CLOSE WINDOW

GT203: dpal 'khor lo sdom pa'i sgrub thabs rin po che'i sgron ma
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་སཱ་དྷ་ནཾ་རཏྣ་དཱི་པ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། གང་ཞིག་རྣམ་དག་ཀུན་ཏུ་རྟོགས་ཡང་མཁའ་འདྲའི་ཆོས ་སྐུ་དང་དཔེ་མེད་ཕུན་ཚོགས་བདེ་བས་རྣམ་མཛེས་ལོངས་སྤྱོད་རྫོགས་སྐུ་ཉིད།། ས་རྣམས་ཀུན་དུ་ཕན་མཛད་རབ་གསལ་སྤྲུལ་པའི་སྐུར་བརྗོད་གང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཡིས་ཁྱེད་ལ་བདེ་ལེགས་ཤིག། དང་པོར་རེ་ཞིག་རྣལ་འབྱོར་པ ་དཔལ་འཁོར་ལོ་སྡོམ་པའི་དབང་བསྐུར་བ་དང་ཡང་དག་པར་ལྡན་པས་ཡིད་དང་རྗེས་སུ་མཐུན་ཞིང་དབེན་པར་བདེ་བའི་སྟན་ལ་འདུག་སྟེ། དམ་ཚིག་བརྟེན་པར་བྱས་ནས་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་བལྟས་ལ་བླ་མའི་མན་ངག་ཇི ་བཞིན་པས་སྔགས་བཀོད་པའི་ལག་པ་གཡོན་པས་དམ་ཚིག་གི་རྫས་སྦྱངས་ཤིང་བླངས་ཏེ། ཞལ་བཞི་པའི་སྔགས་ཀྱི་ཕྱོགས་བཞི་དང་བདག་དུ་བྱས་པ་ལ་གཏོར་བ་དང་ཡན་ལག་ལ་ཡང་དགོད་པར་བྱ་ཞིང་བདག་དང་གནས་དང་རྣལ་འབྱོར་བསྲུང ་བར་བྱའོ།། དེ་ནས་དྲི་ཞིམ་པོ་དང་བཅས་པའི་ཆུས་མདུན་དུ་མཎྜལ་བྱས་ཏེ། བདུད་རྩི་ལྔ་དང་དམ་ཚིག་ཅན་གྱིས་བྱུགས་ལ། དེའི་དབུས་སུ་གཡོན་པོའི་མིང་མེད་ཀྱིས་མནན་ཏེ། པུ་ཛ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞིས་རྣམ་པར་དག་པ་དག་དང་། ་གནས་ལ་སོགས་པ་བཅུའི་མིང་ཅན་ས་བཅུར་མོས་པ་བརྗོད་པར་བྱའོ།། དེའི་རྗེས་ལ་དཀྱིལ་འཁོར་དེ་སྐད་ཅིག་ཙམ་གྱིས་འབྱུང་བ་ཆེན་པོ་བཞི་ལ་གནས་པའི་རི་རབ་ཀྱི་སྟེང་དུ། གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་བསྐྱེད་དེ། དེའི་ནང་དུ་སྣ་ཚོགས ་པདྨའི་གེ་སར་ལ་ཉི་མའི་སྟེང་དུ། རང་གི་སྙིང་གའི་ས་བོན་གྱི་འོད་ལས་འཕྲོས་པའི་རྡོ་རྗེ་འཛིན་པ་བལྟས་ཏེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཁོར་ལོ་ཡོངས་སུ་རྫོགས་པ་དང་བཅས་པའི་བདག་ཉིད་བཅོམ ་ལྡན་འདས་མ་དང་སྙོམས་པར་འཇུག་པར་བལྟ་བར་བྱའོ།། དེའི་འོག་ཏུ་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཕྲེང་བ་རྣམས་ཀྱིས་འཁོར་ལོ་བསྐུལ་ཏེ། ན་མཁའི་ཕྱོགས་སུ་གནས་པ་ལ་མངོན་དུ་ཕྱོགས་ནས་མཆོད་པར་བྱས་ལ། སྔགས་དང་བཅས་པས་ངམ ་ཆོག་གི་འཁོར་ལོ་བཅུག་ནས། རོ་མཉམ་པར་བྱ་བ་དང་། མཆོད་པ་རྣམས་ཀྱིས་མཉེས་པར་བྱ་སྟེ། དེ་ཡང་རྣམ་པར་བྱང་བའི་ལག་པ་གཡོན་པས་ཡི་གེ་གསུམ་གྱི་སྔགས་དཀྱིལ་འཁོར་གྱི་དབུས་སུ། དང་པོ་བཅོམ་ལྡན་འདས་ཉིད་མེ་ཏོག་ལ ་སོགས་པས་མཆོད་པར་བྱའོ།། འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་སྙིང་པོ་དང་། ཉེ་བའི་སྙིང་པོ་དང་། བཅོམ་ལྡན་འདས་མའི་སྙིང་པོ་དང་། ཉེ་བའི་སྙིང་པོ་ཉིད་ཀྱིས་བྱའོ།། དེ་བཞིན་དུ་མཁའ་འགྲོ་མ་ནས་གཤིན་རྗེ་འཇོམས་མ་ལ་སོགས་པའི ་མཐར་ཐུག་དཔའ་བོའི་དབང་ཕྱུག་མ་བཅུ་གཉིས་མན་ངག་བཞིན་དུ་རང་རང་གི་སྔགས་ཀྱི་ཕྱོགས་རྣམས་སུ་གཡོན་སྐོར་དུ་དགོད་ཅིང་། མཚམས་རྣམས་སུ་ནི་གཡས་བསྐོར་བས་གནས་ཇི་ལྟ་བཞིན་དེ་དག་ལ་མཆོད་པར་བྱའོ།། དེ་ནས་ཡིད ་ལས་བྱུང་བའི་མཆོད་པ་ལྷ་མོ་བཅུ་དྲུག་དང་། བདུད་རྩི་དང་། ཏེ་ཏེ་དགའ་བའི་གླུས་ཉེ་བར་མཆོད་པར་བྱའོ།། དེ་བཞིན་ལག་པ་གཡོན་པའི་མཐིལ་དུ་པདྨ་ལྔ་པ་ལྟེ་བ་དང་བཅས་པའི་གཞིར། དཔའ་མོ་དྲུག་རྣམས་ལ་གོ་རིམ་བཞིན་དུ་དམར་མོ་དང་། སྔོན ་མོ་དང་། དཀར་མོ་དང་། སེར་མོ་དང་། ལྗང་གུ་དང་། དུ་ངའི་མདོག་ཅན་རྣམས་བཀོད་ལ། འཁོར་ལོ་སྒྱུར་བ་དྲུག་ཀྱང་དཀར་པོ་དང་། སྐྱ་བོ་དང་། སེར་པོ་དང་ནག་པོ་དང་དམར་པོ་དང་། ལྗང་གུ་རྣམས་སྔགས་ཀྱི་གཟུགས་སུ་ཕྱོགས་ཇི་ལྟ་བ་བཞིན་དུ་རང ་རང་གི་སྔགས་ཀྱིས་མེ་ཏོག་དགོད་པ་སྔོན་དུ་འགྲོ་བས་ཆོ་ག་བཞིན་དུ་མཆོད་པ་དབུལ་བར་བྱའོ།། འཁོརར་ལོ་དེ་ཡང་ལག་པའི་རྒྱབ་དུ་མེ་ལོང་དང་བའི་ངོས་གཉིས་པའི་གཟུགས་བརྙན་བཞིན་དུ་གསལ་བར་སྣང་བར་བལྟའོ།། དེ་ནས་དེའི་དཀྱིལ ་འཁོར་གྱི་སྔགས་རྣམས་ནི། ས་ལ་སོགས་པའི་ཁམས་རྣམས་ཀྱི་རང་བཞིན་ལྟུང་བྱེད་མ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་ཀྱི་ངོ་བོ་ཉིད་དུ་ལྷག་པར་མོས་པར་བྱ་སྟེ། ཁུ་བ་བྱིན་གྱིས་བརླབས་པས་བསང་གཏོར་བྱས་ལ་འཁོར ་ལོ་དེ་ཉིད་དཔའ་བོ་དཔའ་མོ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་འཁོར་ལོ་གསུམ་གྱི་རང་བཞིན་དུ་མོས་པ་བྱས་ཤིང་། རྐང་པ་བརྒྱད་པའི་སྔགས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ།། དེ་ནས་མེ་ཏོག་ཕྲེང་བའི་སྔགས ་བརྗོད་པའི་མཐར་དཀྱིལ་འཁོར་དུ་དོར་ཏོ།། སྙིམ་པས་བླངས་ནས་ཕྲེང་སྔགས་སྔོན་དུ་བརྗོད་པས་མགོ་བོར་དགོད་པར་བྱའོ།། ཡེ་ཤེས་ཀྱི་འཁོ་རླུང་ཡང་བདག་ཉིད་ལ་བཅུག་པར་བསམས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱའོ།། དེ་ནས་སྡིག་པ ་བཤགས་པ་ལ་སོགས་པ་ཆོ་ག་བཅུ་གསུམ་གྱིས་རྣམ་པར་དག་པར་ཡང་བྱའོ།། དེའི་འོག་ཏུ་བདག་པོ་རྣམས་ལ་བདུད་རྩི་མྱང་བ་ལྟ་བུའི་ཆོ་གས་གཏོར་མ་སྦྱིན་པའང་ཤེས་པར་བྱའོ།། གལ་ཏེ་འབྱོར་ན་རྣལ་འབྱོར་པ་རྣམས་འདུས་ཏེ་ཚོགས་ཀྱི ་འཁོར་ལོ་བསྐོར་བར་བྱའོ།། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་འདུད་པ་བྱས་ད་ཏྟེ་ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ།། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད།། རུ་ནི་ཚོགས་པ་དང་བྲལ་བ།། ཀ་ནི་གང་དུབང་མི་གནས་ཉིད།། ཧེ་རུ་ཀ་དཔྲལ ་ཀྱིལ་འཁོར་གཙོ། རྡོ་རྗེ་འཛིན་མཆོག་ཕྱག་འཚལ་བསྟོད།། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ།། མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར།། ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད།། འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད།། ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ།། ཀུན་ཏུ་རྟོག་པ་འཆིང ་གཅོད་ཅིང་།། འཇིག་རྟེན་བྱ་བ་རབ་འཇུག་པོ།། དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད་ཅེས་བྱ་བས་བསྟོད་པར་བྱའོ།། ཆོ་གའི་བྱ་བ་མ་ཚང་བ།། རྫོགས་སངས་རྒྱས་དང་ལྷ་རྣམས་དང་།། དེ་སྲས་རྣམས་དང་ཚངས་ལ་སོགས།། འཇིག་རྟེན་སྐྱོང་རྣམས ་བཟོད་པར་གསོལ།། ཞེས་བྱ་བས་བཟོད་པར་གསོལ་ལོ།། དེ་ནས་ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་།། དེས་གསུངས་ཚིགས་ནི་མཆོག་ཏུ་ཚད་མ་སྟེ།། བདེན་པ་འདི་དག་གིས་ནི་ལྷ་མོ་རྣམས།། བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཙོག། ཅེས ་སྨོན་ལྡུམ་གདབ་པར་བྱ་སྟེ། འདི་ནི་ཕྱི་རོལ་གྱི་མཆོད་པའི་ཆོ་གའོ།། དེ་ནས་ནང་གི་རྣལ་འབྱོར་ལ་བརྩོན་པར་འདོད་པའི་སྔགས་པས།། ཡང་དག་སྙིང་གའི་ས་བོན་གྱི་འོད་ཟེར་ཕྲེད་བའི་ལྕགས་ཀྱུས་འཆད་པར་འགྱུར་ར་བའི་མཚན་ཉིད ་ཅན་གྱི་བཅོམ་ལྡན་འདས་དཀྱིལ་འཁོར་དང་བཅས་པ་བསྐུལ་ཏེ། ན་མཁའ་ལ་བལྟས་ལ། ཕྱག་འཚལ་བ་དང་། མཆོད་པ་སྔོན་དུ་འགྲོ་བས། དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་བྱ་བ་ནི། ཐོག་མེད་ན་ས་བསགས་སྡིག ་དང་བག་ཆགས་མཐུས།། རྣམ་སྨིན་སྡུག་བསྔལ་བསྐྱེད་ཅིང་རྟས་གྱུར་པའི།། སྡིག་དང་ཉོན་མོངས་ཇི་སྙེད་མཆིས་གྱུར་པ།། བཅོམ་ལྡན་འཁོར་ལོའི་གཙོ་ལ་སོ་སོར་བཤགས།། འདས་དང་མ་བྱོན་དེ་བཞིན་ད་ལྟའི་དུས།། ཉན་ཐོས་རང་རྒྱལ་བྱང ་ཆུབ་སེམས་དཔའ་དང་།། འབྲས་བུ་གསང་སྔགས་སྒྲུབ་པ་ལྷུར་བྱེད་པའི།། དགེ་བ་མཛད་པ་ཀུན་ལ་རྗེས་ཡི་རང་།། ཁྱེད་འདིར་མི་འགྱུར་མཁའ་ལྟར་རྟག་བཞུགས་ལ། དོགས་པའི་ས་ལས་སེམས་ཅན་བསྒྲལ་བའི་ཕྱིར།། སྲིད་པ་ཇི་སྲྀད ་གཟུགས་སྐུ་རྣམ་གཉིས་སུ།། མྱ་ངན་མི་འདའ་བརྫེ་བས་གཞུགས་སུ་གསོལ།། འཁོར་བ་ཇི་སྲིད་བར་དུ་བཞུགས་ནས་ཀྱང་།། སེམས་ཅན་དམན་དང་མཆོག་དང་བར་མཱ་ལ།། གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་པའོ།། བདེ་བ་མཆོག་གི ་འཁོར་ལོ་བ་ཤིང་དུ་གསོལ།། ལྷ་མི་རྐང་གཉིས་གཙོ་བོ་ཐམས་ཅད་མཁྱེན།། དུས་གསུམ་གཤེགས་པ་སངས་རྒྱས་ངོ་བོ་ཉིད།། དུས་གསུམ་དབྱེར་མེད་ཡེ་ཤེས་དཔའ་བོའི་ཐུགས།། སངས་རྒྱས་གཙོ་ལ་གུས་པས་སྐྱབས་སུ་མཆི།། ངན་འགྲོ། ་སྲིད་པའི་ཉོན་མོངས་དྲི་སེལ་བ།། རྣམ་དག་དུས་གསུམ་ངམ་ཆོས་ངོ་བོ་ཉིད།། ཨཱ་ལི་ཀཱ་ལི་རོ་གཅིག་དཔའ་མོ་གསུང་།། སྐྱོབ་པའི་ཆོས་ལ་དང་བས་སྐྱབས་སུ་མཆི།། སྡིག་གྲོག་ལོག་པར་འཁྲིད་ལས་ཐར་མཛད་པ།། དུས་གསུམ་ཚོགས་ཀྱི ་དམ་པའི་རང་བཞིན་དཔལ།། ཚོགས་གཉིས་རྣལ་འབྱོར་བདེ་ཆེན་ལྷ་ཡི་སྐུ།། དགེ་འདུན་ཆེ་ལ་ཡང་དག་སྐྱབས་སུ་མཆི།། སྲིད་པའི་བརྩོན་རར་བསྡམས་པའི་ཉམ་ཐེག་རྣམས།། བདེ་བ་མཆོག་གི་ས་ལ་དགོད་པའི་ཕྱིར།། བགྲོད་པ་ཀུན་ཀྱང ་འཁོར་ལོ་སྡོམ་པ་ཡི།། ལམ་ཆེན་འདི་ལ་དགའ་བས་བདག་གནས་སོ།། བླ་ན་མེད་པའི་བྱང་ཆུབ་སེམས།། དམ་པ་བདག་གིས་བསྐྱེད་བགྱིས་ཏེ།། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར།། རྡོ་རྗེ་འཁོར་ལོ་རིན་ཆེན་དང་།། པདྨ་དང ་ནི་ལས་ཀྱི་རིགས།། ཇི་བཞིན་ཇི་སྙེད་དམ་ཚིག་སྡོམ།། བདག་གིས་བརྟན་པོར་ཡང་དག་ཟུང་།། ནམ་ཡང་བརྩོན་པ་མི་དོར་རོ།། དེ་ལྟ་བས་ན་མྱུར་དུ་བདག། མ་སྨོན་པ་རྣམས་སྨིན་པ་དང་།། མ་གྲོལ་བ་རྣམས་དགྲོལ་བར་བགྱི།། མ་རྒལ་བ་རྣམས་བརྒལ་བ ་དང་།། དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་།། སེམས་ཅན་མྱ་ངན་འདས་ལ་དགོད།། གནས་དང་ཉེ་ཞིང་ལ་སོགས་བཅུ་གཉིས་སུ།། དམ་ཚིག་བརྡ་དོད་བདེ་སྤྱོད་རོལ་པའི་ལམ།། དེ་རིང་ནས་བཟུང་རྟག་ཏུ་ལོངས་སྤྱོད་ཅིང་།། བདེ་ཆེན་ཡེ་ཤེས ་རོལ་པས་ལེགས་གནས་ཤོག། ཐབས་དང་ཤེས་རབ་སྙོམས་འཇུག་རྣམ་མི་རྟོག། ལུས་དག་ཡིད་འདིར་གསང་སྔགས་དགེ་སྤྱད་པ།། འགྲོ་བ་སྡུག་བསྔལ་མེ་ཚོགས་གཞི་ལ་སྲུང་དུ།། མ་ལུས་བདག་གིས་དངོས་གྲུབ་མ་ཆོག་ཏུ་བསྔོ།། ཞེས་བྱ་བ ་འདི་དག་གིས་སོ།། དེའི་རྗེས་ལ་བྱམས་པ་དང་།། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚད་མེད་པ་ཚངས་པའི་གནས་བཞི་པོ་དག་བསྒོམས་ནས་བདག་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྐད་ཅིག་གིས ་གནས་པར་བྱའོ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་ཏིང་ངེ་འཛིན་དེ་ལས་ལངས་ནས་འགྲོ་བ་སྒྱུ་མ་ལྟ་བུར་བལྟས་ལ། ས་བོན་གྱི་ཡི་གེ་ཡཾ་རཾ་བ~ཾ་ལཾ་སུཾ་ཡོངས་སུ་གྱུར་པ་ལས། ་གཞུ་དང་གྲུ་གསུམ་ཟླུམ་པོ་དང་།། གྲུ་བཞི་དང་ནི་ལྷུནྡྲ་པོ་སྟེ།། སྒྲོ་དང་དྲ་མར་དང་དཀར་དང་སྟེར།། འབྱུང་ཆེན་བཞིའི་དཀྱིལ་འཁོར་བསྒོམ།། དེ་སྟེང་རིན་ཆེན་བཞིའི་རང་བཞིན།། རི་བོ་ལ་གནས་འཁོར་ལོ་སྤྲུལ།། ཨོཾ་མེ་དི་ནི་བཛྲ་བྷཱ་བ་བཛྲ་བནྡྷ་ཧཱུ~ཾ་ལྀ་ཧཱུ~ཾ ་ཨོཾ་བིདྡྷ་པྲཱ་ཀ་རཧཱུ~ཾ་ཛྲཱྀཾ་ཧཱུཾ། ཨོཾ་བཛྲ་བནྡྷཧཱུ~ཾ་བྲྀ་དྷྭཾ། ཨོཾ་བཛྲ་བི་ཏཱ་ན~ཾ་བྷྲཱུཾ་ཝི་ཧཱུཾ། ཨོཾ་བཛྲ་སྭ་ར~ཾ་ཛྭཱ་ལཱ་དྷྭཾ་སྟྭཾ་ཏྲཾ། ཨོཾ་བཛྲཱ་ཛྭཱ་ལ་ཨ་ན་ལཱ་རྦཱ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་འདིས་རྡོ་རྗེའི་ས་ལ་སོག་ས་པ་དྲུག་སྤྲུལ་པར་བྱའོ།། དེའི་ནང་དུ ་ནི་སྣ་ཚོགས་པདྨ་གེ་སར་གྱི་སྟེང་དུ་ཨཱ་ལི་ཀཱི་ལི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བ་དང་ཉི་མ་ཁ་སྦྱོར་གྱི་དབུས་སུ་ཧཱུ~ཾ་རྗེ་སེམས་དཔའི་བདོག་ཉིད་འོད་ཟེར་འཕྲོ་བ་དང་འདུ་བའི་བདག་ཉིད་ཅན་བསྒོམས་ལ། དེ་དག་ཡོངས་སུ་གྱུར་པ་ལས ་བཅོམ་ལྡན་འདས་ཧེ་རུ་ཀ་གཞལ་ཡས་ཁང་དང་བཅས་པར་བདག་ཉིད་ཡང་དག་པར་བསམ་མོ།། དེ་ལ་བཅོམ་ལྡན་འདས་ནི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་འཇིག་བྱེད་དང་དུས་མཚན་གྱི་དཔྲལ་བ་དང་ནུ་མར་གཡོན་བསྐུམ་ཞིང་གཡས་བརྐྱང ་བས་བཞུགས་པ། ན་མཁའི་མདོག་ཅན་སྔོན་པོ་དང་ལྗང་གུ་དང་དམར་པོ་དང་། སྡེར་པོའི་ཞལ་བཞི་མངའ་བ་རེ་རེ་ཡང་སྤྱན་གསུམ་པ་ཅུང་ཟད་ཁྲོ་བོའི་ངང་ཚུ་ལ་ཙྪ་ནཽ།། ཐད་པ་ལྔས་བརྒྱན་པ། སྐུ་མངའ་མགོ་བོ་རློན་པའི་ཕྲེང་བ་བརྒྱའི ་ཕྲེད་ཀྱིས་བརྒྱན་ཅིང་།། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས། མཚན་པ། རལ་པའི་ཐོར་ཚུགས་ཅན། སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་པས་འཇིགས་པར་བྱེད་པ་སྟག་གི་ལྤགས་པའི་ཤམས་ཐབས ་ཅན། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། རྡོ་རྗེ་ཡན་ལག་མས་ཉེ་བར་འཁྱུད་པ་དང་།། ཕྱག་བཅུག་ཉིས་སྨྲས་པ་སྟེ། རྩ་བའི་གཉིས་ཀྱིས་རྡོ་རྗེ་དང་།། དྲིལ་འཛིན་པདེ་ཆེན་མ་ཉིད་འགྱུང་།། གཉིས་ཀྱིས་གླང ་ཆེན་ལྤགས་པ་འཛིན།། གཡས་ཕྱག་གསུམ་པ་བཞི་པ་དང་།། ལྔ་པ་དྲུག་པ་གོ་རིམ་བཞིན།། ཅང་ཏེའུ་དགྲ་སྟ་གྲི་གུག་དང་།། རྩེ་གསུམ་རྡོ་རྗེའི་མདུང་བསྣམས་པའོ།། དེ་བཞིན་གཡོན་ཕྱག་གསུམ་པ་ཡི།། བཞི་པ་ལྔ་པ་དྲུག་པ་རིམ་ལྟར།། ཁ་ཊྭཱཾ། ་ཐོད་པ་རྡོ་རྗེ་ཞུགས།། ཚངས་པའི་མགོ་བོ་མཛེས་འཛིན་པ།། བརྟེན་ཅིང་འབྲེལ་འབྱུང་རྣམ་དག་བདག། དེའི་མདུན་དུ་བཅོམ་ལྡན་འདས་མ་བསྒོམ་པར་བྱ་བ་ནི་སྐུ་མདོག་དམར་པོ་སྤྱན་གསུམ་པ། ཞལ་གཅིག་པ་དུམ་བུའི་སྐེ་རགས་ཀྱིས་བརྒྱན ་ཅིང་། ཁཾ་ཊྭཱཾ་གས་བརྒྱན་པའི་ཐོད་པ་འཛིན་པའི་ཕྱག་གཡོན་པས་མགུལ་བ་ནས་འཁྱུད་པ་དང་། རྡོ་རྗེ་ཚངས་པའི་གྲི་གུག་རབ་ཏུ་འབར་བ་ཐོགས་པས་སྟེང་དུ་སྡིགས་མཛུབ་ཆེར་བསྒྲེང་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས ་ཀྱི་བརླ་གཉིས་ལ་དཀྲིས་ཤིང་གཤིབས་ནས་ཕན་ཚུན་གཅུགས་པས་འཁྱུད་དེ་བཞུགས་པའི་མཚན་ཉིད་རབ་ཏུ་གསལ་བར་བསྒོམ་པར་བྱའོ།། དེ་ནས་ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་མདོག་ནག་མོ་དང་། གཡོན་གྱི་འདབ་མ་ལ། ལཱ་མ་ལྗང་གུ ་དང་། ནུབ་ཀྱི་འདབ་མ་ལ་དུམ་སྐྱེས་མ་དམར་མོ་དང་། གཡས་ཀྱི་འདབ་མ་ལ་གཟུགས་ཅན་མ་སེར་མོ་དང་། དེ་བཞིན་དུ་མཚམས་རྣམས་སུ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྣོད་བཟང་པོ་དག་ཉེ་བའི་འདབ་མ་ཤར་ལ་སོགས་པ་བཞིར་ནི།། ཁྭ་གདོང ་མ་ལ་སོགས་པའི་ལྷ་མོ་རྣམས་མཁའ་འགྲོ་མ་བཞི་པོ་དག་དང་འདྲའོ།། མཚམས་བཞིར་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་ནི་ཕྱེད་ཀྱི་མདོག་ཅན་དུ་ཤེས་པར་བྱའོ།། རྣལ་འབྱོར་མ་དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་བསྐུམ ་ནས་གཡོན་བརྐྱང་བའི་ཞབས་ཀྱིས་རོའི་གདན་ལ་བཞུགས་པ། གོས་དང་བྲལ་བ་ཕྱག་རྒྱ་ལྔའི་རྒྱན་ཆ་ཅན་ཐོད་པ་རྡོ་རྗེ་ཕྲེང་བས་སྤྲས་པའི་དབུ་རབ་ཏུ་མཛེས་པ་ཉིད་དང་། མགོ་བོའི་ཕྲེང་བརྒྱན་ཅིང་ཐོད་པ་དང་། ཁ་ཊྭཱ~ཾ་ག་དང་གྲི་གུག་དང་ཅ ་ཏེའུ་བསྣམས་པ་ཅུང་ཟད་དྲག་པོའི་མཚན་ཉིད་ཅན་དུ་བསམ་པར་བྱའོ།། དེའི་འོག་ཏུ་དེ་དག་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་འཁོར་ལོ་དང་པདྨ་དང་རྡོ་རྗེ་ལྟེ་བ་ལ་གནས་པའི་ས་བོན་ཨོཾ་ཨཱཿཧཱུཾ་ཞེས་པ་འདི་དགོད་དེ། ཇི་བཞིན ་སྤྲོ་བ་དིང་བསྡུ་བའི་འོད་ཀྱིས་སྦྱོར་བ་ཡོངས་སུ་སྦྱང་བར་བྱའོ།། དེ་ནས་རྡོ་རྗེ་གོ་ཆའི་སྔགས་ཀྱིས་བཅོམ་ལྡན་འདས་ལ་གོ་བགོ་བར་བྱ་སྟེ། ཨོཾ་ཧཿན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥཊ་ཧཱུཾ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ། ཞེས་བྱ་བའི་འཁོར་ལོ་སྒྱུར་བ་དྲུག་གི་ངོ་བོ ་འོདིད་དག་གིས་སྙིང་ག་དང་། སྤྱི་བོ་དང་། མགོ་བོ་དང་། ཕྲག་པ་གཉིས་དང་། སྤྱན་གསུམ་དང་། ཡན་ལག་ཐམས་ཅད་ལ་བསྲུང་བར་བྱའོ།། ཨོཾ་བཾ། ཧཾ་ཡཽ། ཧི་མོ། ཧྲེཾ་ཧྲིཾ། ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ། ཅེས་བྱ་བ་དང་འད་དྲུག་གི་ངོ་བོ་འདི་དག་ནི། ་བཅོམ་ལྡན་འདས་མ་ལ་གོ་ཆ་བགོ་བར་བྱའོ།། ལྟེ་བ་དང་། སྙིང་ག་དང་། ཁ་དང་། དཔྲལ་པོ་དང་། སྤྱི་བོ་དང་། ཡན་ལག་ཐམས་ཅད་ལའོ།། དེ་ནས་སྙིང་གའི་ས་བོན་གྱི་འོད་རི་མོའི་ལྕགས་ཀྱུས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། དམ་ཚིག་བ་སྔགས་སྔོན་དུ ་འགྲོ་བས་བནག་པར་བྱའོ།། བཅོམ་ལྡན་འདས་པ་དབང་བསྐུར་བའི་དོན་དུ་གསོལ་པ་གདབ་པར་བྱའོ།། དེ་སྐྱེས་སྤྲོས་པའི་བདུད་ནྟི་གྷས་གང་བའི་རཱིན་པ་ནའི་བུམ་པ་འཛིན་པའི་ཡུམ་བན་པོ་དག་གིས། ཏྲཱ~ཾབྷུ་མམ ་པ་ཙམ་ཉིད་ལ།། དེ་བཞིན་གཤེགས་ཀུན་ཁྲུལ་གསོལ་བ།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥཱཾ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་སྔགས་བརྗོད་པས་དབང་བསྐུར་བར་བསམ་མོ།། ཆུ་དེ ་ལས་བྱུང་བའི་རང་གི་རིགས་ཀྱི་ལྷས་ཅོད་པན་ཇི་ལྟར་རིགས་པ་ཉེ་བར་བརྒྱན་པར་བྱའོ།། དེའི་རྗེས་ལ་སྙིང་གའི་སྡེ་ཁོན་གྱི་འོད་ཟེར་གྱིས་གཟུགས་ལ་སོགས་པའི་ཡུལ་རྣམས་དང་།། བཅོམ་ལྡན་འདས་མའི་ཐུགས་ཀ་འམ། པདྨའི་གེ་སླར་ལ་བསྡུས ་ནས་དེ་ལས་སྤྲོས་པའི་འོད་ཟེར་ལྷ་མོ་རྣམས་ཀྱིས་དམ་ཚིག་ལ་སོགས་པའི་རྫས་དཀྱིལ་འཁོར་དང་བཅས་པའི་བདག་པོ་ལ་ཉེ་བར་མཆོད་པར་བྱའོ།། དེ་ནས་མ་ལུས་པ་ལྷ་མོ་དང་བཅས་པས་བསྟོད་པའི་དབྱངས་བརྗོད་པ་ནི་ཁྱོད་ནི་ཡེ་ཤེས་རིང ་བཞིན་བཞི་པ་ཆེན། ཁྱོད་ནི་ཕན་མཇེད་ཤིན་ཏུ་རོལ་པའི་སྐུ།། ཁྱོད་ནིསརྣམས་མ་ལུས་ཉེར་འཚོ་སྟེ།། རྣལ་འབྱོར་མའི་ཚོགས་བདག་བདེ་ལེགས་ཤོག། བདེ་ཆེན་དེར་ནི་བརྟན་གཡོའི་འཇིག་རྟེན་སྟོན།། ཐུགས་རྗེ་སྤྲུལ་པས་སེམས་ཅན་སད ་མཛད་ཅིང་། སྒྱུ་མའི་རྣམ་ཐར་སྤྲུལ་པ་དོན་ཀུན་བསྒྲུབ།། མ་གོན་པོ་བདེ་ཆེན་དཔལ་ལྡན་དགྱེས་པས་བཞེངས་ཞེས་བྱ་བས་སོ།། དེའི་རྗེས་ལ་མདུན་དུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ། མགོ་བོ་གསུམ་ལ་གནགས་པའི་ཨ་ལས་བྱུང་བའི ་ཐོད་པའི་སྟེང་དུ། ས་བོན་ཇི་ལྟ་བ་བཞིན་ལས་སྐྱེས་པའི་བདུད་རྩི་ལྔ་སྟེ། སྟེང་དུ་ཨོཾ་བལྟའོ།། ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱིས་ཁ་བཅད་དོ།། འོག་ཏུ་ནི་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ལས། ཐམས་ཅད་འབར་བ་ལ་སོགས་པའི་རིམ་གྱིས་བདུད ་རྩིར་བསྒྱུར་ཏེ། ཡེ་ཤེས་ཀྱི་བདུད་རྩི་དྲང་བ་དང་། རོ་མྱང་བའི་ངོ་བོ་ཉིད་དུ་ཡི་གཽ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྕེས་མཚན་མ་པས་མྱང་བར་བྱ་ཞིང་འཕྲོ་བའི་སྦྱོར་བས་ལྷ་མོའི་ཚོགས་ཀྱང་ཚིམ་པར་བྱའོ།། དེ་ནས ་རྡོ་རྗེ་པདྨོ་རྣམ་པར་སྦྱངས་པའི་བརྡེབས་པ་དགའི་སྒྲས་དགའ་བ་ཆེན་པོ་ས་དེ་བཞིན་གཤེགས་པའི་རིགས་ནང་དུ་ཞལ་བཅུག་སྟེ། ཞུ་བར་གྱུར་པ་ནོར་བུའི་ཟེ་འབྲུའི་འབྲས་བུའི་ཐེག་ལེ་གཉིས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དུ ་གནས་པར་བྱས་ལ། ལྷན་ཅིག་སྐྱེས་པའི་དོན་ལ་མངོན་དུ་ཕྱོགས་པས་ཏིང་ངེ་འཛིན་དུ་བྱའོ།། ཁ་སྦྱོར་དབུས་ནས་ས་བོན་གནས།། ཐེག་ལེ་གཉིས་པོ་མི་འགྱུར་བར།། རྡོ་རྗེ་སེམས་དཔའི་ངོ་བོ་ཉིད།། རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ།། ་ཞེས་ཇི་སྐད་གསུངས་པ་བཞིན་ནོ།། ཨཱ་ལི་ཀཱ་ལཱི་མདུན་བ་སམས་བྱས།། རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ།། ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་ལ།། ལྟེ་དབུས་གནས་སུ་རྣམ་པར་བསྒོམ།། ཡི་གི་གོ་འདང་མཆོག་གྱུར་པ།། དེ་ཡི་དབུས ་སུ་བསམ་པར་བྱ།། དེ་ན་སྐུ་གསུང་ཐུགས་རྡོ་རྗེའི།། ལྷ་ཡི་ངོ་བོ་ཉིད་བསྒོམ་བྱ།། དོ་འདིར་ལུས་ལས་འདས་གྱུར་ཀྱང་།། སེམས་ཉིད་ཀྱང་ནི་མ་ཡིན་ནོ།། བསམ་མེད་བསམོ་པར་བྱ་བའང་མེད།། བསམ་པ་དེ་ཡང་མི་ཤེས་སོ།། སེམས་དཔའ ་ཡང་ནི་བསམ་མི་ཁྱབ། དེ་ནས་གཟུངས་ནི་ཐོབ་པར་འགྱུར། ཞེས་གསུངས་པའོ།། དེའི་ཎྜེ་སཱ་ལ་སྙིང་གའི་ས་བོན་གྱི་ཐིག་ལེ་ཉི་མའི་གཟུགས་ཀྱི་སྟེང་དུ་སྔགས་ཀྱི་ཕྲེང་བ་ཤིན་ཏུ་ཕྲ་མོ་མངོན་པར་བལྟས་ལ། ་བརྟན་པའི་སེམས་ཀྱིས་འཕྲོ་བ་དང་། འདུ་བའི་རིམ་པ་སྱཱ་མན་དགུ་ཛི་ལྟ་བ་བཞིན་དུ་བཟླས་པར་བྱའོ།། དེ་ལ་ཨོཾ་ཤྲཱི་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། བཛྲ་ཌཱ་ཀི་ནཾ་ཛཱ་ལ་ས~ཾ་བཱ་རི་སྭཱཧཱ། ཨོཾ་ཧྲཱིཿཧ་ཧཱ་ཧུ~ཾ་ཧཱུ~ཾ་ཕཊ། ཎཱཾ་བཙུན་གྱི་སྡོང་པོ་དང་ཉེ་བའི་སྙིང་པོའོ།། ་ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ལྷ་མའི་སྙིང་པོ་དང་ཉེ་བའི་སྙིང་པོའོ།། ཨོཾ་ཌཱ་ཀི་ནཱི་ཡཻ་ཧུཾ་ཧཱུཾ་ཕཊྚེ། ཨོཾ་ལཱ་མཻ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ~ཾ་ཎྜ་རེ་ཧེ་ཧུ~ཾཧཱུ~ཾ་ཀྱཻ་ཥྚྲཱྀ་མ་ཙུ་ཨོཾ་ཧྲཿསྱཻ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ ་ལུ་ཀཱ་སྱེ་ཧུ~ཾ་འི་ཧཱུཾ་ཕཊ། ཨོཾ་ཤཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུ~ཾ་ཕཊ། ཨོཾ་ཡ་མཱ་དཱ་དྷཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་ད~ཾཥྞཱི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནཱཾ་ཡེ་ཧུཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། དཔེའ་མོ་རྣམས་ཀྱི་སྔགས ་སོ། ཨོཾ་ན་མོ་བྷ་གཾ་བ་ཏེ་ཝཱི་རེ་ཤཱི་ཡཾ། མ་ཧཱ་ཀལྤཱགྣི་སཾ་ནི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོ་ངྐ་ཊཱ་ཡ། དཾཥྚ་ཀཻ་རཱ་ལྀ་གྲྀ་བྷཱི་ཥ་ཎ་མུ་ཁཱ་ཡ། སྱཻ་ཧེ་སྲ་བྷུ་ཛེ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་བྱ་ཏི་ཤཱུ་ལ་ཁ་ཊྭཱཾ་ག་དྷ་རི་ཎེ། བྱཱགྷྲཱ་ཛི་ནཱམྦཱ་ར་དྷ་རཱ་ཡ། མཱ་ཧཱི་དྷུམྦནྟ་ཀ་ར་ཝ ་པུ་ཥཱ་ཡ། རྩེ་བའི་སྔགས་སོ།། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བིནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡཾ། ཀྲཱྀ་བྷ་ཡ་ཀཱུ་བྷཱ་ཡ། \ུ0f7fཕེཾ་ཕེཾ། ཕཊ་བེ་ཊཾ། ད་ཧོ་ད་ཧ། པ་ཙ་པ་ཙི། བྷིཀྵ་བྷཀྵ། བི་ས་རུ་དྷི་རཱནྟ་མཱུ་ལཱ་བ་ལནྡྷི་ནཱ~ཾ། གྲཱིཧྣ་གླཱདྡྷ ་སྭབྷཱ་པཱ་ཏཱ་ལ་གཱཎྜ་བྷཱུ་ཛཾ་གཻ་སརྦྦཱཿ། ཏརྫ་པ་ཏརྫ་པ། ཨཱ་ཀནྡྷ་ཨཱ་ཀརྨྨཿ། དྷཱཛྫུབྷཱུདྷཱ། !!། !!། དྷུཧྭཱ། !མྱ་ཀནྟ། སེམས་མ། མཙམ?། དྷཱ་མ་དྷྱཱ་ལ། དྷཱུ་ཧཱུ་བནྡྷ་སྭཱ་ཧཱ། ཕྲེངས་སྔགས་པ།། ་དེ་ནས་རྣལ་འབྱོར་པ་ཁ་ལྷོ་ཕྱོགས་སུ་མངོན་པར་ཕྱོགས་པ་ས་ཇི་བཞིན་སྦྱངས་པའི་ག་ཏོར་མ་སྦྱིན་པ་ནི། མེ་ཆེན་མོ་སྐྲ་གྲོལ་གཅེར་བུ་ཡིས།། མཐོན་པོའི་གནས་སུ་མཆོད་བརྩོན་པས།། བདག་ཉིད་ལྷ་ཡི་ང་རྒྱལ་གྱིས།། རྐང་པ་མནན ་ཅིང་གནས་སུ་བལྟ།། གསངས་བསྟོད་ཕོ་གི་སྒྲོ་སྒྲོགས་ཤིང་།། ཕྱོ་གས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། དཔའ་བོ་རྣལ་འབྱོར་མ་རྣམས་འགུགས།། ནམ་མཁའི་ངོས་ལ་ལེགས་བཞུགས་བྱ།། རྡོ་རྗེ་ཐལ་མོ་གྱེན་ཆེ་ལ།། ་དཔའ་བོ་རྣལ་འབྱོར་སྙན་གསན་དབབ།། སྔགས་ཀྱིས་བསྐུལ་བར་བྱོས་ན་ནི།། དེ་ཡི་མོད་ལ་བྱོན་པར་འགྱུར།། མཛུབ་མོ་མདུད་བྱས་གུང་མོཾ་ངེས་པར་སྦྱར།། མཐེ་བོང་རྡོ་རྗེ་བརྟེན་པོ་རབ་ཏུ་སྦྱ་རཾ།། རྒྱ་འདི་དཔྲལ་བའི་དབུས་སུ་ཉེར ་བཞག་ནས།། བསྐོར་ཞིང་བསྐོར་བས་ཕན་ཚུན་ཀུན་ཏུ་བསྐོར།། གཡས་བརྐྱང་བ་ཡི་སྦྱོར་བ་ཡིས།། འབར་བའི་ཕྱག་ནི་བཅིང་བར་བྱ།། དམ་ཚིག་གིས་ནི་ཁ་བསྐང་ལ།། སྔགས་ནི་འདི་ལྟར་རྗེས་དྲན་བྱ།། ཨོཾ་སཱ་རལླི་ཧོ།། ཛཿཧཱུཾ་བཾ་ཧོཿ ་བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿཞེས་ལན་གསུམ་བརྗོད་པར་བྱའོ།། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷྲྀ་ཏ་པྲེ་ཏ་པི་ཤཱ་ཙོནྨཱ་དཱ་པསྨཱ་ར་ཌཱ་ཀི་ནྱཱ་ད་ཡ་ཨི་མཾ་བ་ལིཾ་གྲྀཧྞནྡྷ་ས་མ་ཡ་རཀྵནྱཱ་ཏུ་སརྦ་སིདྡྷི་མེ་པྲྀ་ཡཙྪནྡྲཱ་ཡ་ཐཻ་བ་ཡ་ཐཥྚཾ་དྷུཉྫ་ཐ། ་བི་ཝཿ། མཱ་ཏི་ཀྲཱ་མ་ཐ། མ་མ་སརྦྦ་ཀརྟ་ཡ། སྱཱངྐུ་ཁཾ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀཾ་བྷ་བིནྡྷ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་བར་སྦྱིན་པའི་སྔག་སོ།། གང་ཞིག་རྣལ་འབྱོར་རྣལ་འབྱོར་མའི།། ཆོ་ག་ཁྱད་པར་འདོད་པ་ཡང་།། འདི་སྐད་བཤད་པ་ཐམས་ཅད་ཀུན།། རྣལ་འབྱོར། ་མ་ཡིས་བརྡར་འགྱུར་ཏེ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ཉིད།། གཙོར་བྱས་དཀྱིལ་འཁོར་ཐ~ཾད་བྱ།། ཟླ་བ་ཕྱེད་དེའི་ཚེས་བཅུ་ནི།། གཉིས་ཀར་ལྷ་མོ་མཆོད་པར་བྱ།། གཞོན་ནུ་མ་དང་རྣལ་འབྱོར་མ།། རྟག་ཏུ་ཆོ་ག་བཞིན་ཚི་མ་བྱ།། དེ་ནས་སྔགས་པ་ལྡང་བར་འདོད་མཆོད་པ ་དང་བསྟོད་པ་སྔོན་དུ་འགྲོ་བས།། དཀྱིལ་འཁོར་གྱི་མན་ངག་ཇི་ལྟ་ཤས་པས་ཡི་གྲེ་བརྒྱ་པོའི་སྔགས་བཟླས་པས་བསྡུ་བར་བྱའོ།། དེ་ནས་བཟོད་པར་གསོལ་ནས་གཤེགསུ་གསོལ་བ་ནི། རྫོགས་སངས་རྒྱས་དང་ལྷ་རྣམས་དང་།། དེ་སྲས་རྣམས་དང་ཚངས་ལ་སོག ་འའཇིག་རྟེན་སྐྱོང་རྣམས་ཆོ་ག་འདི།། མ་ཚང་བ་རྣམས་བཟོད་པར་གསོལ།། ཞི་དང་བཀྲ་ཤིས་བདེ་ལེགས་མཛོད།། གཙོ་བོ་ནུས་པ་མ་མཆིས་ཤིང་།། མ་ཚང་བ་དང་ལྷག་གྱུར་པ།། རྣལ་འབྱོར་གཙོ་བོ་རྗེས་གནང་སྟེ།། ནོངས་གྱུར་གང་དེ་བཟོད་པར་གསོལ།། གསང་སྔགས ་ཉམས་དང་བྱ་བ་ཉམས།། ཆོ་ག་ཉམས་པར་གྱུར་པ་གང་།། མངའ་བདག་མ་ཡི་བཀས་གནང་སྟེ།། འདི་ནི་ལྷ་མོ་བཟོད་པར་གསོལ།། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་།། དེས་གསུངས་མཆོག་ཏུ་ཚད་མ་གང་ཡིན་པ།། བདེན་པ་དེ་དག་གིས་ནི་ལྷ་རྣམས་འདིར།། བདག་ལ་རྗེ་སུ་འཛིན ་པབའི་རྒྱུར་གྱུར་ཅིག་ཅེས་བྱ་བས་བཟོད་པར་གསོལ་ལོ།། ཁྱེད་ཀྱིས་སོན་དོན་ཀུན་མཛད།། སྒྲུབ་ལ་རྗེས་མཐུན་དངོས་གྲུབ་སྩོ། ལ།། སངས་རྒྱས་སྤྱོད་ཡུལ་གཤེགས་གསོལ་ཏེ།། སླར་ཡང་འབྱོན་པར་མཛདདུ་གསོལ།། ཚུལ་ཁྲིམས་ཙན་དན་ཡན་ལག་བྱུགས།། བསམ་གཏན ་བབསྟོད་གཡོགས་ཀྱིས་དཀྲིས་ཤིང་།། བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ།། ཇི་ལྟར་བདེ་བ་སྤྲད་པར་བྱ།། ཨོཾ་བཛྲ་མཎྜལ་མུ་ཞེས་བྱ་བས་དཀྱིལ་འཁོར་བསྡུ་བར་བྱའོ།། གང་ཞིག་རྟག་ཏུ་གུས་པས་ནི།། རྣལ་འབྱོར་བརྩོན་ལ་མན་ངག་སྦྱིན།། གོམས་པ་བསྐྱེད་པ་དེ་ལ་ནི།། ་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར།། མཆོད་སྦྱིན་དབང་བསྐུར་སྦྱིན་སྲེག་དང་།། ཚོགས་ཀྱི་འཁོར་ལོ་རབ་གནས་སོགས།། ཞིང་ལ་སོགས་པའི་དངོས་གྲུབ་སྩོལ།། མ་ལུས་དཀྱིལ་འཁོར་འདིར་གྲུབ་བྱེད།། དཔལ་ལྡན་འཁོར་ལོ་སྡོམ་འབྱུང་མན་ངག་གི། ཇི ་བཞིན་གྲུབ་པཱའི་ཡན་ལག་མདོར་བསྡུས་པ།། མཆོག་གྱུར་སྔགས་འཆང་བློ་གྲོས་སྒྲོན་རྣམས་ལ།། གསལ་བྱེད་རིན་ཆེན་སྒྲོན་མ་འབར་འདི་ཡིན།། དགེ་བ་གང་ཞིག་བདག་གིས་བསགས་ཐོབ་པ།། དྲི་མེད་སྟོན་ཟླ་ལྟ་བུར་དཀར་གསལ་གང་།། དེ ་ནི་འཇིག་རྟེན་སྤྲིན་ཚོགས་མུན་བསལ་ཏེ།། སྣང་བ་ངོ་མཚར་ཅིག་ཅར་འོད་བྱེད་གྱུར།། དཔལ་ལྡན་འཁོར་ལོ་བདེ་མཆོག་གི་སྒྲུབས་ཐབས། རིན་ཆེན་སྒྲོན་མ་ཞེས་བྱ་བ་སློབ་དཔོན་མཁས་པ་མཻ་ཏྲི་པས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎིའི་ཞལ་སྔ་ནས།། བོད་ཀྱི་ལོ་ཙཱ་བ་པ་རེག་ཐོས་པ་དགསཽ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། སླད་ཀྱིས་དགེ་བའི་བཤེས་གཉེན་དམ་པ་མཁས་པ་བ་རཾ་ལོ་ཙ་བས་བཅོས་ཤིང་གཏན་ལ་ཕབ་པ་ལས། དུས་ཕྱིས་ཁ་ཆེའི་པཎྜི་ཏ་ཆེན་པོ ་བུད་དྷ་ཤྲཱི་ཛྙཱ་ནའི་བཀའ་དྲིན་ལ་བརྟེན་ནས། གནུབས་ལོ་ཙ་བས་སྒྲ་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་པའོ།། །། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ།། བཀྲ་ཤིས་དང་བདེ་ལེགས་ཆེན་པོས་ཁྱབ་པར་གྱུར་ཅིག། ་