CLOSE WINDOW

GT206: bcu gsum gyi bdag nyid dpal 'khor lo sdom pa'i dkyil 'khor gyi cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཏྲ་ཡོ་ད་ཤྭཏྨ་ཀ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལོ་པཱ་ཡི་ཀཱ། བོད་སྐད་དུ། བཅུ་གསུམ་གྱི་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། དང ་སངས་རྒྱས་དུས་གསུམ་ཡང་དག་རིག་མཛད་པ།། དཔལ་ལྡན་རྡོ་རྗེ་སེམས་དཔར་སྤྱི་བོས་ཕྱག་བྱས་ནས།། བཅུ་གསུམ་བདག་ཉིད་ཅན་གྱི་སྡོམ་པ་དེ་ཡི་ནི།། དཀྱིལ་འཁོར་གྱི་ནི་ཆོ་ག་འདིར་ནི་བཤད་པར་བྱ།། དཀྱིལ་འཁོར་ཆེན་པོ་མྱུ་ར་བར་མཆོག ་ཏུ་གྲུབ་འགྱུར་ཞེས།། གཞན་གྱི་དོན་གྱི་བློ་ཡིས་ངེས་པར་བསམ་ནས་ནི།། དབང་བསྐུར་རབ་གནས་ཆོ་ག་སྒྲུབ་ཐབས་ལ་སོགས་རྣམས།། བྱས་པ་འདི་ལས་ངེས་པར་བསྔགས་པའི་ཆོ་ག་ཉིད།། བརྟན་ཞེས་ཟང་མོའི་ཆོས་ཤེས་པ།། རབ་གནས ་གཏོར་མའི་ཕ་རོལ་སོན།། སྦྱིན་སྲེག་དཀྱིལ་འཁོར་དེ་ཉིད་ཤེས།། རིག་པ་ཀུན་ལ་ཤིན་ཏུ་མཁས།། གསོང་སྔགས་ངེས་པའི་ཚུལ་ལ་གུས།། གཟུགས་ལྡན་ལྡན་སྡུག་པ་དང་།། བླ་མ་ལ་གུས་སྙིང་རྗེར་ལྡན།། སྡོམ་པ་འབྱུང་བའི་སྟོན་པ་པོ།། ་ལྷ་ཁང་མཆོད་རྟེན་གནས་དོང་ནི།། འཁོར་གྱི་ཁྱམས་དང་གཙང་མའི་ས།། གདོད་ནས་གྲུབ་པའི་དུར་ཁྲོད་དུའང་།། དེར་ནི་དཀྱིལ་འཁོར་བརྩམ་པར་བྱ།། ཡོངས་སུ་བརྟགས་པའི་ས་ཡི་ཆར།། རྐོ་ལ་སོགས་མི་བྱ་སྟེ།། ལེག་པས་རག་ནས་ཧཱུཾ ་ཡིག་གི། ས་སྦྱང་བ་ཡི་གསང་སྔགས་བཟླ།། སྣ་ཚོགས་པ་རྣམས་སྟོང་ཉིད་དུ།། རོ་གཅིག་པར་ནི་ངེས་མོས་ན།། དེ་ཡིས་ནི་ངག་འགྱུར་ཏེ།། དེ་བཞིན་ཉིད་དག་རྒྱུ་ཕྱིར་རོ།། དཀྱིལ་འཁོར་གྱི་ནི་ས་ཡི་ཆ།། ཉིས་འགྱུར་དུ་ནི་སྦྱང་བར་བྱ།། རང ་གི་སེམས་ནི་ཡོངས་དག་པར།། གྱུར་ན་དེ་ཉིད་ས་དག་འགྱུར།། ཞེས་བྱའོ།། ས་སྦྱངས་པའོ།། ། དེ་ཕྱིར་མཆོག་གི་སློབ་དཔོན་གྱིས།། འདིར་ནི་དཀྱིལ་འཁོར་བྱ་བ་ཡིན།། ཡིད་དང་མཐུན་པའི་གརླ ་སུ་མི། རེ་ཤིག་སྔོན་དུ་བསྙེན་པ་བྱ།། དེའི་རྗེས་སུ་དཀྱིལ་འཁོར་གྱི་ས་ལ་མེ་ཏོག་དགྲམ་ཞིང་འདུག་ནས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པར་གྱུར་པའི་བཅུ་གསུམ་གྱི་བདག་ཉིད་ཅན་དཔལ་འཁོར་ལོ་སྡོམ་པའི་རང་བཞིན་རྡོ་རྗེའི ་སློབ་དཔོན་གྱིས་བསྲུང་བའི་འཁོར་ལོ་ལ་སོགས་པ་བྱས་ནས།། བགེགས་གཞོམ་པའི་ཕྱིར་སྤོས་ཀྱི་སྣོད་ཐོགས་ནས་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་གསལ་བར་གྱུར་པས།། མ་ལུས་ཕྱོགས་ན་བཞུགས་པ་ཡིས།། སངས་རྒྱས ་རྣམས་ནི་བདག་ལ་དགོངས།། བདག་ནི་ཆེ་གེ་རྡོ་རྗེ་ཅན།། འདིར་ནི་དཀྱིལ་འཁོར་བྱ་བར་འཚལོ།། སངས་རྒྱས་ལ་སོགས་ཀུན་བྱིན་ལ།། བདག་ལ་གྲུབ་པ་སྩལ་དུ་གསོལ།། རྫོགས་པའི་སངས་རྒྱས་ལ་སོགས་པ་རྣམས་ལ་སྙན་གསན་པབ་ནས ་མཆོད་པར་བྱའོ།། དེ་ནས་སྔགས་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་ཁྭ་གདོང་མཱ་ལ་སོགས་པའི་གཟུངས་མའི་རྣལ་འབྱོར་དང་ལྡན་པའི་སློང་མ་བཞི་རྣམས་ཀྱིས་སམ།། གཅིག་གིས་ཀྱང་རུང་སྟེ་གཡོན་བསྐོར་གྱིས། དེ་བཞིན་གཤེགས་པ་ཀུན་ཞི་བ།། དེ ་བཞིན་གཤེགས་པ་ཀུན་གྱི་གནས།། ཆོས་ཀུན་བདག་མེད་པ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། མཚན་ཉིད་ཐམས་ཅད་ཡང་དག་རྫོགས།། མཚན་ཉིད་མིན་པ་ཐམས་ཅད་སྤང་།། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ ་བཤད་དུ་གསོལ།། ཞི་བའི་ཆོས་མཆོག་ལས་བྱུང་བ།། ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད།། ཀུནྡ་དུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། དག་ཅིང་རང་བཞིན་དྲི་མ་མེད།། ་ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག། དཀྱིལ་འཁོར་ཁ་ལོ་བསྒྱུ་ར་བ་གསུ་ངས།། ཤེས་ཚིགས་སུ་བཅད་པ་བཞིས་གསོལ་བ་བཏབ་པར་གྱུར་པ་དང་། ང་ནི་སངས་རྒྱས་བྱང་ཆུབ་སེམས།། རྡོ་རྗེ་ཉི་མ་ང་ཉིད་དེ།། དོན་ཡོད་རྡོ་རྗེ་ཆོས་ཀྱང་བ ་སངས་རྒྱས་ཐམས་ཅད་ཉིད་ཀྱང་ང། ཞེས་ང་རྒྱལ་བ་བརྗོད་ཅི་སོང་། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སྡིགས་མཛུབ་གཉིས་བརྐྱང་སྟེ་སྦྱར་བའི་རྩེ་མོ་འོག་ཏུ་ཕྱོགས་པ་སྤྱི་བོར་འཛིན་པ་ས་ཧཱུཾ་བཛྲོ་ཏྟིཥྛ་ཞེས་བརྗོད་ཅིང་མདུན་དུ་བསྒོམས་ཤིང་སྤྲོས ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ན་མཁའི་མཐིལ་ན་གནས་པ་ཐམས་ཅད་ཀྱང་བཅུག་སྟེ་ལངས་ལ་ཤཱར་དུ་ཕྱོགས་པས་སེམས་ཅན་རྣམས་མ་རིག་པའི་མུན་པ་ཆུད་ཅིང་བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ལ་ངེས་པར་བལྟན ་ནས་སྙིང་རྗེ་དང་ལྡན་ཞིང་ང་རྒྱལ་བའི་ཐུགས་ཅན་གྱིས་བདུད་རྣམས་བསྐྲད་པར་བྱ། ཕྱིའི་ཕྱིར་འཁོར་ལོའི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པའི་མིག་གཡས་པར་མ་ལས་ཉི་མའི་དཀྱིལ་འཁོར་གྱི་རྣམ་པ་དང་། མིག་གཡོན་པར་ཊ ་ལས་ཟླ་བའི་རྣམ་པ། མིག་འབྲས་གཉིས་ཧཱུཾ་ལས་བསྐལ་པའི་མེའི་རྣམ་པས་སྣ་ཚོགས་པ་འདི་ལ་ཀུན་དུ་རྣམ་པར་བརྟག་པར་བྱའོ་ཞེས་བསྒྱིངས་པ་དང་བཅས་པའི་གཡོ་བས་རྐང་མཐིལ་འབར་བའི་རྡོ་རྗེས་རོལ་ཞིང་གསོར་བས་སྣ ་ཚོགས་རྡོ་རྗེའི་རྐང་སྟབས་བྱས་ཏེ་གནས་རྣམས་སུ་དྲིལ་བུ་དཀྲོལ་བར་བྱའོ།། གདུག་པའི་ཚོགས་རྣམས་གཞོམ་པའི་ཕྱིར།། ཁཱ་ནུས་ཧཱུཾ་ཡིག་འདོན་པའི་ཞལ།། འཁོར་ལོའི་སགཡོན་སྐོར་དུ།། སྔགས་པ ་ཡིས་ནི་བཅག་པར་བྱ།། གཟའ་དང་འབྱུང་པོ་འདྲེ་ལ་སོགས།། ལུས་དག་ཡིད་ལ་གནས་པ་རྣམས།། དྲིས་པར་འཇོམས་ཀྱིས་དངས་ཤིག་ཅེས།། དེ་ཚེ་བོགེགས་ཀྱི་ཚོགས་རྣམས་བསྐྲད།། སུ་ཡང་རུང་བའི་ལུས་སྲུལ་པོ་རྣམས་དང་།། བགེགས ་ཀྱི་ཚོགས་རྣམས་གཞན་དུ་འབྱེར་བར་གྱིས།། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས་ཡིན་ཏེ།། སྲུང་བའི་འཁོར་ལོ་རབ་ཏུ་སྦྱོར་བ་པོ།། ཀུན་ནས་འབར་བའི་རྡོ་རྗེ་ཡིས།། ལུས་སྐྱེས་རྣམས་ཀྱི་ལུས་དགས་བྱ།། གལ་ཏེ་ཁ་ཅིག་བདག་ལས་འདས ་འདིར་ནི་འཇིག་འགྱུར་གཞན་དུ་མིན།། ཞེས་བྱ་བས་བསྐྲད་པ་དེ་ལྡེས་བགེགས་མ་ལུས་པ་ཞིག་པར་བལྟའོ།། དེ་ན་ནས་དཀྱིལ་འཁོར་གྱི་ས་ལས་དྲི་བཟངས་ཉེ་བར་བྱུགས་ཏེ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཉེ་བར་སྤྱོད་པ་སྣ་ཚོགས ་པ་དང་། གར་དང་། གླུ་དང་། སིལ་སྙན་གྱི་སྒྲ་ལྀ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་ལག་པས་ཉེ་རེག་བྱ་ཞིང་འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་བརྒྱད་དང་ཡི་གེ་བརྒྱ་པ་ཡང་ལན་བདུན་བཟླས་ནས་དེར་ལྷའི་འཁོར་ལོ་སྤྱི་ཞིང་བསྡུ་བས ་ཉལ་བར་བྱའོ།། ཞེས་བྱ་བ་ནི་ས་ཡོངས་སུ་གཟུང་བའོ།། །། དེ་ནས་སྔ་བར་ལངས་ལ་འགྲོ་བ་རྣམས་མངོན་པར་རྫོགས་པིཿ་ཆུབ་ལ་དགོད་པར་བྱ་བའི་ཕྱིར་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་ཕྱིར་རྗེས་ལ་རཾ་དམར་པོ་ལས་བྱུང་བའི་ཉི་མ་ལ ་གནས་པའི་ཧཱུཾ་ཡིག་ནག་པོ་ལས་སྐྱེས་པ་འོད་ཟེར་ལྔའི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུཾ་གི་ཡི་གེ་ལས་ཀུན་ཏུ་རྒྱ་ཆེ་བ་ནུས་ཀྱི་འབྲས་བུའི་ཚད་ཀྱི་རྡོ་རྗེ་ལྟེ་བའི་གཟུགས་ཀྱིས་དུམ་བུ་གཅིག་ཏུ་གྱུར་པ། རྡོ་རྗེའི་ར་བ་དང་གུར་དང་མདའི་དྲུ་བ་དང་བླ་རེ་དང་འོག་ཏུ་སྣ ་ཚོགས་རྡོ་རྗེའི་རང་བཞིན་ཅན་གྱི་ས་བསྒོམ་ནས་ཉི་མ་སྣ་ཚོགས་རྡོ་རྗེ་དང་བཅས་པ་ཡོངས་སུ་གྱུར་པས་འོད་ཟེར་གྱི་ཚོགས་ཀྱི་ཀུན་ཏུ་ཚིག་པར་གྱུར་པར་བསམ་མོ།། དེའི་དབུས་སུ་རང་གི་སྙིང་གའི་ས་བོན་ལས་ཕྱོགས་དང་ཕྱོགས་བྲལ་དུ་ཁྭ་གདོང་མ ་ལ་སོགས་པ་མཁའ་འགྲོ་མ་ཤིང་རྣམས་སྟེང་དུ་དང་། དུམ་སྐྱེས་མ་འོག་ཏུ། དུམ་སྐྱེས་མ་གཉིས་པ་རྣམ་པར་སྤྲོས་ནས་དེ་ནས་རང་གི་སྙིང་གའི་ས་ནས་སྤྲོས་པའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུའི་འགེགས་རྣམས་བཀུག་ནས་དེ་རྣམས་ལ་གཏད་པར ་བྱའོ།། མཁའ་འགྲོ་མ་དེ་རྣམས་ཀྱང་ཡུངས་ཀར་དང་ཙན་དན་དམར་པོས་བྱུགས་ཁ་དོག་ལྔའི་སྐུད་པས་བཀྲིས་ཤིང་མཆོད་པ་རྣམས་མེ་ཏོག་དམར་དམར་པོའི་ཕྲེང་བ་བཏགས་པ་བཅུ་རྣམས་སུ་སོ་སོར་སྤྲོས་ནས་གནོད་མཛེས་རྒྱལ་པོའི་ཕུར་བུ་ལྟེ་བ ་མན་ཆད་མདུང་གི་རྣམ་པ།། སྟོང་བདག་ཉིད་ཀྱི་གཟུགས་ཅན་ཕྱག་གཡོན་པས་གཟུང་ནས་གཡས་པས་གྲི་གུག་ཡོངས་སུ་གྱུར་པའི་རྡོ་རྗེའི་ཐོ་བ་བཅུས་ཧཱུཾ་ལས་སྐྱེས་པའི་ཁྲོན་པ་བཅུར་བགེགས་དེ་རྣམས་བཅུག་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ ་དུཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷ་ནཱཾ། ཀཱ་ཡ་བཱཀྩི་ཏྭོ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཞེས་བརྗོད་ཅིང་རང་གི་ཕུར་བུ་རྣམས་ལ། ཨོཾ་བཛྲ་སུངྒ་ར་ཀོ་ཊ་ཧཱུཾ་ཞེས་བརྗོད་ཅིང་གདབ་པར་བྱའོ།། བགེགས་ལྷག་མཾ་རྣམས ་རིང་དུ་བྱེར་བར་བལྟས་ནས་བགེགས་ཀྱི་ཚོགས་རྣམས་དེ་བཞིན་ཉིད་དུ་རོ་གཅིག་པའི་མོས་པ་བྱའོ།། ཞེས་བྱ་བ་ནི་བགེགས་ལ་ཕུར་བུ་གདབ་པའོ།། ། དེའི་རྗེས་སུ་སྔགས་པས་དཀྱིལ་འཁོར་གྱི ་ས་གཞི་དྲི་བཟས་ཀྱིས་བྱུགས་པའི་ངོབུས་སུ་བཾ་ལས་བྱུང་བའི་སའི་ལྷ་མོ་བསྒོམས་ནས་ལག་པ་གཡས་པའི་ཟླ་བར་ཧཱུཾ་གསུམ་བཀོད་ལ་སོར་མོ་གསུམ་གྱིས་བསྣུན་པའི་སྒྲའི་ཚོགས་རྣམས་ཀྱིས་བསླང་བའི་ཡེ་ཤེས་སེམས་དཔའ་དང་རོ་གཅིག་པ ་གྱུར་པའི་ལྷ་མོ་སེར་མོ་ཕྱག་གཡོན་པས་གསེར་གྱི་བུམ་པ་བཟང་པོ་དང་ཅིག་ཤོས་ཀྱིས་ཁས་ལེན་པའི་ཚུལ་ཅན་ཞལ་གཅིག་པ་ཟླ་བ་ལྟ་བུ་ལྷའི་རྒྱན་གྱིས་བརྒྱ་རིན་པ་མདུན་ན་གནས་པར་བལྟས་ནས། མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས ་ལྷུག་པར་གནས་པར་བྱའོ།། མ་མ་རིན་ཆེན་སྣ་ཚོགས་འཛིན།། སྡོམ་པ་ཁྲོ་བོས་མཆོད་པ་མོ།། ལྷ་མོ་ཁྱོད་ནི་དཔང་གྱུར་པས།། ཚེ་གེ་མ་བདག་ནི་དཀྱིལ་འཁོར་བྲི།། དེ་སྐད་ས་ལ་ལན་གསུམ་དུ།། གསོལ་གདབ་བསང་གཏོར་ལ་སོགས་བྱ། ་དེས་ཀྱང་བྱ་བ་ཉིད་དོ་ཞེས།། དེ་སྐད་གསུང་ནིས་ཐིམ་པར་བསམ།། དེ་ནས་རྡོ་རྗེ་བཅིང་བ་ནང་དུ་བྱས་ནས་སྭ་ལ་མེ་ནན་ཏེ། ཨོཾ་བཛྲི་བྷ་བ་ཧཱུཾ་ཞེས་ལན་གསུམ་མངོན་པར་སྔགས་ནས་རྡོ་རྗེ་བཅིངས་པ་ལས་བྱུང་བའི་འབར་བའི་ཧཱུཾ་གི་ཚོགས་ཀྱིས་ས ་འོག་གི་བར་དུ་རྡོ་རྗེས་བྱས་པར་བལྟས་ཏེ། བཛྲ་དྲྀ་ཌྷ་ཏིཥྛ་ཞེས་ལན་གསུམ་གྱིས་ས་བྱིན་གྱིས་བརླབ་པོ།། འདི་ལྟ་བུས་རང་གི་དབང་དུ་གྱུར་པར་མོས་བྱའོ།། ཞེས་བྱ་བ་ནི་ལྷག་པར་གནས་པའོ།། དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་ཡི་གེ་གསུམ ་གསུམ་གྱིས་དྲི་བཟངས་དང་བདུད་རྩི་ལྔས་ཉེ་བར་བྱུགས་ལ།། དྲི་བཟང་པོའི་མེ་ཏོག་གཅལ་དུ་དགྲམ་ཞིང་སྔགས་པས་ཁྲུས་དང་དྲི་བཟང་པོས་བྱུག་ཅིང་ཇི་ལྟར་རྙེད་པའི་གོས་དང་རྒྱན་དང་གཙུག་ཏོར་གྱིས་འདུག་ཅིང་འཁོར་ལོའི་དབང་པོའི་རྣལ་འབྱོར་དང ་ལྡན་པས་བདུད་རྩི་ལྔ་དང་ཙན་ངན་དེང་གུ་རི་ཀུམ་ལ་སོ་རིགས་པ་རྣམས་ཀྱིས་མཎྜལ་བཅུ་གསུམ་དུ་བླུགས་དེར་རིང་གི་དམ་ཚིག་གི་འཁོར་ལོར་ལྷག་པར་མོས་ཤིང་ན་མཁའི་མཐིལ་ན་བཞུགས་པའི་ཡེ་ཤེས་ཀྱི་འཁོར་ལོ་བློས་བཀུག་ནས་གཞུག་ཅིང་ཕྱི་དང་གསང ་བའི་མཆོད་པ་རྣམས་ཀྱིས་མངོན་པར་མཆོད་ཅིང་བསྟོད་ནས་བདུད་རྩི་མྱང་བར་བྱའོ།། དེ་ནས་བསྒོམས་པའི་དཀྱིལ་འཁོར་གྱིས་ཕྱི་རོལ་ཏུ་སློབ་དཔོན་ལྷོའི་ཕྱོགས་སུ་འདུག་ཅིང་བྱང་དུ་མངོན་པར་ཕྱོགས་པས་འཆད་པར་འགྱུར་བའི་ལྷ་སོ་སོ་སོའི་ཚུལ་གྱིས ་སམ་འབུམ་པ་གཅིག་གི་ཚུལ་གྱིས་ཀྱང་རུང་སྟེ་ལས་ཐམས་ཅད་པའི་བུམ་པ་ལྷག་པོར་བྱའོ།། བླ་རེ་དང་མཐིལ་དུ་སོ་སོར་དྲི་བཟང་པོའི་དཀྱིལ་འཁོར་གྱི་སྟེང་དུ་ཀུ་ཤ་སར་པའི་སྔོགས་ལ་གཞག་གོ།། སྟོང་པ་ཉིད་ཀྱི་རྗེས་སུ་བི་གྱི་ས་བོན་ལས་བྱུང་བའི ་གསེར་ལ་སོགས་པའི་བུམ་པ་ནག་པོ་དང་རྩ་བ་མེད་ཅིང་མཆུ་འཕྱང་བ་མགྲིན་པ་མཐོ་བ་གསུས་པ་ཆེ་བ་རྣམས་ལེགས་པར་བཀྲུས། ཤིན་ཏུ་བདུགས་ནས་དང་གྲོ་དང་མོ་སྲན་གྲེའུ་དང་སོ་བ་དང་ཏཱིལ་དང་། སྨན་ལྔ་ནི་བྲྀ་ཧ་ཏི་དང་ཀཎྛ་ཀ་རཱི་དང་གཞན ་གྱིས་མི་ཐུབ་པ་དཀར་པོ་དང་ས་ཧ་དེ་བ་དང་དཎྜོཏྤ་ལ་སྟེ་སྨན་ལྔའོ།། གུར་གུམ་དང་ཨ་ཀ་རུ་དང་གྲརྟྟི་དང་ཙན་ངན་དང་པ་ཏྲཾ་ག་ནི་དྲི་ལྔའོ།། གསེར་དང་དངུལ་དང་མུ་ཏིག་དང་བྱུ་རུ་དང་རཱ་ཛ་བརྟྟ་ནི་རིན་པོ་ཆེན་ལྔའོ།། དེ་རྣམས་བུཾ་པའི་ལྟོ་བར་བཅུག་ནས་གླང ་པོ་ཆེ་དང་ནོར་ཕྱུགས་དང་བོང་བུ་ལོགས་པས་མོས་རྙོགས་པའི་ཆུ་ཀླུང་ལ་སོགས་པ་ལས་བླངས་པ་སྟེ་སཱ་ལི་བཟང་པོ་དང་གཞན་པའི་སྣོད་ཀྱིས་མ་རེག་པའི་ཆུ་བདུད་རྩི་ལྔ་དང་བཅས་པ་བླུག་སྟེ་སྙིང་པོར་ཙཱུ་ཏ་དང་ཛཾ་བུ་དང་ནྱ ་གྲོ་དྷ་དང་ཨ་ཤཱཏྠ་དང་དང་དུཾ་བཱ་ར་རྣམས་དང་གཞན་གང་ཡང་རུང་བ་བ་དན་དང་གདུགས་དང་བེཙོས་པ་རྣམ་པར་སྒེག་པ་རྣམས་ནི་ཁ་ལ་སྟེ། མེ་ཏོག་དང་བཅས་པའི་ཕྲེང་བ་འོད་ཅན་དང་རས་ཟུངས་ཀྱིས་མགྲིན་པ་དཾ་ཀྲཱི་སཾ་པཾ། ཆོས་འབྱུང་དང་པདྨ་དང ་མ་ལ་གནས་པའི་རང་རང་གི་མཚན་མས་མཚན་པ་རྣམས་ནི་འདོད་པ་ལ་སོགས་པས་དཀར་པོར་བྱས་ཏེ་གཞག་པར་བྱའོ།། དེ་ནས་དེ་རྣམས་ལ་གཞོན་ནུ་མས་བཀལ་བའི་སྐུད་པ་དཀར་པོ་བདུན་གྱིས་སམ། ཁ་དོག་ལྔའི་སྐུད་པས་ཀྱང་རུང་སྟེ་ཧཱུཾ་ལན་བདུད ་བཟླས་པ། ཨོཾ་བཛྲ་ཤྭ་ཁ་ར་རཱ་ཊུ་མཊྚ་དི་ཤཱཾ་བནྡྷ་བནྡྷ་ཧཱུཾ་ཞེས་པ་གསུམ་མཱམ་བདུན་གྱིས་ཡོངས་སུ་དཀྲི་བར་བྱའོ།། ཡང་ན་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ། ཨོཾ་བཛྲཱ་མྲྀ་ཏོ་ད་ཀ་ཛཿཧཱུཾ་ཞེས་བྱ་བ་འདིས་ལན་བདུན་བཟླས་ཏེ་ཡེ་ཤེས་ཀྱི་བདུད་རྩིར་གྱུར ་པ་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་བདུད་རྩི་དཏིང་རྗེ་དྲི་བཟངས་ཀྱི་ཆུའི་སྙིང་པོར་དུང་དང་མེ་ཏོག་གི་ཕྲེང་བ་དང་རྡོ་རྗེ་ཡང་གཞག་ནས་ནོང་དུ། ཨོཾ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་བྱ་བ་འདིས་མ་ངེས་པའི་ཆང་ངམ་ཆུ་ཀླུང་གི་ཆུ་གཉིས་ཀྱང་རུང་བའི་ཆུ་ལ་དང་ལྷའི ་ར་ལོའི་མཚན་མ་ལ་དེ་བཞིན་ཁོ་ནར་སྐད་ཅིག་གིས་ཞེས་བྱ་བས་དམིགས་ནས་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་ཡེ་ཤེས་ཀྱི་འཁོར་ལོ་མཆོད་པ་སྔོན་དུ་འགྲོ་བས་གཞུག་པར་བྱའོ།། སྙིང་པོར་གནས་པའི་འཁོར་ལོ་འདོད་ཆགས་ཆེན་པོས ་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གཙོ་བོར་གྱུར་པའི་སྣང་བ་རོ་གཅིག་ཏུ་གྱུར་པར་བསམ་མོ།། ཡང་ན་སློབ་དཔོན་གྱི་རྡོ་རྗེ་ལ་དཀྲིས་པའི་མེ་ཏོག་གི་ཕྲེང་བ་དེ་རྣམས་ཧཱུཾ་བརྗོད་ཅིང་ལག་པ་གཡོན་པ་གཟུང་ནས་གཡས་པས་ཕྲེང ་ཐག་གཟུང་སྟེ། འཁོར་ལྷོའི་དབང་ཕྱུག་གི་སྔགས་མངོན་པར་བཟླས་ནས་དེ་ལ་སྔགས་ཐམས་ཅད་ཀྱིས་ཀུན་དའི་མེ་ཏོག་གསུམ་གཞུག་པར་བྱའོ།། བུམ་པ་གཞན་རྣམས་ལ་ཡང་རང་རང་གི་ལྷ་བཀུག་ཅིང་རང་རང་གི་སྔགས་བརྒྱ་རྩ་བརྒྱད་དམ ་ཉི་ཤུ་རྩ་གཅིག་གིས་མངོན་པར་བསྔགས་པ་རྣམས་ལ་དེ་ཁོ་ན་བཞིན་དུ་ཀུན་དའི་མེ་ཏོག་གསུམ་བཅུག་ནས་བསམ་པར་བྱའོ།། སྔགས་ནི། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལྱ་སམྦྷ་རཱ་སྭཱ་ཧཱ། འཁོར་ལོའི་དབང་ཕྱུག་གིའོ།། ཨོཾ་ཌཱ་ཀི ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎི་ཡཻ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུ~ཾ་ཕཊ། ཨོཾ་ཨཱ་ལཱ་ཀ་སྱཻ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྲ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌྷི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མེ་དཱུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ་ཨོཾ་ཡ་མ་དེཥྚི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནཱི་ཡེ་ཧུཾ་ཧཱུ~ཾ་ཕཊ། དཔའ་མོའི་དབང་ཕྱུག་མ་རྣམས་ཀྱིའོ།། ཨོཾ་ཁཎྜ་རེ་ཧ་ཧུཾ་ཧཱུཾ་ཕཊ། དུམྦྷ་སྐྱེས་མའི་ལས་ཐམས་ཅད་པའི་སྔགས་སོ།། དེ་ནས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་མེ་ཏོག་ལ ་སོགས་པསའི་མངོན་པར་མཆོད་ནས་ལས་ཐམས་ཅད་པ་ལས་ཡལ་འདབ་ཀྱིས་བླངས་པའི་ཆུས་བསངས་ཏེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་པ་དེ་སྲིད་དུ་སོ་སོའི་གནོད་པ་རྣམས་ཕྱིར་བཟློག་པར་མཛོད་ཅིག་ཅེས་བརྗོད་ནས ་གཏོར་མ་ཕུལ་ཏཱི་ཉེ་རེག་བྱས་ནས་སླར་ཡང་མེ་ཏོག་ལ་སོགས་པས་མཆོད་དེ། རྡོ་རྗེ་མཁའ་འགྲོ་མའི།། འཁོར་ལོས་སྒྱུར་མ་ཁྱོད་ཕྱག་འཚལ།། ཁམས་གསུམ་པ་ནི་གཅིག་པའི་སྐུ།། འཁོར་ལོའི་མཁའ་འགྲོ་ཁྱོད་ཕྱག་འཚལ ་རིན་ཆེན་མཁའ་འགྲོ་ཁྱོད་ཕྱག་འཚལ།། རྡོ་རྗེ་ཆོས་ཁྱོད་ལ་ཕྱག་འཚལ།། དོན་ཡོད་རྡོ་རྗེ་མགོན་པོ་སྟེ།། ལས་ཀྱི་རྡོ་རྗེ་ཁྱོད་ཕྱག་འཚལ། ཞེས་སྟོང་ཅིང་དྲིལ་བུ་གསིལ་བར་བྱའོ།། དེ་ལྟ་བུའི་སྔགས་དང་མཆོད་པ་ལ་སོགས་པས་ཉི་མ་སོ་སོ་ལ་ཐུན་གསུམ ་མམཐུན་མཚམས་གཅིག་ཏུ་བུམ་པ་རྣམས་ལ་བྱའོ་ཞེས་བྱ་ནི་བུམ་པ་ལྷག་པར་གནས་པའོ།། ། དེའི་རྗེས་སུ་སློབ་དཔོན་གྱིས་དྲིའི་དཀྱིལ་འཁོར་བཅུ་གསུམ་བཀོད་པ་མེ་ཏོག་དང་བཅས་པ་ལ་དཀྱིལ་འཁོར་པ་དང་དཀྱིལ ་འཁོར་གྱིས་བདག་པོར་དམིགས་ནས་རང་གི་སྙིང་གའི་ས་བོན་འོད་ཀྱིས་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་བཅུག་ནས་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ཅིང་བདུད་རྩི་མྱངས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ལྕེ་ཧཱུཾ་ལས ་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པར་ཧཱུཾ་ཡིག་བཀོད་དེ་ལག་པ་གཡས་པས་སྤོས་ཀྱི་སྣོད་ཐོགས་ནས་གཡོན་པས་རྡོ་རྗེ་དྲིལ་བུ་གསིལ་བར་བྱའོ།། བཅོམ་ལྡན་ཁྲི་བོའི་རྡོ་རྗེ་མཆོག། དེ་བཞིན་གཤེགས་ལ་གསོལ་བ་འདེབས།། ལྷན་སྐྱེས་འབྱུང་བའི་དཀྱིལ ་འཁོར་ནི།། མགོན་པོ་བྲི་བར་འཚལ་བ་ལགས།། སློབ་མ་རྣམས་ལ་བརྩེ་བ་རིང་།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། དེ་ཕྱིར་བཅོམ་ལྡན་འདས་བདག་གུས་ལ།། བཀའ་དྲིན་གནང་བར་མཛད་པར་རིགས།། སངས་རྒྱས་གང་གཞན་སྔགས ་ཀྱིལྷ།། སྒྲ་དང་འཇིག་རྟེན་སྐྱོང་བ་དང་།། འབྱུང་པོ་བྱང་ཆུབ་བསྟན་ལ་གནས།། གང་སུ་རྡོ་རྗེའི་སྤྱན་ལྡན་པ།། བསྟན་ལ་མངོན་པར་དགའ་བ་ཀུན།། བདག་ལ་ཡང་དག་དགོངས་སུ་གསོལ།། དེ་ཕྱིར་སློབ་མར་བཅས་པ་ལ།། རྗེས་སུ་བརྩེ་བ་ལ་གནས ་ནས། སྡོམ་པ་འབྱུང་བའི་མཆོག་གི་ནི།། དཀྱིལ་འཁོར་དག་ནི་བྲི་བར་བགྱི།། ཞེས་ལན་གེསུ་མི་བརྗོད་ཅིང་མངོན་པར་འདོད་པའི་དོན་གསོལ་ལོ།། ཞེས་བྱ་བ་ནི་ལྷ་ལྷག་པར་གནས་པའོ།། ། དེ་ནས་རྡོ་རྗེ་སློབ་དཔོན་གྱི ་ལེགས་པར་ཡོངས་སུ་བརྟགས་པའི་སློབ་མ་རྣམས་ལྷག་པར་གནས་པར་བྱ་སྟེ། ཤེས་ལྡན་ཚུལ་ཁྲིམས་ཡོན་ཏན་ལྡན།། བརྟན་ཞིང་གཏོང་ལ་རྒྱུད་རིག་པ།། བརྩེ་ལྡན་དེ་ཉིད་རིག་ཅིང་སེམས།། རྡོ་རྗེ་སློབ་དཔོན་བླ་ཆེན་ལྔའོ།། རིག་ལྡན་དུལ ་ཞིང་མོས་ཤེས་པ།། སྦྱིན་དང་ཚུལ་ཁྲིམས་སྙིང་རྗེར་ལྡན།། སློབ་མ་གཡོ་མིང་བླ་མར་གུས།། དེ་འདིར་བླ་མས་བསྡུ་བར་བྱ།། མེད་པར་གྱུར་ན་དམན་པ་ཡང་།། ལག་པར་གནས་པར་བྱ་ཞེས་བྱ།། དེ་ནས་སློབ་མ་གཅིག་གམ་གཉིས་སམ ་མང་པོ་ཡང་རུང་།། མཎྜ་ཡ་བྱས་ཤིང་པུས་མོ་ས་ལ་བཅུག་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བའི་སློབ་མ་རྣམས་ལ། ཁ་ཅིག་གསང་སྔགས་སྒྲུབ་དོན་གླུ་ཉེར།། དཀྱིལ་འཁོར་འདི་རཱ་ནི་འཇུག་པར་བྱེད།། བསོད་ནམས་འདོད་པས་དེ་ལས ་གཞན་ན་གཞན་དག་འཇིག་རྟེན་ཕ་རོལ་གཉེར།། འཇིག་རྟེན་ཕ་རོལ་ལ་ལྟ་བའི།། དད་པ་ཕྱིར་ཞི་ང་བྱས་ནས་ནི།། བློ་ལྡན་དཀྱིལ་འཁོར་འཇུག་བྱ་སྟེ།། འདི་ཡི་འབྲས་བུ་སྤང་བར་བྱ།། འདི་ཡི་འབྲས་བུ་འདོད་གྱུར་ན།། འཇིག་རྟེན་ཕ་རོལ ་དེ་ལྟ་མིན།། འཇིག་རྟེན་ཕ་རོལ་དོན་མཉེས་པས།། འདི་འབྲས་རྫོགས་པར་འགྱུར་བ་ཡིན།། ཞེས་དད་པས་བསྐྱེད་ནས་སློབ་དཔོན་དཔལ་སྡོམ་པའི་སྐུ་རྡོ་རྗེ་ཕག་མོ་ལ་སྙོམས་པར་ཞུགས་པས་སློབ་མ་དེ་རྣམས་རང་གི་སྒྲ ་བོའམ་ཁ་ནས་བཅུག་སྟེ། རྡོ་རྗེ་ནས་འཐོན་ནས་ཤེས་རབ་ཀྱི་པདྨར་གནས་པ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའོ་ཤེས་རབ་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ། རྣམ་པར་སྨ ་མཛད་ཀྱི་སྒོ་ནས་ཨོཾ་བ་དྷཱུ་ཏཱི་དང་རྡོ་རྗེ་ལས་མཐོན་པར་གྱུར་པ་རྣམས་ཀྱིས་མངོན་པར་དབང་བསྐུར་བ་རྣམས་དཀྱིལ་འཁོར་གྱི་ཤར་གྱི་སྒོར་གཞག་ནས་འཇུག་པར་གསོལ་བ་འདེབས་སུ་བཅུག་སྟེ། རྣལ་འབྱོར་མ་དང་མཆོག་སྦྱོར་བའི།། སྟོན་པ་ཁྱོད་ནི ་དཔའ་བོ་ཆེ།། བྱང་ཆུབ་ནྡེ་ནི་པོའི་ཚུལ་བརྟན་པ།། མགོན་པོ་ཆེན་པོ་བདག་ཕྱག་འཚལ་ལོ།། དམ་ཚིག་དེ་ཉིད་བདག་ལ་སྩོལ།། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། དཔའ་བོ་དཔའ་མོའི་དབང་ཕྱུག་མོ།། ཕག་མོ་ཧེ་རུ་ཀ་ཉིད་ཀྱི།། གསང་བའི་གདན ་སོགས་ཀུན་དུ་དག། ཇི་ལྟར་ལུས་ལ་གནས་པ་ལགས།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྐྱབས་གསུམ་པོ་ཡང་བདག་ལ་སྩོ་ལོ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་གཞུག་ཏུ་གསོལ། ཞེས་སོ།། དེའི་རྗེས་སུ་སློབ་མ ་གཅིག་གཙོ་བོར་བྱས་ནས།། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི།། གསང་སྔགས་སྤྱོད་ཚུལ་ཆོ་ག་ནི།། ཁྱོད་ལ་ཡང་དག་བསྟན་པར་བྱ།། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས ་རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི།། ཡེ་ཤེས་མཉམ་མེད་ཡང་དག་བརྙེས།། གསང་སྔགས་སྦྱོར་བ་མཉམ་མེད་པ།། གང་གིས་ཤཱཀྵ་སེངྒེ་སོགས།། མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྟེ།། མི་བཟང་ཆེན་པོ་སྟོབས་ཆེན་བཅོམ།། 2\ུ0f7fགརྟེན་རྗེས ་འཇུག་རྟོགས་ནས་ནི།། འཁོར་ལོ་བསྐོར་ནས་མྱ་ངན་འདས།། དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། ཅིས་ཡང་དག་པར་འཛིན་དུ་གཞུག་གོ།། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།། སྡིག་པ་ཐམས་ཅད ་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཽ་སུང་། ཞེས་ལན་གསུམ་བརྗོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་འཛིན་དུ་གཞུག་སྟེ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས ་སུ་གསོལ། ཁདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་གཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པའི ་བྱང་ཆུབ་སེམས་ནི་བླ་ན་མེད་པ།། དམ་པ་བདག་གིས་བསྐྱེད་པར་བགྱི།། ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ།། དགེ་བ་དང་ནི་ཆོས་སྡུད་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི།། བདག་གིས་སོ་སོར་བརྟན་པོར་གཟུང་། སངས་རྒྱས ་ཆོས་དང་དགེ་འདུན་ཏེ།། དཀོན་མཆོག་གསུམ་མཆོག་བླ་ན་མེད།། སྡོམ་པ་སངས་རྒྱས་རྣལ་འབྱོར་བྱུང་།། དེང་ནས་བརྩམས་ཏེ་གཟུང་བར་བགྱི།། རྡོ་རྗེ་ཆེན་པོའི་རིགས་བསྡུས་ལ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་།། དེ་ཉིད་ཀྱི་ནི་རབ་ཏུ་གཟུང་།། ་སློབ་དཔོན་དག་ཀྱང་གཟུང་བར་བགྱི།། རིན་ཆེན་ཆེན་པོའི་རིགས་མཆོག་གི། དམ་ཚིག་ཡིད་དུ་འོང་བ་ལ།། ཉིན་རེ་བཞིན་དུ་ལན་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། པདྨ་ཆེན་པོའི་རིགས་དག་པ།། བྱང་ཆུབ་ཆེན ་འབྱུང་བ་ལ།། ཕྱི་དང་གསང་བ་ཐེག་པ་གསུམ།། དམ་ཆོས་སོ་སོར་གཟུང་བར་བགྱི།། ལས་ཆེན་རིགས་ནི་བསྡུས་པ་ལ།། སྡོམ་པ་ཐམས་ཅད་ཡང་དག་ལྡན།། མཆོད་པོའི་ལས་ནི་ཅི་ནུས་བཞིན།། ཀུན་ནས་སོ་སོར་གཟུང་བར་བགྱི།། རྩ་བའི ་ལྟུང་བ་སླང་བགྱི་ཞིང་།། དེ་བཞིན་སྦོམ་པོའི་ལྟུང་བ་སྤང་།། སེམས་ཅན་རྣམས་ལ་བསྙེན་བཀུར་བགྱི།། ཐམས་ཅད་དུ་ཡང་བྱམས་པའི་སེམས།། ལུས་ཀྱི་ལས་ནི་རྣམ་པ་གསུམ།། ངག་གི་རྣམ་པ་བཞི་དག་དང་།། ཡིད་ཀྱི་རྣམ་པ་གསུམ ་དག་གི། དགེ་བའང་བདག་གིས་བསྐྱང་བར་བྱ།། མྱོས་པའི་ལྟུང་བ་སྤང་བགྱི་ཞིང་།། རྒོད་པའི་བྱ་བའང་དེ་བཞིན་ཏེ།། ཐེག་པ་དམན་ལྀ་དགའ་བ་ཡང་།། རབ་ཏུ་འབད་པས་མི་བྱའོ།། ལྷག་སོགས་དེ་བཞིན་གཙོ་བོ་ལ།། མ་གུས་པར་ཡང་མི་བགྱིའོ།། ཕྱག ་རྒྱུརྒྱ་ལ་སོགས་ཁྱད་པར་རྣམས།། མནོན་པར་ཡང་ནི་མི་བྱའོ།། བྱང་ཆུབ་སེམས་ནི་བླ་མེད་པ།། དམ་པ་དག་ནི་བསྐྱེད་བགྱིས་ནས།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། སྡོམ་པ་མཐའ་དག་གཟུང་བར་བགྱི།། མ་སྒྲལ་བ་རྣམས་བདག་གིས་བསྒྲལ།། མི ་གྲོལ་བ་རྣམས་བདག་གིས་དགྲོལ།། དབུགས་མ་ཕྱིན་པ་དབུག་དབྱུང་ཞིང་།། སེམས་ཅན་མྱ་ངན་འདས་ལ་དགོད།། ཅེས་ལན་གསུམ་བརྗོད་དུ་གཞུག་གོ།། དེ་ནས་ཁཎྜ་རོ་ཧའི་སྔགས་ཀྱིས་བསྲུངས་ལ། དེ་རྣམས་ཀྱི་སྙིང་ག་དང་། མགྲིན་པ་དང་སྤྱི་བོར ་གནས་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ཉི་མ་དང་ཟླ་བ་ལ་གནས་ཀྱི་ཧཱུཾ་ནག་པོ་དང་ཨཿདམར་པོ་དང་ཨོཾ་དཀར་པོ་རྣམས་རྣམ་པར་བསྒོམནྡ་དྲིའི་ཆུ་རྡོ་རྗེ་དང་བཅས་པས་བླངས་ནས་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་ཧཱུཾ་ཨཿོཾ་བརྗོད་ཅིདྱ། ་རེག་ལ་སྤྱི་བོར་མེ་ཏོག། མདུན་དུ་བདུག་སྤོས་དང་མར་མེ། སྙིང་གར་དྲི་རྣམས་དབུལ་བར་བྱའོ།། དེ་ནས་ལས་ཐམས་ཅད་པའི་སྔགས་བཟླས་པའི་ཨ་ཤྭཏྠ་ལ་སོགས་པའི་སོ་ཤིང་ལྷུང་བ་མ་ཡིན་ཞིང་དྲང་ལ་སྒོ་གས་ཆགས་མེད་ཅིང་རྨ་མེད་པ་དྲིའི ་ཆུས་བཀྲུས་ཏེ་རྩེ་མོར་མེ་ཏོག་བཅིངས་པ་སློབ་མ་རྣམས་ཀྱི་སྙིམ་པར་སྦྱིན་ཏེ་ཁ་སྦྱངས་ལ།། དེ་དག་ཀྱང་བ་ལང་གི་ཀོ་བ་ཙམ་དུ་བྱུགས་པའི་སའི་ཆ་ལ་ཤར་དུ་མངོན་པར་ཕྱོགས་པས་སོ་ཤིང་གི་རྩེ་མོ་སྦྱར་ནས། ཨོཾ་བཛྲ་ཧཱ་ས་ཧཿཞེས ་བརྗོད་ཅིང་བལྟོས་པ་མེད་པར་དོར་ཏེ་སྟེང་དུ་བལྟས་ནས་སོ།། སོ་ཤིང་དེ་དོག་ལྟུང་བ་དང་རྗེས་སུ་འཐུན་པའི་དངོས་གྲུབ་ཏུ་འགྱུར་བ་ཡང་བརྗོད་པར་བྱའོ།། ཤར་དང་བྱང་དང་ནུབ་དང་ལྷོ་དོང་སྟེང་དང་འོག་ཏུ་ཕྱོགསཔར་ལྷུང་ན་ཞི་བ་དེའི་རྒྱས་པ་དང ་དབང་དང་མངོན་སྤྱོད་དང་རིག་པ་འཛིན་པ་དང་སཱ་འོག་རྣམས་འགྲུབ་ལ།། ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེད་དོ།། དེ་ནས་པཾ་ལས་སྐྱེས་པའི་ཆུ་དེ་བཟློས་པ་ཞལ་བསིལ་གྱི་དོན་དུ་བྱིན་ནས་ལས་ཐམས་ཅད་པའི་སྔགས་ཀྱི་ས་ལན་བདུན་མངོན་པར ་བསྔགས་པའི་དྲིའི་ཆུ་ཁྱོར་བ་གསུམ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨ་སརྦྦ་པཱ་པ་ནི་ཙཱ་སྱེ་བི་ཤོ་དྷི་ཡ་སརྦྦ་བི་ཀཛྫ་ཨ་པ་ན་ཡ་ཧཱུཾ་ཞེས་བརྗོད་ངེ་འཐུང་ངུ་གཞུག་གོ།། དེ་ནས་དེ་རྣམས་ཕྱི་རོལ་དུ་འདུག་ཏུ་བཅུག་ནས་ཧཱུཾ་ལས་བྱུང་བའི་ཀུ་ཤ་མངོ་བོ་རྩེ་མོ་མ ་ཉམས་པ་ལས་ཐམས་ཅད་པས་མངོན་པར་བསྔགས་པ་རྣམས་མལ་སྟན་གྱི་དོན་དང་། དེ་བཞིན་དུ་དྷཱི་ཡིག་ལས་སྐྱེས་པའི་ཀུ་ཤ་གཅིག་སྔགས་ཀྱི་དོན་དུ་ཨོཾ་བཛྲ་ཏཱིཀྵ་བཾ་ཞེས་བྱ་བའི་སྔགས་ཀྱིས་སྦྱིན་ནོ།། དེ་ནས་ཧཱུཾ ་ལས་སྐྱེས་པའི་སྐུད་པ་དམར་པོ་ལུས་ཀྱི་ཚད་སུམ་བསྒྲིལ་དུ་བྱས་ནས་མདུད་པ་གསུམ་བྱས་ཏེ་ལས་ཐམས་ཅད་པས་མངོན་པར་བསྔགས་པ་དེ་རྣམས་ཀྱི་དཔུང་པ་གཡོན་པ་ལ་བཅིངས་ཏེ།། ཨོཾ་བུདྡྷ་མེ་ཏྲི་རྀཀྵ་རཀྵ་སརྦྦཱ་ན་སྭཱ་ཧཱ། ཞེས་བརྗོད་བཅིང ་བསྲུངས་ནས་སྤྲོ་བ་བསྐྱེད་པར་བྱ་བ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས།། རེས་འགའ་འབྱུང་ངམ་མི་འབྱུང་སྲིད།། ཨུ་དུཾ་བཱཾ་རའི་མེ་ཏོག་བཞིན།། བརྒྱ་ལམ་ན་ནི་རེས་འགའ་འབྱུང་།། གང་གིས་སེམས་ཅན་མཉམ་མེད་དོན།། མྱ་ངན་མི་འདའ་བྱེད ་པར་ནུས།། གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ།། དེ་བས་ཀྱང་ནི་ཤིན་ཏུ་དཀོན།། བསྐལ་པ་བྱེ་བ་དུ་མ་རུ།། སྡིག་པ་གང་ཞིག་སྔོན་བྱས་པ།། དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས།། དེ་དག་ཐམས་ཅད་ཟད་འགྱུར་ན།། གྲགས་པ་མཐའ ་ཡས་སྔགས་སྤྱོད་པའི།། ཚུལ་ལོ་གནས་ན་སྨོས་ཅི་དགོས།། སྐྱོབ་པའི་གསང་སྔགས་བཟླས་ནས་ནི།། གོ་འཕང་བླ་ན་མེད་པར་འགྱུར།། སྤྱོད་མཆོག་འདི་ལ་གང་རྣམས་ཀྱི་བློ་གྲོས་ཤིན་ཏུ་དྲི་མ་མེད།། དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན།། འབྱུང ་བའི་ངན་འགྲོ་ཡང་དག་ཞི།། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་དེ་རིང་རྙེད་པ་མཉམ་མེད་རྙེད།། གང་གིས་ཁྱེད་རྣམས་རྒྱལ་བ་ཀུན།། བདོག་ཉིད་ཆེན་པོ་སྲས་བས་ཀྱིས།། བསྟན་འདི་ཀུན་ལ་ཡོངས་སུ་གཟུང་།། གནས་པ་སྐྱེ་བར་འགྱུར་བ་ནི།། ་དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ།། ལགས་པར་སྐྱོ་བ་ཉིད་དུ་འགྱུར།། ཐག་ཆེན་པོ་ཆེར་འབྱུང་བའི།། ལམ་མཆོག་འདི་ནི་དཔལ་དང་ལྡན།། གང་གིས་ཁྱེད་རྣམས་འགྲོ་འགྱུར་བས།། དེ་བཞིན་གཤེགས་པར་འགྱུར་བ་ཡིན།། ཞེས་བྱ་བ་ཉན་དུ་བཅུག། ནས ་དེའི་རྗེས་ལ་དེ་རྣམས་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ནས་བཟླས་པའི་དོན་དུ་ལས་ཐམས་ཅད་པའི་སྔགས་བཤད་ནས་ནང་པར་སྔ་བར་ང་ལ་རྨི་ལམ་སྨྲོས་ཤིག་ཅེས་བརྗོད་དེ་དཀྱིལ་འཁོར་གྱི་ཐ་མར་ཡོལ་བས་བཅད་པ ་འམ་ཕྱི་རོལ་གྱི་གནས་གཞན་དུ་ཡང་རུདྱ་སྟྭཾ་སེངྒེའི་ཉལ་སྟབས་ཀྱིས་ཉལ་དུ་གཞུག་གོ།། ཞེས་བྱ་བ་ནི་སློབ་མ་ལྷག་པར་གནས་པའོ།། ། དེ་ནས་སློབ་དཔོན་གྱིས་སློབ་མ་ལྷག་པར་གནས་པའི་ཆེད་དུ་བཀོད་པའི་ལྷའི་དཀྱིལ ་འཁོར་མངོན་པར་མཆོད་ནས་ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་ནུ་མཁའི་ལ་བཏེགཅིང་བཀོད་ནས་ཤར་དུ་མངོན་པར་ཕྱོགས་ཤིང་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པས་གཞོན་ནུ་མ་མ་ཉམས་པས་བཀལ་བའི་དཔའ ་བོཔོའི་རིན་གྱིས་ཉོས་པའམ།། དུར་ཁྲོད་ནས་རྙེད་པ་ཡང་རུང་སྟེ་དྲི་བཟང་པོ་དང་བཅས་པའི་ཡུངས་ཀར་གྱི་ཕྱེ་མ་བདུད་རྩེ་ལྔས་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོའི་ཁ་དོག་རྣམས་ཀྱིས་སཽ་སོ་སོར་ཁ་བསྒྱུར་བའི་ཐིག་སྐུདང ་རྣམས་བུཾ་ཨཾ་ཛྲི་ཁཾ་ཧཱུཾ་གི་ས་བོན་ལ་སོགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་རྣམས་ལོག་པ་གཡོན་པའི་མཐིལ་དུ་སོར་མོའི་རྩེ་མོ་ནས་བརྩམས་སོར་མོའི་རྩ་བའི་བར་དུ་བཀོད་ལ།། ན་མཁའ་ལ་བཞུགས་པའི་དེ་བཞིན ་གཤེགས་པཀྵ་རང་རང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམས་བསྡུས་པར་གྱུར་པའི་ཐུགས་ཀ་རྣམས་སུ་བུཾ་ཡིག་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཐིག་འོད་ཟེར་གྱི་རང་བཞིན་དུ་བལྟས་ཏེ། ཨོཾ་ཨཱཏྨཤྭཱ་ཤྭ་ཏ་བཛྲ་སཱུ ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜལ་སཱུ་ཏྲཾ་ན་ཡ་ཧཱུཾ་ཞེས་པ་འདིས་རང་རང་གི་མཚན་བཅུག་པའི་རྣམ་པར་སྣང་མཛད་ལ་སོགས་པ་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་ཛཿཡིག་ལས་བྱུང་བའི་སེར་པོར་སྣང་བ་ཟླ་བ་དང་ཉི་མའི་མིག་གཉིས་ཨོཾ་དཱིཔྟ་དྲྀཥྚ་ངྐུ་ཤི་ཛཿ ་ཞེས་འདོན་བཞིན་པས་རབ་ཏུ་མྱུར་བར་གཡོ་བའི་མིག་གི་རྫ་མས་འགུགས་པའི་མིག་གིས་ལྕགས་ཀྱུའི་ལྟ་སྟངས་ཀྱི་རྣམ་པར་སྣང་མཛད་ལ་སོགས་པ་མངག་པ་རྣམས་བཀུག་ནས་ལག་པ་ནི་གནས་པའི་ཐིག་ལ་གཞུག་པར་བྱ་འོ།། དེ་ཉིད ་ཀྱི་ཕྱིར་དེ་རྣམས་ཀྱི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་རྣམས་སོ་སོ་ལ་ཡེ་ཤེས་བཞི་དང་རྗེས་སུ་འབྲེལ་པའི་ཕྱིར་ཉི་ཤུ་རྩ་ལྔར་ཕྱེ་བར་གྱུར་པ་ཡིན་ནོ།། དེའི་རྗེས་སུ་ཁཎྜ་རོ་ཧའི་བདག་ཉིད་ཅན་གྱི་ལས་ཀྱི་རྡོ་རྗེ་ཅན་ཐིག་སྲུང་འཛིན ་བ་དང་བྷན་ཅིག་ཏུ་ཐིག་ལྔ་ལྔ་རྣམས་ཐིག་རེ་རེར་བསྒྲིལ་ནས་དེ་ནས་དེ་བཞིན་དུ་ཐིག་ལྔ་པོ་དེ་རྣམས་ཐིག་གཅིག་ཏུ་བསྒྲིལ་ཏེ། ཨོཾ་ཨཱཿནྱོ་ནྱཱ་ནུ་ག་ཏཱཿསརྦ་དྷརྨྨཿཔ་ར་སྥ་རཱ་ནུ་པྲ་བིདྡྷཿསརྦ་དྷརྨྨཿ་ཏྱནྟ་ནུ་པ་བིཥྚཿསརྦ་དྷརྨ་ཨོ་ཨཱཿཧཱུཾ། ་ཞེས་འདོན་ཞིང་བསྒྲིལ་བར་བྱའོ།། བསྒྲིལ་བ་ཉིད་ནི་སློབ་དཔོན་དང་སློབ་མའི་ལག་པ་གཡོན་གྱི་སོར་མོ་བཞི་རྣམས་ཀྱི་དབུས་སུ་བཅུག་རྒྱ་བ་ནས་འཐོན་པ་སླར་ཡང་རྒྱབ་ནས་འཛིན་པར་བྱས་པ་དེ་དག་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོའི་བརྒྱབ ་ས་ལ་སྦྱར་བ་གསུམ་མཐར་ཐུག་པའི་ལྷག་པོ་དོར་ནས་དཀྱིལ་འཁོར་ཇི་ལྟ་བ་ལས་ཉིས་འགྱུར་གྱིས་རིང་བ།། སྦོམས་སུ་སྒྲོའི་ཉི་ཤུ་ཆུའི་ཚད་ཡེ་ཤེས་ལྔའི་རང་བཞིན་གྱི་ཉི་ཤུ་རྩ་ལྔར་ཕྱེ་བ་རྣམས་དྲིའི་ཆུ་དང་བདུད་རྩི་ལྔ་དང་བ་བྱུང་ལྔས་སྤངས་པ་ཡི ་གེ་གསུམ་གྱི་ནང་དུ་ཆུད་ཅིང་དྲིས་ཉེ་བར་བྱུགས་པ་རྣམས་གསེར་ལ་སོགས་པའི་སྣོད་དུ་གཞག་པ་ལས་ཐམས་ཅད་པའི་ཆུ་དང་དེའི་སྔགས་ཀྱིས་དང་ཨོཾ་ཨ་ཨཱ་ཨཾ་ཨཿ་ཧི་ཏཽས་བསང་གཏོར་བྱས་ནས་དྲི་བཟངས་དང་མེ་ཏོག་ལ་སོགས ་པ་མཆོད་ཅིང་ལག་པས་རེག་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ།། དེ་ནས་སྔགས་པ་གཡས་པ་དང་ཅིག་ཤོས་ཀྱི་མིག་དག་མ་དང་ཊ་ལས་སྐྱེས་པའི་ཉི་མ་དང་ཟླ་བ་སྟེ་འདི་དག། དྲེཥྚི་མཊ་ཞེས་པས་བརྟན་པར་བྱས་ནས་ཧཱུཾ་བཟླས ་པའི་བདུད་རྩིའི་ཆུ་དང་ཡུངས་ཀར་དང་དྲིའི་ཆུས་བྲན་པའི་ཐིག་ལ་ལག་པ་གཡས་པའི་རྡོ་རྗེས་རེག་སྟེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏཱཾ་མཱ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབ་པར་བྱའོ།། དཀྱིལ་འཁོར་གྱི་ས་ཡང་།། ཨོཾ ་སརྦ་སཾ་ཤོ་དྷ་ཡེ་ཧཱུཾ་ཕཊ། ཅེས་བྱ་བ་འདིས་བྲི་པ་ཐམས་ཅད་ཀྱིས་ཆུས་དག་བྱེད་བྱས་ནས་དྲིས་ཉེ་བར་བྱུགས་ལ་མེ་ཏོག་ཕྱི་རོལ་ཏུ་དགྲམ་ཞིང་ན་མཁའི་དཀྱིལ་གྱི་མཐིལ་ན་གནས་པའི་སྡོམ་པའི་དཀྱིལ་འཁོར་ལ་མཆོད་ཡོན་ལ་སོགས་པ ་དབུལ་བ་སྔོན་དུ་འགྲོ་བ་མཆོད་ཅིང་ཕྱག་བྱས་ནས་རང་ཉིད་དཔལ་སྡོམ་པོའི་བདག་ཉིད་ཅན་ལས་ཀྱི་རྡོ་རྗེ་ཅན་ལས་ཐམས་ཅད་པའི་གཟུགས་ཅན་ཏེ་ཛཿཡིག་ལས་སྐྱེས་པའི་ཉི་མ་དང་ཟླ་བ་སེར་པོ་འདི་དག་བསམས་ནས་རྡོ་རྗེའི་རྐང་སྟབས་ཀྱི ་ཚུལ་གྱིས་ཐིག་སྐུད་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་བ་ལྟེ་བར་གཟུང་ཞིང་། སྒྲུབ་པའི་གྲོགས་པོས་ཀྱང་ཐིག་སྐུད་དེ་བཞིན་དུ་གཟུང་ནས་ཛྫཿཛྫཿཞེས་པ་འམ། ཛཿཛ་ཛཱ་གསུམ་གྱིས་ཀྱང་རུང་སྟེ་བཏང ་ཞིང་ཛྫཿབྷྲཱུཾཿཛྫཿཡིས་སླར་ཡང་དེ་ཁོ་བཞིན་དུ་དྲངས་ནས་མངོན་དུ་ཕྱོགས་པས་ནུབ་ཀྱི་ཕྱོགས་ནས་གནས་པ་ས་ཤར་དུ་ལྟ་བ་དང་ལྷོའི་ཕྱོག་ས་ན་གནས་པས་བྱང་དུ་ལྟེ་བས་ཏེ་ཚངས་པའི་ཐིག་གཉིས་པོ་ལྟེ་བ་དང་མཉམ་པར ་བར་སྣང་ལས་ཏེ། སེམས་ཅན་གྱི་དོན་དུ་ཁྱེད་རྣམས་ཀྱི་དུས་དེ་ཡིན་གྱི་འདིར་གཤེགསུ་གསོལ་ལོ་ཞེས་བྱ་བའི་བརྡའི་དོན་ཅན་ཐིག་གི་སྒྲ་རྣམས་ཀྱིས་ན་མཁའི་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པར་བསྐུལ ་ཞིང་བཀུག་ནས་ཐིག་ལ་གཞུག་པར་བྱའོ།། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཧཱུཾ་སྟྲ་ཨཱཿཧཱ། ཞེས་བརྗོད་དེ་རྡོ་རྗེ་དང་བཅས་པའི་ལག་པོ་གཡས་པའི་མཐེ་བོང་དང་མཛུབ་མོ་ངག་གིས་ཐིག་སྐུད་གཟུང་ལ་སེ་ལ་གོལ་གྱི་སྒྲ་བྱ་ཞིང་གདབ་པར ་བྱའོ།། དེ་ཁོ་ན་བཞིན་དུ་འོག་ཏུ་ཚངས་པའི་ཐིག་གཉིས་ཀྱང་སྟེ། དེ་ལྟར་ཐིག་གདབ་པ་ཐམས་ཅད་ལ་ཐིག་གི་ཆོ་གར་ཤེས་པར་བྱའོ།། དེ་ལྟར་སློབ་དཔོན་ནུབ་ཀྱི་ཕྱོགས་སུ་གནས་ནས་ཤར་དུ་ལྟེ་བ་དང་ལྷོའི་ཕྱོགས་སུ་གནས་ནས་བྱང་དུ ་བལྟས་ཏེ། རྐང་པ་གཡོན་པ་སྐྱིལ་དྲུང་ཕྱེད་པ་དང་གཡས་པ་ས་གཙུགས་ནས་འདུག་པ་དང་ལས་ཀྱི་རྡོ་རྗེ་ཅན་དེ་ལས་བཟློག་པས་འདུག་སྟེ་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་གཟུང་ལ་རྒྱབ་ཀྱི་གཡོན་སྐོར་དུ་ཞིང་ལྷན་ཅིག་པས་ཚངས་པའི་ཐིག་གཉིས ་འོད་ཟེར་གྱི་ཕྲེང་བའི་མཐར་ཐིག་བྱའོ།། མེའི་མཚམས་སུ་གནས་པས་རླུང་གི་མཚམས་ཀྱི་ཐིག་དང་བདེན་བྲལ་དུ་གནས་ནས་དབང་ལྡན་གྱི་མཚམས་ཀྱི་ཐིག་གང་བ་སྟེ།། གཉི་ག་ཡང་སྒོའི་ཚད་བཅུ་བདུན་ནོ།། མེའི་མཚམས་སུ་གནས་ནས་བྱང་དུ ་བལྟས་ཏེ། ཤར་གྱི་རྩ་བའི་ཐིག་དང་རླུང་གི་མཚམས་སུ་གནས་ནས་ལྷོར་བལྟས་ཏེ་ནུབ་ཀྱི་རྩ་བའི་ཐིག་དང་དེ་ཉིད་དུ་གནས་ནས་ཤར་དུ་བལྟས་པས་བྱང་གི་རྩ་བའི་ཐིག་དང་མེའི་མཚམས་སུ་གནས་ནས་ནུབ་ཏུ་བལྟས་པས་ལྷོའི་རྩ་བའི་ཐིག ་བ་པར་བྱ་སྟེ་ཁྲུ་ལ་སོགས་པའི་ཚད་དུའོ།། དེ་ཡང་རྩ་བའི་ཐིག་གཅིག་གི་བརྒྱད་ཆ་ནི་སྒོ་ཡིན་པའི་ཕྱིར་སྒོའི་བཞི་ཆ་གཅིག་ནི་ཆེ་ཆུང་གཅིག་གོ།། དེ་ནས་ཚངས་ཐིག་གི་གཡས་དང་ཅིག་ཤོས་ཀྱི་ལོ་གས་སུ་ཆ་ཆུང་གཉིས་གཉིས་ནི་རྩ ་པའི་ཐིག་གི་སྒོའི་གནས་སོ།། ཞེས་ཤེས་ནས་སློབ་དཔོན་བཅོམ་ལྡན་འདས་ཀྱི་སྐུས་དཀྱིལ་འཁོར་གྱི་དབུས་ཀྱི་གནས་ཐར་པའི་སྒོའི་བགེགས་སུ་གྱུར་པའི་སྒྲིབ་པ་མཐའ་དག་བསལ་བར་བྱའོ་ཞེས་མོས་ཏེ་ཧིཿཡིག་གིས་གཡས ་དང་ཅིག་ཤོས་ཀྱི་མིག་དག་ཉི་མ་དང་ཟླ་བའི་རྣམ་པ་ཁྲོ་བོའི་ལྟ་བས་ཀུན་ནས་ཡོང་ས་སུ་བལྟས་ནས་སྒོ་བཞི་པ་དག་དབྱེ་ཞིང་དབྱི་བར་བྱའོ།། དེ་ནས་འཆད་པར་འགྱུར་བའི་ཕུར་བུའི་ཚུལ་གྱིས་གཙོ་བོའི་པདྨ་ལ་སོགས་པའི་ཐིག་བྱས། ་ཚངས་ལས་ཆ་ཆུང་བཞི་མ་ཡི་མཐར།། ཟེའུ་འབྲུའི་ཐིག་ནི་ཟླུམ་པོ་སྟེ།། དེ་ལས་ཆ་ཆུང་བརྒྱད་རྣམས་ཀྱིས།། འདབ་མ་བརྒྱད་སོགས་བྲི་བར་བྱ།། རྩ་བའི་ཕྱི་རོལ་གཅིག་གཉིས་གཅིག། གཉིས་དང་གཅིག་དང་གཅིག་ཡིན་ཏེ།། ཐིག་དྲུག ་ཟུརྱ་ནཱས་ངོས་སུ་སྟེ།། ཚངས་ལས་རིམ་གྱིས་རིང་བར་ནི།། ཆུ་ཆུང་གསུམ་དུ་དང་པོ་གཉིས།། ཆ་ཆུང་གཉིས་ཐིག་རྩེར་རེག་པའོ།། གསུ་ནི་ཆ་ཆུང་བདུན་དུའོ།། སྟེགས་བུའི་ཐིག་ལས་དྲང་པཽ་རི་ཐིག། གསུམ་པོ་ཆ་ཆུང ་ལྔ་པ་སྟེ།། སྣམ་བུ་སོ་སོ་སོ་སོ་ཡི།། ཞིང་དུ་ཆ་ཆུང་རེ་རེ་ཡིན།། རྩ་བའི་རྩེ་ནས་འཐོན་པའི་ཐིག། ཆ་ཆུང་བཞི་སྟེ་ཆ་ཆུང་གཉིས།། ཐད་ཀ་དང་ནི་སྟེང་དུ་ཡང་།། ཐུད་ཀར་ཆ་བརྒྱད་ཁྱོག་པོ་གསུམ།། གདུང་གི་ཐིག་གི་ཆ་ཕྲན་མཐར།། ཐེ་ད་ཀར ་ཆ་ཆུང་བཅུ་པའོ།། ཀ་བའི་རྩེ་ལས་སྒོ་ཚད་ཀྱིས།། རྟ་བབས་སྣམ་བུ་སྟེང་དུའོ།། ནོར་ལྷ་ནོར་ལྷ་ཉི་མ་དང་།། རྒྱལ་བདྨོར་ལྷ་རྒྱལ་བ་དང་།། ཉི་མ་ནོར་ལྷ་ཉི་མ་རྒྱལ།། ནོར་ལྷ་ཡི་ནི་རིམ་པས་སོ།། སྒོ་ཡི་ཆ་ཡིན་སྟེང་དུ་སྟེ།། འདི་རྣམས་ཐད་ཀའི་ཚད་བཤད ་བ། ཚངས་ལས་གཡས་དང་གཡོན་དུ་ནི།། ཆ་ཆུང་ཕྱེད་བཅས་ཆུ་གཏེར་མཐར།། སྣམ་བུ་ཆ་ཆུང་ཕྱེད་དང་གསུམ།། ཐིག་ནི་ཆ་ཆུང་ཕྱེད་དང་བཞི།། ཆ་ཆུང་ལྔ་ནས་གཉིས་པ་དང་།། གསུམ་པ་ཡང་ནི་ཆ་ཆུང་གསུམ།། ཆ་ཆུང་བཞི་ནས་བཞི་པ ་གསུམ།། ཆ་ཆུང་ཕྱེད་དང་བཞི་ནས་མདའ།། ཕྱེད་དོང་བཞི་གསུམ་ནས་དྲུག་པ།། ཆུ་ཆུང་ལྔའི་དེ་ནས་གསུམ།། ཆ་ཆུང་བརྒྱད་དེ་གཅིག་ནི་བདུན།། ཆ་ཆུང་དྲུག་ནི་ཐ་མའོ།། སྣམ་བུ་རྣམས་མཐར་སོན་པའི་ཐིག། གཞན་གྱི་མཐའ་དང་ལྷན ་ཅིག་སྟེ།། སྐྱོག་པོ་གཅིག་གོ་འདི་ནང་དུའང་།། ཆ་ཆུང་ཕྱེད་ཀྱི་ང་བཞིན་གཞན།། དེའི་ཕྱི་རོལ་ཆོས་འཁོར་ལོ།། རྭ་རྩེ་ཆ་ཆུང་གཉིས་པའོ།། དེ་ནས་ཀ་བའི་རྩི་ལས་ཐང་ཀར་ཅུང་ཟད་སོང་ནས་མ་ཀ་རའི་ཁ་ནས་འཐོན་པ་ཕྱིར་ཕྱུང་སྟེ་ཆ ་ཕྲན་གསུམ་དབུས་དང་ཇི་ལྟར་རིགས་པར་དབུས་མའི་རྩེ་མོའི་བར་དུ་སོང་བའོ།། སྣ་ཚོགས་རྡོ་རྗེ་རྩེ་མོ་ལྔ་པའི་ཕྱོགས་ལ་ནཱི་དེའི་གློ་དག་ཏུ་གཞན་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ལྟེ་བྱར་འོག་ཏུ་རྩེ་གཅིག་པ་སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་ཕུར་བུ་ཧཱུ~ཾ་ལས་སྐྱེས ་ཤིང་རང་གི་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་པ་རྡོ་རྗེ་ཐོབས་བརྡུང་བའི་སྔགས་བརྗོད་ཅིང་བརྡུངས་ནས་དེ་ལ་བཏགས་པའི་ཐིག་སྐུད་ཉིས་འགྱུར་དུ་བྱས་པ་དབུས་སུ་བཀོད་ནས་རོ་རྩེའི་ཕྱི་རོལ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་གཡོན་སྐོར་དུ་སོ ་སོ་ལ་ཆ་ཕྲན་གཉིས་པའི་བར་གྱི་འཁོར་ལོ་ཟླུམ་པོའི་ཐིག་གདབ་བོ། ཞེས་པའོ།། འདོད་པར་གྱུར་ན་སྟེང་དུ་སྒོ་ལས་སུ་མི་འགྱུར་གྱི་རྟ་བབས་ལ་དེའི་ཀ་བའི་གློར་མུན་པའི་སྣམ་བུ་སྒོ་བཞིན་ཆར་སྣ་ཚོགས་རྡོ་རྗེའི་རྭ་རྩེ་ལྔ་པ་བྱས་ནས་དེའི་ཕྱི་རོལ་ཆ ་ཕྲན་གཉིས་གཉིས་པ་བཞིས་པདྨ་དང་རྡོ་རྗེ་དང་འོད་ཀྱི་ཕྲེང་བ་ཡང་བྱས་ལ་ཆོ་ག་བཞིན་དུ་གཏོར་མ་ཕུལ་ན་མཁར་བཞུགས་པའི་དེ་བཞིན་གཤེགས་པའི་ཐུགས་ཀར་ཡེ་ཤེས་ཀྱི་ཐིག་གཞུག་ཅིང་།། ཨོཾ་བཛྲ་མུཿཞེས་པས་གཤེགས་སུ་གསོལ་ནས ་ཐིགྲི་ལྔ་པོ་དབེན་པར་བཞག་པར་བྱའོ།། ཕྱི་ནས་རིན་པོ་ཆེ་ལྷའི་རང་བཞིན་ནམ་ས་ལི་ཕྱེ་མའི་རང་བཞིན་ཡང་རུང་སྟེ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོས་ཁ་བསྒྱུར་བ་གསེར་ལ་སོགས་པའི་སྣོད་སོ་སོར་གཞག་པ་རྣམས་ལ་བུམ ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་གི་ས་བོན་ལས་རྫོགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་རྣམས་བུམ་པའི་ཆུས་བསངས་པ་རྣམས་ལ་ན་མཁར་བཞུགས་པའི་དེ་བཞིན་གཤེགས་པ་འི་ཐུགས་ཀ་ལས་ཐིག་འདུ་བྱེད་པར་བཤད་པའི་ཆོ་གས་བཀུག ་ཅིང་བཅུག་ནས་ཡེ་ཤེས་ཀྱི་ཚོན་དང་ལྷན་ཅིག་རོལ་གཅིག་ཏུ་གྱུར་པ་ལས་ཡེ་ཤེས་ཀྱི་རང་བཞིན་དུ་བལྟས་ནས་སོ་སོ་ལ་ཨོཾ་བུཾམ་བཛྲ་ཙིཏྟ་ས་མཱ་ཡ་ཧཱུཾ་ཞེས་བྱ་བ་ནི་ཚོན་དཀར་པོ་ལའོ།། དཔག་མེད་ལ་སོགས་པ་དང་སྤེལ་པའི་སྔགས ་པ་ཉིད་ཀྱིས་ཚོན་གཞན་རྣམས་ལའོ།། དེ་བརྒྱ་རྩ་བརྒྱད་ཀྱི་སོ་སོ་ལ་མངོན་པར་བསྔགས་པར་བྱ་སྟེ།། དེ་བཞིན་དུ་འབར་བའི་བལྟ་བས་སོ་སོར་སྦར་ཞིང་སོ་སོ་ལ་ཧྲཱིཿཡིག་བཀོད་ལཽ། བདེན་པ་གང་གིས་རྡུལ་ཚོན་མྱང་ཞིང་སེམས་དཔའ་དང་སངས་རྒྱས ་བཅོམ་ལྡན་འདས་རྣམས་སེནཾ་ལ་རྗེས་སུ་ཆགས་པའི་བདེན་པ་ངེས་རྡུལ་ཚོན་འབར་གྱུར་ཅིག་ཙོས་བདེན་པས་བྱིན་གྱིས་བརླབ་ལ་འབར་བའི་རྡུལ་ཚོན་རྣམས་ལ་དྲི་དང་མེ་ཏོག་ལ་སོགས་པ་མངོན་པར་མཆོད་དེ།། ཨོཾ་བཛྲ་བེ་གྷ་ཀྲ་མ་ཧཱུཾ་ཞེས་བརྗོད་ཅིང་ཡེ་ཤེས ་ཀྱི་ཐིག་གི་འོག་ནས་འཛུལ་བར་མོས་ནས་འགྲོ་བར་བྱའོ།། ཕུར་བུ་ཧཱུཾ་བཞི་པའི་སྔགས་ཀྱིས་བཏོན་ནས་རང་གི་ལག་ན་གནས་པའི་རྡོ་རྗེ་ལ་ཐིམ་པར་བསྒོམས་ནས་ནས་ཁུང་བུ་ཚོན་སྣ་ལྔས་དགར་ཅིང་སྒྲ་དང་བཅས་པའི་དྲིལ་བུ་དང་རྡོ་རྗེའི་གླུས་མཚན་མ་ངན་པ་བསལ ་བབར་བྱ་སྟེ།། འདི་ནི་ཆོས་དབྱིངས་དག་པ་སྟེ།། སེམས་ཅན་ཁམས་ནི་རབ་གྲོལ་མཛད།། རང་ཉིད་དཔལ་ལྡན་སྡོམ་པའི་རྒྱལ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། སྐྱོན་རྣམས་ཀུན་ལས་རྣམ་གྲོལྟ་ཞིང་།། འཁོར་ལོའི་ནང་དུ་ཡང་དག་གནས།། ཞེས་བྱ་བ ་འདིས་ཆོས་ཀྱི་དབྱིངས་སུ་མོས་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ནང་དུ་གནས་ཤིང་ལག་པ་གཡས་པ་རྡོ་རྗེས་མཚན་པ་དང་གཡོན་པ་ཁུ་ཚུར་གྱིས་ཨོཾ་བཛྲ་དྷ་ས་མོ་ཡེ་ཧཱུཾ་ཨོཾ་ཨཱཿཧཱུཾ་ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིའདབང་ལྡན་གྱི་ཕྱོགས་ཆོས ་བརྩམས་ཏེ་དང་པོ་གཡས་སྐོར་གྱིས་ནང་ནས་བརྩམ་ཏེ་ནག་པོ་དང་ལྗང་གུ་དང་དམར་པོ་དང་སེར་པོ་དང་དཀར་པོའི་ཁ་དོག་ཅན་གྱི་པཉྩ་རེ་ཁཱ་བྲིས་ནས་དེའི་རྗེས་གཞག་རྣམས་ཀྱིས་བྲི་བར་བྱའོ།། དེ་ནས་སྙིང་པོའི་དཀྱིལ་འཁོར་དུ་ཐིག་གི་མཐར་ཐུག་པར་དཀར ་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་རྣམས་ཤར་དང་ལྷོ་དང་ནུབ་དང་བྱང་དང་དབུས་ཀྱི་སའི་སྣམ་བུ་རྣམས་སོ།། འཁོར་ལོའི་ལྟེ་བར་སྣ་ཚོགས་པདྨའི་ཟེའུ་འབྲུ་ལྗང་གུ་ལ་གནས་པའི་ཉི་མ་ལ་དཔལ་སྡོམ་པའི་རྩཝ་ལྟ་བའི་རྡོ་རྗེ་ཁ་གྱེས་པ་སྟོན ་བོའོ།། ཤར་ལ་སོགས་པའི་ཕྱོགས་སུ་འདབ་མ་དམར་པོ་རྣམས་ལ་གཡོན་སྒོ་གྱི་མཁའ་འགྲོ་མཱ་དང་ལཱི་མ་དང་དུམྦྷ་སྐྱེས་མ་དང་གཟུགས་ཅན་མི་རྣམས་ཀྱི་གྲི་གུག་སྔོན་པོ་རྣམས་སོ། ལགས་རྐྱེན་ལྡ་ཀྱིས་པ་ལ་སུ་གུ་མ་མི་ད་ས་བྱ་# ་འཐོང་བ་རྣམ། ཤི་ས་སོགས་པ་རྡོ་རྣམ་དུ་གཔོན་ན་ཀྱིས་ཁྲི་གདོང་མ་དང་འུག་ངོ་མ་བྱེ་ཐོམ་ཅག་ས་རྣམས་ཀྱི་དང་། ས་པོ་རྒྱ་ཁྲ་གྶ་ཙུན་མེར་རྗེ་ལན་པ་དག་ནིན་ཚོ་མ་དང་གན་ན་པ་ག་ཤི་ལྲྀན་ཀྱི་མོ་དུ་བྱུ་གིས་ཏུ་ཞིག་ག་མ་སྨྱེ་པའི་སྣམ་བུ་ནི་བདྷ་དགའི་མདོག་གོ།། སྣ་ཚོགས་ཤིང་རྣམ་པར་བཀྲ་བའི ་རིན་པོ་རྣམས་གསེར་གྱིས་བཅིངས་པ་ནི་རིན་པོ་ཆེའི་སྣམ་བུའོ།། སྣམ་བུ་སྔོན་པོ་ལ་མཱ་ཀ་རའི་ཁ་ནས་འཐོན་པ་རྣམ་པ་སྣ་ཚོགས་ཤིང་རྣམ་པར་དཀྲ་བའི་རིན་པོ་ཆེའི་ངོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ་རྣམསོ།། སྣམ་བུ་སྔོན་པོ་ལ་བ་གུ་ལི་དང་ཀྲ་མྱ་ཤྲཱིནྡྷ ་ལ་དཀ་རི་བོ་རྣམས་ཏེ་ཀ་བའི་སྟེང་དུ་ཀུ་ལི་དང་རིན་པོ་ཆེ་དང་རྨིག་པི་གསེར་དང་ཆུ་སྲིན་དཔ་གསེར་དང་རླིག་པི་དང་རིན་པོ་ཆེ་དང་རླིག་པ་དང་གསིར་མངའ་ཡབ་ཀྱི་སྣམ་བུ་སྟེ། དེ་ལ་རྟ་རྨོག་དང་ཆུ་སྲིན་དང་རྨིག་པི་གཉིས་ཇི་ལྟར་མཛེས་པའི་ཁ་དོག་། ་གཞན་རྣམས་ནི་སྔར་བཤད་དོ།། མདའ་ཡབ་ནས་ཁོར་ཡུག་དག་གི་བར་དང་མུན་པའི་ས་རྣམས་ནི་སྔོན་པོ་སྟེ་ན་མཁའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ།། རྟ་བབས་ཀྱི་ཀ་བ་དང་སྣ་ཚོགས་རྡོ་རྗེའི་རྭ་རྣམས་རང་རང་གི་ཕྱོགས་ཀྱི ་དེ་བཞིན་གཤེགས་པའི་མདོག་གོ།། ཆོས་ཀྱི་འཁོར་ལོ་ནི་རྩིབས་བཅུ་གཉིས་པ་གསེར་གྱི་རང་བཞིན་ན་མཱ་རིན་པོ་ཆེ་གཞན་ནམ་གཞན་ནོ།། རི་དགས་དང་རི་དགས་མོ་ནི་གསོར་དུ་སྣང་བ་རིན་པོ་ཆེ་གཞན་གྱིས་སྨྲས་པའོ།། པདྨའི་འདབ་མ་རྣམས་ནི་ཁ་དོག་སྣ ་ཚོགས་པ་སྟེ་གེ་སྔར་རྣམས་ནི་སེར་པོའོ།། ནག་པོའི་ས་ལ་རྡོ་རྗེ་རྣམས་ནི་གསེར་གྱི་རང་བཞིན་ཏེ། དེ་བཞིན་དུ་ནག་པོའི་ས་ལ་འོད་ཟེར་གྱི་ཕྲེང་བ་རྣམས་ནི་རང་དེ་བཞིན་གཤེགས་པ་ལྔའི་ཁ་དོག་གོ།། དེའི་ཕྱི་རོལ་ཏུ་དུར་ཁྲོད་བརྒྱད་པོ་རྣམས་བྲི་བར་བྱའོ།། ་ལ་ཤར་དུ་ཚིག་ཅིང་འཁྲུགས་པ་སྟེ་གཏུམ་པོ་མཆོག་ཅེས་བྱ་བའི་དུར་ཁྲོ་དོ།། བྱང་དུ་དུམ་བུར་འཁྲུགས་པོ་སྟེ་རྐེང་རུསྭ་ཞེས་བྱ་བའི་དུར་ཁྲོད་དོ།། ནུབ་ཏུ་དུམྱུ་བུར་མ་གྱུར་པ་འཁྲུག་པ་སྟེ་རྡོ་རྗེ་འབར་བ་ཅེས་བྱ་བའི་དུར་ཁྲོད་དོ།། ལྷོར་ལྷག་པར་རྒྱུལ ་བ་འཁྲུགས་པ་སྟེ་ལག་པས་མཚོན་པ་ཅེས་བྱ་བའི་དུར་ཁྲོད་དོ།། དབང་ལྡན་དུ་མདུང་གིས་འབིགས་པ་འཁྲུགས་པ་སྟེ། དྲག་ཏུ་རྒོད་པ་ཅེས་བྱ་བའི་དུར་ཁྲོད་དོ།། མེར་ཕྱེད་ཚིག་པ་འཁྲུགས་པ་སྟེ་དཔལ་མོའི་ནགས་ཞེས་བྱ་བའི་དུར་ཁྲོད་དོ།། བདན ་བྲལ་དུ་ཤི་བ་བརྐོས་པ་འཁྲུགས་པ་སྟེ་མུན་པ་མི་ཟད་པ་ཞེས་པའི་དུར་ཁྲོད་དོ།། རླུང་དུ་ལྷག་པར་བཅིངས་པ་འཁྲུགས་པ་སྟེ་ཅ་ཅོ་སྒྲོགས་པ་ཞེས་བྱ་བའི་དུར་ཁྲོད་ངོ་།། སྐྲག་པ་རྒྱ་ཆེན་པོ་ལ་སྐྲག་པ་མེད་པ་ཞེས་བྱའོ།། དེ་ནས་བྲིས་པར་གྱུར་པའི་གན ་ཇི་ལྟ་བར་གདུགས་དང་རྒྱལ་མཚན་དང་བ་དན་དང་དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་དང་རྡོ་རྗེ་རིན་པོ་ཆེ་ལ་སོགས་པ་རྣམ་པར་བཀྲ་བ་དཔལ་བཅུ་གསུམ་གྱི་བདག་ཉིད་ཀྱི་སྡོམ་པའི་དཀྱིལ་འཁོར་དུ་རྣམ་པ་ཐམས་ཅད་ཡོངསུ་གསོལ ་པ་ལས་ལས་ཐམས་ཅད་པ་ལན་བདུན་བཟླས་ནས་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུས་ཉེ་བར་བྱུགས་ཏེ་ཆུ་ངེས་འཁོར་ལ་བསང་ཞིང་རྡུལ་ཚོན་ལྷག་མ་མཆོད་དེ་ཨོཾ་ཨཱཿཧཱ་བཛྲ་མུཿཞེས་ཡེ་ཤེས་ཀྱི་རྡུལ་ཚོན་གཤེགས་སུ་གསོལ་ནས་རྡུལ ་ཚོན་གྱི་སྣོད་རྣམས་དབེན་པར་གཞག་པར་བྱའོ།། ཞེས་བྱ་བ་ནི་རྡུལ་ཚོན་གདབ་པའོ།། ། དེའི་རྗེས་སུ་སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་ལས་རྣམ་པར་རྒྱལ་བའི་བུམ་པ་ནི་ཤར་གྱི་སྒོ་ལས་ཅུང་ཟད་གཡས་སུ ་སྟེ་ང་བྷཱུ་སྐོར་བ་བྱས་ནཱསྭཱ་སྔར་བཤད་པའི་སྟནྟ་ལ་དགོད་པར་བྱ་རཱི།། དེ་བཞིན་དུ་ལས་ཐམས་ཅད་པའི་བུ་མ་པཱ་ནཱི་ཤར་གྱི་སྒོ་ལས་ཅུང་ཟད་གཡོན་དུ་ངེས་པའི་སྟན་ལ་དགོད་པར་བྱའོ།། དེ་བཞིན་དུ་མཁའ་འགྲོ་མཱ་ལ་སོགས་པའི་བུམ་པ་རྣམས ་རི་རང་གི་ཕྱོགས་ཀྱི་སྒོའི་དབུས་སུའོ།། ཁྭ་གདོང་མ་ལ་སོགས་པའི་བུམ་པ་རྣམས་རང་རླུང་གི་ཕྱོགས་ཀྱི་སྒོའི་གློར་རོ།། གཤིན་རྗེ་བརྟེན་མ་ལ་སོགས་པའི་བུམ་པ་རྣམས་རང་རང་གི་མཚམས་ཀྱི་ཕྱི་རོལ་གྱི་ཆར་རོ་ཞེས་བྱ་བ་ནི་བུམ་པ་དགོད ་པའོ།། ། དེའི་རྗེས་སུ་དཀྱིལ་འཁོར་གྱི་འཁོར་ལོ་ལས་ཕྱི་རོལ་གྱི་ཕྱོགས་དང་ཕྱོགས་བྲལ་བརྒྱད་རྣམས་སུ་དྲི་བཟང་པོའི་བདུག་སྤོས་ཀྱི་སྣོད་གཞག་ནས་རྣམ་པར་བཀྲ་བའི་རིས་ཟུང་ལྡན་པ་དང་ལྷ་སོ་སོ་ལ་གདུགས་དང ་རྒྱལ་མཚན་དང་བ་དན་དང་གནས་བཟང་པོར་ཆུ་ཤིང་གི་སྡོང་པོའི་ཀ་བ་དང་བུམ་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་མཆོད་པའི་ཡོ་བྱད་རྣམས་འཁོར་ལོའི་དབང་པོའི་སྔགས་ཡོངས་སུ་བཟླས་ནས་ཨོཾ་བཛྲ་སྥ་ར་ཎ་ཁ~ཾ ་བྱ་བ་འདིས་བསྔགས་ནས་གནས་ཇི་ལྟ་བཞིན་དུ་གཞག་གོ། ཕྱོགས་བཞིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དམ་པའི་ཆོས་བཀླག་པར་བྱའོ།། དེ་ནས་རྡོ་སློབ་དཔོན་ཁྲུས་བྱས་དྲི་བཟངས་པོའི་ཆུས་བྱུགས་པའི་བླ་གོས་དམར་པོ་དང་གཙུག ་ཏོར་གྱིས་བརྒྱན་ཏེ་ལས་ཐམས་ཅད་པའི་ཆུས་དཀྱིལ་འཁོར་ལོ་གཏོར་ཞིང་བསྲུངས་ནས་རྡོ་རྗེ་དང་དྲིལ་བུ་གཟུང་སྟེ་འཁོར་ལོའི་ཕྱི་རོལ་གྱི་ཤར་སྒོར་འདུག་ནས་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་ངོ་མ་ཐག་ཏུ་བགེགས་ལ་ཕུར་བུ་གདབ་ཅིང་བསྲུང་བའི་འཁོར་ལོ ་ལ་སོགས་པ་སྔོན་དུ་འགྲོ་བས་བསྒོམས་པའི་དམ་ཚིག་གི་དཀྱིལ་འཁོར་གྱི་དབུས་སུ་རང་ཉིད་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པ་ས་ལས་ཀྱི་ཕྱག་རྒྱ་འམ་ཡེ་ཤེས་ཀྱི་ཕྱག་རྒྱ་མ་བཅུ་དྲུག་ལོན་པ་ལ་སྙོམས་པར་ཞུགས་ཏེ་ཡང་དག ་ར་བསྐྱོད་པའི་དགའ་བའི་སྒྲས་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ལ་ཞབས་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་རང་གི་ནང་དུ་བཅུག་སྟེ། འདོད་ཆགས་ཆེན་པོས་ཞུ་བར་གྱུར་པ་རྡོ་རྗེ་ནས་འཐོན་ནས་རིག་མའི་པདྨའི་ཁོངས་སུ་སྤྲོས ་པའི་ཡེ་ཤེས་འཁོར་ལོ་དམ་ཚིག་གི་འཁོར་དང་རོ་མཉམ་པ་ཉིད་དུ་གྱུར་པར་མོས་པ་བྱའོ།། དེ་ནས་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་བྱས་ལ་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་ཤེས་རབ་དང་བཅས་པའི་དེ་བཞིན་གཤེགས ་པ་རྣམས་ཀྱིས་མངོན་པར་དབང་བསྐུར་ཞིང་འང་རང་གི་རིགས་ཀྱི་དབང་པོས་རྒྱས་བཏབ་ལ། དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པ་ལ་པི་ཝང་མ་ལ་སོགས་པའི་མཆོད་ཕྱི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་ནས་སོ་སོ་ལ་རས་ཟུང་དང་གསེར་ལ་སོགས་པ་ལས་བྱས ་ལ་སོགས་པ་ཡང་ཕུལ་ནས་ཉེ་བར་སྤྱོད་པས་ཀྱང་མཆོད་དེ་རྣམ་པ་སྣ་ཚོགས་པའི་བཟའ་བ་དང་བཅའ་བ་ཕུལ་ལ་པི་ཝ་ང་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མངོན་པར་མཆོད་ནས་སྒྲ་དང་བཅས་པའི་དྲིལ་བུས་དཔལ་ལྡན་ཞེས་བྱ་བ་ལ་སོགས ་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་ལ། རང་དང་ཤེས་རབ་མའི་ཁུ་བ་དང་རྡུལ་པདྨའི་སྣོད་དུ་གཞུག་ནས་བདུད་རྩིར་བྱས་པ་དབུལ་བར་བྱའོ།། དེས་འཁོར་ལོའི་དབང་ཕྱུག་ལ་སོགས་པས་བདུད་རྩི་མྱངས་པས་ཡང་དག་པར་ཚིམ ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་པ་བདེ་བ་ཆེན་པོའི་རང་བཞིན་ཅན་དུ་གྱུར་ཏོ་སྙམ་དུ་མོས་པས་འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་བརྒྱད་དང་དཀྱིལ་འཁོར་པ་རྣམས་ཀྱི་ཉི་ཤུ་རྩ་གཅིག་རེ་དང་ཡི་གེ་བརྒྱ་བ་ཡང་ཡོངས་སུ་བཟླས་ནས ་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཕུལ་ཏེ། སྒྲུབ་པའི་གྲོགས་པོ་ཡོད་ན་གཞག་པ་བྱས་ནས་སྐྱེ་བོ་འོང་དུ་མི་གཞུག་ཅིང་སློབ་དཔོན་བྱི་རོལ་ཏུ་སོང་ནས་རྔ་ཡབ་དཀར་པོ་དང་གདུགས་དང་རྒྱལ་མཚན་དུང་བ་དན་དང་ཡོངས་སུ་གྲགས་པའི་གླུ་ད་། ་སིལ་སྙན་ལ་སོགས་པ་བྱེད་ཅིང་ཤར་གྱི་ཕྱོགས་ཀྱི་ཆར་ཉེ་བར་ཞུགས་ནས་རང་གི་འདོད་པའི་ལྷ་དང་ཕྱོགས་སྐྱོ་ང་ལ་སོགས་པ་རྣམས་ལ་འབྱུང་པོ་ཐམས་ཅད་པཱི་གཏོར་མ་དབུལ་བར་བྱའོ།། དེ་ལ་ཆུ་སྣོད་ཀྱི་སྣོད་ལ་སོགས་པའི་སྣོད་རྣམས་སུ ་བཟའ་བ་ལ་སོགས་པ་སྣ་ཚོགས་པ་ཁུར་བ་དང་ཉ་དང་ཤ་ལ་སོགས་པ་དང་བཟའ་བ་དང་བཅའ་བ་དང་འབྲས་བུ་སྟེ་སོ་སོའི་ཡོད་བྱད་རྣམས་གཏོར་མའི་ཆུ་སྐྱ་བཱནྡྷ་ཏྭེ་བ་ཤཱམཱས་ལ་དེར་ཡཾ་ཡིག་ལས་རླུང་གི་སྟེང་དུ་རཾ་ལས ་སྐྱེས་པའི་མེ་ཨཱཿལས་སྐྱེས་པའི་མགོ་བོའི་སྐྱེད་པོ་གསུམ་བཙུགས་པའི་སྟེང་དུ་གཞག་པའི་པདྨའི་སྣོད་རྣམས་པར་བསམས་ནས་དེར་ཇི་སྲིད་བཟའ་བ་ལ་སོགས་པ་ལ་ཨོཾ་ཏྲཱཾ་ཨཱཾ་ཁ~ཾ་ཧཱུ~ཾ་ལྀ་མཱ~ཾ་པཱཾ་ཏཱཾ་བཱ~ཾ་ལས་སྐྱེས་པའི་བདུད་རྩི་ལྔ་སྒྲོན་མའི་རང ་བཞིན་རྣམས་རླུང་གི་དཀྱིལ་འཁོར་གྱི་སྟོབས་ཀྱིས་བསྐུལ་བས་འབྲར་ཞིང་མེའི་གདུང་བས་ཞུ་བོར་བལྟས་ནས་དེའི་སྟེང་དུ་ཨཱཿཡིག་ལས་བྱུང་བའི་ཁ་ཆོད་ཀྱི་རྣམ་པ་བདུད་རྩིའི་རིང་བཞིན་གྱི་ཁ་ཊྭཱཾ་གཽ་དེའི་རླངས་པས་ཞུ་ནས་དངུལ་ཆུ་ལྷ ་བུར་ཡང་དག་པོར་འདྲེས་ཏེ་བསིལ་བར་གྱུར་པར་བས་མ་མོ།། དེའི་སྟེདྡྷ་དྱཱ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་བལྟས་ནས་དེའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུ་ན་གནས་པའི་དཔའ་བོ་དང་དཔའི་མོའི་དབང་ཕྱུག་མ་རྣམས་ཀྱིས་ཡེ་ཤེས ་ཀྱི་བདུད་རྩི་བཀུག་ནས་ཡི་གེ་གསུམ་པོ་དེ་ཉིད་དུ་གཞུག་པར་བྱ་ཞིང་། ཨོཾ་ཡིག་ལ་སོག་ས་པ་རྣམས་ཀྱང་ཞུ་བར་གྱུར་པར་བལྟས་ནས་ཡི་གྲི་གསུམ་ཉིད་ཀྱི་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་དཔལ་སྡོམ་པའི་བདག་ཉིད་ཅན་རྡོ་རྗེའི་སློབ ་དཔོན་གྱིས་བཀང་བའི་དྲི་བཟངས་ལ་སོགས་པའི་མཎྜལ་དུ་བཅུ་གསུམ་གྱི་བདག་ཉིད་ཅན་མངོན་པར་མཆོད་ནས་རྐང་པ་བརྒྱད་པའི་སྔགས་ཀྱིས་བར་དེ་རང་གི་སྙིང་ཀའི་ས་བོན་གྱི་འོད་ཀྱིས་ཁྲོ་བོ་དང་བཅས་པའི་རྩིབས་བཅུ་པའི་བསྲུང་བའི ་འཁོར་ལོའི་ལྟེ་བར་ཆུད་པ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ལས་ཕྱི་རོལ་ཤར་ལ་སོགས་པའི་ཕྱོགས་སུ་དབང་པོ་ལ་སོགས་པ་འཁོར་དང་བཅས་པ་རྣམས་དཔག་ཏུ་མེད་པའི་སེམས་ཅན་རྣམས་ཀྱང་དཔྲལ་བར་འབར་བའི་ཕྱག ་རྒྱ་བསྐོར་ཞིང་པཾ་ཡིག་ལན་གསུམ་བརྗོད་པའི་སྒྲས་ན་མཁར་སྤྱན་དྲངས་པར་བྱའོ།། ཨོཾ་ཀཀྐ་ཀཌྜྷྱ་ན་བནྡྷ་བནྡྷ་ན་ཁཀྵ་ཁཱ་ད་ན་སརྦ་དུཥྚཱ་ནཱཾ་ཧ་ན་ཧ་ན་གྷ་གྷ་གྷ་ཏ་ཡ་ཨ་མུ་ཀ་སྱ་ཤཱནྟ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། ཞེས་བྱ་བ་འདིས་ཟླ་བ་ལ་སོགས་པ་དགུག་པར ་བྱའོ།། དེ་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་རྗེས་ལ་རང་གི་རིག་མ་དང་སྙོམས་པར་ཞུགས་དེ་པའི་སྡོམ་པའི་གཟུགས་ཅན་དུ་བོ་ལྟོས་ནས་ཞབས་གསིལ་ལ་སོགས་པ་དབུལ་པོ་སྔོན་དུ་འགྲོ་བའི་འཁོར་གསུམ་རྣམ་པར་དག་པས་གཡོན་པའི་ལག ་པའི་མཐིལ་ན་གནས་པའི་ཟླ་བ་ལ་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་བདུད་རྩིའི་སྣོད་གཞག་ཅིང་བཀོད་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་སྡིག་མཛུབ་བསྟན་པར་བྱ་ཞིང་བཅོམ་ལྡན་འདས་ཤེས་རབ་མ་དང་བསྐལ་ལ་གྲོམ་ལ་སོགས་པ་རྣམས ་ལ་ཡང་སྟེ་ཕྱོགས་གཡོན་སྐོར་གྱིས་དང་ཕྱོགས་བྲལ་གཡས་བསྐོར་གྱིས་བསྐོར་ཞིང་ཨོཾ་བཛྲ་ཌཱ་ཀ་ཨི་མྱཾ་བ་ལིཾ་གྲྀཧྞ་ཧྲྀཧྞ་ཧཱུཾ་ཕཊ། ཨོཾ་བཛྲེཿཧཱུཾཿབཾ་ཧོཿས་མ་ཡ་སྟྭཾ་དྲི་ཤྱ་ཧཽཿཞེས་པའི་སྔགས་ལན་ཅིག་གམ་གཉིས་སམ་གསུམ་མམ་བཞི་འམ་ལྔར ་བརྗོད་དེ་ངོས་དབུལ་བར་བྱའོ།། དེའི་རྗེས་སུ་བསྲུང་བའི་འཁོར་ལོ་ལ་གནས་པའི་ཁྲོ་བོ་བཅུ་པོ་རྣམས་ལ་ཨོཾ་ཁ་བཛྲ་དྷྲྀཀ་ཧཱུཾ་ཀཱ་ར་བཛྲ་ཨི་མཾ་པ་ལིཾ་གྲྀཧྞ་གྲྀཧྞ་ཨ་མུ་ཀ་སྱ་ཤཱནྟིཾ་རཀྵཉྩ་ཀུ་རུ་ཧཱུཾ་ཕཊ་ཅེས་ལན་ཅིག་བརྗོད་པས་སོ།། དེ་བཞིན་དུ་དཔལ་བ ་དང་བཅས་པ་རྣམས་ཀྱིས་ཏེ། ཨོཾ་བཛྲ་དཎྜ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ན་ལཱརྨྨ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཛཀྵ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་བ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཱི་ཥ་ཎ་བཛྲ་ཧཱུཾ་ཕཊ ་ཨོཾ་བཛྲོཥྚི་ཥ་ཙཀྲ་བརྟྟི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཏཱ་ལ་བཛྲ་ཧཱུཾ་ཕཊ། ཞེས་སྔགས་བཅུ་རྣམས་ཀྱིས་ཀུན་ཏུ་བསྒྱུར་ནས་སྟེང་དང་འོག་རྣམས་སུ་ཡང་གཏོར་མ་དབུལ་བར་བྱའོ།། དེའི་ཕྱི་རོལ་གྱི་དབང་པོ་ལ་སོགས་པ་རྣམས་ལ་ཡང་གཏོར་མ་ཨོཾ་ཁ་ཁ་ཁཱ་ཧི་ཁཱ ་ཧཾ་སརྦ་ཡེཀྵ་རཀྵ་ས་བྷྲྀ་ཏ་པྲེ་ཏི་པོ་ཤོ་ཙིནྡ་དཱ་པསྨཱ་ར་ཌཱ་ཀ་ཌཱ་ཀཾ་ནྱཱ་ད་ཡ་ཨི་མཾ་བ་ལིཾ་གྲྀཧྞ་ནེ་ཏུ་ས་མ་ཡཾ་རཀྵཱནྟུ་སརྦ་སིདྡྷི་མེ་པྲ་ཡཙྪནྟུཙྪ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཀུན་ཏུ་བསྒྱུར་ཞིང་སྟེང་དང་འོག་ཏུ་ཡང་ལན་བཞིར་བརྗོད་པས་དབུལ་བར་བྱ་ཞིང་ཡི་གེ་བརྒྱ་པ་ཡང་བརྗོད་དེ ་ཨོཾ་བཛྲ་ཧེ་རུ་ཀེ་ས་མ་ཡ་མཱ་ནུ་པཱ་ལ་ཡ། ཧེ་རུ་ཀི་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མ~ཾ་བྷ་བ་སུ་ཏོ་ཥྱོ་མེ་བྷ་བ། སུ་ཏོ་ཥྱཱ་མེ་བྷ་བ་ཨ་ནུ་རཀྟོ་མེ་བྷཱ་བ་སིརྦ་སིདྡྷི་མེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙིཛྫ་ཤྲི་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། བྷ་ག་བཱཾ་བཛྲ་ཧེ་རུ་ཀ་མཱ་མ~ཾ་མུཉྩ་ཧེ་རུ་ཀོ་བྷ་བ་མ་ཧཱ་ས་མ་ཡ། ་སཏྭ་ཨཱཿཞེས་བྱའོ།། དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ་ལྷ་དག་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོའི་ལྗགས་ཀྱི་འོད་ཟེར་གྱི་རྒྱུན་གྱིས་དྲངས་ནས་བདུད་རྩི་མྱང་ཞིང་ཡང་དག་པར་ཚིམ་སྟེ་སྟོང་པ་ཉིད་དུ་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་དུ ་གྱུར་ཏོ་སྙམ་དུ་བལྟས་ནས་ཞལ་བསིལ་དང་ཕྱག་དུ་འཐོར་འཐུང་དང་ཏམ་བུ་ལ་སོགས་པ་ཕུལ་ནས་ཡང་དག་པར་མཆོད་པའི་བྱ་བ་ཕུན་སུམ་ཚོགས་པ་ལ་འབད་ཅིང་བཟོད་པར་གསོལ་ནས་རང་གི་འདོད་པའི་ལྷའི་འཁོར་ལོ་བདག་ཉིད་ལ་གཞུག་ཅིང ་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བ་རྣམས་ཀྱང་བསྒྲུབ་བྱའི་དཀྱིལ་འཁོར་གྱི་འཁོར་ལོའི་ཕྱི་རོལ་ཕྱོག་ཅུ་རྣམས་སུ་བསྲུང་བ་ལ་སོགས་པ་མངོན་པར་འདོད་པའི་དབང་གིས་བཞུགས་སུ་གསོལ་ནས་དེ་ནས་ཉེ་རེག་བྱའོ།། དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི ་དབང་པོའི་གཟུགས་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ལ། ཧཱུཾ་ཧཱུ~ཾ་གཱི་ཡི་གེས་བསྒྱིངས་པ་བྱས་ལྀ་ཧྲཱིཿཧྲཱིཿའི་ཡི་གེས་འཇིགས་པར་བྱེད་ཅིང་རོལ་པའི་རྡོ་རྗེའི་རྐང་སྟབས་ཀྱིས་གར་བྱས་ནས་རྡོ་རྗེ་ཤུགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཏེ་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ལ་རྡོ་རྗེ ་རྐང་སྟབས་ཀྱིས་དེ་ཁོ་ན་བཞིན་དུ་ཨོཾ་ཧཱུཾ་ཕཊ་ཅེས་བྱ་བ་དང་ཨོཾ་ཧཱུཾ་ཧ་ན་མཱ་ར་ཡ~ཾ་དུཥྚཱ་ན་བྷྲྀ་ཏ་ཡ་བྷཱུ་ཏ་ཡ་ཨཱཿཿཧཱུཾ་ཧྲཱི་ཕཊ་ཅེས་བྱ་བ་དང་། ཨོཾ་ཧཱུཾ་ཨཱཿཱཿཱཿཕཊ་ཅེས་བྱ་བ་དང་།། ཨོཾ་ཧཱུཾ་ཨཿཕཊ་ཅེས་བྱ་བའི་སྔགས་བཞི་བརྗོད་པས་ཤར་དང་བྱང་ལ ་སོགས་པའི་སྒོའི་སློབ་དཔོན་རྣམས་དང་ལྷན་ཅིག་བསྐོར་བ་གསུམ་བྱས་ནས་ལྷག་པ་དང་ཆུང་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་འཁོར་ལོ་ལ་བལྟས་ཏེ་མེ་ཏོག་བཅོམ་ལྡན་འད་སོ་ལ་ཕུལ་ནས་ཤྭར་དང་བྱང་ལ་སོགས་པའི་རིམ་པས་ནུབ་ལ་སོགས་པའི་ཕྱོགས ་སུ་གནས་ཏེ་ཨོཾ་བཛྲ་ཨུད་གྷཱ་ཊ་ཡཾ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེ་སཽ་བརྗོད་ཅིང་སྒོ་ཕྱེ་ནས་ཨོཾ་ས་མ་ཡཾ་པྲ་བི་ཤཱ་མོ་ཞེས་བརྗོད་ནས་སླར་ཡང་གར་བྱས་ཏེ་མེ་ཏོག་གི་ཕྲེང་བ་བླངས་ལ་མགོ་བོར་བཅིང་ཞིང་ཕྱོགས་དང་ཕྱོགས་བྲལ་དུ་དྲི་དང་བདུག་སྤོས་ལ ་སོགས་པའི་མཆོད་པ་ཆེན་པོ་རྫོགས་པར་བྱས་ནས་འཁོར་ལོ་ལ་ཕྱག་བྱས་ཏེ། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་མཛད་དུ་གསོལ་ཞེས་གསོལ་བ་གདབ་ཅིང་བཟླས་པ་བྱ་བའོ།། ཞེས་བྱ་བ་ནི་དཀྱིལ་འཁོར་བསྒྲུབས ་པའོ།། ། དེ་ནས་རྡོ་རྗེ་སློབ་དཔོན་སྔ་བར་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་བསྲུང་བའི་དོན་དུ་ལས་ཐམས་ཅད་ལ་དྲངས་པའི་སྔགས་བཟླས་པའི་མཐར་གཏོར་མ་ཕུལ་ནས་དཀྱིལ་འཁོར་གྱི་ཁང་པ་ནས ་འབྱོན་ཏེ་སློབ་མ་རྣམས་བོས་ལ་རྨི་ལི་དྲིས་ནས་མི་དགེ་བ་རྨིས་པར་གྱུར་ན་དེ་རྣམས་ལས་ཐམས་ཅད་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ལ།། དེ་རྣམས་ཀྱིས་དཀྱིལ་འཁོར་སྔོན་དུ་འགྲོ་བའི།། ཨོཾ་པྲ་བི་ཤ་བྷ་ག་བཱན་མཧཱ་སུ་ཁ་པྲ་དཾ་པ་ར་མ་སུ་ཁོཿ ་མ་སིདྡྷནྟུ་ཛཿཧཱུཾ་བཾ་ཧོཿཔྲ་སིད་དྷུ་སྭ་ཞེས་གུས་པ་དང་བཅས་ཤིང་སྤྲོ་བས་ཞུགས་ནས་དཀྱིལ་འཁོར་གྱི་ཁང་པར་ཇི་ལྟར་འབྱོར་པས་ཡང་དག་པར་མཆོད་པརྒྱན་ལྷའི་འཁོར་ལོ་མངོན་དུ་གྱུར་པར་བལྟས་ཏེ་དཀྱིལ་འཁོར་གྱི་བདག་པོ་བླ་མར་མོས་པ་བྱས ་ནས་ཆང་པར་བྷྱ་པའི་སློབ་མོ་གཙུག་པའི་མོ་གའི་རིམ་གྱིས་དཀྱིལ་འཁོར་དུ་ཞུགས་ནས་སྦྱིན་པར་བྱ་བཞིན་པའི་དབང་བསྐུར་བརྗེས་སུ་གནོང་བའི་མཐར་ཐུག་པ་ཐོབ་ནས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པའི་དཀྱིལ་འ ་བདག་པོ་འདོད་ཆགས་ཆེན་པོ་ལས་བྱུང་བའི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་རང་བཞིན་ཅན་གཟུགས་བརྙམ་ལྟ་བུ་ཟུང་དུ་འཇུག་པ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་སུ་རིག་པར་བྱས་ནས་སློབ་མ་གཞུག་པའི་ཕྱིར་དཀྱིལ ་འཁོར་གྱི་དངོས་གྲུབ་གསོལ་བར་གྱི་བ་ནི་འདི་ཡིན་ཏེ། ནམཁའ་ལས་བྱུང་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་མ་རང་བཞིན།། དཔལ་ལྡན་སྡོམ་པར་བདག་དང་བསྒྲུབས།། དངོས་གྲུབ་མཆེན་པོ་ཀུན་གྱི་མཆོག ་དབང་ཕྱུག་ཆེན་པོ་གདོང་མའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར་མཆོག་ཏུ་བདག་བསྒྲུབས་ཤིག། ཉེས་པ་མེད་པ་རྟག་པ་སྟེ། འདོད་ཆགས་ཀུན་གྱིས་རྗེས་སུ་ཆགས།། འདོད་ཆགས་ཆེན་པོ་དགའ་བ་ཆེ།། བཅོམ་ལྡན་འ་དེ་ཉིད་ཀྱིས་བདག ་བསྒྲུབས།། ཤིན་དུ་དགའ་བ་ཆོས་ཀྱིས་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུནྡནྣ་ཏུ་བཟང་པོ་ཀུན་གྱི་བདག། བྱང་ཆུབ་སེམས་དཔར་བདག་བསྒྲུབས་ཤིག། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོའི་ཕྱག་རྒྱའི་མཆོག། གྲུབ ་བིབིའི་རྡོ་རྗེ་ཆེ་བའི་མཆོག། རྡོ་རྗེ་སྙེམས་པའི་བདག་བདག་བསྒྲུབས་ཤིག། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ།། སེམས་ཅན་ཀུན་གྱི་སྙིང་ལ་གནས།། སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན།། དམ་ཚིག་མཆོག་གི་འདོད་པའི་མཆོག། ཡེ་ཤེས་དམ་པའི་བདེན་གང ་གིས་ལ་དཀྱིལ་འཁོར་ཐབས་ད་ཤེས་རབ་བདག། བདེན་པོ་དེ་ཡིས་མགོན་ཁྱོད་ཀྱིས།། བདག་གི་འདོད་པ་ཡོངས་རྫོགས་མཛོད།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། གསལ་ཞིང་དག་ལ་རྙོག་པ་མེད།། གཟུངས་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང ་ལས་ལས་ཀུན་དུ་བྱུང་།། དེ་བཞིན་ཉིད་ལས་ངེས་པར་བྱུང་།། བདེན་པ་དེ་ཡིས་དཀྱིལ་འཁོར་དུ།། གཟུགས་བརྙན་གསལ་བར་སློབ་མ་རྣམས།། ཀུན་གྱིས་སྒྲིབ་མང་མཐོང་བར་ཤོག་ཅེས་བརྗོད་དོ།། ཞེས་བྱ་བ་ནི་སློབ་དཔོན་འཇུག་པའོ།། ་དེ་ནས་ཡོལ་བའི་ཕྱི་རོལ་ན་གནས་པའི་སློབ་རྣམས་ཁྲུས་དང་དྲི་བཟང་པོ་ལ་སོགས་པ་དག་བྱེད་བྱས་ཤིང་སྦྱིན་ལ་གཡས་ཀྱི་ལས་ཐམས་ཅད་པའི་ཆུས་མངོན་པར་གཏོར་ནས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ཏེ་སྙིང་པཾ་ཀ་དང་མགྲིན་པ ་དང་སྤྱི་བོ་རྣམས་སུ་རྡོ་རྗེ་དང་པདྨ་དང་འཁོར་ལོ་རྣམས་ལ་གནས་པ་ཉི་མ་དང་ཟླ་བ་ལ་གནས་པའི་ཧཱུཾ་ནག་པོ་དང་ཨཱཿདམར་པོ་དང་ཨོཾ། དཀར་པོ་བསྒོམས་ནས་ལསྱ་ཐམས་ཅད་པའི་སྔགས་བཟླས་པའི་གོས་དམར་པོ་བསྐོན་ཞིང་།། ་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་བོ་དྷི་ལཏྐ་ར་པསྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྟཱ་རཱ་ཎ་ས་མ་ཡེ་ཧཱུཾ་ཞེས་པས་སྨང་གཡོགས་བྱ་བས་ཏཱཾ།། དེ་བཞིན་དུ་ཨོཾ་བཛྲ་རཀྵ་ཧཱུཾ་ཞེས་པས་བླ་གོས་བྱས་ལ་ཨོཾ་བཛྲོཥྞཱིཥ་ཧཱུཾ་ཕཊ་ཅེས་པས་གཙུག་གཏོར་བྱ་ཞིང་། ཨོཾ་ཙཀྵརྠ ་བ་ར་མཱ་ན་ཡ་ཧཱུཾ་ཞེས་པས་མི་གོ་རས་དམར་པོ་བཅིངས་ཏེ་ཨཱཿཁཾ་བཱི་ར་ཧཱུཾ་ཞེས་པ་ས་མེ་ཏོག་གི་ཕྲེང་བ་གཟུང་ཞིང་ཧཱུཾ་ཞེས་བརྗོད་དེ་ལས་ཀྱི་རྡོ་རྗེ་ཅན་གྱིས་ཤར་སྒོར་གཞག་པོ་དེ་ལ་གཞུག་པའི་ཕྱིར་ཀྱེ་དགའ་བ་ལ་དགའ་བ་ཁྱོད་སུཾ་ཡིན་ཞེས་དྲི་ས ་པ་ན་དེས་ཀྱང་ཁ་དེ་ཆེན་བདག་ནི་སྐལ་པ་བཟང་པོ་ལགས་ཞེས་སྨྲ་བར་བྱའོ།། ཨོཾ་སརྦ་ཡོ་ག་ཙིཏྟོཏྶཱ་ད་ཡཱ་མི་ཞེས་བརྗོད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་པ་དེའི་སྙིང་གར་མེ་ཏོག་དང་བཅས་པའི་རྡོ་རྗེ་གཟུང་ནས་ཨོཾ་སུ་ར་ཏེ་ས་མཱ་སྟྭཾ་ཧོཿསིདྡྷྱ་བཛྲ། ་ཡ་ཐཱ་སུ་ཁཾ་ཞེས་བྱིན་གྱིས་བརླབསཱ་ལ། དྲེང་ཁྱོད་དེ་བཞིན་གཎྜཱིཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་ཆེན་དམ་པའི་དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྨྲ་བར་མི ་བྱ་ཞིང་། མ་ངད་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བརྗོད་ནས། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་ཁྲིང་ལ་ཨཱཿཁཾ་བཱི་ར་ཧཱུཾ་ཞེས་བརྗོད་པས་ཡོལ་བའི་ནང་དུ་བཅུག་ནས་མ་ཧཱ་ར་ཏ་སུ་དྲྀ་ཌྷ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་སཏྭ་ཨ་བྱ་སིདྡྷི་མོ་ཞེས ་བབརྗོད་ཅིང་བསྐོར་བ་བྱས་ཐལ་མོ་སྦྱར་ཏེ་དཀྱིལ་འཁོར་གྱི་ཤར་སྒོར་འདུག་ནས་ཨོཾ་སྱཱརྦ་བྷི་རཱ་ཌཱ་ཀི་ནཱི་པཱུ་ཛོ་པསྠཱ་ན་ཡཱཏྨ་ནཾ་ནིརྻ་ཏཱ་ཡ་མི་སརྦྦ་བཱི་ར་ཌཱ་ཀྲྀནྣི་པྲཱཛྙོ་པཱ་ཡཱཏྨ་ནཾ་སམྦ་རཱ་དྷིཥྛ་མཱཾ་ཞེས་བྱ་བས་དབུས་སུའོ།། ཨོཾ་སརྦ་བཱི་རཱ་ཌཱ་ཀཽནྟི་པཱུ་ཛྲྀ ་པབཔསྟྲེ་ནཱ་ཡཏྟཱ་ནཱ་ནཱིཪྻཱ་ཏ་ལཱ་མི་སརྦ་བྷྲྀ་རི་ཎཱི་ཌཱ་ཀླིནྣ་དྷི་ཏིཥྛ་མཱཾ་ཞེས་བྱ་བས་ཤར་ལའོ།། ཨོཾ་སརྦེ་ནཱི་རཱ་ཌཱ་ཀྲཱྀ་ནཱི་པཱུ་ཛཱ་ཀཱརྨྨ་ཎི་ཨཱཏྨ་ནཱཾ་ནིཪྻཱ་ཏ་ཡཱ་མི་སརྦྦ་བཱི་ར་ཊཱི་ཀ་ནཱི་ལྱཱ་མཱ་བཛྫ་ཀརྨ་ཀུ་རུ་མཱི་ཞེསོ་པས་བྱུང་ལའོ།། ཨོཾ་སརྦྦ་བཱིརྱཱ་ཊཱི་ཀི་ནཱི་པཱུ་ཛྙཱཾ་པྲ ་རྟརྟྟ་ནཱ་ཡཱཏྶི་ནཾ་ནིནྟི་ཏཱ་ཡཱ་མི་སརྦ་བཱི་ར་ཌཱ་ཀི་ནཱི་ཁརྞྞཾ་རོ་ཧཱ་བཛྲོ་དྷརྨ་པྲ་བརྟྟ་ཡ་མཱཾ་ཞེས་པྲ་ནུབ་དུའོ།། ཨོཾ་སརྦ་བཱི་ར་ཌཱ་ཀི་ནཱི་པཱུ་ཛཱཾ་བྷི་ཥེ་ཀྵ་ཡཱཾཏྨ་ནཱཾ་ནིཪྻཱ་ཏ་ཡཱ་མི་སརྦེ་བཱི་ར་ཌཱ་ཀཱི་ནཱི་རུ་པི་ནཱ་བཛྲ་རཏྣ་བྷི་ཥིཉྩ་མཱི་ཞེས་པས་ལྷོར་རོ།། ཨོཾ་གུ་རུ་ཙི་ར་ཎོ་པསྠཱ ་ནཱ་ཡཱཾ་ནཾ་ནིཪྻཱཏྨ་ཡཱ་མི་ཨོཾ་སྭརྦ་སཏྭ་པ་རི་ཏཱ་ཎཨཱརྱཱ་ཡཱཏྨ་ནཾ་ནིརྨྨ་ཏ་ཡཱ་མི་ཞེས་བླ་བ་མ་ལ་ཕྱག་བྱས་ནས། འདི་བརྗོད་པར་བྱ་སྟེ་དེང་ཁྱོད་དེ་བཞིན་གཤེག་ས་པཱ་ཐམས་ཅད་ཀྱི་རིགསུ་ཞུགས་ཀྱི་ས། དེས་ན་ངས་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ ་ཡེ་ཤེས་གཱ་གིས་ཁྱོད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་འཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ་ཞེས་བརྗོད་ནས་སྤྱི་བོར་རྡོ་རྗེ་གཟུང་ཞིང་དྲིལ་བུ་དཀྲོལ་བས། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི།། གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལོ།། འདི་སྨྲས་ན་ནི་མགོ་བོ་འགེམས།། ཤེས་བསྒྲགས་ལ་སྙིང་གར་མེ་ཏིག ་དང་བཅས་པའི་རྡོ་རྗེ་གཟུང་ནཱས།། ཨོཾ་ད་རིང་རྡོ་རྗེ་སེམས་དཔའ་རང་།། ཁྱོད་ཀྱི་སྙིང་ལ་ཡང་དག་བཞུགས།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་དེ་གཤེགས། ཤེས་བཀའ་བསྒོས་ནས་ལས་ཀྱི ་བུམ་པའི་སྟེང་དུ་པདྨའི་སྣོ་ད་ན་གནས་པའི་བདུད་རྩི་ལྔ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་ཨོཾ་བཛྲཱ་མྲྀ་ཏོ་ད་ཀ་ཋཿཞེས་ལན་བདུན་བཟླས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། དམ་ཚིག་བཟླས་ན་བསྲེག་པར་བྱེད།། དམ་ཚིག ་བསྲུང་ན་དངོས་གྲུབ་སྟེར།། རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག། ཅེས་བརྗོད་ལ། དེ་ནས་ངམ་ཚིག་བརྟན་པའི་སློབ་མ་ལ་འདི་སྨྲ་བར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཧེ་རུ་ཀ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་སྨྲས་པ་དེ་ཁྱོད་ཀྱིས་བྱ ་དགོས་སོ།། ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ།། ཁྱོད་ཡ་ང་བ་མ་སྤངས་པར་དུས་ཀྱི་བྱ་བ་བྱས་དམྱལ་བར་ལྟུང་བར་འགྱུར་ཏེ་རྀ་ཞེས་བརྗོད་དོ།། དམ་ཚིག་གི་ཆུ་སྦྱིན་པའོ།། སྐད་ཅིག་གིས་སྟོང་པ་ཉིད་ཀྱི་དེ་མ་ཐིག་ཏུ་སློབ་མ་ཨཱཿཡ~ཾག ་ལས་སྐྱེས་པའི་འོད་དཔག་མེད་ཀྱི་གཟུགས་ཅན་གྱི་དེ་བཞིན་དུ་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། ཞེས་བརྗོད་ནས་དེའི་སྙིང་གར་ལཾ་ལས་བྱུང་བའི་རྩེ་གསུམ་པའི་རྡོ་རྗེས་མཚན ་ཞིང་གྲུ་བཞི་པའི་སའི་དཀྱིལ་འཁོར་སེར་པོ་ལ་གནས་པའི་ཉི་མ་ལ་ཧཱུཾ་ཡིག་སྔོན་པོ་སྤྱི་བོར་བཾ་ལས་བྱུང་བའི་བུཾ་པ་དཀར་ཞིང་ཟླུམ་པས་མཚན་པའི་ཆུའི་དཀྱིལ་འཁོར་ལ་ཟླ་བར་ཧཿཡིག་དཀར་པོ། མགྲིན་པར་ཡཾ་ལས་བྱུང་བའི་གཡོ་ན་བའི་བ་ངན ་གཉིས་ཀྱིས་མཚན་པའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་ཟླ་བར་ཨ་ཡིག་དམར་པོ།། རང་གི་ཐུགས་ཀའི་ས་བོནྡ་གྱི་འོད་ཀྱིས་ཐུགས་དང་སྐུ་དང་གསུང་རྡོ་རྗེ་རོ་གཅིག་པ་བསྒོམས་ནས་རྐང་པ་དག་གི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྦར ་བའི་རཾ་ཡིག་ཡོངསུ་གྱུར་པ་ལས་རས་མཚན་པའི་ཉི་མ་གྲུ་གསུམ་པའི་འོད་ཟེར་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཛྷཻཿཡིག་དམར་པོས་ཧཱུཾ་ལ་སོགས་པའི་འོད་ཀྱིས་ལུས་བཀང་ནས་ཛྙེཿཡིག་གི་འོད་ཀྱི་ཤུགས་ཀྱི་སློབ་མ་འདེགས ་བཞིན་པ་ལ་གུ་གུལ་གྱི་དུ་བས་བདུག་ཅིང་དྲིལ་བུ་དཀྲོལ་བས་གར་བྱེད་ཅིང་ཨཱ་བེ་ཤ་ཡ་སྟོ་བྷ་ཡ་ར་ར་ར་ཙྪ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཧཿཱ་ཛྷཻཿཞེས་པའི་སྔགས་རྣམས་པ་བརྒྱར་བརྗོད་ཅིང་བསམ་གཏན་ལ་གཞོལ་བས་འབེབས་པར་བྱེད་དོ།། ཕེབྲས ་པའི་སློབ་མ་འདོད་ཆགས་རྡོ་རྗེའི་གཟུགས་ཅན་དུ་རྣམ་པར་བསམས་ནས་དེའི་ལྕེ་ལི་ཨཱཿཡིག་དམར་པོ་གསུང་རྡོ་རྗེ་དང་རོ་གཅིག་པ་ཟླ་བ་ལ་གནས་པའི་འོད་ཟེར་དང་བཅས་པར་བསྒོམས་ནས་བྲུ་ཧི་བཛྲ་ཞེས་བརྗོད་པར་བྱའོ།། དེ་ལྟ་ན་འདི་དགེ་བ་དང ་མི་དགེ་བ་བདེན་པར་སྨྲ་བར་འགྱུར་རོ།། དེ་ནས་ཨོཾ་ཏིཥྛ་བཛྲ་ཞེས་བརྟན་པར་བྱས་ནས་དེ་རྣམས་ལ་མིག་ལ་ཅི་སྣང་ཞེས་དྲིས་ནས་དེ་རྣམས་ཀྱིས་སྨྲས་པའི་དཀར་པོ་དང་སེར་པོ་དང་ནག་པོར་སྣང་ན་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད ་ཀྱི་དངོས་གྲུབ་ཀྱི་སྐལ་པ་དང་ལྡན་པར་འགྱུར་བ་ཡིན་ནོ་ཞེས་བརྗོད་དོ།། དེ་ནས་ཨཾ་ཞུགས་བཱི་ལ་སྙིང་ཀའི་ས་བོན་གྱི་འོད་ཀྱིས་བཀུག་ནས་རང་གི་སྙིང་ཀའི་ས་བོན་ལ་ཐིམ་པར་བསྒོམས་ཏེ་སློབ་མའི་མགོ་བོར་རྡོ་རྗེ་གཟུང་ནས། ཨོཾ་ཁྱེད་ཀྱིས ་ཤེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་ཧཱུཾ་ཧཱཿཱཿཥྚྲྀཿམུཿཞེས་གཤེགས་སུ་གསོལ་བར་བྱའོ།། དེ་ནས་སློབ་མའི་མཐེ་བོང་གཉིས་ནས་རྡོ་རྗེ་དང་བཟླས་པའི་ལག་པར་གཟུང་སྟེ་རྡོ་རྗེའི་རྐང་སྟབས་ཀྱི་ཚུལ ་གར་བྱས་ནས་ལས་ཐམས་ཅད་པ་རྡོ་རྗོད་ཅིང་བསྐོར་བ་གསུམ་བྱེད་དུ་བཅུག་ནས་བདེན་པའི་བྱིན་བརླབས་ཤེས་བྱ་བ་བརྗོད་དེ། ཡང་དག་པ་ཡི་དཀྱིལ་འཁོར་འདིར།། བདག་གིས་སློབ་མ་གཞུག་པ་འདི།། ལྷ་རྣམས་རིགས་ཀྱི་རིམ་པ་ནི།། ་བསོད་ནམས་ཇི་ལྟར་དེ་ལྟར་ཤོག། འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར།། རིགས་ནི་གང་གི་སྣོད་དུ་འགྱུར།། བསོད་ནམས་མཐུ་ཡང་ཅི་འདྲ་བ།། དེ་འདྲར་དཀྱིལ་འཁོར་དུ་འགྱུར། ཅིག་ཅེས་བྱ་བའོ།། དེ་ནས་སྔར་གཟུང་བའི་མེ་ཏོག་གི་ཕྲེང་བ་ཏཱཾ། ་ཡིག་གིས་བྱིན་གྱིས་བརླབས་པར་བསམས་ནས་མདུན་ན་གནས་པའི་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་ལ་དམིགས་ནས་དེའི་དབུ་ལ་སྔར་གཟུང་བའི་ཏཱཾ་ཡིག་གིས་བྱིན་གྱིས་བརླབས་པའི་མེ་ཏོག་ཧཱུཾ་ཡིག་གིས་དོར་བར་བྱ། ་སྟེ། པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་དོ།། དེ་ནས་མེ་ཏོག་ལྷུང་བ་ན་དམན་པ་དང་འབྲིང་དང་མཆོག་གི་དངོས་གྲུབ་རྣམས་མཚོན་པར་བྱའོ།། དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་མཛོད་སྤུ་འམ་གཙུག་ཏོར་ཡང་བུ་ལ་ཕོག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ ་བོ་སྦྱིན་ནམ་ཞལ་ལ་ཕོག་ན་སྔགས་ཀྱི་དངོས་གྲུབ་བོ།། ལུས་ཀྱི་མཆོག་ལ་ནི་མཆོག་གོ། ལུས་ཀྱི་བར་ལ་ནི་འབྲིང་ངོ་།། འོག་གི་ཆ་ལ་ནི་དམན་པའོ།། སྐུ་ལས་ཧ་ཅང་རིང་བ་ལ་ཡུན་རིང་བ་ལ་བོས་སོ།། ཉེ་བ་ལ་ནི་དངོས་གྲུབ་མྱུར་རོ།། ལྷ་རྣམ ་ཀྱི་རང་གི་གནས་ནི་རེ་མིག་ལ་སོགས་པ་རྣམས་པར་བཅད་པ་ལས་ཤེས་པར་བྱའོ།། གལ་ཏེ་ལྷ་གཉིས་ཀྱི་བར་དུ་ལྷུང་ན་དེའི་ཚེ་མེ་ཏོག་དེ་གང་ལ་ཉེ་བ་དེའི་རིགས་སུ་འགྱུར་རོ།། དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་ཕྲ་མོའོ།། རེ ་ཁཱ་རྣམས་ལ་ལྷུང་ན་དེའི་ཚེ་སླར་ཡང་ངོར་རོ།། ཞེས་པ་ནི་མེ་ཏོག་དོར་བའོ།། དེའི་རྗེས་སུ་ཕྲེང་བ་དེ་རྣམས་སློབ་མའི་སྤྱི་བོར་བཅིང་ཞིང་པྲ་ཏི་གྲྀཧྣ་ཏཱཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ཞེས་བརྗོད་ངོ་དོ།། དེ་ནས་སློབ་མའི་སྙིང་ཀའི་ཟླ་བ་ལ་བདག་པོ་དང ་དཔྲལ་བར་ར་དང་མིག་གཉིས་ལ་སླར་ཡང་ཨོཾ་ཡིག་གཉིས་འོད་ཟེར་དང་བཅས་པ་བསྒོམས་ནས། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང་།། ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན།། རྡོ་རྗེའི་མིག་ནི་བླ་མེད་པ།། ཕྱེ་བས་ཐམས་ཅད་མཐོང་བར་འགྱུར ་ཞེས་བརྗོད་ཅིང་གདོང་གཡོགས་གསལ་བར་བྱའོ།། ཀྱེའི་རྡོ་རྗེ་ལྟོས་ཤིག་ཅེས་བརྗོད་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མིང་བརྗོད་པ་སྔོན་དུ་འགྲོ་བསྒོ་སྐྱོང་ནས་བརྩམས་ཏེ་བདག་པོའི་མཐར་ཐུག་པར་བསྟན་ནས། ང་ནཱི་དང ་ཤུགས་ཀྱིས་སུ།། དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས།། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས།། སྔགས་དང་ཕྱག་བརྒྱས་བྱིན་གྱིས་བརླབས།། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས།། དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱི།། རྡོ་རྗེ་པདྨ ་རྩེ་རོལ་པ།། གསང་སྔགས་རྣམས་ལ་བསྙེན་བཀུར་གྱི། ཞེས་བརྗོད་ལ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་ངག་ཞུགས་སོ།། རྣལ་འབྱོར་དཀྱིལ་འཁོར་དཀྱོབ་ཆེན་པོ་བདག་གིས་མཐོང་།། གསང་བའི་དཀྱིལ་འཁོར་དཀྱི ་འཁོར་ཆེན་པོར་བདག་དབང་བསྐུར།། ཞེས་བརྗོད་དོ་བཅུག་ནས། ཧོཿཧོཿཧོཿཧོཿཤེས་དམ་ཚིག་བརྗོད་པར་བྱའོ་ཞེས་བྱ་བ་ནི་སློབ་མ་ནི་གཞུག་པའོ།། ། དེ་ནས་སློབ་མ་རྣམས་ཀྱིས་དབང ་བསྐུར་བའི་དོན་དུ་ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས་ཡན་ལག་ལྔས་ཕྱག་བྱས་ཏཾ་པུས་མོའི་ལྷ་ང་སཱ་ལ་བཙུགས་ནས་ཐལ་མོ་སྦྱར་བ་བྱས་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ།། མཆོད་ཆེནུ་ཇི་ལྟར་སྩལ་བ་ལྟར།། བདག་ཀྱང་རབ་ཏུ ་སྐལ་བའི་ཕྱིར།། ན་མཁའི་རྡོ་རྗེ་དེང་བདག་སྩོལ།། ཞེས་གསོལ་བ་གདབ་བོ།། དེ་ནས་སློབ་དཔོན་གྱིས་སློབ་མ་དབང་བསྐུར་བའི་དོན་དུ་རྩེ་བའི་དཀྱིལ་འཁོར་ལས་ཤིན་ཏུ་མི་རིང་བར་སྣང་ཚོགས་པདྨ་འདབ་མ་བརྒྱད་པ་ལ་རིགས་ལྔའི ་མཚན་མ་ཅན་གྱི་འདབ་མ་ཅན་གྱི་ཆུ་སྐྱེས་ལ་འདུག་ཏུ་བཅུག་ནས་སློབ་མ་རྡོ་རྗེ་འཆང་གི་གཟུགས་སུ་བསྒྱུར་བར་བྱའོ།། དེ་ནས་རང་གི་སྙིང་གའི་ས་བོན་ལས་འཐོན་པའི་འོད་ཀྱི་སྣ་ཚོགས་རྣམས་ཀྱིས་བཀུག་པའི་དཔའ་བོ་དང་མཁའ ་འགྲོ་མའི་ཚོགས་རྣམས་མཆོད་ནས་རྡོ་རྗེ་ཅན་གྱིས་སངས་རྒྱསཱ་ལ།། འགྲོ་བ་སྐྱོབ་པའི་ཆེད་དུ་དབང་།། བོ་ཡོན་ཏན་འབྱུང་གནས་ཇི་ལྟར་སྤྲུལ།། དེ་ལྟར་འདི་ལ་སྩལ་དུ་གསོལ།། ཞེས་གསོལ་བ་བཏབ་པས་ཤེས་རབ་དང་ཐབས་དག ་སྙོམས་པར་ཞུགས་པ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ་དཀྱིལ་འཁོར་གྱི་བདག་པོ་ལ་ཐིམ་ཞིང་ཞུགས་ནས་རྡོ་རྗེ་ནས་འཐོན་ཏེ་ཞུ་བ་རྣམས་ཕག་མོའི་པདྨ་རེ་ཞུགས་ཏེ། སློབ་མ་རྡོ་རྗེ་མཁའ་འགྲོ་མའི་གཟུགས་སུ་གྱུར་པ་ཤེས་རབ ་དང་བཅས་ཤིང་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་དབང་བསྐུར་ནས་སླར་ཡང་ཕྱག་དང་ཞལ་ལ་སོགས་པའི་སྐུ་རྣམས་ཀྱིས་པདྨ་ལས་ཕྱིར་ཕྱུང་བ་ལ་ན་མཁའ་གང་བར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དྲང་བ་དྲན ་དང་ན་བཟའ་དང་གླུ་དང་རོལ་མོའི་སྒྲ་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་སྒོ་སྐྱོང་དང་མཐུན་པར་ཁྲོ་གདོང་མ་ལ་སོགས་པས་ཕྱག་གིས་ཅང་ཟང་ཡོ་བར་གཟུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བའི་རིན་པོ་ཆེའི ་བུམ་པའི་ཆུ་རྣམས་ཀྱིས་དབང་བསྐུར་བར་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་སྤྲོ་བ་ཆེན་པོ་མཛད་ནས་མཆོད་ཅིང་བིཀྲ་ཤིས་ཀྱི་གླུ་ལེན་པར་ལྟ་སྟེ། བཀྲ་ཤིཾས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས།། ཀུན ་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག། མ་ལུས་སེམས་ཅན་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ།། དེས་ནི་དོང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ།། འཇིག་རྟེན་གསུམ་གྱི ་མགོན་པོ་དྲི་མ་གསུམ་སྤངས་པ།། སངས་རྒྱས་པདྨ་རྣམ་རྒྱུས་འདབ་འདྲིའི་སྤྱན་མངའ་བཱ།། དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤི་སཾ་ཤོག། དེ་ཡིས་ཉེ་བར་བསྟན་པ་མཆོག་རབ་མི་གཡོ་བ།། འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མི ་ཡིས་མཆོད།། ཆོས་མཆོག་སྐྱེ་དགུ་རྣམས་ལ་རྟག་ཏུ་ཞི་བྱེད་པ། ངོས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག། དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང་།། དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས།། ཚོགས་ཀྱི ་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི།། དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག། ཅེས་རང་ཉིད་ཀྱིས་བརྗོད་ལ་དང་པོར་རྣམས་པར་རྒྱལ་བ་དང་དེ་རྣམས་ནས་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རིམ་པས་དང་། དེ་ནས ་ཁྭ་གདོང་མ་ལ་སོགས་རྣམས་ཀྱི་དང་། དེ་ནས་གཤིན་རྗེ་བརྟན་མ་ལ་སོགས་རྣམས་ཀྱི་བུམ་པའི་ཆུས་སོ།། ཡང་ན་བུམ་པ་ཐམས་ཅད་ནས་ཆུ་བླངས་ལ་བསྡུས་པས་རྣམ་པར་རྒྱལ་བའི་བུམ་པའི་ཆུ་ཡལ་འདབ་དང་བཅས་པའི་རྡོ་རྗེའི་རྩེ་མོ་ལས ་མཛག་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི།། ཁམས་གསུམ་པ་ཡིས་ཕྱག་བྱས་པ།། སངས་རྒྱས་ཀུན་གྱིས་གསང་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པ་ར་བཱི། ཞེས་བརྗོད་ཅིང་ཨོཾ་ཨཱཿབཛྲོ་ངི་ཀཱ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་དབང ་བསྐུར་བར་བྱའོ།། ཞེས་བྱ་བ་ནི་ནུའི་དབང་ངོ་།། ། དེ་ནས་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བླ་མ་ལ་གསོལ་བ་བཏབ་པར་གྱུར་པའི་སློབ་མ་མཱཿདང་རིན་པོ་ཆེ་ལས་སྐྱེས་པའི་རིན་ཆེན་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས ་སེམས་དཔའ་དང་དབྱེར་མཽད་པ་ལ་ན་མཁའ་ལ་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་ཞིང་།། དབང་བསྐུར་རྡོ་རྗེ ་ཆེན་པོ་ནི།། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས་རང་གི་རིགས་ཀྱི་བདག་པོ་གཙོ་བོར་གྱུར་པའི་མཁའ་འགྲོ་ལྔས་བྱིན་གྱིས་བརླབས་པ་སློབ་མའི་མགོ་བོར་བསྐོར་ཞིང་ཨོཾ་ཨཱཿབཛྲ་མུ་ཀུ་ཊ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧི་ཞེས ་དབང་བསྐུར་ནས་བཛྲ་ཏུཥྱ་ཧོཿཞེས་ཡོངས་སུ་དགྱེས་པར་བྱའོ་ཞེས་བྱ་བ་ནི་ཅོད་པན་གྱི་དབང་ངོ་།། ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཿཞེས་བྱ་བ་འདིས་དཔྲལ་བར་དར་དབྱངས་བཅིང་བར་བྱ་སྟེ། དེ་བཞིན་དུ་གསོལ་བ་བཏབ་པར་གྱུར་པ་ཧྲཱི ་དང་པདྨ་ཡོངས་སུ་གྱུར་པ་ལས་སློབ་མ་པདྨ་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་ན་མཁར་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར་པ་ལ་པི་ཝ་ང་མ་ལ་སོགས་པའི ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་དང་བཀྲ་ཤིས་ཀྱི་གླུ་ལེན་པས་དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས། སངས་རྒྱས་རྣམས་ཀྱིས་རྡོ་རྗེ་ཡི།། དེ་བང་བསྐུར་གྲིས་དེ་རིང་ཁྱོད་དབང་བསྐུར།། ་འདི་དེ་སངས་རྒྱས་ཐམས་ཅད་ཉིད།། རབ་ཏུ་གྲུབ་ཕྱིར་རྡོ་རྗེ་གཟུང་། ཞེས་སློབ་མའི་སྙིང་ཀ་དང་མགྲིན་པ་དང་མགོ་བོར་རེག་ནས་པདྨ་མཁའ་འགྲོའི་བདག་ཉིད་ཅན་གྱི་རྡོ་རྗེ་དེ་ལག་པ་གཡས་པར་སྦྱིན་ནོ་ཞེས་བྱ་བའི་ནི་རྡོ་རྗེའི་དབ ་བསྐུར་བའོ།། །། དེ་ཁོ་ན་བཞིན་དུ་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཁཾ་དང་རལ་གྲི་ལས་སྐྱེས་པའི་ལས་ཀྱི་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་ན་མཁར་བཞུགས་པའི་དཔའ ་བོ་དེ་ང་མཁའ་འགྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི།། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ ་བཅད་པ་བརྗོད་ནས་ཨོཾ་བདྡྷ་དྷི་པ་ཏཱི་དྷཱ་མ་བྷི་ཥཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་དྲིལ་བུ་སྣ་ཚོགས་མཁའ་འགྲོའི་བདག་ཉིད་ཅནྡ་ལག་པ་གཡོན་པར་བྱིན་ནས། ཨོཾ་བཛྲ་གྷུཎྚེ་ཨཱཿཿགྲྀ་ཧཱི་ཏྭོ་སི་མ་ཡཱ་དྷ ་ག་ཝན་མ་ཡི་སནྣི་ཧི་ཏོ་བྷ་བ་ཞེས་བརྗོད་པར་བྱའོ།། ཞེས་བྱ་བ་ནི་དྲིལ་བུའི་དབང་གི་ཆོ་གའོ།། ། དེ་ནས་གསོལ་བ་བཏབ་པར་གྱུར་པའི་མོང་མཱ་ཨོཾ་ད་འཁོར་ལོ་ལས་སྐྱེས་པའི་འཁོར་ལོའི་མཁའ་འགྲོའི་གཟུགས་ཙམ ་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་ན་མཁར་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བཀྲུ་ཤིས་ཀྱི་གླུ་ལེན་པས ་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་ཡང་དག་པར་གཟུང་སྟེ། དེ་བང་བསྐུར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚོགས་སུ་བཅད་པ་བརྗོད་ནས། ཨོཾ་བཛྲ་སཏྭ་ཏཱ་བྷི་ཥིཉྩ་མི་བཛྲ་ནཱ་མཱ་དྷི་ཥ་ཀ་ཏཿཀྱེ་ཆེ་གེ་མོ་རྡོ་རྗེ་ནི་ཁྱོད་དོ་ཞེས་འཁོར་ལོ་ཅན་མཱི ་གྱི་དབང་བསྐུར་བོར་བྱ་སྟེ། རིགས་དང་རྗེ་ས་སུ་མཐུན་པ་ལས་སོ་ཞེས་བྱ་བ་ནི་མིང་གི་དབྱང་བསྐུར་བྱའོ།། ལྔ་པོ་འདི་རྣམས་ཀྱིས་དབང་བསྐུར་བས་རྒྱུད་ཉན་པ་དང་བཤད་པ་ལ་དབང་བར་འགྱུར་རོ།། མ་རིག་པའི་མི་མཐུན་པའི ་ཕྱོགས་ཉིད་ས་ཀྱི་ཕྱིར་རོག་པའི་དབང་ཞེས་བརྗོད་པར་བྱའོ།། ། དེ་ནས་རྡོ་རྗེ་སློབ་དཔོན་དབང་བསྒྱུར་བ།། ཐུགས་རྗེའི་གཏེམ་གྱི་བང་ག་ལ་སྩོལ།། གང་གིས་བདག་ལ་ནི་ཁྱོད་དྲིན་ལས།། རང་དང་གཞན་ངོན ་ནུས་པར་འགྱུར།། འཁོར་ལོ་ཕྱིར་མི་ལྡོག་པའི་དབང་།། མགོན་པོས་བདག་ལ་སྩལ་ནས་ཀྱང་།། འཁོར་ལོ་ལྷ་ཡི་དེ་ཉིད་དང་།། སློབ་དཔོན་གྱི་ནི་འཕྲིན་ལས་དང་།། སངས་རྒྱས་ཀུན་གྱི་དམ་ཚིག་དང་།། སྡོམ་པ་གསང་མཆོག་བཤད་དུ་གསོལ།། ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་ནི་ངེས་པར་སློབ་དཔོན་འགྱུར། ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་མའི་སྟེང་དུ་གདུགས་དཀར་པོ་བཞག་ཅིང་སེངྒེའི་གང་ན་ལ་བཀོད་ནས་རིགས་ལྔའི་མཚན་མས་མཚན་པའི་འདབ་མ་སྣ ་ཚོགས་པའི་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་འདུག་ཏུ་བཅུག་སྟེ་རྣམ་པར་བཀྲ་བའི་གོས་དང་རྒྱན་གྱིས་བརྒྱན་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པར་དམིགས་ནས།། ཐོག་མཐའ་མེད ་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་གང་བ་ཆེ།། རྡོ་རྗེ་སྙེམས་མའི་བདག་པོ་བདག། བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ།། ཞེས་བྱ་བ་འདིས་རྡོ་རྗེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་དེ་ཁོ་ན་ཉིད་ཀྱི ་གཟུང་བར་བྱའོ།། ཞེས་བྱ་བ་ནི་རྡོ་རྗེའི་དམ་ཚིག་གོ།། ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅུང་།། བྱང་ཆུབ་མཆོག་ཏུ་རྒྱལ་རྣམས་བཞེད།། ཅེས ་བརྗོད་ཅིང་ཨཱཿཡིག་ལོས་སྐྱེས་པའི་དྲིལ་བུ་དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱའོ།། དེ་ནི་ས་དེ་རྣམས་ཀྱིས་དཀྲོལ་བར་བྱ་སྟེ།། སྲིད་པ་ངོ་བོ་ཉིད་ཀྱིས་དང་། ཁོ་ནད་ཀྱིང་སྲིད་ག་རུགྷ། རང་བཞིན་དག་པའི་སེམས་དཔའ་མཆོག། མཆོག་གི་སྲིད་པ་བྱེད་པར ་འགྱུར་ཞེས་བརྗོད་པ། དྲལ་བུའདམ་ཚིག་གོ།། ། ཡིད་ཀྱི་ལུསྭཱ་ནི་བརྟན་བྱུང་པས།། ཕྱག་རྒྱའི་དམ་ཚིག་རྒྱུན་བཱ་ཤང་།། ལུས་ནཱི་ཐམས་ཅད་བརྟན་བྱེད་པ།། གང་ཡིན་དེས་ན་ཕྱག་རྒྱར་གླགས།། ཞེས་ཡེ་ཤེས་ཀྱི་ཕྱག ་རྒྱ་བྱིན་གྱིས་བརླབ་པའི་ཕྱིར། འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅོད་བསྒྲུབ་པར་བྱའོ་ཞེས་བྱིན་ནས་ཁ་སྦྱོར་གྱི་རིམ་པས་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱེད་དུ་གཞུག་གོ།། ཞེས་བྱ་བ་ནི་ཕྱག་རྒྱ་མའི་དམ ་ཚིག་གོ།། ། དེ་ལྟར་དམ་ཚིག་གསུམ་དང་ལྡན་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་ཅན་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་དབང་བསྐུར་བར་དམིགས་ནས།། དབང་བསྐུར་རྡོ་རྗེ་ཆེན ་བོ་ནི། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་།། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་དེ་རྣམ་པར་རྒྱལ་བའི་བུམ་པའི་ཆུས་དབང་བསྐུར་བར་བྱའོ།། དེ་ནས་མི་བསྐྱོད་པ་ཅོད་པན་དུ་རྣམ་པར་བསམ ་ནས་དེ་བཞིན་གཤེགས་པ་གཞན་རྣམས་དང་ལྷ་མོ་རྣམས་ཀྱང་ཡེ་ཤེས་སེམས་དཔའི་ངོ་བོས་གཞུག་པར་བྱའོ།། ཨོཾ་སུཾ་པྲེ་ཏིཥྛ་ཏ་བཛྲེ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་ལ་མཆོད་པར་བྱའོ།། དེ་སྐད་དུ་ཡང་། ཤེས་རབ་བཅུ་དྲུག་ལོན་པ་ལ།། ལག་པ ་ངག་གིས་ཡང་དག་འཁྱུད་།། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ།། སློབ་དཔོན་གྱི་ནི་དབང་དུ་འདོད་ཅེས་གསུངས་སོ།། དེའི་རྗེས་སུ་མདོར་བསྡུས་པས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་རྣམ་པར་དག་པ་ཡང་བརྗོད་པར་བྱའོ།། དཀྱིལ་འཁོར་པདྨ་ཞེས་བཤད་དེ། ་ཡིད་ཀྱི་དཀྱིལ་འཁོར་མཆོག་ཡིན་ནོ།། ཁང་པ་བརྩེགས་པ་ཞེས་བྱ་བ།། ཡེ་ཤེས་སེམས་ངག་བརྩེགས་ཞིང་བསྡུས།། ཕུང་པོ་ལྔ་ནི་མདོར་བསྡུས་ནས།། སངས་རྒྱས་ལྔར་ནི་རབ་ཏུ་གྲགས།། ཞེས་སོ།། དོན་དམ་པར་ནི་རང་བཞིན་མེད་པའི་བདག་ཉིད ་ཅན་གྱི་དེ་བཞིན་ཉིད་ཁོ་ན་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་ངོ་ཞེས་བྱ་བ་ནི་སློབ་དཔོན་གྱི་དང་ངོ་།། །། དེ་ནས་སློབ་དཔོན་གྱིས་སྙིང་པོ་ལ་སོགས་པའི་སྔགས་ལན་གསུམ་བཟླས་ནས། བཅོམ་ལྡན་འདི ་ལ་སྦྱིན་ལགས་ཀྱིས།། འདི་ལ་ཉེ་བར་མཛད་དུ་གསོལ།། ཞེས་བརྗོད་ཅིང་སློབ་མ་ལ་སྦྱིན་ནོ།། དེས་ནི། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས།། བདག་ལ་ཉེ་བར་མཛད་དུ་གསོལ།། ཞེས་སྔགས་གཟུང་ནས་ལན་གསུམ་བཟླ་བར་བྱའོ་ཞེས་བྱ། ་བ་ནི་སྔགས་གཏང་པའོ།། །། དེ་ནས་གསེར་གྱི་ཐུར་མས་དེའི་སྣོད་ན་གནས་པའི་མར་དང་སྦྲང་རྩིའི་མིག་སྨན་སློབ་མའི་མིག་ལ་པྲཾ་ཡིག་བསམས་ནས་ཨོཾ་བཛྲ་ནེ་ཏཱ་པ་ཧ་ར་པ་ཊ་ལཾ་ཧཱུ~ཾཿཞེས་བརྗོད་ཅིང་མིག་སྨན་བྱུག་པའི ་ཚུལ་བྱས་ནས་འདི་བརྗོད་པར་བྱ་སྟེ།། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས།། ཇི་ལྟར་འཇིག་རྟེན་རབ་རིབ་བཞིན།། བུ་ཁྱོད་ཀྱི་ནི་མི་ཤེས་པའི།། རབ་རབ་རྒྱལ་བ་རྣམས་ཀྱིས་བསལ། ཞེས་བྱ་བྱ་ནི་མིག་སྨན་ནོ།། ་དེ་ནས་སློབ་མ་ལ་ཨཱཿཡིག་བཟློས་པའི་མེ་ལོང་བསྟེན་ལ།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། གསལ་ཞིང་དག་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལས་ཡང་དག་བྱུང་།། རྡོ་རྗེ་སེམས་དཔའ་མེ་ལོང་བ ་དེར་ནི་གསལ་དག་རྙོག་པ་མེད།། སངས་རྒྱས་ཀུན་བདག་རང་ཉིད་ནི།། བུ་ཁྱོད་ཀྱི་ནི་སྙིང་ལ་བཞུགས།། རང་བཞིན་མེད་ཅིང་གནས་མེད་པར།། ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད།། སེམས་ཅན་དོན་ནི་མཉམ་མེད ་བྱོས་འགང་ཕྱིར་སྐྱོབས་རྣམས་སྲས་སུ་སྐྱེས། ཞེས་བྱ་བ་ནི་མེ་ལོང་ངོ་།། ། དེ་ནས་ཧོཿཡིག་ལས་བྱུང་བའི་གཞུ་ཧོཿཡིག་གིས་བྱིན་ནས་སརྦ་ཏཱ་ཐཱ་ག་ཏཱ་ནུ་རཱ་གཱ་ཡ་སྭ་ཞེས་བརྗོད་དེ།། སློབ་མ་རྣམས་ཀྱིས་ཀྱང་སརྦ་ཏ ་ཐཱ་ག་ཏཱ་ནུ་རཱ་གཽ་ཡཱ་མི་ཞེས་བརྗོད་ཅིང་བག་གོས་ཐམས་ཅད་འབུགས་པར་བསམས་ནས་ཕྱོགས་བཞིར་མངའ་བཞི་འཕང་བར་བྱ་སྟེ་སྟེང་དུ་གཅིག་དང་འོག་ཏུ་གཞན་ནོ་ཞེས་བྱ་བ་ནི་མངའ་འཕང་པའོ།། །། དེ་ནས་བྷྲཱུཾ་ཡིག་ལས ་སྐྱེས་པོའི་ཆོས་ཀྱི་འཁོར་ལོ་ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བརྗོད་ཅིང་སློབ་མའི་ལག་པ་གཡས་སུ་ཨཱཿཡིག་ལས་སྐྱེས་པའི་དུང་ཨོཾ་བཛྲཱི་བྷ་ཥཱ་རཾ་ཞེས་བརྗོད་ཅིང་གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་གླེགས་བམ་དབྱངས་དང་པོ་བཛྲོ་དྲ་པས ་དོང་། དབྱངས་ཐ་མ་ལས་སྐྱེ་སྲིས་ཀྱྀ་ཁྲི་\ུ0f7fདཀྲོལ་དུ་གཞུག་སྟེ། ཐམས་ཅད་ན་མཁའི་མཚན་ཉིད་དེ།། ན་མཁའ་ལ་ཡང་མཚན་ཉིད་མེད།། ན་མཁའ་མཉམ་པར་སྦྱོར་བ་ལས།། ཀུནྡོ་མཆོག་མཉམ་པ་ཉིད་དུ་གསལ། ཞེས་དེའི་རྗེས་སུ ་འདི་སྐད་དུ་བརྗོད་པར་བྱ་སྟེ།། དེང་ནས་བརྩམས་ཏེ་སེམས་བསྒྱིང་བཅས།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཆོས་ཀྱི་དུང་ནི་བླ་མེད་པ།། ཐམས་ཅད་དུ་ཡང་གང་བོར་གྱིས།། སོམ་ཉི་ཡིད་གཉིས་མི་བྱ་ཞིང་།། དོགས་པ་མེད་པའི ་སེམས་ཀྱིས་ཁྱོད།། གསང་སྔགས་སྤྱད་པའི་མཆོག་གང་།། འཇིག་རྟེན་ལ་ནི་རྟག་ཏུ་ཤོད།། དེ་ལྟར་བྱས་ན་སངས་རྒྱས་ལ།། བྱས་པ་ཤེས་པར་ཉེ་བར་བརྗོད།། རྡོ་རྗེ་འཛིན་པ་དེ་ཀུན་ཡང་།། ཁྱོད་ལ་རྣམ་པ་ཀུན་དུ་བསྲུང་ཞེས་སོ།། དེ་བཞིན་དུ ་ཐུན་མོང་གི་རྗེས་སུ་གནང་བ་བྱིན་ནས་རིམ་པས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་དམིགས་ཏེ་སློབ་མཱ་ལ་བརྗོད་པར་བྱ་སྟེ། འཇིག་རྟེན་ཀུན་དུ་ཐམས་ཅད་དུ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཇི་ལྟར་འདུལ་བས་སྣ ་ཚོགས་པའི།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཤེས་རིབ་ཐབས་ཀྱི་རང་བཞིན་བདག། ཡིད་བཞིན་ནོར་ལྟར་མཐོ་བ་ཡིས།། ངོག་སོ་དང་བྲལ་ཞིང་ཟད་མིན་པར།། སེམས་ཅན་དོན་ནི་ཕུན་ཚོགས་བྱས།། ཆོས་ཀྱི་སྒྲའི་གནས་སུ་རྡོ་རྗེ་དང་། ་རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་སྒྲ་བཅུག་ནས་རྗེས་སུ་གནང་བ་རྣམ་པ་ལྔ་སྦྱིན་པར་བྱའོ།། སློབ་མས་ཀྱང་མ་བླ་མའི་ཞབས་ཀྱི་པདྨ་གཉིས་ལ་ཕྱག་བྱས་ནས།། གཙོ་བོས་ཇི་ལྟར་བཀའ་སྩལ་པོ།། དེ་ལྟར་བགྱིའོ་ཞེས་བརྗོད་དོ་ཞེས་བྱ་བ་ནི ་རྗེས་སུ་གནང་བའོ།། ། དེ་ནས་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་དམིགས་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རྡོ་རྗེ་སེམས་དཔའི་ཕྱག་ན་གནས།། ཁྱོད་ན་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། ཕྱག་ན་རྡོ་རྗེའི་བཻརྟུལ ་ཞུགས་བརྟན། ཞེས་བྱ་བ་འདིས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་བྱིན་ལ་སློབ་མས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏཱ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏཱཾ་དྷཱ་ར་ཡཱ་མི་བཛྲ་སཏྭ་ཧྲཱིཿཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ཅིང་རྡོ་རྗེ་གཟུང་བར་བྱའོ་ཞེས་བྱ་བ་ནི་རྡོ་རྗེའི་བརྟུལ་ཞུགས་སོ།། ་དེ་ནས་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་ཆོས་གོས་ཀྱི་རྣ་བ་གཡོན་པའི་ཁུ་ཚུར་གྱི་གཟུང་བ་བྱས་ཤིང་གཡས་པ་མི་འཇིགས་པའི་ཕྱག་རྒྱས། སྲིད་པའི་ངན་འགྲོ་ལས་བཏོན་ནས། ་སྲིད་པ་ཤིན་ཏུ་དགུ་བྱའི་ཕྱིར།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། འདི་ནི་ང་ཡས་ལུང་བསྟན་བྱ།། ཀྱེའི་ཆེ་གེ་མོ་བཛྲཱ་ཏ་ཐཱ་ག་ཏཱ་སིདྡྷ་ས་མ་ཡ་སྟཾ་བྷཱ་ར་བྷྲཱུཾ་བཿསྭཿཞེས་བྱ་བོ་འདིས་སློབ་མ་མེ་ཏོག་ཕོག་པ་དང་རྗེས་སུ་མཐུན ་པའི་དེ་བཞིན་གཤེགས་པོའི་གཟུགས་སུ་བྱའོ།། གང་ཡང་དྲངས་ཤིང་འཕགས་པའི་ཕྱག་རྒྱས་ལུང་བསྟན་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པའི་དཀྱིལ་འཁོར་བ་རྣམས་ཀྱིས་མགྲིན ་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ་ཕྱག་རྒྱ་དང་གསང་སྔགས་འདི་ཉིད་རབ་ཏུ་བསྒོམས་སོ་ཞེས་དད་པར་བྱའོ་ཞེས་བྱ་བ་ནི་ལུང་བསྟན་པའོ།། །། དེ་ནས་སློབ་མའི་སྙིང་གར ་སྔགས་ཐམས་ཅད་ཀྱིས་མངོན་པར་བསྔགས་ནིས་ལག་པ་གཡོན་ལ་ཀཾ་ཀ་ཎ་བཙོངས་ཞིང་མགོ་བོར་གདུགས་བཟུང་བས་བསྐོར་བ་བྱེད་དུ་བཅུག་ནས་ཐལ་མོ་སྦྱར་བ་དང་བཅས་པ་དཀྱིལ་འཁོར་གྱི་སྒོར་གདུགས་ཕབ་ནས། རྒྱུད་རྣམ ་འཛིན་པར་འགྱུར་བ་ཡི།། སློབ་མ་འདི་ནི་ཕུལ་བ་ལགས།། ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་དབང་ཕྱུག་ལ་གསོལ་བ་བཏབ་ནས་སློབ་མའི་སྙིང་ལ་འབབ་པའི་ཚི་ག་འདི་སྐད་བརྗོད་པར་བྱ་སྟེ། ད་ནི་ཁྱོད་རྣམས་དཀྱིལ་འཁོར་གྱི།། སློབ ་དཔོན་སྔགས་དང་རྒྱུད་འཛིན་པར།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ལྷ་རྣམས་དག་ཀྱང་དགོངས་པར་འགྱུར།། སེམས་ཅན་ཀུན་ལ་བརྩེ་དོན་དུ།། ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན།། རབ་ཏུ་འབད་དེ་བྲི་བར་བྱ།། མཆོག་ཏུ་གསང་བ ་དྲམ་པཱ་ཡི།། དཀྱིལ་འཁོར་མཐོང་ཞིང་བཞུགས་པས་ན།། སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར།། དང་ནི་ཁྱེད་རྣམས་བདེ་བར་གནས།། བདེ་ཆེན་ཐེག་པ་འདི་ལས་ནི།། ཕྱིན་ཆད་མཆི་བ་ཁྱོད་ལ་མེད།། སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས།། ་སྲིད་པའི་མཐའ་ནི་ཤིན་ཏུ་གྲུབ།། དེང་ཁྱོད་སྐྱེ་བ་འབྲས་བུར་བཅས།། གང་ལ་ལེགས་པར་ར་བ་ཏུ་གནས།། དམ་ཚིག་ལྷ་རྣམས་དང་མཉམ་པར།། འགྱུར་བ་ལ་ནི་ཐེ་ཚོམ་མྱོང་།། སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས།། དོ་རིང་ཚེ་ལྡན་དབང་བསྐུར་བས།། ་ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེའི།། བདགོ་པོ་ཉིད་དུ་ཁྱོད་ངེས་སོ།། དེ་རིང་བདུད་རྣམས་ལས་རྒྱལ་ནས།། གྲོང་ཁྱེར་མཆོག་ཏུ་ཁྱོད་ཞུགས་ཏེ།། དེ་རིང་སངས་རྒྱས་ཉིད་འཐོབ་པར།། འགྱུར་བ་འདི་ལ་ཐེ་ཚོམ་མེད།། འདོད་ཆགས་བྲ་ལ་བུ་ལྟ ་བུའི་སྡིག། ཁམས་གསུམ་ན་ནི་གཞན་མེད་དེ།། དེ་བས་འདོད་ལ་ཆགས་བྲལ་བར།། ཁྱོད་ཀྱིས་ནམ་ཡང་མི་བྱའོ།། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་།། མྱུར་བས་ཁྱོད་ནི་ཅི་ལས་འཇིགས།། ཤ་ལྔ་བདུད་རྩི་བཟང་བྱ་སྟེ།། དེ་རིང་སངས་རྒྱས། དེ་ཕྱི ་དམ་ཚིག་གཞན་ཡང་བསྲུངས།། སྲོག་ཆགས་བསད་པར་མི་བྱ་ཞིང་།། བུད་མེད་རིན་ཆེན་སྤང་མི་བྱ།། སློབ་དཔོན་སྤང་བར་མི་བྱ་སྟེ།། དམ་ཚིག་ཤིན་དུ་འདའ་བར་དཀའ།། ཤེས་རབ་ཐབས་ཀྱིས་བསམས་པ་ཡིས།། མི་བྱ་ཅུང་ཟད་ཡོད ་མ་ཡིན།། མ་འཇིགས་ཁྱོད་ལ་སྡིག་པ་མེད།། དེ་བཞིན་གཤེགས་པ་གསུང་ཇི་བཞིན།། དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས།། རང་གི་དམ་ཚིག་མི་ཟད་དདེ་སྡེར་བསྟེན་པར་གྱིས།། འགྲོ་བ་བདེ་བ་ཉུང་ལས་རྡོ་རྗེ་སེམས་དཔའ་ང ་མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར།། གཞན་ཡང་ཆོས་ཉིད་འདི་དང་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་གང་ཡིན་པ་ལ་དགེ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བུ་སྡུག་པ་བཞིན་དུ་རབ་ཏུ་དང་བའི ་ཐུགས་ཀྱིས་དགོངས་པར་འགྱུར་རོ་ཞེས་བྱ་བ་ནི་དབུགས་དབྱུང་བའི་ཆོ་གའོ།། ། དབང་བསྐུར་བ་དེ་རྣམས་ལ་བུམ་པ་བྱེད་པ་བྱེང་པ་ཉིད་ཡིན་པའི་ཕྱིར་བུམ་པའི་དབང་བསྐུར་བའོ།། ། དེ་ནས་ཡོལ་བ་དང ་སྣམ་བུ་ལ་སོགས་པ་རྣམས་ཀྱིས་འགོལ་བར་བྱས་པའི་གནས་སུ་སློབ་མ་རང་གི་སེམས་དགའ་བའི་ཤེས་རབ་མ་དེ་ཅུ་གཉིས་ལོན་པ་འམ་བཅུ་དྲུག་ལོན་པ་ཡང་རུང་།། གཟུགས་དང་མཚན་པུ་ར་སུམ་ཚོགས་ཤིང་ངམ་ཚིག་དང་སྡོམ་པ་ལ ་གིནས་པ་བླ་མ་ལ་ཕུལ་ནས་པུས་མོའི་ལྷ་ང་སྱ་ལྀ་བཙུགས་ཏེ་ལག་པར་སྦྱར་ནས་བླ་མཱ་ལ་རྡོ་རྗེ་སེམས་དཔར་མངོན་སུམ་དུ་མོས་པ་བྱས་ནས། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས།། བདག་གིས་བླ་མེད་བྱ་བ་ཐོབ།། དེ་ཕྱིར་གསང་བའི་དབང་གིས་ནི། ་མགོན་པོ་རྗེ་སུ་གཟུང་བར་མཛོད།། ཅེས་གསོལ་བ་བཏབ་བོ།། བླ་མས་ཀྱང་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་མཐར་དཔལ་སྡོམ་པའི་སྐུ་དང་ཤེས་རབ་ཕག་མོའི་གཟུངས་སུ་བསྐྱེང་ནས་རྡོ་རྗེ་དང་པདྨ་འདྲ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་འཇུག་པར ་བྱ་ཞིང་ཨོཾ་སརྦ་ཏ་ཐཱ་གཱ་ཏཱ་ནུ་རཱ་ག་ཎཱ་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཾ། ཞེས་བྱ་བའི་སྔགས་བརྗོད་ཅིང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཕྱོགས་བཅུར་གནས་ཤིང་སྙོམས་པར་བཞུག་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཡིད ་ཀྱོས་བཅུག་ནས་འདོད་ཚིགས་ཆེན་པོས་ནུ་བར་གྱུར་པཱ་ཨོཾ་བ་དྷཱུ་ཏཱི་ནས་འོངས་པས་དགའ་བ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་རང་ཉིད་ཀྱིས་རིག་པར་བྱས་ནས་མཐེ་བོང་དང་སྲིན་ལག་དག་གི་ནོར་བུར་བཙིར་ནས ་རྡོ་རྗེ་ན་མཁའི་ཁམས་སུ་རྣམ་པར་བསམས་ཤེས་རབ་ཀྱི་པདྨ་ལིས་བྱུང་ནས་སློབ་མ་གསུང་རྡོ་རྗེའི་གཟུགས་ཅན་གྱི་ཁར། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས།། ཇི་ལྟར་སངས་རྒྱས་སྲས་དབང་བསྐུར།། བྱང་ཆུབ་སེམས་ཀྱི་བཟ ་བ་ཡིས།། དེ་བཞིན་དུ་ཁྱོད་དབང་བསྐུར་རོ།། ཞེས་དང་རྩ་བའི་སྔགས་ཀྱང་བརྗོད་ལ་བྱང་ཆུབ་ཀྱི་སེམས་དབབ་པར་བྱའོ།། ཤེས་རབ་གདོང་ཡང་བཅིང་བ་དང་།། ཐབས་ཀྱི་གདོང་ཡང་དེ་བཞིན་ཏེ།། མཐེ་བོ་མོ་དེ་མེདོ་དག་གིས་ནི།། སློབ ་མའི་ཁར་ནི་དབབ་པར་བྱ།། ཞེས་ག་སུངས་པ་ཡིན་ནོ།། དེས་ཀྱང་དཔའ་བོ་དང་མཁའི་འགྲོ་མ་ཐམས་ཅད་ཞུ་བ་ནི་འདི་ཡིན་ནོ་ཞེས་མོས་པར་བྱས་ནས་ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ཅིང་བཏུང་བར་བྱའོ།། ཤེས་རབ་མཱ་ལྡངས་ལ་གོས་མིང ་པ་ཉིད་དུ་པདྨ་ན་གནས་པོའི་བདུད་རྩིའི་ཐིག་ལེ་རྣམས་དེའི་ཁར་གཞུག་སྟེ།། དེས་ཀྱང་དེ་བཞིན་དུ་བཏུང་བར་བྱའོ།། ཤེས་རབ་དང་ཐབས་ངག་གིས་ཀུན་རྫོབ་པའི་གསང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བའི་ཕྱིར་ཞེས་བྱ་བ་ནི ་གསང་བའི་དབང་བསྐུར་བའོ།། །། དེ་ནས་འདོད་པའི་ཤེས་རབ་མ་དེ་ཉིད་ལས་ཐ་དད་པ་གཞན་ཡང་རུང་སི་ལ་ག་པུར་དང་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པའི་ཕྱག་རྒྱ་གཏད་པར་འོས་པ་སྟེ། ་གང་གིས་བདག་ནི་ཁྱོད་དྲིན་ལས།། ལྷན་སྐྱེས་ཡེ་ཤེས་ཐོབ་ཀྱིས་ཏེ།། ཤེས་རབ་ཡེ་ཤེས་དབང་བསྐུར་བ།། དབང་ཕྱུག་མཆོག་གིས་བདག་ལ་སྩོལ། ཞེས་གསོལ་བ་བཏབ་པར་གྱུར་པ་དེ་ལས་སློབ་མིའི་ལག་པ་གཡས་པ་དང་ངོའི ་ལག་པ་གཡོན་པ་སྟོ་དེ་གཉིས་རང་གི་ལགྲོ་བ་གཡོན་པས་གཟུང་ལ།། གཡས་པས་སློབ་མའི་སྤྱི་བོརརེ་རྡོ་རྗེ་གཟུང་ན་ས། འདིར་ནི་ཁྱེད་རྣམས་དབང་པོ་ཡིན།། བདག་གིས་འདི་ལ་འདི་གཏང་ངོ་།། ཞེས་དཔའ་བོ་དང་མཁའ་འགྲོ་མ ་རྣམས་དབང་དུ་བྱས་ནས།། གཟུགས་མ་ཡིད་འོང་འདི་ཁྱོད་ཀྱིས།། བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས།། འཁོར་ལོའི་རིམ་པོའི་སྦྱོར་བ་ཡིས།། བདེ་བ་དམ་པ་མྱང་བར་གྱིས།། ཐབས་གཞན་གྱིས་ནི་སངས་རྒྱས་མིན།། དེ་བས་འདི ་དང་བྲལ་བར་ནི།། ཁྱོད་ཀྱི་ནམ་ཡང་མ་བྱེད་ཅིག། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས།། རིག་མའི་བརྟུལ་ཞུགས་བླ་ན་མེད།། རྨོངས་པ་གང་ཞིག་འདའ་བྱེད་པ།། དེ་ལ་མཆོག་གི་དངོས་གྲུབ་མེད།། ཅེས་བརྗོད་ལ་ཤེས་རབ་མ་གཏད ་པར་བྱའོ།། དེས་ཀྱང་དྲི་བཟང་པོ་དང་མེ་ཏོག་གི་ཕྲེང་བས་ལུས་ཉེ་བར་མཛེས་པར་བྱས་ཤིང་རྒོད་ཅིང་དགའ་བའི་བཞིན་གྱི་མདངས་ཀྱིས།། བུ་ཁྱོད་སྤྲོ་བ་ཉིད་དམ་ཅིང་།། བཤང་གཅི་ལ་སོགས་ཟ་བ་དང་། ཤ་ཁྲག་ཁུ་བ་དེ་བཞིན ་ཏེ།། བུད་མེད་ལ་གུས་དེ་བཞིན་གཞན།། བྷ་གའི་པདྨར་འོ་བྱེད་པར།། ཇི་ལྟར་བདེ་བ་བུ་ཡིས་སྨྲོས།། དེ་ལྟར་འདོད་པའི་མཚན་མ་བརྗོད།། དེས་ཀྱང་འདི་སྐད་དུ་སྨྲ་བར་བྱ་སྟེ།། ལྷ་མོ་བདག་ནི་ཅིས་མི་སྤྲོ།། ཁུ་ཁྲག་ལ་སོགས་པ་བཟའ་སྟེ།། ་ལུས་ཀྱི་རྟག་ཏུ་བུད་མེད་གུས།། བྷ་ག་ལ་ཡང་འོ་བྱེད།། དེ་ནིས་དེ་དགའ་ཞིང་གུས་པས་ཅིན་དན་སི་དང་གུར་ཀུམ་ལ་སོགས་པ་རྣམས་ཀྱིས་རང་གི་འོད་བཞིན་དུ་དྲྀ་རྩིས་བྱུགས་ནས་གཅེར་བུར་སློབ་མ་ལ་ཆུ་སྐྱེས་སྟོན་པར་བྱེད་དེ།། ཨེ་མང་ཡི་པདྨ ་འདི།། བདེ་བ་ཀུན་དང་ཡང་དག་ལྡན།། གང་ཞིག་ཆོ་གས་བསྟེན་བྱེད་པ།། དེ་ཡི་མདུན་ན་བདག་གནས་སོ།། འདི་ནི་ཆོས་དབྱིངས་དག་པ་སྟེ།། སེམས་ཅན་ཁམས་ནི་རབ་དགྲོལ་བྱེད།། བདེ་ཆེན་རྒྱལ་པོ་རང་ཉིད་ནི།། དངོས་པོ་ཀུན་ལ་རྣམ་པར་གནས ་སངས་རྒྱས་མཆོད་པ་ལ་སོགས་པ།། པདྨར་བྱ་བ་ཇི་བཞིན་གྱིས།། བདེ་ཆེན་རྒྱལ་པོ་རང་ཉིད་ནི།། འདི་ཉིད་ན་ནི་རྟག་ཏུ་བཞུགས།། བྷཾ་ཛ་མོཀྵ་ཧོཿཞེས་སོ།། དེ་ནས་རང་ཉིད་འཁོར་ལོ་སྡོམ་པའི་སྐུ་དང་ཤེས་རབ་ཕག་མོའི་གཟུགས་སུ་བསྐྱེད་ནས་ཧྲཱི་ཧཱུཾ ་དངག་ལས་སྐྱེས་པའི་པདྨ་དང་རྡོ་རྗེ་དག་ཨཱཿོཾ་ཡིག་ལས་སྐྱེས་པའི་ལྟེ་བ་དང་ནོར་བུར་བསམས་ནས་རྡོ་རྗེའི་ཁ་ཕཊ་ཡིག་སེར་པོ་དང་ཤིང་ཡིག་བྱ་སྟེ།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩེ་གཡོན་ན་གནས་ཤིང་འདུག་པ་སོར་མ་ས་ཅུང་ཟད ་བསྐུལ་བ་ཤེས་ནས་དེ་བླ་མས་བརྗོད་པ་ལས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་རུ་རཱ་ག་ཎ་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཾ་ཞེས་བརྗོད་ཅིང་།། བླ་མས་ཉེ་བར་བསྟན་པའི་དགའ་བའི་དབྱེ་བ་རྣམས་རང་གི་སྙི་ང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་དཔའ་བོ་དང་མཁའ་འགྲོ ་མ་ལ་སོགས་པས་བྱིན་གྱིས་བརླབས་པའི་ལུས་བླ་མས་བྱིན་པའི་འཁོར་ལོའི་མཁའ་འགྲོ་མ་ལ་སོགས་པས་བྱིན་གྱིས་བརླབས་པའི་ཡིད་ཀྱི་དགའ་བ་བརྩམ་པར་བྱའོ།། རྡོ་རྗེ་པདྨར་རབ་གཞག་ནས།། བྱང་ཆུབ་སེམས་ནི ་དབྱུང་མི་བྱ།། བསྐྱོད་པར་བྱས་ནས་དེ་དགའ་བའི།། སེམས་ཀྱིས་གང་བར་བསྒོམ་པར་བྱ།། ཡེ་ཤེས་འདི་ནི་ཕྱེ་ཕྲ་ཞིང་།། བྱང་ཆུབ་སྙིང་པོ་མཁའ་དྲ་བ།། རྡུལ་བྲལ་ཐར་སྟེར་ཞི་བ་ཉིད།། ཁྱོད་ཀྱི་ཕ་ཡང་རང་ཉིད་དོ།། རྣལ་འབྱོར་ཡིས་ཇི་སྲིད་དུ། ་བྱང་ཆུབ་སེམོས་འདོར་མི་བྱེད་པ།། དེ་སྲིད་རྒྱུན་མི་འཆད་པ་ཡི།། དགའ་བ་ཅི་ཡང་འཐོབ་པར་འགྱུར།། བྱང་ཆུབ་སེམས་ནི་ལྷུང་གྱུར་ནོ།། དངོས་གྲུབ་ཀུན་གྱི་གཏེར་ཡིན་པས།། ཕུང་པོ་རྣམས་ཤེས་བརྒྱལ་བ་ལ།། མ་སྨད་དངོས་གྲུབ་ག་ལ་ཡོད།། མཁའ་དབྱིངས ་རྡོ་རྗེ་སྦྱོར་བ་ལས།། རེག་པའི་བདེ་བ་རླུང་བྱུང་ཆེ།། གང་དེ་མཆོག་ཏུ་དགའ་བ་ཡི།། བྱེད་པ་པོ་སྟེ་བསྐྱེད་པར་བྱ།། མཆོག་དང་དགའ་བྲལ་དག་གིས་དབུས།། བརྟན་པོར་མཆོ་ལ་བརྟག་པར་བྱ།། པདྨའི་ན་མཁའ་ནོར་བུ་ཡི།། ལྟེ་བ་བསྡམས་པའི་གནས ་སུའི།། རྡོ་རྗེ་སྐྱིལ་དཀྲུང་གི་སེམས་ནི།། ནོར་བུའི་ནང་དུ་གནས་པར་བལྟ།། གང་གང་ཡེ་ཤེས་སྐྱེ་འགྱུར་བ།། ཡེ་ཤེས་རང་བཞིན་དེ་ཡིས་མཆོག། འདོད་ཆགས་མེད་ཅིང་ཆགས་བྲལ་མེད།། དབུ་མིར་ཡང་ནི་མི་དམིགས་ཏེ།། རྣལ་འབྱོར་གང་ཚེ་ཡེ ་ཤེས་མཐོང་།། བདེ་བ་བརྟན་བྱ་འགྱུར་བའང་མིན།། ཐུན་ནམ་ཡང་ཉིན་མོ་གཅིག། ཟླ་བ་འམ་ཟླ་ཕྱེད་ལོ་དང་ནི།། བསྐལ་པ་འམ་བསྐལ་པ་སྟོང་དུ་ཡང་།། ཡེ་ཤེས་མངོན་པར་སྦྱོར་བས་གནས།། སླེབ་མས་ཆ་ཤས་གཟུང་ནས་ནི།། པདྨའི་ལྟོ་བར ་ཕྱུང་བ་ན།། དེ་ནས་རོ་མ་ཡིས་ནི་སེམས།། བྱང་ཆུབ་སྔོན་དུ་འགྲོ་བས་གཟུང་།། ཤེས་རབ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་སོ།། ། དེ་ནས་ཇི་སྐད་བཤད་པའི་ཆོ་གས་ཤེས་རབ་ཡེ་ཤེས་མངོན་པར་གྱི་དབང ་བསྐུར་བ་ཉིད་ལ་འབྲས་བུར་གྱུར་པ་བཞི་པའི་དབང་སྦྱིན་པར་བྱིའོ།། ཡང་གསུངས་པ། ཇི་སྐད་གསུངས་པོའི་ཆོ་གས་དབང་བསྐུར་བ།། སྦྱིན་ནས་སློབ་མའི་མོས་ཡིད་ཀྱིས་བརྟག། ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མོས་གྱུར་ན།། དབང་བསྐུར་རིན་ཆེན་ཚིག་གིས ་སྦྱིན་པར་བྱ།། འོ་ན་འདི་རྒྱ་ཆེ་བ་ལ་མོས་པ་འམ་ཡང་ན་མ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན།། དུ་བ་ལས་ནི་མེར་ཤི་ས་དང་།། ཆུ་སྐྱར་ལས་ནི་ཆུ་ཤེས་པ།། བྱང་ཆུབ་སེམས་དཔའ་ཡི་ནི་རིགས།། བློ་དང་ལྡན་པས་མཚན་མས་ཤེས།། ་བཞིན་གྱི་ཆུ་སྐྱེས་རབ་དང་ཞིང་།། དགའ་བ་ལུས་ཀྱི་སྤུ་ལྡང་བ།། དེ་ཉིད་མཐོང་ནས་མཁས་པ་ཡི།། སློབ་མ་དམ་པ་རྗེས་གཟུང་བྱ།། ཤེས་རབ་ཡེ་ཤེས་དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པས་རབ་ཏུ་འཕེལ་བཞིན་པ། སྒྲིབ་པ ་མེད་པ་ཉིད་དང་ལྡན་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་རྒྱ་པོའི་རང་བཞིན་ནི་བཞི་པའི་དོན་ཡིན་ནོ།། ཡང་གསུངས་པ། དེར་ནི་ཐོག་མ ་དབུས་མཐའ་མེད།། སྲིད་མིན་མྱ་ངན་འདས་པ་མིན།། བདག་མེད་གཞོན་ཡང་མེད་པ་སྟེ།། འདི་དེ་མཆོག་ཏུ་བདེ་ཆེན་པོ།། ཡང་གསུངས་པ། རྒྱུ་དང་བྲལ་ཞིང་འགྲོ་ལ་རྟག་ཏུ་ཤར།། གང་ཞིག་དུས་སུ་ངེས་པར་གསུངས་པ་ན།། ཐམས་ཅད་མཁྱེན ་པ་འང་ཚིག་གི་དབུལ་འགྱུར་བ།། བདེ་བའི་རྒྱལ་པོ་གཅིག་པུ་རྒྱལ་གྱུར་ཅིག། བླ་མས་བསྟན་པ་མ་ཡིན་ན།། སློབ་མས་གོ་བ་མ་ཡིན་ཏེ།། ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ།། སུ་ལ་སུ་ཞིག་གིས་ནི་བརྗོད།། བློ་ཡི་སྤྱོད་ཡུལ ་མ་ཡིན་པས་ན་ཚིག་གི་གདགས་པ་མེད།། རྒྱ་ཆེན་པོ་ལ་བླ་མས་གཞག་པ་གཏམ་གྱི་འཇུག་པ་གཞི།། དེ་ནི་རིམ་གྱིས་སྙིང་རྗེ་ལ་སོགས་ཡོན་ཏན་ལ་འདོམས་ཏེ།། དད་ལྡན་རྣམས་ཀྱི་སྙིང་གི་གནས་སུ་རང་ཉིད་འབྱུང་བ་ཡིན།། འོ་ན་བྱང་ཆུབ་ཀྱི ་མས་སྐྱེས་པའི་མཚན་ཉིད་ཅི་ཞེ་ན། གཉིད་ལོག་པ་ཡི་དབང་པོ་བཞིན།། ཡིད་ནི་སྣང་མེད་ཐིམ་འདྲ་བ།། གཡོ་མེད་བཞིན་དུའང་སྣང་བ་ཡི།། ལུས་ནི་དམ་པའི་བདེ་བས་བརྒྱ་ལ།། དབང་པོའི་སྡེ་རྣམས་འཇུག་པ་མེད་པ་དང་།། སྲིད་པའི་ས་བོན ་རྣམ་རྟོག་མཐའ་དག་ཉམས།། ཀུན་དུ་དགའ་བ་འདི་དེ་མཚུངས་ཀྱང་།། བསིལ་བ་ཐོབ་པའི་མྱོང་བ་ཨ་ལ་ལ།། འདིར་ནི་དབང་ནི་ཐིམ་པར་གྱུར།། བདག་ཀྱང་དེ་བཞིན་སོང་བའི་ཚེ།། ལྷན་སྐྱེས་དགའ་བ་སྦྱིན་བྱེད་པ།། བླ་མའི་ཞབས་ལ་གསལ ་བར་དྲིས།། དེ་ཉིད་གསུངས་པ། གང་ཞིག་ཤར་དུ་ཚེ་ན་དབང་པོ་དང་།། ཡུལ་རྣམས་མཉམ་དུ་ནུབ་གྱུར་དེ་ལ་འདུད།། མཁས་དང་འགྲོ་བའི་སྙིང་ལ་ཅི་ཡང་གནས།། ཕྱིས་ནི་མངོན་དགའ་རྒྱལ་བའི་མཛེས་སྐུ་གཅིག། དེ་བས་ན། འདི་ན་དམ ་པའི་བདེ་བའི་སྟོབས་ལས་བློ།། གང་གི་རྣམ་པར་རྟོག་པ་མཐའ་དག་བཅོམ།། མཁས་པ་དེ་ནི་བྱེ་བོ་བྱས་པ་སྟེ།། གཞན་པ་དེ་རྣམས་རྐང་གཉིས་ཕྱུགས་ཡིན་ནོ།། གང་དུ་དངོས་དང་དངོས་མེད་བྲལ་ཞིང་དབེ་ན།། རང་གསལ་འཛག་པའི་དགའ ་བའི་རང་བཞིན་རྒྱས།། འདི་ནི་ནམ་མཁའི་མཐར་ཡང་ཁྱབ་པར་བྱེད།། རྣམ་པ་ཐམས་ཅད་དང་བྲལ་དྲི་མ་མེད།། དཀྱིལ་འཁོར་ཕལ་ཆེར་དེ་ཡིས་གསལ་བར་མཐོང་།། བདེ་བ་ཐམས་ཅད་ཀྱི་ནི་གཞིར་གྱུར་ཏེ།། ལྷན་ཅིག་སྐྱེས་པའི་དགའ་བ་བཞིར་བར ་བརྗོད།། དེའི་ཕྱིར་ཐེ་ཚོམ་མེད་པར་སྐུ་གསུམ་གྱི་རྗེས་སུ་འཇུག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཁོ་ན་བཞི་པར་ཤེས་པར་བྱའོ།། ཞེས་བྱའོ།། དེ་ལྟར་དབང་བསྐུར་བ་ཐོབ་པའི་སློབ་མས་བྱ་བ་བྱས་པ་འདི་བརྗོད་པར་བྱ་སྟེ།། དང་བདག་སྐྱེ་བ ་འབྲས་བུར་བཙོས།། བདག་གི་གསོ་ན་པའང་འབྲས་བུར་བཅས།། དེ་རིང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སྲས་སུ་བདག་གྱུར་ཏོ་ཞེས་སོ།། དེ་ནས་བླ་མ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཡོན་དབུལ་བར་བྱ་སྟེ།། སྣ ་ཚོགས་པའི་རྒྱན་དང་གོས་ལ་སོགས་པ་དང་། ཁྱད་པར་དུ་རང་གི་ལུས་སོ་ཞེས་བྱ་བ་ནི་མངོན་པརཾ་དབང་བསྐུར་བའི་ཆོ་གའོ།། །། དེ་ནས་སློབ་དཔོན་གྱིས་རྒྱས་པ་དང་ཞི་བའི་ཕྱིར་ཆོ་ག་བཞིན་སྦྱིན་བསྲེག་བྱའོ།། དེ་ལ ་མེའི་ལྷ་མེ་ལ་བསྐྱེད་པར་གྱུར་པ་ན་སློབ་མའི་མཐེ་བོང་ནས་གཟུང་ནས་ཁ་དོག་ལྔའི་སྲད་དུས་ཡང་དག་པར་བཅིངས་པས་སམ། རང་ཉིད་རྒྱས་པ་དང་ཞི་བའི་སྦྱིན་སྲེག་བྱ་སྟེ། མ་ལ་མར་གྱིས་བཀུང་བའི་མཐར་ཐུག་པ་བྱས་ནས་རྣམ་པ ་སྣ་ཚོགས་པའི་མཆོད་པའི་རྫས་རྣམས་ཀྱི་དཀྱིལ་འཁོར་ཆེན་པོ་མཆོད་ཅིང་གར་དང་གླུ་དང་རོལ་མོ་ལ་སོགས་པའི་ཡོ་བྱད་དང་བཅས་པའི་དམ་ཚིག་གི་ཀུན་དུ་སྤྱོད་པོས་གཏོར་མའི་ཆོ་ག་རྣམས་ཀྱིས་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར ་ལོའི་བདག་པོ་ཚིམ་ཞིང་ཡང་དག་པ་མཆོད་ནས་སྦྱིན་བསྲེག་གི་བྱ་བ་རྫོགས་པར་བྱས་ཏེ། སློབ་མའི་འདོད་པས་ཡོན་སྦྱིན་པ་སྔོན་དུ་འགྲོ་བའི་མཆོད་པས་དགྱེས་པ་དང་། དེ་ནས་འཐོན་ནས་ཕྱི་རོལ་ཏུ་གཞག་པའི ་ཕྱོགས་ཀྱི་གཏོརཱ་མའི་མཐར་ཞུགས་ནས་འཁོར་ལོ་ལ་ཕྱག་བྱས་ཏེ། འཁོར་ལོའི་དབང་པོ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་བསྔོས་ཏེ་དཀྱིལ་འཁོར་ལ་ལན་གསུམ་དུ་བསྐོར་ནས་ཤར་སྒོར་འདུག་སྟེ། བཅོམ་ལྡན་འདས་ལ་མངོན་དུ་ག་ཕྱོགས ་པས་ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ཅིང་།། མི་རྙེད་ཤེས་བྱ་བ་ལ་སོགས་པས་བཟོད་པར་གསོལ་ནས།། ཨོཾ་ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་ཨཱཿཧཱུ~ཾ་བཛྲི་མུཿཞེས་བྱ་བས་ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ་ནས་དོམ ་དམ་ཚིག་གི་འཁོར་ལོ་བདགུ་ཉིད་ལ་ནང་དུ་བཅུག་སྟེ། ཨོཾ་ཨཱུ་ཀྲཱྀ་རོ་མུ་ཁཾ་སརྦྦ་དྷརྨྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏཱ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་མུཿ། ཞེས་བརྗོད་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པས་དྲིལ་བུ་དཀྲོལ་ཞིང་ལག་པར ་གནས་པའི་རྡོ་རྗེས་དང་པོར་སྒོ་ནས་བརྩམས་ཏེ་ཚངས་པའི་ཐིག་གཱི་ལམ་ནཱས་རྒཀྱིབོའི་གནས་ཇི་སྲིད་པར་དབྱི་ཞིང་རང་གི་སྤྱི་བོར་རྡུལ་མཚོ་ནི་ཅུང་ཟད་གཞག་ནས་པདྨ་ལ་སོགས་པ་དབྱི་བར་བྱའོ།། དེ་ནས་སྒོ་རྣམས་དང་མཚམས ་རྣམས་ཀྱང་ལེག་པར་གནས་པར་རྡོ་རྗེས་དབྱི་བར་བྱའོ།། དེ་ནས་རྡོ་རྗེས་བཅིངས་པའི་མཐེ་བོང་གཉིས་བཅུག་སྟེ་སྡིགས་མཛུབ་གཉི་མ་བསྟན་པ་བཞིན་དུ་འཁྱིམ་པ་བྱས་ནས་ཨོཾ་བཛྲ་ཀཱི་ལ་ཨུ་ཥྞཱི་ལ་ཡ་སོརྦ་ཀཱི་ལཱརྠ་ཏྲེ་དྷ་རཱ་དྷི་ཡཱ་ཧཱུཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ ་ཞེས་འདོན་ཞིང་ཧཱུཾ་གི་ཡི་གེ་བཞི་པའི་སྔགས་ཀྱིས་ཕུར་བུ་རྣམས་བསྐྱེད་ནས། ཨོཾ་རུ་རུ་སྥུ་རུ་ཛྭཱ་ལ་ཏིཥྛ་སིདྡྷ་ལོ་ཙ་ནྡེ་སརྦྦརྞྞ་སྭཱ་ཧཱ། ཞེས་བརྒྱད་དང་བཅས་པའི་བརྒྱ་བཟླས་ནས་འོ་མས་བཀྲུ་བར་བྱ་ཞིང་ཕུར་བུའི་ལྷ་རྣམས་ཀྱང་གཤེགས་སུ ་གསོལ་ཏེ་ཁུང་བུ་ཡང་དགང་བང་བྱའོ།། ཞི་བ་ལ་སོགས་པ་དོན་དུ་གཉེར་བ་ཡོད་ན་སྦྱིན་ཞིང་རྡུལ་ཚོན་ལྷ་གི་མ་རྣམས་ནི་རྣམ་པར་རྒྱལ་བའི་བུམ་པར་བླུགས་ནས་གླང་པོ་ཆེ་ལ་སོགས་པའི་གཞོན་པོའི་སྟེང་དུ་བཀོད་ནས་གོས་ལ་སོགས་པས་བརྒྱན ་ཞིང་།། རྣལ་འབྱོར་མ་རྣམས་ཀྱིས་གཟུང་བའི་དོ་ལི་ལ་གནས་པའི་སློབ་དཔོན་ནམ་དྲིལ་བུ་དྲུང་བཅས་པའི་སྒྲ་བཀྲ་ཤིས་ཀྱི་གླུ་དང་སིལ་སྙན་དང་གདུག་སྔ་དང་རྒྱལ་མཚན་དང་བ་དན་དང་བ་དན་དང་སྣོད་ཀྱི་རྣམ་པ་རྣམས་ཀྱིས་ཆུ་ཀླུང་ལ་སོགས་པ་རྣམས་ཀྱི ་འགྲམ་དུ་གཞག་ནས་གནས་གཙང་མར་དཀའ་བའི་དྲིས་པདྨ་འདབ་མ་བརྒྱད་པ་བྱས་པའི་ལྟེ་བ་ལ་རྡུལ་ཚོན་གྱི་བུམ་པ་བཞག་ནས་དེའི་སྟེང་དུ་དམིགས་པས་རྡོ་རྗེ་སེམས་དཔའ་ཆོ་ག་བཞིན་ཡང་དག་པར་མཆོད་ནས་འདབ་མ་ལུས་ཕྱི་རོལ ་གྱི་ཆར་བྱེ་མའི་རང་བཞིན་གྱི་ཀླུ་བརྒྱད་རྣམས་འདུས་བྱས་ནས་དེ་རྣམས་ཀྱི་དོན་གྱི་ཕྱིར་འོ་མའི་གཏོར་མ་བརྒྱད་བརྒྱད་ཁཾ་ཕོར་གཙང་མར་འབྲས་ཀྱིས་གང་བའི་སྟེགས་བུ་ལ་གཏོར་མ་དང་མེ་ཏོག་དཀར་པོས་མཆོད་ཅིང་བ་དན་དཀར་པོ་དང་། ལྷ ་བཤོས་ཆེན་པོ་ལ་སོགས་པ་རྣམས་འདམ་མ་རྣམས་ལ་གཞག་པར་བྱའོ།། དེ་ནས་སློབ་མེ་དཔོན་གྱིས་རྡོ་རྗེ་སེམས་དཔའ་ལྷག་པའི་གཙོ་བོར་ག་དབུས་སུའོ།། ཤར་གྱི་འདབ་མ་ལ་མཐའ་ཡས།། ལྷོར་པདྨ་ནུབ་ཏུ་འཇོག་གོ།། བྱང་དུ་བཱ་སུཾ ་ཀི། དབང་ལྡན་པདྨ་ཆེན་པོ། མར་དུང་སྐྱོང་། བདེན་བྲལ་དུ་ཀརྐོ་ཊ་ཀཾ། རླུང་དུ་རིགས་ལྡན། ཕྱི་རོལ་དུ་ཀླུ་ཐམས་ཅད་ཀྱིས་གང་བར་བསམས་ནས་དེ་ནས་མེ་ཏོག་དཀར་པོས་མཆོད་ཅིང་། ཨོཾ་ཨཱཿབཛྲ་སཏྭཱ་ཡ་ཧཱུཾ ་སྭཱཧཱ། ཨོཾ་ཨཱཿ་ནནྟ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཔདྨ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཏཀྵ་ཀཱ་ཡ་ཧཱུ~ཾ་སྭཱ་ཧཱ། ཨོཾ་ཨཱཿབཱ་སུ་ཀ་ཡཽ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿམ་ཧཱ་པདྨ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཤཾ་ཁ་པཱ་ལཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཀཱརྐོ་ཊ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཀུཾ ་ལི་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་རྣམས་ཀྱིས་མངོན་པ་ར་བསྔགས་པའི་མེ་ཏོག་ལ་སོགས་པས་མཆོད་ནས་ལག་པ་གཡོན་པས་གདེངས་ཀའི་ཚུལ་གྱིས་གཟུང་བའི་མེ་ཏོག་འགེ་པ་གཡས་པ་བརྐྱང་ནས། ཨོཾ་ཨ་ནེནྟ་བཱ་སུཾ་ཀྲི་ཏཱཀྵཱ་ཀ་ཀརྐོ་ཊ ་ཀ་པདྨ་མ་ཧཱ་པདྨ་ཤི་ཁ་པཱ་ལ་ཀུ་ལི་ཀ་པཱ་ལ། དཾ་བ་ཏི་མ་ཧཱ་དེ་བ་ཏི་སོ་མཱ་ཤི་ཁིཎྜཱ་དྷ་ར་མ་ཧཱ་དཎྜ་དྷ་ར་ཨ་ས་ལ་ལ་ཧུ་ལུཎྜ་ནནྡོ་པ་ནན་དཱ་སཱ་ག་ར་མཱ་ཧཱ་སཱ་ག་ར་ཏཔྟཱ་ཤྲཱི་ཀཱནྟི་མ་ཧཱ་ཀནྟི་རཏྣ་ཀཱནྟི་ས་དྷུ་ས་བྷ་དྲཱ་ཧི་ཀ་མ་ཧོ་ད་ར་ཤི་ལི་ཤྲི་ལི་མ་ཧཱ་ཤི ་ལི། ཨོཾ་བྷཉྫ་བྷཉྫ་ཨཱ་གཙྪ་གཙྪ་མ་ཧཱ་ནཱ་གཱ་དྷི་པ་ཏི་སརྦྦ་བྷུ་བ་སྭཱ་ཧཱ། ཞེས་བརྗོད་ཅིང་ཀླུ་རྣམས་ལ་འོ་མའི་གཏོར་མ་བྱིན་ནས་མཆོད་དེ་སྒེག་པའི་དྲིལ་བུས་མཆོད་ཅིང་ཡི་གེ་བརྒྱ་པ་བརྗོད་ནས་བཟོད་པར་གསོལ་བར་བྱའོ།། དེའི་ཚེ་སློབ་མས ་ཆུ་ཕྲ་མོའི་རྒྱུ་ནི་འབབ་པའི་ཀླུཿང་རྣམས་སུ་རྙོག་པ་མེད་པས་གཟུང་ནས་རྡུལ་ཚོན་གྱི་བུམ་པ་རྣམས་རབ་ཏུ་གཡོ་བོ་དང་བཅས་པ་གཟུང་ནས་ཀླུ་རྣམས་ལ་གཏང་བར་བྱའོ།། ཨོཾ་མི་ལི་མི་ལི་ཧཱུཾ་ཛཿསྭཱ་ཧཱ་ཞེས་བརྗོད་ཅིང་གཤེགསུ་གསོལ ་བར་བྱའོ།། ཀླུའི་དབང་པོ་རྣམས་ཀྱིས་ས་འོག་གི་མཐིལ་དུ་སྤྱན་དྲངས་པར་བསམ་པར་བྱའོ།། དེ་ནས་སློབ་དཔོན་གྱིས་ཆུ་ཀླུང་དུ་ཀླུའི་བ་དན་དཀར་པོ་བཙུགས་ནས་དུར་བ་དང་མེ་ཏོག་ཀུན་དུ་དང་ལྡན་ལ་པའི་འོ་མའི་རྒྱུན་དབབ་པར་བྱ་སྟེ་གཤེགས་སུ་གསོལ ་བར་བྱའོ།། སློབ་མས་ནི་ཀུན་ད་དེ་ཉིད་རང་གི་ལག་པར་གཟུང་ནས་དེ་ཉིད་ཀྱིས་དཀྲུས་པའི་བུམ་པས་སོ་སོར་བླངས་ནས་བུམ་པ་དེ་ཆུས་གྲང་བ་བྱས་ཤིང་བཀྲ་ཤིས་ཀྱི་གླུས་བླ་མའི་སྤྱན་སྔར་འགྲོ་བ་བྱས་ནས་ཡང་དཀྱིལ་འཁོར་གྱི་ཁང་པར ་ཞུགས་ང་ནས་དཀྱིལ་འཁོར་གྱི་ས་ལཱ་འོ་མས་བྱས་པའི་མཎྜལ་ལ་བུམ་པ་གཞག་པར་བྱའོ།། བླ་མས་ནི་ཞི་བའི་དོན་དུ་དེ་དཀྱིལ་འཁོར་གྱི་ས་ལྀ་གཏོར་ནས་རང་ཉིད་ཀྱིས་ཀྱང་གཟུང་སྟེ་གཞན་ལ་ཡང་བྱིན་ནས་ཁྱིམ་ལ་སོགས་པ་བསྟེན་པར ་བྱའོ།། དེས་པ་བྱུང་གིས་བྱུགས་པའི་དཀྱིལ་འཁོར་གྱི་ཁང་པར་གཞོན་ནུ་མ་རྣམས་འོ་ཐུག་ལ་སོགས་རྣམས་ཀྱིས་ཚིམ་པར་བྱ་ཞིང་མཆོད་པར་བྱའོ།། ཞེས་པ་ནི་དཀྱིལ་འཁོར་ཉེ་བར་བསྡུ་བའོ།། ། ་དེ་ནས་འཁོར་ལོ་བྱས་ནི་ས་གཏོར་མ་དངུལ་བར་བྱས་ཏེ། སྐྱེ་བོ་དམ་པ་ཚོགས་པའི་སྟོན་མོ་བྱའོ།། དེ་ནས་བྱས་པ་རྣམས་ཀྱིས་མགོན་པོ་རྣམས་ལ་ཡང་གཏད་པར་བྱའོ།། འགྲོ་ལ་ཕན་པའི་བྱ་བར་བཀོད་དེ་ཆོས་ལ་ཐུགས་གཅིག་པ། ་ཆེས་མཁས་བློ་ཡི་དབང་པོ་ཆོས་ཀྱི་བློ་གྲོས་མི་ཡི་དབང་།། དེ་ཡིས་བདག་ལ་གསོལ་བ་བཏབ་ལས་དཀྱིལ་འཁོར་ཆོ་ག་རྣམས།། ཆེར་གསལ་འདི་བྱས་པ་ནི་སྐྱེ་བོ་གཞན་ལ་ཕན་པའི་ཕྱིར་རོ།། ཞེས་པ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི ་དཔལ་ལ་འི་སྡོམ་པའི་དཀྱིལ་འཁོར་ཆོག་དཔལ་དྲན་རྩཝའི་ཞལ་རྫུ་ནས་མཛང་བརྗོ་པ་སོ།། ་འདི་ནི་ཕྱོགས་ཐམས་ཅད་ལས་རྣམ་པར ་རྒྱུ་གྲོས་ཅན་ཡོད་མས་རྒྱ་ཆ་རྫས་པས་གས་ཀྱི་མ་ཏོག་མས་ཏེ་སྤེལ་། གྲུབ་དང་ཟུག་ཀྱིད་ཀྱིལ་ས་ས་གྱུར་པ་གཞོད་ན་ལ་ཞེས་བྱ་བས་རྫང་ཆུབ་ནིས་ཛིནན་པའིང་བེ་གན་པོ ་