཀྱིས་སུ།། མེ་ལོང་ལྟ་བུར་རབ་ཤེས་པ།། དེ་ནི་ཤེས་རབ་རྟེན་པ་ཡིན། ཞེས་པ་དང་། ཇི་ལྟར་བལྟ་ཞེ་ན། མེ་ལོང་ནང་གི་གཟུགས་བརྙན་དང་།། རྨི་ལམ་མིག་འཕྲུལ་དྲི་ཟའི་གྲོང་། མིག་འཕྲུལ་མཚུངས་པར་གང་གིས་མབེ ་དེ་ནི་གཙོ་བོ་ཡིན་པར་བརྗོད། ཅེའོ།། འདིར་འདུས་བྱས་ཀྱི་ཚུལ་ནི་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་མཱ་ལ་བཞག་པའོ།། དེ་གཉི་ག་ཡང་གཟུགས་བརྙནཱ་ལ་སོགས་པ་དཔེ་བརྒྱད་ཀྱི་གཏན་ལ་ཕབ་ལ་བསྒོམ་པའོ།། ཡང ་དོན་དེ་བསྟན་པ་ནི། རྣམ་པར་མི་རྟོག་སེམས་ཀྱིས་ནི།། ཤེས་རབ་དང་ནི་མཚུངས་གཟུགས་ལ།། དོགས་པ་མེང་པོའི་ཀུན་སྤྱོད་ལ།། དེ་ནིས་དཀའ་ཐུབ་བདག་ཆེན་ཡིན་ཞེས་བྱ་སྟེ། འདིར་མི་རྟོགས་པའི་སེམས་ཀྱིས་འཇིགས་པ་མེད་པར་རྟེན་དང་བརྟེན ་ཕ་ཐམས་ཅད་སྐྱེ་མང་དུ་ཤེས་པ་ནི་དཀའ་ཐུབ་ཆེན་པོ་ཞེས་བྱའོ།། དེ་ལྟར་སྤྱོད་ཅིང་ཡང་དང་ཡང་དུ་གུས་པ་དང་། རྒྱུནི་མི་འཆད་པ་ལ་སོགས་པའི་ཚུལ་གྱིས་རྒྱུན་མཆོད་པར་བསྒོམ་པར་བྱའོ།། དེས་ཀྱང་སྐྱོ་ན་སེམས་དབུགས་དབྱུང་བའི་ཕྱིར ་བཟླས་པ་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཞེས་བྱ་པ་ལ་སོགས་ཏེ། འདི་རོ་སྙིང་སྐལ་བར་བྱེད་པས་སྙིང་པོ་སྟེ། སྙིང་རྗེས་ཤེས་རབ་དང་ཐ་བས་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སོ།། དོ་ལ་སེམས་སྐུལ་པོར་བྱེད་པས་སྙིང་པོ་དང་། སེམས་ཉེ ་བར་བསྐུལ་བས་ཉེ་བའི་སྙིང་པོའོ།། དེ་ཉིད་ཀྱིས་འཇིག་རྟེན་པའི་སེམ་ས་ལས་སྐྱོབ་པས་གསང་སྔགས་ཞེས་བྱའོ།། དེ་ལྟར་ཡང་དང་ཡང་དུ་བསྐུལ་བས་ཤེས་རབ་ཁྱེད་པར་ཅན་སྐྱེ་བས་རིག་སྔགསོ།། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་དྲན ་པ་སྐྱེ་བས་གཟུངས་སྔགས་ཞེས་བྱའོ།། དེ་ལྟར་སྔགས་འགྲུབ་པའི་རྒྱུ་དང་མི་འགྲུབ་པའི་རྒྱུ་གཉིས་སུ། སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས་བཤད་དེ།། ལེ་ལེའི་ཉེས་པ་ཕན་མན་གདམས་ངག་དང་།། སྤྲོ་བ་ཉམས་དང་ཡུལ་ལ་ཆགས ་པ་དང་།། དད་པ་དང་བྲལ་བའི་དགེ་བའི་རྩ་བ་ཉམས།། དེ་དག་ཐུབ་པའི་བཀའ་ནི་འགྲུབ་མི་འགྱུར།། ཞེས་སོ།། འདིར་སྨད་པ་དང་། སྙོམས་ལས་ཀྱི་བྱང་ཆུབ་སེམས་ཀྱི་དྲན་པ་ཤོར་བ་དང་། འདིའི་འབྲས་བུ་ལ་དམིགས ་བས་ཕྱི་མ་ལ་ཕན་པའི་མཚན་ཉིད་དང་མི་ལྡན་པ་དང་། ཡུལ་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་མེད་པ་དང་། འཇིག་རྟེན་པོའི་ཆོས་ལ་སེམས་ཤོར་ཏེ་ཆགས་པ་དང་། བྱང་ཆུབ་ཀྱི་སེམས་ལ་འདོད་པ་དང་། དད་པ་དང་། ཡིད་ཆེས་པ་མེད་པ་དང་། དམ་ཚིག་དང་། ་སྡོམ་པོ་ཉམས་པ་རྣམས་སོ།། བཟློག་པས་ལེ་ལོ་མེད་པར་བྱང་ཆུབ་ཀྱི་སེམས་མ་བརྗེད་པ་དང་ཕྱི་མའི་འབྲས་བུ་ལ་དམིགས་པ་དང་། སྤྲོ་བ་དང་བཅས་པ་དང་། ཡུལ་ལ་སེམས་མ་ཤོར་བ་དང་། བྱང་ཆུབ་ཀྱི་སེམས་ལ་དད་པ་དང་། སྡོམ་པ་ལ་སོགས་པ ་དང་ལྡན་པའོ།། དེ་ལྟར་འགྲུབ་པའི་རྒྱུ་དང་ལྡན་པས་ཇི་སྲིད་མི་སྐྱོ་བ་དེ་སྲིད་དུ་བཟླས་པར་བྱའོ།། དྲན་པའི་རྟེན་བཟླས་པའི་ཐབས་དུ་མ་ནི་བློ་དམན་རྣམས་ལ་ཕན་པ་སྟེ་གོ་སླའོ།། དེས་ཀྱང་སྐྱོ་ནི་རྐང་པ་བརྒྱད་པའི་གསང་སྔགས་མཆོད་ཅེས་བྱ་སྟེ། ་སྒྱུ་མེ་ལྟ་བུའི་བློ་དང་མ་བྲལ་བར་མ་ཆོད་པ་དང་། གླུ་དང་བསྟོ་པ་ལ་སོགས་པ་བྱ་སྟེ། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་བྱས་ལ་གཞལ་ཡས་ཁང་ཚུན་ཆད་རིམ་གྱིས་བསྡུས་ལ། ཐ་མ་ལ་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང ་བཅས་པར་ལངས་པ་སྟེ། དེའི་ཕྱིར་དེ་ལྟར་བདག་ཉིད་རྣམ་པར་བསམས་ཏེ་ཞེས་བྱའོ།། དེ་ལ་ཅི་བྱ་ཞེ་ན། ཚ་མོ་རྔ་མ་སྔགས་ཀྱིས་ངེས་པར་བསྲུང་ཞེས་བྱ་སྟེ། གོ་ཆའི་སྔགས་དང་ཧྲཱི་བཞི་པོས་བསྲུང་བར་བྱའོ།། དེ་ཡང་ལེའུ་དགུ་པ་ལས། བསྡུས ་ལ་སྤྱོད་ཚུལ་ཁྱད་པར་གྱིས།། རྣལ་འབྱོར་སྦྱོར་དང་བྲལ་མི་བྱ།། སྤྱོད་པའི་རྣལ་འབྱོར་པ་འདི་ཡིན་ཞེས་གསུངས་པའི་ཕྱིར་རོ།། ། ད་ནི་སྤྱོད་ལམ་གྱི་རྣལ་འབྱོར་བསྟན་པའི་ཕྱིར། ཚངས་པར་སྤྱོད་པ་རྟག་ཏུ་གྱུར་ན། ཞེས་བྱ་བ་ལ། ་ཚངས་པའི་སྤྱོད་པ་ནི་བྱང་ཆུབ་ཀྱི་སེམས་སོ།། རྟག་པ་ནི་དེ་ལ་བློ་བརྟན་པར་གྱུར་པའོ།། དེའི་སྤྱོད་པ་ནི་གཉིས་ཏེ། སྔགས་ཀྱིས་སྤྱོད་པ་ལམ་དང་མཐུན་པ་དང་། ཀུན་ཏུ་སྤྱོད་པ་ཐོབ་པ་དང་མཐུན་པའོ།། དང་པོ་ནི་རྟེན་གཉིས་ཀས་ཀྱང་ཐེག་པ ་ཆེན་པོ་ལས་བྱ་བ་དང་བྱ་བ་མ་ཡིན་པ་གནང་བ་དང་བཀག་པ་ཇི་ལྟར་བྱ་བ་དང་མཐུན་པར་སྤྱོད་པའོ།། ཇི་ལྟར་སྤྱད་པ་བསྟན་པའི་ཕྱིར།། འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། ཞེས་བྱ་བ་ལ་སོགས་པ་ལ། འཇིགས་པ་ནི་རུང་བ་དང་མི་རུང་བ་ལ ་སོགས་པའི་བློ་སྤངསཾ་པའོ།། འོ་ན་ཡེ་མི་སྤྱད་དམ་ཞེ་ན། བློ་ལྡན་སཽངྒ་བཞིན་དུ་བྱ་བར་འ་བྲལ་ཏེ། སིངྒེ་དེ་རྩ་ལྔ་དང་ལྡན་པ་དང་། བགོ་ཚ་བ་མེད་པ་དང་། གཞན་སྐྲག་པར་བྱེད་པའི་ཆོས་དང་ལྡན་པ་སྟེ། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་བཟོད་པའི ་གོ་ཆ་དང་། ཤེས་རབ་ཀྱི་མཚོན་དང་བརྩོན་འགྲུས་ཀྱི་དཔའ་དང་ལྡན་པས་སྤང་ངོ་།། དེའི་ཕྱིར་དེ་ལྟར་བདག་ཉིད་རྣམ་བསམས་ཏེ། འཁོར་ལོ་བདེ་མཆོག་བདེ་བའི་མཆོག། བློ་ལྡན་ཆོ་ག་རྣམ་པར་སྤྱོད་།། ཅེས་བྱ་སྟེ། ཆོས་གསུམ་དང་ལྡན་པས ་སྤྱོད་པའོ།། རིག་ལྔ་དག་ཏུ་ཀུན་སྤྱོད་པ།། ཞེས་བྱ་བ་ནི་ཐ་མལ་པ་དང་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་ཞུགས་པའི་རྣལ་འབྱོར་པ་རྣམས་ནི་རིགས་ཐ་དད་དུ་འཛིན་པ་ལས་མ་ལོག་པར་སྤྱོད་པ་ཡིན་ལོ། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་ནི་རིགས་ཐ་དད ་ལས་བློ་བཟློག་ཏེ། གསང་ཆེན་རིགས་གཅིག་ཏུ་ཤེས་པའོ།། དེའི་ཕྱིར་འདོད་ཡོན་ལ་སྤྱད་དུ་ཡང་གནང་ངོ་།། ཇི་ལྟར་སྤྱད་ཅེ་ན། རྣམ་པར་མི་རྟོག་བདག་ཉིད་སེམས།། ཤེས་བྱ་སྟེ། འཇིགས་པ་མེད་དེ ་མི་རྟོག་པའི་སེམས་པའི་ཀྱིསོ།། གང་ལ་ཞེ་ནི། འདོད་ཡོན་ལའོ།། ཇི་ལྟར་སྤྱོད་པའི་དོན་འདི་ཉིད་རྡོ་རྗེ་མཁའ་འགྲོ་ལས། ལས་རྣམས་ཀུན་ལ་ཐབས་བཅོས་ཤིང་།། དོག་པ་མེད་པར་གང་སྤྱོད་པ།། རྣམ་པར་མི་རྟ་ག་བསྒོམས་པ་ནི། ་དབརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག། ལས་རྣམས་ཀུན་ལ་ཀུན་ཏུ་ནི།། རྣམ་པར་མི་རྟོག་སྒོམ་བྱེད་ཅིང་། དོགས་པ་མེད་པར་ཀུན་ཏུ་སྤྱོང་།། དེ་ནི་དཀའ་ཐུབ་རྣམས་ཀྱི་མཆོག། ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། སྒྲ་ལ་ཟླ་ལ་སོགས་རྗེས ་དངོས་ཀྱི།། ཡུལ་རྣམས་མ་ལུས་བསྟེན་བྱེད་པ།། དཀའ་ཐུབ་ཤིན་ཏུ་འདའི་དཀའོ།། ཞེས་གསུངས་པས། དེ་ལ་འདིར་ལས་རྣམས་ནཱི་ཞི་བ་ལ་སོགས་པ་དང་། ཕྱག་དང་མཆོད་པ་ལ་སོགས་པ་རྣམས་སྐྱེ་མེད་དུ་ཤེས་པའི་ཚུལ ་གྱིས་སྤྱད་པའོ།། དཔེར་ན་མེ་ཡི་མཚན་ཉིད་དུ་སྐྱེས་ཕན་ཆད་མཚན་ཉིད་ཆེ་ཞིང་བྱེད་པ་བསྲེག། ཁྭ་དོག་དམར། དེ་བཞིན་དུ་ཕྱི་ནང་གི་དངོས་པོ་ལྔ་བརྟེན་ནས་ཤེས་རབ་སྐྱེས་ཕན་ཆད་མཚན་ཉིད་སྐྱེ་མོད། བྱེད་པ་ཉོན་མོངས་པ ་གྱི་བ་དང་། དེ་ཁོ་ན་གསལ་བ་ནི།། དེའི་ཕྱིར་དོགས་པ་ཐམས་ཅད་ཅེས་བྱ་བར་གོ་བར་ཟད་དོ།། དེ་ནས་ཡང་ཐུན་མཆི་མོས་སུ་སྔ་མ་ལྟར་མི་རྟག་པ་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་དང་། རྟེན་དངོ་བརྟེན་པ་སྐད་ཅིག་གིས ་བསམས་ལ་དབང་དང་། མཆོད་པ་དང་། བདུད་རྩི་མྱང་བ་དང་། དགའ་བ་བརྩམས་པ་བྱས་ལ་སྔ་མ་ལྟར་བསྒོམ་པར་བྱའོ།། ཐུན་ཐ་མ་ལ་བསྡུ་བའི་ཐབས་ཀྱིས་འོད་གསལ་དུ་མྱོས་པས་ཉོ་ལ་ལོ་ནང་པོར་དེ་ལྟས་ལོངས་ཏེ་སྟ་མྲྀ་ར་བསྒོམ། ་དེ་ནི་ཀུན་རྫོབ་དང་འདུས་བྱས་དང་། སྒྱུ་མ་དང་བསྐྱེད་པའི་རིམ་པ་སྟེ། དམིགས་པོ་དང་བཅས་པའི་ཤེས་རབ་དང་དེ་བཞིན་གཤེགས་པའི་དབུགས་དབྱུང་བསྟན་པའོ།། །། དཱ་ནི་དམིགས་པ་མེད་པའི་ཤེས་རབ་ཀྱིས ་ཡུལ་རྫོགས་པའི་རིམ་པོ་བསྟན་པའི་འི་ཕྱིར། ཟླ་བའི་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕོ་ཉའི་ལམ་ནི་བླ་མ་ལས་ཤེས་པར་བྱའོ།། དེ་ལས་གཞན་པའི་དབང་དུ་བྱས་ནས། ཏིང་ངེ་འཛིན་སེམས་དཔའི་འོད་ཀྱི་སྣོད་བཅུད ་བསྡུས་ཏེ་ཚུར་འདུས་པས་བསྲུང་བའི་འཁོར་ལོ་ལྷ་སོགས་པ་གོཙོ་བོ་ལ་ཐིམ། གཙོ་བོ་ཡབ་ཡུམ་ཡི་ཤེས་སེམས་དཔའ་ལ་ཐིམ་ནསོ།། དེའི་མཚན་ཉིད་བསྟན་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་དེ་ཡང་ཟླ་བའི་དཀྱིལ་འཁོར ་ལ་བཞུགས་པའོ།། ཡི་གེའི་མཆོག་ནི་ཏིང་ངེ་འཛིན་སེམས་དཔའོ།། དེ་ལྟ་བུའི་སྐུ་གསུང་ཐུགས་རྡོ་རྗེ་ཅན་ཏེ་ཡེ་ཤེས་སེམས་དཔའོ།། དེ་ཡང་ཡུམ་ཡབ་ལཱ་ཐི་མཽ། 6་བ~ཾ་གྀ་ཨཱ་བ་དེ་ལ་གྱིས་ཐིམ་པར་བསམས་ཤིངྒ། སེམས་གཏད ་བར་བྱའོ།། དེ་ནི་གཟུགས་ལས་འདས་པ་ནི་སེམས་སྣང་བ་གསུམ་རིམ་གྱིས་ཐིམ་པར་བསམ་མོ།། དེའི་ཚེ་མཚན་ཉིད་བསྟན་པའི་ཕྱིར།། དངོས་པོ་མེད་པའི་སེམས་ཉིད་ཡིན་ཞེས་བྱའོ།། དེ་ཡང་བསམ་གྱིས་མི་ཁྱབ་བསམ་ནི་འོང ་གསལ་དུ་བསྒོམ་པའོ།། སེམས་ཉིད་བརྟག་པར་མི་བྱའོ་ཞེས་བྱ་བ་ནི། དེ་ལ་སེམས་བཞག་པ་ཐབས་དང་དཔེ་དང་ཉམས་བསྟན་པའོ།། དེ་ལ་མན་ངག་ནཱི་འདི་ཡིན་ཏེ། རྒྱུ་ཀུན་རྫོབ་འབྲས་བུའི་དོན་དམ་པ་ལ ་གཞུག་པའི་ཕྱིར་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་ལྔ་སྤྲོས་པས་འདུས་བྱོས་ཀྱི་དངོས་པོ་ཐམས་ཅད་འོད་ལྷུར་བཞུ་སྟེ། དེ་ཡང་འདུས་པ་ལས། བསྲུང་བའི་འཁོར་ལོ་ལ་ཐིམ་དེ་གཞལ་ཡས་ཁང་ལ་ཐིམ། དེ་བཀའ་བསྒོ ་བརྒྱད་ལ་ཐི་མཽ། དེ་ན་ས་སྐུ་གསུང་ཐུགས་ལ་རིམ་གྱིས་ཐིམ་པ། མཁའ་འགྲོ་མ་བཞི་ལ་ཐིམ་པར་བསམ་དེ་གཙོ་བོའི་ཞལ་བཞི་ལ་ཐིམ། གཙོ་བོ་ཡབ་ཡུམ་ཡེ་ཤེས་སེམས་དཔའ་ལ་བྷཱི་མ། དྭེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང ་རིམ་གྱིས་ཇེ་པྲ་ཛེ་ཕྲ། བསམས་ཏེ། སེམས་བསྒྲིམས་ལ་ཕྲ་བར་གཏད་ཏེ་བསྒོམ་པར་བྱའོ།། སེམས་དེ་ཡང་འོད་གསལ་བ་རྣམ་པར་ཤེས་པ་གསུམ་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ལུས་དང་། ངག་དང་སེམས་མེད་པ། ་ལས་དང་སྐྱེ་བ་ལས་གྲོལ་བ། ཟླ་བ་དང་ཉི་མ་དང་། མེ་དང་ནོར་བུའི་འོད་ལྟར་ཤིན་ཏུ་གསོལ་པ། རྟག་ཏུ་གསལ་བའི་མཚན་ཉིད་ཅན། དེ་ལ་བཞག་ཐབས་ལྔ་དང་། དཔེ་དང་ཉམས་དང་ལྡན་པར་བསྒོམ་པར་བྱ་སྟེ། ཞིབ་ཏུ་བླ་མ་ལྔས་ཤེས་པར ་བྱའོ།། དེ་ནི་ས་དོན་དམ་པ་དང་འདུས་མ་བྱས་དང་། རྫོགས་པའི་རིམ་པ་དང་། རྡོ་རྗེ་འཆང་གི་དབུགས་དབྱུང་དང་། དམིགས་མེད་པའི་ཤེས་རབ་ཀྱི་ཡུལ་བསྟན་པའོ།། ད་ནི་གཉིས་སུ་མེད་པའི་ཕྱག་རྒྱ་ཆེན་པོ་ཟུང་འཇུག་བསྟན་པའི་ཕྱིར། བསམ ་གྱིས་མི་ཁྱབ་དེ་བསམས་ནས། ཞེས་བྱ་བ་ལ་སོགས་པ་ལ་བསམ་གྱིས་མི་ཁྱབ་པ་ནི་འོད་གསལ་ལོ།། འོད་གསལ་བའི་ངང་ལས། སྔར་གྱིས་སྒྱུ་མ་ལྟ་བུའི་ལྷའི་སྐུའི་དྲན་པ་ཐོབ་པ་ལ་གཟུངས་ཞེས་བྱའོ།། གཟུངས་ཐོབ་པ་ནི་སྒྱུ་མ་ལྟ་བུའི་སྐུ་ལངས་པའོ།། ་ཁ་ཊྭཱཾ་ག་ནི་ལྷའི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་པའི་ནན་ངག་བསྟན་པ་སྟེ་རྒྱུད་དུ་ཤེས་པར་བྱའོ།། དེ་ཉིད་རྒྱས་པར་བསྟན་པ་ནི། མྱ་ངན་འངས་བྱུང་དཔའ་བོ་རྣམས། ཞེས་བྱ་བ་ལ་སོགས་པོ་ལ།། མྱ་ངན་ལས་འདས་པ་ནི་འོད་གེ་སེལ་ལོ།། ་དེ་ལས་བྱུང་བའི་དཔའ་བོ་ནི་ཉི་ཤུ་རྩ་ལྔའོ།། ཡན་ལོག་ནི་དྲུག་ཅུ་སྟེ་ཐབས་དང་ཤེས་རབ་ཀྱི་ལྷ་དྲུག་ཅུ་རྩ་གཉིས་སོ།། དེ་གང་ལ་བརྟེན་ནས་ཞེས་ན། སེམས་གསུམ་རླུང་དང་བཅས་པ་ལས་སྤྲུལ་པའོ།། དེ་ཡང་དོན་དམ་པའི་བདེན་པའི་སྤྲུལ་པ་ཕག་མོའི ་གཟུགསུ་བསྟན་ལ། ཀུན་རྫོབ་ཀྱི་བདེན་པ་སྤྲུལ་པའི་གཙོ་བོ་ལ་སོགས་པའོ།། དེ་གཉིས་མེད་དུ་བསྟེན་པའི་ཕྱིར།། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་བྱ་བ་ལ་སོགས་པ་ལ། གཉིས་མེད་ཡེ་ཤེས་ནི་ཟུང་འཇུག་གོ།། རྒྱུ་སོགས་ནི་བ་ངག་དང་གཞན ་དང་གཉིས་དང་རྒྱུ་མེད་པ་ལས་སྐྱེ་བ་རྣམ་པར་སྤོངས་པའོ།། ཚོགས་ནི་གནས་པ་འཇིག་པའི་ཚོགས་དང་བྲལ་བའོ།། གང་དུའང་མི་གནས་པ་ནི་མཐའ་གཉིས་ལ་མི་གནས་པ་སྟེ་ཕྱག་རྒྱ་ཆེན་པོ་ཟུང་འཇུག་གོ།། དེ་ལ་མན་ངག་ནི་འདི་ཡིན་ཏེ། འོད་གསལ་ཏཱི། ་ང་ལ་སེམས་གནས་པར་ནུས་ཚད་གཏེང་དེ་བསྒོམས་ལ་དེའི་དཔལ་སྐད་ཅིག་གིས་སྒྱུ་མ་ལྟ་བུའི་ལྷར་ལངས་ལ། དེ་ལ་ཤེས་རབ་ཀྱིས་དཔྱད་ཅིང་གོམས་པར་བྱའོ།། །། ད་ནི་ཏིང་ངེ་འཛིན་དེའི་ཕན་ཡོན་བསྟན་པའི་ཕྱིར།། སེམས་ལ་རྣམ ་གནས་རྣལ་འབྱོར་པ། ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ཟུང་འཇུག་གི་སེམས་ལ་རྣམ་པར་གནས་པའི་རྣལ་འབྱོར་པ་ལ། མྱ་ངན་ལས་འདས་པ་སྟེ་འོད་གསལ་འབའ་ཞིག་མི་སྟོན་པ་དང་། དོན་དམ་པར་འཆི་བ་མེད་པའི་ཕྱིར་མི་སྟོན་པའོ།། འོད་གསལ་འབའ་ཞིག་མི ་སྟོན་པ་ཅི་ཞེ་ན། དཔལ་རྡོ་རྗེ་མཁའ་འགྲོ་ལས། གཞན་དུ་གལ་ཏེ་སྦྱོར་བ་ནི། མ་ཚང་མར་མེ་ལྟ་བུར་འདའ། ཞེས་གསུངས་པའི་ཕྱིར་རོ།། དེ་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ནི་མར་མེ་ཤི་བ་ལྟར་རང་གཞན་གྱི་དོན་གསལ་བ་མེད་པའི་ཕྱིར་རོ།། དེ་བས་ན་བདེན་པ་གཉིས་ཀྱི་ཚུལ ་ལ་གནས་ནས་གཞན་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར། ཇི་སྲིད་འཁོར་བའི་གནས་སུ་ནི། མཁས་མཆོག་འདུག་པར་གྱུར་པའི་བར། དེ་སྲིད་སེམས་ཅན་མཚུངས་མེད་དོན། མྱ་ངན་མི་འདའ་བར་ནི་མཛད། དེ་ནི་འཇིགས་པ་སྣ་ཚོགས་པའི་གནས་ཡིན་པའི་ཕྱིར་གནས་ས ་ཡིན་ནོ་ཞེ་ན་གནས་ཀྱང་མི་གནོད་པའི་ཕྱིར། དེ་ལྟར་སེམས་ཅན་དམ་པ་རྣམས།། སྲིད་པའི་ཞགས་པས་འཇིགས་མེད་པར།། མི་སྐྱོ་བར་ནི་བརྩོན་འགྲུས་ཀྱིས།། རྟག་ཏུ་སེམས་ཅན་རྣམས་དོན་མཛད།། ཅེའོ།། དེ་ཡང་ཇི་སྲིད་དུ་ཞེ་ན། ནམ་མཁའ་གནས་པའི་མཐར་ཐུག་པའོ།། ཅི་བྱེད་ཅེ་ན།། ་སྨོན་ལམ་རྣམ་པར་སྦྱོང་བྱེད་པའི།། སེམས་ཅན་དོན་བརྩོན་སེམས་ཀྱིས་ནི།། དཔའ་བོ་སྲིད་པ་སྦྱོང་བར་མཛད།། ཅེའོ།། འཆི་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བས་རྟག་ཆད་ལ་སོགས་པའི་ལྟ་བ་འགགས་པའི་ཕྱིར་འཆི་བ་མེད་པ་སྟེ། དེའི་རྒྱུ་དེ་ཡིན་པའི་ཕྱིར་རོ།། འོ་ན་ཀུན་རྫོབ་ཏུ་ཡང་འཆི་བ་མེད ་དམ་ཞེ་ན། ཐ་སྙད་དུ་ཡོད་པར་བསྟན་པའི་ཕྱིར། འཕོ་བའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་ལ་སོགས་པ་ནི་ཕ་རོལ་ཏུ་མི་འཕོ་སྟེ། རྟག་པའི་སྐྱོན་དུ་ཐལ་བའི་ཕྱིར་རོ།། ཕ་རོལ་འཆི་བ་ལས་གཞན་ཡང་མ་ཡིན་ཏེ། རྒྱུ་མེད་པའི་ཉེས ་པར་ཐལ་བའི་ཕྱིར་རོ།། འོ་ན་ཅི་ཞེ་ན། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། དཔེར་ན་མཱར་མེ་ལས་མར་མེ་དང་ཞེས་བྱ་བ་ལ་སོགས་པ་བཞིན་ནོ།། དེ་ཡང་གསེར་འོད་དམ་པ་ལས།། སངས་རྒྱས་མྱ་ངན་མི་འདའ་ཞིང་།། ཆོས་ཀྱང་ནུབ ་པར་མི་འགྱུར་ཏེ། སེམས་ཅན་རྣམས་ནི་འདུལ་བའི་ཕྱིར།། མྱ་ངན་འདའ་བར་བསྟན་པ་ཡིན། ཞེས་པ་དང་། ལངས་ཀོར་གཤེགས་པ་ལས་ཀྱང་། འདི་ལ་གང་ཡང་རྐྱེན་རྣམས་ཀྱིས།། སྐྱེ་བ་མེད་ཅིང་འགག་པ་མེད། བརྟགས་པའི ་རྐྱེན་རྣམས་ཁོ་ན་ནི།། སྐྱེ་ཞིང་འགག་པར་འགྱུར་བ་ཡིན། ཞེས་གསུངས་པའི་ཕྱིར། རེ་ཞིག་འཕོ་རྣམ་པར་དག་པ་བརྗོད་པ་བྱའོ།། འདིར་གོང་མ་ལྟ་བུའི་རྣལ་འབྱོར་པ་དེ་ཁམས་གོང་མ་གཉི་སུ་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་འཕོས་ནས ་དོན་བྱེད་པ་སྟེ། དེ་ཡང་རྟོག་ཏུ་འདོད་པས་མྱོས་པ་ཡི།། ལྷ་ཡི་བུ་འདི་རྣམས་དང་ནི་ཞེས་གསུངས་པའི་ཕྱིར། ཇི་ལྟར་འཕོ་ཞེ་ན། འཕོ་བའི་ཚེ་ན་རྣལ་འབྱོར་པ་ཞེས་བྱ་བ་ནི་རྟེན་འདི་འདོར་བའི་གུང་ཞེ་ན། བདེན་པ་གཉིས་པ་གནས་པའི ་རྣལ་འབྱོར་པ་སྟེ། གང་གིས་སྤྱན་འདྲེན་ཞེ་ན། དཔལ་ལྡན་ཁྲག་འཐུང་ལ་སོགས་ཏེ། དཔའ་བོ་ཉི་ཤུ་རྩི་ལྔའོ།། རྣལ་འབྱོར་ནི་སུམ་ཅུ་རྩ་བདུན་ནོ།། དེ་རྣམས་ཀྱི་མེ་ཏོག་ལ་སོགས་པའི་མཆོད་པ་དང་། རོལ་མོའི་སྒྲ་དང་། རྡོ་རྗེའི་གླུ ་དང་བཅས་པའི་ཚིག་ཏུ་ཡང་། འཆི་བ་ཞེས་པ་རྣམ་རྟོག་སྟེ། ཞེས་བརྗེད་ཅིང་། མཁའ་སྤྱོད་དུ་སྤྱན་འདྲེན་པར་བྱེད་དོ།། དེར་ཡིད་ཀྱི་ལུས་ཀྱིས་ལྷོའི་བུ་ཆགས་པ་ཅན་རྣམས་ཀྱི་དོན་བྱས་ནས། ཡང་འདིར་འོངས་ནས་སྐྱེ་བོ་ཆ ་པ་ཅན་གྱི་འདོད་ཆགས་དག་པར་བྱ་བའི་ཕྱིར་ཡང་སྲིད་པ་ལེན་པར་བྱེད་དོ།། བདེ་བས་ན། གཞན་ཡང་སྐྱེ་བོ་ཆགས་ཅན་ཕྱིར།། འདོད་ཆགས་ཐམས་ཅད་དག་པར་མཛད་ཅེས་པ་དང་། དེའི་ནང་དུའང་མངོན ་ཞེན་དང་། གང་དུའང་གནས་པ་ཡོད་མ་ཡིན་ཞེས་བྱའོ།། །། འོ་ན་ཆོས་ཐམས་ཅད་བདེན་པ་གཉིས་དང་མི་ཕྱེད་པོ་ཟུང་འཇུག་ཏུ་རྟོགས་ནས། དེ་གོམས་པར་བྱེད་པ་ལ་འཇིག་རྟེན་པའི་སེམས་ལ་སོགས་པ་འབྱུང་ངམ་མི ་འབྱུང་ཞེ་ན། དེ་ལྟར་ཡང་དག་འབྱུང་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ཆེ་འཇིག་རྟེན་ཕལ་པ་ལ་ཇི་ལྟར་འབྱུང་བ་དེ་ལྟར་ཡང་དག་པར་འབྱུང་མོད་ཀྱི་འོན་ཀྱང་འདོད་པར་བྱ་བར་འབྲེལ་ལོ།། འདོད་པར་བྱ་བ་ཅི་ཞེ་ན། སྒྱུ་མ་ལྟ ་བུའི་དངོས་དགྲ་ནི་ཞེས་བྱ་བ་སྐྱེ་མ་ལྟར་མ་སྐྱེ་མེད་དུ་ཤེས་པར་འདོད་པས་འདོད་པར་བྱའོ།། ལོངས་སྤྱོད་ཁྱད་འཕགས་སྐྱེ་འགྱུར་བ། ཞེས་བྱ་བ་ནི་སྐྱེ་མེ་དུ་ཤེས་པསོ།། པདྨ་བའི་ཡོངསུ་འགྱུར་བཞིན་པས། ཞེས་བྱ་བ་ནི་ཕལ་པ་ལྟེ་ར་སྡུག ་བསྔལ་གྱི་རྒྱུར་མི་འགྱུར་བས་སོ།། འབྲས་བུ་ཁྱད་འཕགས་ཐོབ་འགྱུར་བས་ནི་ཞེས་བྱ་བ་ལ། འབྲས་བུ་ལ་གཉིས་ཏེ་ཤེས་རབ་གསུམ་གྱི་འབྲས་བུ་གོང་ནས་གོང་གི་རྟོགས་པ་ཡིན་ལ། མཐར་ཐུག་གི་འབྲས་བུ་རང་གཞན་གྱི ་ཕུན་སུམ་ཚོགས་པའོ།། དེའི་ཕྱིར་ན་འདོད་པར་བྱ་ཞེས་བྱའོ།། དེའི་ཕྱིར། དེ་ལྟར་ཡང་དག་འབྱུང་མོད་ཀྱི།། སྒྱུ་མ་ལྟ་བུའི་དངོས་དག་ནི།། ལོངས་སྤྱོད་ཁྱད་འཕགས་སྐྱེ་འགྱུར་བ།། བདེ་བའི་ཡོངས་སུ་འགྱུར་བཞིན་པས།། འབྲས ་བུ་ཁྱུད་འཕགས་ཐོབ་འགྱུར་བས།། ཅི་ཡི་ཕྱིར་ན་འདོད་མི་བྱ་ཞེས་བྱའོ།། ད་ནི་ལམ་ཁྱད་པར་ཅན་ལ་གནས་པའི་ཕན་ཡོན་དང་། རྫུ་འབྲས་ཕྱིན་ཅི་མ་ལོག་པ་ལ་གདམས་པ་བསྟན་པའི་ཕྱིར། མཁའ་འགྲོ་ལས། བསྒོམ་པ་ཁྱད་པར་ཅན ་གང་ཞིག། གོམས་པའི་སྟོབས་ནི་རྫོགས་པ་ན།། ཡིད་འོང་བོ་པའི་འབྲས་འབྲས་བུ་ནི།། བླ་མེ་པ་གསལ་བ་བློ་ཡི་མཐུ།། ཞེས་པ་ལྀ། སྒོམ་པ་ཁྱད་པར་ཅན་ནི། མི་མཐུན་པ་དང་གཉེན་པོར་རོ་གཅིག་པར་ཤེས་པའོ།། གོམས་པའི ་སྟོབས་ཤེས་རབ་གསུམ་རིམ་གྱིས་གོམས་པའོ།། རྫོགས་པ་ནི་ཁྱད་པར་དུ་གྱུར་པའོ།། ཁང་པའི་འབྲས་བུ་ནི་གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ།། དེ་ལྟ་བུའི་བླ་ན་མེད་པའི་འབྲས་བུ་གསལ་བ་ནི་བློ་སྟེ་ཤེས་རབ་ཀྱི་མཐུའོ།། དེའི ་ཕྱིར་བསམ་པ་དང་བསྒོམ་པའི་ཤེས་རབ་ལ་ནན་ངན་གྱིས་བསྒྲུབས་ཤིག་པའོ།། རྒྱུ་འབྲས་མ་ནོར་བ་ལ་ག་མས་པ་ནི། འབྲས་བུ་དོན་གཉེར་རྒྱུ་བསྒྲུབས་ན།། དེར་ནི་ལྷ་མོ་སུ་ཞིག་འགོག། ཞེས་བྱ་བ་ལ། སངས་རྒྱས་དོན་དུ ་གཉེར་བར་རྒྱུ། ཤེས་རབ་གསུམ་ཕྱིན་ཅི་མ་ལོག་པར་བསྒྲུབས་ན་དེར་འབྲས་བུ་ལ་གེགས་མེད་པའི་ཕྱིར་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས་མ་རྡོ་རྗེ་དགེ་མོ་ལ་བོས་ནས་གང་མས་པའོ།། དེའི་ཕྱིར། དེ་བས་འབད་པ་ཐམས་ཅད ་ཀྱིས།། ཀུན་ཏུ་འགྲོ་བ་མ་མཆོད་པར་བྱ།། ཞེས་བྱ་སྟེ། ཤེས་རབ་གསུམ་ལ་ཅན་ཏན་ཏུ་གདམས་པའོ།། མཐུན་པའི་རྐྱེན་མ་ཚང་བ་ནི་མི་འགྲུབ་པའི་རྒྱུ་ཡིན་པས། དེའི་ཕྱིར་དཀའ་ཐུབ་སྡོམ་པ་མི་ཛད་པས།། ལུས་ནི་བསྐམས་ཤིང ་སྡུག་བསྔལ་འགྱུར།། སྡུག་བསྔལ་གྱིས་ནི་སེམས་གཡེངས་ན།། གཡེངས་པས་དང་ས་གྲུབ་གཞན་དུ་འགྱུར།། ལུས་དང་སེམས་ནི་བརྟན་འགྱུར་ན།། བདེ་བ་ཐམས་ཅད་བརྟན་འགྱུར་བ།། སྡུག་བསྔལ ་གྱིས་ནི་གཡོ་འགྱུར་བས།། ཤིན་ཏུ་འགོག་པར་འགྲོ་བར་འགྱུར།། དེས་ན་ལུས་དང་ངག་སེམས་རྣམས།། བརྟན་པར་བྱས་ན་བྱང་ཆུབ་འཐོབ།། གཞན་དུ་དུས་མིན་འཆི་བ་དང་།། དམྱལ་བར་ངེས་པར་བསྲེག་པར་འགྱུར།། ཞེས་བཅོམ ་ལྡན་རྡོ་རྗེ་ཅན་གྱིས་གསུངས།། ཞེས་བྱ་སྟེ་ཚིག་དོན་ནི་གོ་སླའོ།། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་།། བཞི་སྟོང་གསུངས་པཾ་གང་ཡིན་པ།། དེས་དོན་བརྗེད་བྱ་བཀྲོལ་བ་ལྔ།། འཕགས་དང་མཁའ་འགྲོ་བཟོད་པར་མཛོད།། ངེས་དོན་ཟབ ་མོ་བརྒྱུད་པའི་རིམ།། བླ་མའི་ལུང་བཞི་ནི་གསལ་ཕྱེ་བས།། མིག་མེད་ལམ་ནོར་རྣམས་ཀྱི་ནི།། མིག་འབྱེད་ལམ་རྟོག། ས་རྒྱུར་གྱུར་ཅིག། རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཡི་པས་རིགས་དྲུག་པ་ཧེ་རུ་ཀའི་ཐབས་རྩ་བའི་དཀྱིལ་འཁོར་ཆེན་པོ ་མཛད་པའི་དོན་རྒྱུད་ལྟར་དཀྲོལ་བ། མཁས་པ་ཆེན་པོ་དཱི་པ~ཾ་ཀར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། ། པཎ་ཌི་ཏ་རེ་ཉིད་དང་། ལོ་ཙེ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་