CLOSE WINDOW

GT2062: nor rgyun ma'i sgrub thabs
Wyliee-texts produced with BDRC’s OCR application

ཆེན་པོ་ཨ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། @#།། རྒྱ་གར་སྐདདུ། བ་སུ་དྷ་ར་སཱ་དྷ་ནཾ། བོད་སྐད་དུ། ནོར་རྒྱུན་མའི་སྒྲུབ་ཐབས། སྔར་བ་ཤིད་པའི་ཆེ་གེའི་རིམ་པས་ཡི་གེ་བཾ་སེར་པོ་ཡོངས ་གྱུར་པ་ལས་ཞལ་ཅིག་ཕྱག་གཉྩིས་མ་སེར་མོ།། གཞོ་ན་ནུ་མ་ལང་ཚོ་ལ་བབ་པ། རྒྱུན་དང་གོས་ཀྱིས་རྣམ་པར་བརྒྱུན་པ། འབྲས་དྲུངས་ཀྱི་སྙེ་མིའི་མཆོག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་བབ་པའི་བུམ་པ་ཕྱག་གཡོན་ན་བསྣམ་པ ་ཤིང་དགཡས་པས་མཆོག་སྦྱིན་པར་མཛད་པ། དགའ་བར་གྱུར་པའི་འཁོར་དུ་མས་ཡོངསུ་བསྐོར་ཞིང་སྣ་ཚོགས་པད་མ་དང་ཟླ་བའི་གདན་ལ་བཞུགས་པ། རིན་ཆེན་འབྱུང་ལྡན་དབུ་རྒྱན་ལ་སྟེ། རང་གི་སོ་བོན་ལས་སྙང ་ཁར་སྐད་ཅིག་གིས་བསྐྱེད་ལ། ཕྱག་རྒྱ་བཅིང་བར་བྱ་བ་ནི་ལག་པ་གཉིས་ཁུ་ཚུར་བཅངས་ལ་གུང་མོ་གཉིས་རྩེ་སྤྲད་པའི་ཚིགས་གསུམ་ལ་སྐུར་བར་བྱས་པ་ནི་ནོར་རྒྱུན་མའི་ཕྱག་རྒྱའོ།། དེ་ནས་བ་སུ་དྷཱ་རཱང་ན ་ནིདྷཱ་ནརྠེ་ཏྲེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་བཟླས་པར་བྱའོ།། ནོར་རྒྱུན་མའི་སྒྲུབ་ཐབ་སོ།། དཱ་བྱང་ཆུབ་སེམས་དཔའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། རྒྱ་གརོ་སྐད་དུ། བ་སུ་དྷཱ་ར་དྷཱ་ར་ཎི་ཨུ ་