CLOSE WINDOW

GT2052: 'od zer can gyi sgrub thabs
Wyliee-texts produced with BDRC’s OCR application

བའི་འོད་ཟེར་ཅན་གྱི་སྒྲུབ་ཐབ་སོ།། པྲྀཎྜི་ཏ་ཆེན་པོ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སྦྱོང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། #།། རྒྱ་གར་སྐད་དུ། མཱ་རཱྀ་ཙྱཻ་སཱ་དྷོ་ནཾ། བོད་སླེ་དུ། འོད་ཟེར་ཅན་གྱི། ་སྒྲུབ་ཐབས། འོད་ཟེར་ཙཱན་མ་ལ་ཕྱག་འཚ་ལོ།། ཨོཾ་ཨཱཿཧྲཱིཾ་སྭཱ་ཧཱ་ཞེས་བྱ་བ་རྣམས་བདག་ཉིད་ཀྱི་མགོ་བོ་དང་དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། པུས་མོ་གཉིས་པོ་རྣམས་ལ་རྣམ་པར་སྒོམས་ལ། ཡི་གེ་ཨོཾ་ལས་ངེས་པར ་གྲུབ་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་འོད་ཟེར་ཅན་སྐུ་མདོག་དམར་མོ་སྟེ། ཞལ་དྲུག་མ་ཕྱག་བཅུ་གཉིས་མ། གསུས་པ་འཇོལ་བ། དབུ་སྐྲ་སེར་པོ་གྱེན་དུ་འབར་བར་གྱུར་པ། ཐོད་པའི་ཕྲེང་བ་འཕྱང་བ། སྦྲུལ་གྱི་སྨད་ཀ་དང་ལྡན ་བ་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཞབས་གཉིས་ཀྱིས་བགེགས་ཀྱིས་ཚོགས་དུ་མོ་ཀུན་ནས་མནན་པ། མཆོད་རྟེན་གྱི་ནང་ན་ཉི་མུའོ་དཀྱིལ་འཁོར་ལ་གཡས་བསྐུམས་པས་བནུགས་པ། རྣམ་པར་སྣང་མཛད་དབུ ་རྒྱན་དང་ལྡན་པ། ཕག་སྣ་ཚོགས་ཀྱིས་འདྲེན་པའི་ཤིང་རྟ་པའོ།། དམར་མོ་དང་། ནག་མོ་དང་། ལྗང་གུ་དང་སེར་མོ་དང་། དཀར་མོ་ནི་དང་པོ་ལ་སོགས་པའི་ཞལ་ལྔ་པའོ།། ཞལ་གཅིག་ནི་སྟེང་ན་སྟེ། ཕག་གི་ཞལ་ནག་མོ།། གཡས་ཀྱི ་རྣམས་ན་ནི་རལ་གྲི་དང་དབྱུག་ཐོ་དང་མདའ་དང་ལྕགས་ཀྱུ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་རྣམ་སོ།། གཡོན་གྱི་རྣམས་ན་ནི་ཞགས་པ་དང་བཅས་པའི་སྡིག་མཛུབ་དྲང་ཐོད་པ་དང་། ཤིང་མྱ་ངན་མེད་ལོ་འདབ་དང ་བཅས་པ་དང་། ཚངས་པའི་མགོ་བོ་དང་། གཞུ་དང་མདུང་ཐུང་རྩེ་གསུམ་པ་རྣམས་བསྣམས་པར་མཛད་དོ།། སྤྱན་གསུམ་མ། ལྗགས་འདྲིལ་བྲར་མཛད་པ། ཞལ་མཆེ་བ་རྣམ་པར་གཙིགས་པ། ཤིན་ཏུ་འཇིགས་པ་ཆེན་པོར་མཛད་པ ་བསམ་པར་བྱ་བའོ།། ཤིང་རྟའི་ནང་དུ་ཕྱག་གཉིས་མུ་བསྡིགས་མཛུབ་དང་ཤིང་མྱ་ངན་མེད་ལོ་འདབ་དང་ལྡན་པ་ཕྱག་ནི་བསྣམས་ཤིང་ཤིང་རྟ་བསྐྱོད་པར་མཛད་པ། གདན་ལྟ་ཞབས་གཡ་སཾ་བསྐུམས་པས་གནས་པ། ་འཇིག་སུ་རུང་བར་ཡང་བསམ་པར་བྱ་བའོ།། སྤྲོ་བ་ལ་སྩོགས་པ་སྔོན་དུ་འགྲོ་བས་མ་རུངས་པའི་སེམས་ཅན་རྣམས་འོངས་པར་གྱིས་ཤིང་རྨོངས་པར་གྱིས་ཤིག་ཆོམས་ཤིག། ཨོཾ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། སེམས་ཅན་མ ་རུངས་པ་ཐམས་ཅད་ཧ་ན་ཧ་ནཱ་ད་ཧ་དོ་ཧ་པ་ཙ་པཾ་ཙ་ཨོཾ་འོད་ཟེར་ཙནརྀ་ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་བཟླས་པར་བྱ་བའོ།། འོད་ཟེར་ཅན་གྱིས་སྒྲུབ་ཐབསོ།། །། ཨ་བྷ་ཡོའོ་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས ་རྒྱལ་མཚན་གྱིས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། མཱ་རཱི་ནྱ་སཱ་དྷི་ནི། བདི་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐིབས། དོང་པོར་རེ་ཞིག་སྔགས་པས་བདེ་བའི་སྟན་ལ་ཉེ་བར་གནས་ལ། གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་སྙིང ་