CLOSE WINDOW

GT2068: dug sel ma'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཛཱཾ་གུ་ལཱི་སཱ་དྷ་ནཾ། བོད་སྐད་དུ། དུག་སེལ་མའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་རང་ཉིད་ཀྱི་སྙིང་གའི་དཀྱིལ་འཁོར་དམར་པོར་ཡི་གེ་ཛྙཱཾ་གི་ཡེ་ཤེས་ངེས་པར་རྫོགས་པ་ཝ། ་རིག་པའི་མཚན་དུ་གྱུར་པ་ནི་དུག་སེལ་མ་སྟེ། སྐུ་མདོག་སེར་མོ་གདེངས་ཀ་བདུན་གྱི་ཀུན་ནས་ལོངས་སྤྱོད་པ། འབར་བར་གྱུར་པའི་རིན་པོ་ཆེ་དམ་པས་བརྒྱན་པ། ཞལ་གསུམ་སྤྱན་གསུམ་མ། ཕྱག་དྲུག་མ། རོལ་པས་བསྐྱོད་པ་དབུ་ལ ་མི་བསྐྱོད་པ་ལེགས་པར་བཞུགས་པ་གཞོན་ནུ་མེའི་མཚན་ཉིད་ཀྱིས་མཆོག་ཏུ་འབར་བར་གྱུར་པ། ཁྲོ་བ་དང་བཅས་པའི་བཞད་པ་ཉིད་དང་། སྦྲུལ་གྱི་སྨད་ཀ་དང་ལྡན་པ། གཡས་པའི་ཕྱག་ན་རྡོ་རྗེ་བསྣམས།། གཉིས་པས་རལ་གྲི་གདོངས ་གདེངསོ་པར་མཛད།། གསུམ་པ་གར་གྱི་སྟངས་ཀྱིས་འདུང་།། སྐྲག་མཛད་མངའ་ནི་བསོར་བ་ར་མཛད་།། གཡོན་པ་བསྡིགས་མཛུབ་ཞགས་པ་སྟེ།། གཉིས་པ་དུགི་མེ་ཏོག་ཅན།། གསུམ་པའི་ཕྱག་ན་གཞུ་བསྣམས་ཤིང་།། སྨད་ཀ་ལ་ནི་མེ ་ཏོག་ལྡན།། པདྨའི་གདན་ལ་བཞུགས་པ་གསེར་གྱི་མདོག་དང་ལྡན་ཞིང་འོད་དམར་པོའི་དཀྱིལ་འཁོར་ལས་ལོ། ཟེར་སྤྲོ་བར་མཛད་པ། དྲི་མ་མེད་པའི་འཇའ་ཆེན་འབར་བས་ཉེ་འཁོར་ཡོང་སུཾ་ཁྱབ་པ། སདྱས་རྒྱ་མཚོའི་སྐུ་རྣམ་སྤྲོ་བར ་མཛད་ཅིང་། རང་གི་ཕྱག་ན་ཟླ་བ་དང་བུམ་པ་དང་ལྡན་པས་དུག་ཟིན་པ་ཉལ་བ་ལ་འཁྲུ་བར་མཛད་པ། ཁ་ལ་ཡི་གེ་ཛཱཾ་གིས་བརྒྱན་པ་སྟེ། སྐུ་གསུམ་དུག་སེལ་རྟག་པར་ཡང་།། དུག་གིས་ཟིན་ལ་བསྒོམ་པར་བྱ།། གོང་ཕྱིར་དེ་ལྟར ་བསྒོམས་གྱུར་པས།། རིང་མིན་བྱང་ཆུབ་ཀུན་ནས་ཐོབ།། ལག་པ་གཉིས་སྦྲུལ་ཟླ་བའི་རྣམ་པས་སྤྱི་བོ་ནས་འགེབས་པར་བྱེད་པ། གདུགས་ལྟར་བྱས་པ་ནི་དུག་སེལ་མའི་ཕྱག་རྒྱའོ།། སྔགས་བཟླས་པར་བྱ་སྟེ། ཨོཾ་ན་མ་ཤ ་བ་ར་ཀུ་མ་རཱི་ཡེ་ཙུ་རནྡྷ་ཎཱ་ཌི་ནཱི་ལ་ཡ་སཾ་གྷ་ཊཱ་ནི་མཱ་དྷྭཾ་གྷུ་ཌཱི་བིདྡྷཱ་ཡ་ཧཱུ~ཾ་ཨཱཾ་ཛྫཿསྭཱ་ཧཱ། འཕགས་མུ་ཛུ་ག་སེལ་མའི་སྒྲུབ་པ་བ་སྔོ། མཁས་པ་ཨ་ལོས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། རྒྱུ་གརོ་སྐད་དུ། ཛྙཱཾ་ཀུ་ལླཱི ་