CLOSE WINDOW

GT2031: sgrol ma las 'byung ba'i ku ru kul+lE'i sgrub thabs
Wyliee-texts produced with BDRC’s OCR application

ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། @#།། རྒྱ་གར་སྐད་དུ། ཏཱ་རོད་བྷ་བ་ཀུ་རུ་ཀུལླེ་སཱ་དྷ་ན~ཾ། བོད་སྐད་དུ།། སྒྲོལ་མོ་ལྔ་འབྱུང་དཱི་འུ་ཀུ་ལཱིའི་སྒྲུབ་ཐེག། སྒྲོལ་མ་ལས་འབྱུང་བའི་ཀུ་རུ་ཀུལླེ ་ལ་ཕྱག་འཚ་ལོ།། ཊེ་ཤིག་ཐོག་མར་སྔགས་པས་ཡིད་དུ་འོད་བར་འགྱུར་བའི་གནས་འགའ་ཞིག་ཏུ་འཇམ་པོའི་སྟན་ནང་ཚངས་ཅན་ལྔ་སོགས་པ་ལ་ཉེ་བར་གནས་ཏེ། ཐང་ཀ་ལ་སོགས་པ་ལ་ཞུགས ་འི་བཅོམ་ལྡན་འདས་མ་བཀྲམ་ལ། ཕྱི་རོལ་གྱི་མཆོད་པ་བྱས་ནས་རང་གི་སྙིང་ཁར། དྲི་མ་ད་ཟླ་བ་ཉེ་བའི་མ་དོག། དབྱངས་ཡིག་དང་པོ་ལས་ལགས་བྱུང་།། སེམས་ཀྱི་ཟླ་བ་ལེགས་བསྒོམས་ལ།། ས་བོན་དེ་རྟེན་དགོད་པར་བ། ་དྲོ་བ་རྣམས་ཀྱི་བཞི་པ་ནི།། མེའི་ཡི་གེའི་སྟེང་ན་གནས།། ཡི་གེ་ཨི་དང་ཡང་དག་ལྡན།། ན་མཁའ་གཉིས་ཀྱིས་བརྒྱན་པའོ།། དེ་ཡི་འོད་ཟེར་སྣ་ཚོགས་ཀྱིས།། འཇིག་རྟེན་དྲི་མེད་བྱས་ཤིང་།། མི་མཆེང་ཁམས་སོགས་སྤྱང་བྱོས ་ནས་དུན་ཀུ་རུ་ཀུལླེའི་རིང་སོང་སྟེ།། དེ་ནི་ལེགས་པར་བསྐུལ་ནས་ཀྱང་།། སྤྱན་དྲངས་ནས་ནི་མདུན་དུ་བཞུགས།། ས་བོན་དེ་ལས་མཁས་པ་ཡིས།། མཆོད་པའི་སྤྲིན་ཚོགས་ཆེན་པོ་སྤྲོ།། མེ་ཏོག་བདུག་པ་དེ་བཞིན་སྒྲོན།། དྲི་དང་ལྷོ ་བཤོས་ཚོགས་རྣམས་དང་།། འགྱིང་བག་ཕྲེང་བ་གར་དང་གླུ།། རོལ་མོའི་མཆོད་སོགས་དེ་བཞིན་དུ།། དཀོན་མཟློག་གསུམ་ལ་བདག་སྐྱབས་མ་།། བདག་གི་སྡིག་ཀུན་སོ་སོའྀ་བ་ཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རིང ་སངྱས་བྱན་ཡིད་ཀྱིས་བཟུང་།། སྔགས་འདི་ལེན་གསུམ་བརྗོད་བྱས་ལ།། དེ་ནས་བཟོད་པ་མཛོད་ཅེས་ཀྱང་།། དེ་ལ་ཚིགསུ་བཅད་པའི་དབྱངས་ནི་འདི་ཡིན་ཏེ།། བདག་ནི་རྨོངས་པའི་ཡིད་ཀྱིས་ཡང་།། སྡིག་པ་ཅུང་ཟད་གང་བགྱི ་པདན་ལུས་ཅན་གང་ཡིན་སྐྱོབ་མཛད་པའི།། ལྷ་མོ་ཁྱོད་ཀྱིས་དེ་བཟོད་མཛོད།། སེམས་ནི་བྱམས་པ་ལ་གནས་པར་བྱ་ཞིང་དེ་ནས་ནི་ཡང་སེམས་སྙིང་རྗེ་ལ་ངེས་པར་གཞག་པར་བྱས་ལ་རབ་ཏུ་དགའ་བའི་སེམས་ཀྱང་ལེགས་པར ་བསྐྱེད་པས་གནས་པར་བྱས་ཏེ། ཕྱི་ནཱས་ནཱི་བཏང་སྙོམསུ་བྱས་པས་ཐམས་ཅད་ཀྱང་སེམས་ཅནྡ་དུ་རྣམ་པརརོ་གཞག་པར་བྱའོ།། རང་བཞིན་དུ་རྒྱལ་གཞོམ་དོན་དུ།། དེ་ནས་སེམས་ཀྱང་སྟོང་པར་བྱ།། སྟོང་ཉིད་མེ་ཡིས ་བསྲེག་པས་ནི།། ཡང་སྲིད་ཕུང་པོ་ལྔ་མི་འབྱུང་།། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ།། ཡུང་ཙམ་སྟོང་ཉིད་རྣལ་འབྱོར་བྱ།། སེམས་དྲལ་བསོ་བར་བྱ་བ་དང་།། དང་པོའི་སྨོན་ལམ་དྲན ་ས་ལ།། ཡང་ནི་ས། བོན་ཙམ་དྲན་བྱ།། གཅིག་ཏུ་ཡོངསུ་མྱང་འདས་ལས།། བདག་གིས་སེམས་ཅན་རབ་ཏུ་བསྒྲལ།། འཁོར་བའི་རྒྱ་མཚོ་རྒལ་དཀར་ལས།། ཏྲི་ལྟར་དེ་ངག་གིས་བསྐུལ།། སྙིང་རྗེས་ཟིན་པས་འདི་རྟོགས ་ནོས་དང་སྤྱོད་མེད་སྟོང་པ་ཉིད་གཏང་སྟེ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས།། སེམས་བསྐྱེད་པ་དང་ལྡན་པ་ལ།། སྔ་བོན་སངས་རྒྱས་བྱིན་བརླབས་ཀྱིས།། དེ་ལ་ཨུད་པལ་ཞེས་བྱ་འབྱུང་།། ཨུད་པལ་ལ་ནི་ཟླ་བའི ་གཟུགས།། དབྱངས་ཡིག་ཨ་ལས་ལེགས་འབྱུང་།། ཟླ་བ་དེར་ཡང་ས་བོན་ནོ།། དེ་ལས་འོད་ཟེར་སྦྱོང་བ་ཡིས།། འཇིག་རྟེན་ཁམས་རྣམས་མ་ལུས་པ།། དེ་ཡས་རྣམས་སྦྱངས་བསྒོམ་པར་བྱ།། སྦྱངས་ནས་མཁྱེན ་བྱ་འོད་ཟེར་གྱིས།། སངས་རྒྱས་བྱེ་བ་ཐམས་ཅད་ནི།། ཨུཏྤལ་དེ་ལ་ཞུགས་པར་བསྒོམ།། དེ་ལས་སྒྲོལ་མ་འབྱུང་བ་ཡིན།། སྐུ་མདོག་དམར་མོ་ཕྱག་བཞི་མ།། པདྨ་དམར་པོའི་གདན་ལ་བཞུགས།། གོས ་དམར་ཟུང་མནབས་བསྐལོ་ལྡན་མཱ།། རྣ་གདུབ་དབུ་རྒྱུན་དམར་པོ་ཅན།། གཡས་ཀྱི་ཕྱག་གཉིས་མི་འཇིགས་དང་།། མདརའ་བསྣམས་པ་དང་གཞན་མ་ཡིན།། གཡོན་པའི་ཕྱོག་ནི་གཉིས་ཀྱིས་ཀྱང་།། གཞུ་དང་མཆོག་དམར་ཨུད་པལ ་བསྣམས།། ཀུ་རུ་ཀུལླེའི་རཱི་ཕུག་གི། ནང་བཞུགས་སྣོང་མཐའ་ཅོད་པན་གནས།། པདྨོ་དམར་པོའི་གདན་འོག་ན།། དགྲ་ཅན་དེ་སྟེངས་ཡོངས་གནས་བྷ།། འདོད་པའི་ལྷ་ནི་ཁྱོ་ཤུག་གཉིས།། ཤིན་ཏུ་རྒྱལ་བ་བསྒོམ་བྱ་སྟེ།། དེ་ལ་རྡོ་རྗེ ་དཀྱིལ་གྱིས་བཞུགས།། རིག་པ་ཀུན་ལ་རྣམ་སྦྱངས་མཾ།། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པའི།། བཅོམ་ལྡན་འདས་མ་ཡང་དག་བསྒོམ།། དམ་ཚིག་སྐུ་ནི་ལེགས་ལྗོན་པས།། ཡེ་ཤེས་འཁོར་ལོ་ལེགས་པར་དགུག། སྐད་ཅིག ་སྣང་བ་ཡོངས་རྫོགས་བྱས།། ཨོཾ་ཤེས་འཁོར་ལོ་མདུན་དུ་བཞུགས།། ཛྙཱཿཧཱུཾ་བཾ་ཧཱུ~ཾཿཞེས་བྱ་བ་འདིས་སྤྱན་དྲངས་གཞུག་བརྟན་པར་བྱ་དགྱེས་པར་ཡང་བྱ་བའོ།། དམ་ཚིག་གི་ཕྱག་རྒྱའི་སྦྱོར་བས་ཁའི་ལམ་ནས་གཞུག་པར་བྱ ་སོ་དེ་ལགས་པ་གཉིས་སྒྲིམ་པར་བྱས་ལ་སྲུང་མོ་གཉིས་ཀ་མང་རྗེ་སྤྱད་རྩི།། རྒྱ་འོག་མཐོལ་དུ་སྲིན་ལག་གཉིས་དགུག་ཐམཐེབ་མོ་གཉིས་ཁོགསུ་བཏོང་བའི་འོག་ཏུ་མནན་མོ།། མཐུན་མོ་གཉིས་གུང་མོ་གཉིས་ཀྱི་ཟླ ་ཞིང་གང་གི་ཚེ་མཐེ་ཆུང་གཉིས་ཀྱང་ཅུང་ཟད་རྩེ་དགུག་པའོ།། འདིས་ནི་དམ་ཚིག་ལ་བཅིང་བར་བྱ་བ་དང་། འདིས་ནི་འཁོར་ལོ་གཞུག་པར་བྱ་བ་ཡང་ཡིན་ནོ།། དེ་ནས་ནི་སངས་རྒྱས་རྣམས་ཀྱི་ཞེས་བྱ་བའི་ཚིགསུ་བཅད་པའི་དབྱངས ་བརྗོད་པས་དབང་བསྐུར་བ་དོན་དུ་གཉེར་བར་བྱ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས།། ཇི་ལྟར་བྱིན་པ་ཆེན་པོའི་ཆེ།། བདག་ཀྱང་སྐྱབོ་པར་བགྱི་དོན་དུ།། མཁའ་རྟོར་ལ་སོགས་བདག་ལ་གསོལ།། དེ་དག་ཆེར་གྱུར་སྦྱིན་མཛད ་དབང་བསྐུར་རྒྱལ་པོ་ཞེས་བྱ་བའོ།། མེ་ཏོག་དབང་བཞིན་རྒྱལ་པོ་ཡང་།། སྤྱན་མ་ལ་སོགས་ལྔ་དོག་གིས།། ཁམས་གསུམ་པ་ཡིས་ཕྱག་རྒྱས་པའི།། དབང་དུ་བསྐུར་རྡོ་རྗེ་ཆེན་པོ་པ།། སངས་རྒྱས་ཀུན་གྱིས་གསང་གོསུམ ་གྱིས་ད་གནས་ལས་ལེགས་བྱུང་བདག་གིས་སྦྱིན།། སངས་རྒྱས་དབང་བསྐུར་པ་ཡིས་སྒྲོལ།། ཆོས་ནི་གཙུག་གི་ནོར་བུར་བཞུགས།། ངོ་མཚར་འོད་ཟེར་དམར་འོད་ཀྱིས།། འཇིག་རྟེན་གསུམ་པོ་གོསར་བར་མཛད།། དབང་བསྐུར ་རིན་ཆེན་ཐོབ་པས་ནི།། དངོས་གྲུབ་ཐམས་ཅད་རློབ་སྒྲུབ་བྱེད།། ལོ་ཕྱེད་བརྟན་པས་ལེགས་གནས་དང་།། ཇི་སྐད་བཤད་ཚིག་སྔོན་དུ་བཏང་།། སྒོམ་པའི་རིམ་པ་སྔོན་འགྲོ་བས།། སྒྲོལ་མའི་སྙིང་པོ་ཡིས་ནི་འདིར།། སྔགས་ནི ་མཉམ་པར་བཞག་པས་བཟླས།། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། དེ་དགེན་སྔོན་དུ་འགྲོ་བ་ཡི་གེ་འབུམ་བཟླས་པ་ལས་ཡང་དག་པར་བརྩམ་པར་བྱ་བའོ།། ཆ་ཤས་ཀྱིས་མི་ཤེས་རབ་འཕེལ།། ཆ་གཞན་གྱིས་ནི་དབང་དུ་བྱེད།། ཆ་ནི ་གསུམ་པ་ཉིད་ཀྱིས་ཀྱང་།། མི་ཡི་དགུ་ནི་འབྱིན་པར་བྱེད།། དེ་ནི་འཇིག་རྟེན་ཀུན་གྱིས་མཆོད་པར་བྱེད་འགྱུར་ཞིང་།། བུད་མང་རྒྱགས་པ་དག་གིས་དྲེག་ལྡན་རྣམས་ཀྱང་སྟེ།། ཇི་ལྟར་འདོད་བཞིན་སྔགས་འཛིན་བྱེད ་པའི་རྗེ་བོ་ཡི།། བཤད་ལ་ངེས་པའི་སྦྱོར་བས་ལྷ་མི་མཛེས་རྣམས་ཀྱང་།། བོ་སྦྱིན་པོས་རིམས་ཀྱིས་གོམས་བྱས་ཏེ།། དངོས་གྲུབ་ཕྲིན་ཚེགས་བསྒྲུབ་བྱས་ལ།། དངོས་གྲུབ་ཆེན་པོས་བསྒྲུབ་པར་བྱ།། ཐམས་ཅད་དུ་འདིར་ཐེ་ཚོ་མོ་སྤང ་སྒྲོལ་མ་ལས་བྱུང་བའི་ཀུ་རུ་ཀུལླེའི་སློབ་ཐབས་རྟོགས་པ་ལས་གསུངས་པ་རྫོགསོ།། ། པཎྜི་ཏ་ཆེན་པོ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ་