| Wylie | e-texts produced with BDRC’s OCR application |
རྒྱ་ག་སྐད་དུ། ཤྲཱིཙཱཀྵ་ས~ཾ་པ་ར་པྲཱ་ཏཊྚ། བོད་སྐད་དུ། དཔལ་འཁོར་ལ་སྡོས་པའི་རབ་གནས། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཚོགས་རབ་ཏུ་གནས་པར་བྱཱ་ནི།། གྲང་། ་བཟང་པོ་རྒྱུ་སྐར་རྒྱལ། གཟའ་ཕུར་པཱུ་ལ་རི་མོ་བྲི་བ་འམ། ལུགས་སུ་བླུགས་པ་འམ། འབུར་དུ་བཀོད་པའི་ཁང་པར་ཕྱིན་ལ། ས་སྦྱང་པ་འམ། མ་སྦྱངས་པའི་གནས་སུ་སའི་ཆོ་གེ་ཇི་ལྟ་བ་བཞིན་དུ་བྱས་ལ། དཀྱིལ་འཁོར་འདོམ་གང་པ་ལ། ་བའི་རྣམ་ལྔས་ལེགས་པར་བྱུག། དྲི་ཞིམ་པོའི་ཆུས་བྱུགས་ལ། དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་ལ། ཡོན་ཆ་བ་མེ་ཏོག་དྲི་ཞིམ་པོ་བདུད་རྩི་ལྔ་དང་ལྡན་པའི་ཆང་བཟང་པོ་བཤམས་ནས། བུམ་བུ་གཅིག་བནྡྷས་ཏེ་དེ་ཡང་གནས་དང ་ལྡང་བ་ཉིད་དང་ནི། ཞེས་བྱ་བའི་དེ་ཁོ་ན་ཉིད་དགུའི་དོན་ཇི་ལྟ་བ་བཞིན་བསྒོམས་ལ། གྲངས་ཀྱི་བསྙེན་པ་རྟགས་དང་། མཚན་མའི་བསྙེན་པ་བྱས་ནས། སྦྱིན་སྲེག་གཏོར་མ་བྱས་ཏེ། དེ་ནས་རྡོ་རྗེ་སློབ་དཔོན་དག་པའི་ཁྲུས་བྱས། མཛེས ་པའི་གོས་གྱོན། རྒྱན་བཏོགས། རྟེན་ལ་དྲི་ཞིམ་པོའི་ཆུས་བྱུགས་ཏེ། མེ་ཏོག་གི་ཕྲེང་བ་བཏགས་ཏེ། ཁམ་ཕོར་གྱི་སྣོད་དུ་མེ་མངག་བླུགས་ལ། ཐང་ག་ལ་སོགས་པའི་རྟེན་དེའི་བགེགས་བསྐྲད་པར་བྱ་སྟེ། ཞལ་བཞི་པའི་སྔགས་ཀྱི ་ལག་པ་གཡོན་པས་ཡུངས་ཀར་བླངས་ཏེ། དེ་ལ་གཡབས་ལ་དེའི་བགེགས་བསྐྲད་པར་བསམས་ལ། མེའི་ནང་དུ་བླུགས་པར་བྱའོ།། དེ་བཞིན་ལག་པ་གཡས་པས་ཀྱང་བྱ་སྟེ། ལན་གསུམ་དུ་བྱིའོ།། སྐུ་གཟུགས་སམེ། གླེགས ་བམ་ལ་སོགས་པ་ལ་རབ་གནས་གང་བྱེད་པའི་རྟེན་དེ་རབ་ཀྱིས་གཡོགས་ལ་ཧཱུཾ་བྲུཾ་ཤྲྀ་གྱི་སྔགས་ཀྱིས་གཏུམས་པ་བཞག་པར་བྱའོ།། དེ་ནས་ཉི་མ་འཆར་ཁར་དཀྱིལ་འཁོར་གྱི་ཐིག་བཏབ་པ་ལ། ཚོན་དགྱེ་ཞིང་ལྷ ་བཀོད་ལ། དཀྱིལ་འཁོར་གྱི་ཆོ་ག་ནས་བཤད་པ་བཞིན་བྱས་ལ། མཆོད་པ་བཤམས་བུ་མོ་ལྔ་གཡོན་ངོས་སུ་ཁྲུས་བྱས། རྒྱན་བཏགས་ལ་བཞག། ཆོས་འབྱུང་གི་དཀྱིལ་འཁོར་དུ་ཐོད་པའི་སྟེང་དུ་མེ་ལོང་ལ་སིནྡྷུ་རས་བྲིས་ལ་བཞག ་གོ། དེ་ནས་རྟེན་དེ་ལ་ཁྲུས་བྱ་སྟེ། དཀྱིལ་འཁོར་དེའི་བྱང་ཕྱོགས་སུ། ཁྲུས་ཀྱི་ཁང་པ་ཡིད་དུ་འོང་བ་ཤེལ་གྱི་གཞི་ལོ་རིན་པོ་ཆེའི་ཀ་བས་བརྒྱན་པ། མུ་ཏིག་དང་། རིན་པོ་ཆེས་སྤྲས་པ་ལ་སོགས་པ་བྲིས་ལ་ཁྲུས་སཾ་ཀྱི་ཁང་པ་དེར་སྟེགས ་བུའི་སྟེང་དུ་འབོལ་བའི་སྟན་ལོ་འདུག་ལ། མདུན་གྱི་སྟེགས་བུར་རབ་གནས་བྱེད་པར་འདོད་པའི་རས་རིས་སམ། གླེགས་བམ་ལ་སོགས་པ་མདུན་དུ་བཞག་ལ། མེ་ལོང་བསྟན་པ་ལ་བུམ་པའི་ཆུས་ཁྲུས་གསོལ་ལ། བསྟོད་པ་དབྱངས་དང་བཅས ་པ་བྱ་སྟེ། དེ་ལ་བསྟོད་པའི་དབྱངས་ནི། ཁམས་གསུམ་གྱིས་ནི་བྱ་བ།། གསང་བཀཙ་ཀྱི་གནས་ལས་བྱུང་།། དབང་བསྐུར་བ་ནི་རྡོ་རྗེ་ཆེ།། མི་ལྡོག་པ་ཡི་ཁྲུས་གསོལ་ལོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། དེ ་བཞིན་གཤེགས་ཀུན་ཁྲུས་གསོལ་བ།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་ཁྲུས་གསོལ་ལོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། གཟུགས་ཀྱི་ཕུང་པོ་རྣམ་དག་པ།། ཉོན་མོངས་གཏི་མུག་སྦྱོང་བྱེད་པ།། མེ་ལོང་ལྷ ་བུའི་ཡེ་ཤེས་ཀྱིས།། དཔལ་ལྡན་སྐུ་ཡི་སྐུ་ཁྲུས་གསོལ།། ཚོར་བའི་ཕུང་པོ་རྣམ་དག་པ།། ཉོན་མོངས་ང་རྒྱལ་སྐྱོང་བྱེད་པའི།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས།། དཔལ་ལྡན་ཡོན་ཏན་དབང་བསྐུར་རོ།། འདུ་ཤེས་ཕུང་པོ་རྣམ་དག་པ།། ཉོན་མོངས་འདོད་ཆགས ་སྦྱོསྤྱོ་བྱེད་པའི།། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས།། དཔལ་ལྡན་གསུང་གི་དབང་བསྐུར་རོ།། འདུ་བྱེད་ཕུང་པོ་རྣམ་དག་པའི།། ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི།། བྱ་བ་ནན་ཏན་ཡེ་ཤེས་ཀྱིས།། དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ།། རྣམ་ཤེས་ཕུང ་པོ་དག་པ།། ཉོན་མོངས་ཞེ་སྡང་སྦྱོང་བྱེད་པ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས།། དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ།། ཇི་ལྟར་དམ་པ་ཏོག་དཀརོ་དགའ་ལྡན་ནས།། ལྷ་མཛེས་ལྷུམས་ནས་བལྟམས་པ་ཁྲུས་གསོལ་ལྟར།། སྐུ་གདུང་རིང་བསྲེལ ་དྲི་མ་མེད་པར་བཅས།། སྦྲུལ་སྐུ་ཡོད་འོང་རྣམས་ལ་སྐུ་ཁྲུས་གསོལ་ཞེས་པ་དང་།། ཨོཾ་སརྦ་ཏ་ཐཱ་གཱ་ཏ་སུ་སཱ་སྟ་པྲ་ཎི་ཤ་ཡེ་སྭཱ་ཧཱ། ཞེས་བྱ་བས། འདུག་ཆལ་དུ་འོས་པ། སྤྲུལ་འདབ་མ་དང་། ཉེ་ཤིང་དང་བག་ཕྱེའི་ཚལ་དང་། བའི་རྣམ་སྡེ་དང་། ཡུང་བ་དང་། ་འབྲས་ཡོས་དང་། ཏིལ་མརོ་དང་། སྦྲང་རྩི་དང་། འོ་མ་དང་། གན་ཏ་པ་ཏྲ་དང་བཅས་པ། སྐུ་གཟུགས་ཉིད་དང་། རས་རིས་དང་། པོ་ཏི་ཡིན་ནི་མེ་ལོང་གི་སྟེང་དུ་བསྟན། ཙན་དཽ་ན་དང་། ག་པུར་གྱི་དྲིའི་ཐིག་ལེ་བྱས་ལ། མེ་ཏོག་དང་བཅས་པ་ལ་ཀུ་ཤའི་པིར ་གྱིས་བཀྲུ་བར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། བྱ་བ་དང་། ཨོཾ་མ་ལ་སཾ་ཀོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་བུམ་པས་བཀྲུའོ།། སུག་པ་དང་། བུལ་ཏོག་དང་། སྤང་མས་ཀྱང་བཀྲུའོ།། དེ་ལྟར་སྐུ་གཟུགས་ལ་སོགས་པ་ལ་ལན་གསུམ་མམ ་ལྔའམ་བཀྲུས་ལ། བྱུག་པ་དང་ཁྲུས་མི་བཏུབ་པ་རས་རིས་ལ་སོགས་པ་རྣམས་ལ་ནི། མེ་ལོང་ལ་བལྟས་ལ་མེ་ལོང་གི་ངོས་ཀྱི་གཟུགས་བརྙན་ལ་བུམ་པས་ཁྲུས་གསོལ་བར་བྱའོ།། དེ་ནས་ཕུན་སུམ་ཚོགས་པ་མངའ་བ ་གསེར་གྱི་རི་བོ་འདྲ།། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ།། སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ།། དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ།། དེ་ཡི་ངེས་པར་གསུངས་པའི་མཆོར་རབ་མི་གཡོ་བ།། འཇིག་རྟེན ་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ།། ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ།། དེ་ནི་འཇིག་རྟེན་དགེ་བཀྲ་ཤིས་གཉིས་པ་ཡིན།། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་འབྱུང་།། ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད ་པའི་གནས།། ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི།། དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ།། ཞེས་བྱ་བ་ལ་སོགས་པ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་བུམ་པའི་ཆུས་ཁྲུས་གསོལ་ལ། ཕྱོགས་བཅུའི ་སངས་རྒྱས་རིགས་པའི་ལྷ་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཁྲུས་གསོལ་བསམ་མོ།། གོས་གཙང་མ་དྲིས་བསྐོས་པས་སྐུ་ཕྱིས་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ནི་བླ་གྲོས་དང་། རྣམ་སྦྱར་གསོལ་བར་བྱའོ།། བྱང་ཆུབ ་སེམས་དཔའ་རྣམས་ལ་གོས་སྣ་ཚོགས་དང་། ཁྲོ་བོ་རྣམས་ལ་གོས་སྔོན་པོ་དང་དམར་པོ་འབུལ་ཞིང་།། པོ་ཏི་ཡིན་ན་ཡོད་ཞལོ་སྦྱར་ལ་ན་བཟའ་གསོལ་བར་བྱའོ།། བཀྲ་ཤིས་དང་ཚིགས་སུ་བཅད་པོ་གདོན་པར་བྱའོ།། རྟེ་ནི་དང་པོ་སྒྲ ་གོན་ལ་གནས་པའོ།། དེ་ནས་དཀྱིལ་འཁོར་ཆེན་པོ་སྤྱན་དྲངས་པའམ། གཙུག་ལག་ཁང་ཡོད་ན་དཀྱིལ་འཁོར་གྱི་ལྷ་རྣམས་གཙོ་བོ་དང་བཅས་པ་དེར་བསྟན་ལ། བདག་ཉིད་གཙོ་བོ་དང་ཐ་མི་དད་དུ་བསྒོམས་ལ་མཆོད་པར་བྱའོ།། དེ་ལྟར་བདག་ཉིད ་དཀྱིལ་འཁོར་ལ་མཆོད་པའི་རྗེས་ལ། ཡོན་བདག་རྣམས་དང་། རབ་ཏུ་གནས་པར་བྱེད་པ་རྣམས་ལ། དབང་བསྐུར་ཇི་ལྟར་འོས་པའི་བསྟོད་པ་བྱས་ལ་པུས་མོ་ས་ལ་བཙུགས་ཏེ། ལག་པ་གཡས་པས་སྤོས་སྣོད་བཟུང་ལ། གཡོན་པས་དྲིལ་བུའི་སྒྲ ་སྒྲོགས་ཤིང་། དམ་པའི་རྡོ་རྗེ་བཅོམ་ལྡན་འདས།། རིགས་པའི་རྒྱལ་པོ་ཕྱག་འཚལ་བསྟོད།། རྡོ་རྗེ་འཆང་ཆེན་ཆེ་གེ་བདག། ཇི་ལྟར་ནུས་པའི་ངེས་སྤྱད་ཀྱིས།། རེག་པའི་རྒྱལ་པོ་འདི་ཞེས་པའི།། སང་ནི་རབ་གནས་བགྱི་བར་འཚལ།། སློབ ་མ་རྣམས་ལ་བརྩེ་ཕྱིར་དང་།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། བཅོམ་ལྡན་འདས་ལ་གུས་བདག་ལ།། རྗེས་སུ་གནང་བར་མཛོད་པར་རིགས།། སངས་རྒྱས་རྣམས་ནི་དགོངས་སུ་གསོལ།། བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་།། གང ་ཡང་གསང་སྔགས་ལྷ་རྣམས་དང་།། འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་།། རྫོགས་སངྱས་ཀྱི་བསྟན་པ་ལ།། དགའ་དང་རྡོ་རྗེའི་སྤྱན་མངའ་བ།། བདག་དང་སློབ་མར་བཅས་པ་ལ།། ཐུགས་བརྩོ་ཉེ་བར་བཟུང་ནས་ཀྱང་།། ཐུགས་རྗེ་ལྡན་རྣམས ་རབ་གནས་མཛོད།། ཅེས་གུས་པས་ལན་གསུམ་བརྗོད་དོ།། ཡང་ཕྱི་ནང་གསང་བས་མཆོད་ལ། ཡི་གེ་བརྒྱ་པ་གདོན། རྩ་བའི་དཀྱིལ་འཁོར་སྟ་གོན་ལ་གནས་པར་བྱའོ།། དེ་ནས་ཡང་མཚན་མོ་ཉལ་ནས། ཕྱི་དེ་ནང་པར་ཐོ་རངས ་ནས་རྡོ་རྗེ་སློབ་དཔོན་དག་པའི་ཁྲུས་བྱས། མཛེས་པའི་རྒྱན་གྱོན་ལ། རབ་ཏུ་གནས་པར་བྱཱ་དྭའི་བྷཱིམྦྷ། དེ་བཞིན་གཤེགས་པ་རྣམས་ཀྱི་གཞལ་ཡས་ཁང་དང་གངས་སྐུད་ཅིག་མས་བསམས་ཀྵེ། ཉི་མ་དཀྱིལ་འཁྲུར ་སྟོང་དུ། གཙུག་ལག་ཁང་མཆོད་རྟེན་གྱི་རི་མོར་བྲིས་པ། ལུགས་སུ་བླུགས་པ། འབུར་དུ་བསྟོད་པ་རྣམས་ས་བོན་ཡི་གཽ་ཨོཾ་ལ་བསྡུས་ཏེ། དེ་ཡོངས་སུ་གྱུར་པ་ལས། ཕྱག་མཚན་ས་བོན་དང་བཅས་པ་བསམ་མོ།། དེ་ལས་འོད་འཕྲོས ་བྱོས་སེམས་ཅན་གྱི་དོན་བྱས། རབ་ཏུ་གནས་པར་བྱ་བའི་དེ་བཞིན་གཤེགས་པ་རྣམས་ལ་ཕྲོག་ནས་ཚུར་འདུས་ཏེ། ས་བོན་དང་། ཕྱག་མཚན་དང་བཅས་པ་ལ་ཐིམ་ནས། དེ་ཡོངས་སུ་གྱུར་པ་ལས། རྣམ་སྣང་དུ་གྱུར་པ་སྐུ་གསུང་ཐུགས ་བྱིནྡ་གྱིས་བརླབ་པའོ།། གཽ་ཚྭ་གྱོན་ཡེ་ཤེས་སེམས་དཔའིའ་སྤྱན་དྲང་བར་བྱ་སྟེ། རྒྱུད་ནས་འབྱུང་བའི་སྔགས་དང་ཕྱག་རྒྱས་དབང་བསྐུར། རིགས་ཀྱི་བདག་པོས་དབུ་རྒྱན་གླེགས་བམ་མམ་སྲུང་སྐུད་བགྲང་ཕྲེང་གི་སུང་སྣང་བ་མཐའ་ཡས་སུ། ་ལྷོའི་མིང་མུ་ཤེས་པ། རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཕྱག་མ་ཚོན་རྡོ་རྗེ་སེམས་དཔེའི་སྐུ་བ་སྙེད་ཐབས་གོང་དང་འདྲའོ།། དེ་རྣམ་ས་ལ་ཕྱི་ནང་གི་མཆོད་པ་བྱས་ལ། རིན་པོ་ཆེ་སྨྲ་བདུན་དང་། བཀྲ་ཤིས་ཀྱི་རྫས་རྒྱུད་ལ་སོགས་པས། ་འདོད་པའི་ཡོན་ཏན་ཐམས་ཅད་ཀྱི་མཆོད་ལ། སྦྱིན་སྲེག་དང་། གཏོར་མ་བྱས་ལ། དགེ་པའི་རྡོ་རྗེ་བཅོམ་ལྡན་འདས།། རིག་པོའི་རྒྱལ་པོ་ཕྱོག་འཚལ་བསྟོད་།། མགོན་པོ་ཐུགས་རྗེ་ཚེ་བདག་ཉིད།། རིག་པའི་རྒྱལ་པོ་འདི་ཞེས་པའི།། འགྲོ་ལ་ཕ ་ཕྱིར་རབ་གནས་བགྱིད།། རྡོ་རྗེ་འཆང་ཆེན་ཆེ་གེ་བདག། ཇི་ལྟར་འདོད་པའི་ངེས་སྤྱོད་ཀྱིས།། ཐམས་ཅད་འདིར་ནི་རབ་ཞུགས་ནས།། ཐུགས་རྗེས་ཅན་རྣམས་རབ་གནས་མཛོད།། དེ་ནས་སྤྱན་དབྱེ་སྟེ། མིག་དབྱེ་བ་ནི། ཡེ་ཤེས་ཀྱི་རྣམ་པར་ཤར ་དུ་གཞུག་པའི་ཕྱིར་ནང་པར་ཉི་མ་འཆར་ཀར་དངུལ་གྱི་སྣོད་ན་ཡོད་པའི་མར་དང་སྦྲང་རྩི་གསེར་གྱི་མཐུར་མས་བླངས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། འཇིག་རྟེན་ལིང་རྟོགས་གསལ་བའི་ལྟར།། དེ་བཞིན་རྒྱལ་བ་རྣམས་ཀྱི་སྤྱན།། སེམས་ཅན་དོན ་དུ་དབྱེ་བར་བགྱི།། ཨོཾ་ཙཀྵ་ཙཀྵུ་ས་མནྟ་ཙཀྵ་བི་ཤོ་དྷ་ནཻ་སྭཱ་ཧཱ། ཞེས་པས་གསེར་ལ་སོགས་པའི་ཐུར་མསྭཱ་སྤྱན་དབྱེ་བར་བྱའོ།། དེ་ནས་སྙན་དབྱེ་བར་བྱ་སྟེ། གསེར་ལས་བྱས་པའི་རྣ་བྲུང་ཐོགསུ་ལ། སྒྲ་རྣམས་ཐོས་པས་ཕོངས་གྱུར་པ།། རྒྱལ ་བས་ཆོས་ཀྱི་རྔ་བརྡུངས་ལྟར།། དེ་བཞི་ནི་སེམས་ཅན་དོན་གྱི་ཕྱིར།། རྒྱལ་བའི་སྙན་ནི་དབྱེ་བར་བགྱི།། ཨོཾ་དི་པྱ་ཀར་ཎཾ་ཡེ་སྭཱ་ཧཱ། དེ་ནས་ཤིངས་བྱ་བར་བྱ་སྟེ།། གསེར་ལ་སོགས་པའི་རྨང་ཚེར་ཐོགས་ཏེ། ཟག་བཅས་ཕུང་པོ་དྲི་སྤངས ་པའི་འགྲོ་བ་སེམས་ཅན་ཀུན་གྱི་ཕྱིར།། རྣམ་པར་དག་པའི་དྲི་བརྙེས་ལྟར།། རྒྱལ་བའི་ཤངས་ནི་དབྱེ་བར་བྱ།། ཨོཾ་དི་བྱཱ་ཛྙཱ་ན་ཡེ་སྭཱ་ཧཱ། དེ་ནས་ཐུར་མ་ཐོགས་ལ་ཞལ་དབྱེ་བར་སྟེ། ཆོས་ཀྱི་ང་རོ་དགའ་བ་ཡིས།། འགྲོ་བ་ཐམས་ཅད་ཚོམ་མཛད ་ལྟར།། རོ་མཆོག་བརྒྱ་ལྡན་ཞལ་ཟས་དམ་པ་འདི།། དབུལ་ཞིང་རྒྱལ་བའི་ཞལ་ནི་དབྱེ་བར་བགྱི།། ཨོཾ་དི་བྱ་མུ་ཁཱ་ཡེ་སྭཱ་ཧཱ། ས་ཤིང་དབུལ་བ་ནི། རིན་ཆེན་མཆོག་གྲུབ་ཀ་ར་བཱི་ར་ཡིས།། བཀུར་སྟི་རིམ་བྲོ་ཚེམས་ཀྱི་དྲི་བསལ་ལྟར།། བདེ་གཤེགས ་གསུང་གི་དངོས་གྲུབ་ཐོང་གྱུར་ནས།། འགྲོ་ཀུན་སྐད་དུ་ཆོས་ཀྱི་དོན་རྟོགས་ཤོང་།། ཨོཾ་སརྦ་ཀི་ཤ་བ་ད་རི་བྷི། གལ་ཏེ་འཁོར་ལོ་སྒྱུར་བའི་ཆ་ལུགས་ཡིན་ན། དྲུང་གི་སོ་སངས་ཀྱིས་དབུ་སྐྲ་བཤང་།། དབུ་སྐྲ་ལྕང་པོ ་མཐོན་མཐིང་གཡས་སུ་འཁྱིལ།། རིན་ཆེན་འབར་བས་བརྒྱན་པས་རབ་ཏུ་མཛེས།། ལྷ་མི་ཀུན་གྱིས་བལྟ་བས་མི་ངོམས་ཏེ།། བསོད་ནམས་ཐོབ་ཕྱིར་རྒྱལ་རྩེ་བའི་དབུ་སྐྲ་བཤད།། ཨོཾ་ཀརྨ་མཱ་ལ་དྷ་ར་ལི་ཧཱུཾ། རིན་པོ་ཆེའི་དབུ་རྒྱན་དབུལ་བ་ནི།། ་བདེ་གཤེགས་སྐུ་ལ་མཚན་དང་དཔེ་བྱད་ལྡན།། བྱང་ཆུབ་མཆོག་གི་རྒྱན་གྱིས་མཛེས་ལགས་ཀྱང་།། རིན་ཆེན་དོ་ཤལ་སེ་མོ་དོ་ལ་སོགས།། རྒྱན་གྱི་ཁྱད་པར་དམ་པ་མཆོད་པར་དབུལ།། ཨོཾ་རཏ་ཨ་ལཾ་ཀཱ་ར་ཧཱུཾ། དེ་ནས་སྤུ་གྲྀ་ཐོགས་ལ། རབ ་ཏུ་བྱུང་བའི་གཟུགས་ཡིན་ན་སྒྲ་འཛེར་བ་དང་། ཇི་ལྟར་རང་བྱུང་མཆོད་རྟེན་དྲུང་།། སྟོན་པས་ཁྱིམ་པའི་རྟགས་སྤངས་ལྟར།། འགྲོ་བ་སེམས་ཅན་དོན་གྱི་ཕྱིར།། ཁྱིམ་པའི་རྟགས་རྣམས་སྤང་བར་བགྱི།། ཨོཾ་སརྦ་ག~ཾ་དྷ་ན་ཁཙྪེ་ད་ཧཱུཾ། སྣུམ ་སྦྱར་དང་། བླ་གོས་དང་། ཤམ་ཐབས་གསོལ་ནས། ཇི་ལྟར་དམན་པའི་རྒྱལ་པོའིཆི་བྱེད་ཀྱིས།། རྒྱ་ལྔ་ངའི་སྐུ་ལ་ན་བཟའ་གསོལ་བ་ལྟར།། དེ་བཞིན་འགྲོ་བ་རྣམས་ལ་ཕན་པའི་ཕྱིར།། ངོ་ཚ་ཁྲེལ་ཡོད་གོས་མཆོག་གསོལ་བར་བགྱི།། ཨོཾ ་དེ་བྱ་བི་སི་པྲ་ཎ་ཡེ་སྭཱ་ཧཱ། ཆུ་ཚགས་དང་། ལྷུང་བཟེད་ལ་སོགས་པ་ཐོགས་ལ། ཨོཾ་པུ་ཀ་ས་བཱི་ར་ཡེ་སྭཱ་ཧཱ། དེ་ནས་ཐུགས་ཀར་རྡོ་རྗེ་བཟུང་ལ། མཚན་དང་དཔེ་བྱད་ལ་སོགས་པ་བསྐྱེད་པའི་ཕྱིར། དུང་དང་དཔལ་བེའུ་གཡུང་དྲུང ་འཁྱིལ་པ་དང་། བཀྲ་ཤིས་རྫས་བརྒྱད་དག་གིས་རྣམས་བརྒྱན་པ།། རྒྱལ་བའི་ཐུགས་ལ་རྣམ་པར་བརྒྱན་པར་ཤོག། ཨོཾ་ཏྲ་ཏྲེ་ཤ་མ་ཧཱ་པུ་རུ་ཥ་ལཱཀྵ་ཎ་ཤྲི་ཏི་ཨ་ནུ་བྱཱཉྫ་ནཱ་ཡེ་སྭཱ་ཧཱ།། བྱང་ཆུབ་སེམས་དཔའི་ཆ་ལུགས་ཡིན་ན། སོ་མངས་དང་ཁབྱཱ་དང་། ་བསྐུང་བུ་དང་། གྲི་གུག་དང་། ཆུ་གྲི་རྣམས་ཕུལ་ལ། འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། རིག་པའི་གནས་ལྔ་དག་ལྔ་བསླབ་བྱའོ་ཞེས།། ཇི་ལྟར་ཐུགསྡེ་དམ་རྒྱ་ཆེ་བ་ཞེས་པ་བཞིན།། མཁོ་བའི་ཡོ་བྱད་རྣམས་ནི་དབུལ་བར་བགྱི།། ཨོཾ་ཨ ་ཡུ་བུཾ་ག་ས་པ་རི་ཀ་ར་མེ་སྭཱ་ཧཱ།། དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔའ་ལ་ཐུན་མོང་དུ་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་དང་། འཇིག་རྟེན་པའི་བཀྲ་ཤིས་པའི་བིལ་བ་སྟར་ཀ་དང་། ཞོ་དང་། རས་ཡུག་དཀར་པོ་དང་། གདུགས ་གསེར་གྱི་ཡུལ་བ་ཅན་རྣམས་དབུལ། དང་པོ་ལས་ཐམས་ཅད་པའི་ཆུས་བསངས་ལ། དྲིའི་ཐིག་ལེ་དང་། མེ་ཏོག་ཚོམ་བུ་བཀོད་ལ། ཐེག་མཆོག་བླ་རེ་གདུགས་དང་བ་ངན་དང་། བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་ཏིང་འཕན་དང་།། གར་དང་རོལ་མོའི ་མཆོད་པའི་སྒྲ་དབྱངས་ཀྱིས།། རྒྱལ་བའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི།། ཇི་ལྟར་མི་དབང་འཁོར་ལོ་སྒྱུར་བ་ཡིས།། རིན་ཆེན་སྣ་བདུན་ཚོགས་དང་ལྡན་པ་ལྟར།། རྒྱལ་བ་རྣམ་དང་བྱང་ཆུབ་སེམས་དཔའ་ལ།། རིན་ཆེན་སྣ་བདུན་ཚོགས་རྣམས ་དབུལ་བར་བགྱི།། ལྷ་ཡི་རྒྱལ་པོ་ལྷ་མིན་གཡུལ་རྒྱལ་ནས།། བཀྲ་ཤིས་ལྷ་མི་བརྒྱད་ཀྱིས་མཆོད་པ་ལྟར།། རྒྱལ་བ་རྣ་རྣམས་དང་བྱང་ཆུབ་སེམས་རྣམས་ལ།། བཀྲ་ཤིས་རྫས་བརྒྱད་དག་གིས་མི་ཚོང་པེར་བགྱི།། འཇིག་རྟེན་ཁྱིམ་པང་གི་རྣམས་ནི་དཔལ ་བསྟེན་ནས།། སིལ་བ་ལྟར་ཀ་བུམ་པ་བཟང་དང་བཅས།། མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར།། རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི།། དེ་ནས་འདོད་པ་ལྔའི་ལོངས་སྤྱོད་གཏེར་བཟང་འབུལ་བ་ནི། གཟུགས་སྒྲ ་དྲི་རོ་རག་ལྡན་པའི།། མཆོག་ཏུ་གྱུར་པའི་ལོངས་སྤྱོད་རྣམས།། བདག་གིས་དད་པས་འབུལ་བར་བགྱི།། ཅི་བདེ་བར་ནི་ངཞེས་སུ་གསོལ།། ཨོཾ་བཛྲ་དཱི་བྱ་ཨནྣཾ་ས་མཱ་དྷྭཾ་དྷཱ་ནཱ་པྲི་ཎ་ནེ་སྭཱ་ཧྣ། ཞེས་པཱུ་ཛཱ་ལྔ་ཡང་བྱའོ།། དེ་ནས་འབྱོར་པ་ཡོད་ན་སྦྱིན ་སྨིག་བྱའོ།། མེད་ན་སྒྱེད་པོ་དཀར་པོ་གསུམ་བཅུ་གསལ།། ས་ལས་བྱས་པའི་སྣོད་གཙང་མར་དཀར་གསུམ་དང་མངར་གསུམ་གྱི་གཞི་ལ་སྨན་སྣ་ཚོགས་བཏབ་སྟེ། སྦྱིན་སྲེག་གི་མེ་འམ། རིག་མའི་མཽ་ལ་དབྱངས་སྐྱོང་གི་སྔགས་ཟློས ་ཤིང་བསྐོལ་བར་བྱའོ།། དེ་ནས་ཙཱ་རུ་དབུལ་བར་བགྱིའོ།། དེ་ནས་བདུད་རྩི་ལྔ་དང་དཔའ་བོ་ལྔ་དང་བཅས་པའི་ཚོགས་ཀྱི་འཁོར་ལོ་བྱའོ།། དེ་ནས་སློབ་དཔོན་དང་ཡོ་ན་བདག་གཉིས་ཀས་སྐུའི་གདན་ཁྲི་ནས་བཟུང་ནས། མེ་ཏོག་གི ་ཕྲེང་བ་ཕུལ་ཏེ། ཇི་སྲིད་མ་དང་ཆུ་དང་ནི།། རླུང་གིས་བསྐལ་པ་འཇིག་པར་དུ།། ཡོན་བདག་བསོད་ནམས་སྤེལ་བ་དང་།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན།། དགའ་ལྡན་གནས་སུ་རབ་བཞུ ་ནས། ལྷ་མོ་སྒྱུ་མའི་མངལ་འཇུག་ལྟར། དེ་བཞིན་འདིར་ཡང་བཞུགས་སུ་གསོལ།། མགོན་པོ་རྟག་ཏུ་འདིར་བཞུགས་ལ།། མེ་ཏོག་ལ་སོགས་འདི་བཞེས་མཛོད།། ཆེ་གེ་མོ་ཡི་དོན་གྱི་ཕྱིར།། བྱང་ཆུབ་སེམས་ནི་འཕེལ་བར་མཛོད།། ་ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། སྨད་དང་སྙིང་ག་མགྲིམ་པ་རུ།། རྡོ་རྗེ་གསོར་བ་དེ་རྣམས་ལ།། ལན་གསུམ་བསྐོར་ནས་བཞག་པར་བྱ།། ལྷ་རྣམས་བརྟན་པར་འདོད་པ་ཡིས།། བཤད་པར་གྱུར་པའི་ཚིགས་བཅང་གདོན།། བློ་ལྡན་བརྟན་པར་བསམ་པར་བྱའོ།། དེ ་ནས་ཕྱོགས་སྐྱོང་དང་། མ་ཧཱ་ཀཱ་ལ་དང་། ཡུལ་གྱི་བགེགས་ལ་གཏོར་མ་བྱིན་ལ། འགྲོ་བ་སེམས་ཅན་དོན་སླད་དུ།། བདེ་གཤེགས་རྣམས་ནི་བཞུགས་ཀྱི་བར།། བདག་དང་གཞན་གྱི་རིན་གྱི་ཕྱིར།། སྤྲུལ་པའི་གཟུགས་བརྙན་བསྲུང་བར་མཛོད་ཅེས་བྱ་བ་དང་། ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཡང་མཆོད་པ་དབུལ།། བདེ་བར་གཤེགས་པ་སྤྲུལ་པའི་སྐུ་བསྲུང་བ་ཞལ་གྱིས་བཞེས་པས་ཇི་སྲིད་བཅོམ་ལྡན་འདས་བཞུགས་ཀྱི་བར་དུ་བསྲུང་བར་མཛད་དུ་གསོལ་ཞེས་བརྗོད་པ་དང་།། གཙོ་བོ་ནུས་པ་མ་མཆིས་པས།། མ ་རྙེ་ད་བ་དང་མ་ཚང་བའི།། འདིར་ནི་ནོངས་བགྱིས་གང་ལགས་པའི།། རྨོངས་པ་བདག་གི་ཀུན་བཟོད་མཛོད། ཅེས་པའི་བཟོད་པར་གསོལ་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག་། འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག། སངས་རྒྱས་མ་ཐོབ་པར་དུ་ཡང་།། བདེ ་འགྲོ་ཕུན་སུམ་ཚོགས་པར་ཤོག། ཚེ་འདི་ལ་ཡང་བསམ་གྲུབ་ཅིང་།། བར་ཆད་ཐམས་ཅད་ཉེར་ཞི་ཤོག། ཅེས་དགེ་བ་བསྔོས་ནས། འདི་སྐད་གསུངས་བཞིན་རབ་གནས་པ།། ད་ནི་ངེས་བྱས་བྱེད་དུ་བཅུག།། ཁྱེད་ཀྱིས་དེ་ཀུན་ཡོངས་རྫོགས་པས།། ཅི་བདེ་བར ་ནི་བཞེས་སུ་གསོལ།། བླ་མ་ཡོངས་སུ་མཉེས་གྱུར་ན།། ལས་རྣམས་རབ་ཏུ་འགྲུབ་པར་འགྱུར།། དབུལ་པོ་རྣམས་ཀྱིས་གུས་པ་ཡིས།། བླ་མ་ཡོངས་སུ་མཉེས་པར་བྱ། ཞེས་བསྒོ་བར་བྱའོ།། རབ་ཏུ་བྱུང་བའི་གནས་བརྟན་དང་།། ཁྱིམ་པའི་གཙོ་བོ་རྣམས་ལ ་ཡང་ཨ་སྙིགས་མ་ཀྵའི་དུས་ཀྱི་སྤྲུལ་པའི་སྐུ་འདི་ཡིན་གྱིས།། འདི་ཁྱེད་ཀྱིས་མཉམས་པར་བསྲུངས་ཤིག་ཅེས་བཅོལ་བར་བྱས་ལ། ལུགས་མ་མ་རས་རིས་སམ་པེ་ཏི་ཡིན་ན། ན་བཟའ་བཟང་པོ་ལ་དྲངས་ལ། ཤིང་རྟ་ལ་བསྐྱོན་ནས་དྲི ་ཐིག་ལེ་བྱས་ཏེ། འགྲོ་བ་རྣམས་དད་པར་བྱ་བའི་ཕྱིར།། གྲོང་ཁྱོར་རྣམས་བསྐོར་བར་བྱའོ།། ཡོན་བདག་དང་སློབ་མ་རྣམས་ཀྱིས་སྐུ་གཟུགས་ལ་ཕྱག་འཚལ་བ་དང་། མཆོད་པ་དང་བསྐོར་བ་དང་། གླུ་དང་གར་དང་། རྒྱན་གདགས་པ་དང་། བཀྲ་ཤིས་པ་རྣམས་བྱེད ་དུ་གཞུག། དཀྱིལ་འཁོར་ནི་རང་རང་གང་ཡིན་པོའི་དཀྱིལ་འཁོར་སྒྲུབ་ཚོགས་རབ་ཏུ་གནས་པར་བྱས་ལ། དེ་ནས་རབ་གནས་ལོ་ཕུལ་བའི་ཟས་ཀྱི་ལྷག་མ་རྣམས་ནི། དེ་བཞིན་གཤེགས་པའི་ལྷག་མ་ཟོས་ཤིང་། སྡིག་པ་འདག་པར་བྱེད་པས།། རང་དང་སློབ ་མས་བཟའ་བར་བྱའོ།། སྤྱད་དུ་བཏུབ་པ་རྣམས་ནི། ཨོཾ་སརྦ་སྭ་བྷཱ་བས་བསངས་ལ་བཞག་གོ།། རིག་པའི་བསྲུང་བ་དང་། བགྲང་ཕྲེང་ནི་སྐད་ཅིག་ཙམ་གྱིས་བྱའོ།། དཔལ་འཁོར་ལོ་སྡོམ་པའི་ཆོ་ག་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའོ།། ་རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། ལོ་ཙ་བ་རླ་བ་ན་ཆོས་འབརརཾ་གྱིས་བསྒྱུར་བའོ།། ། ་