| Wylie | e-texts produced with BDRC’s OCR application |
མོ་གཞོན་ནུ་རྒྱན་རྣམས་དང་ལྡན་པར་བསྒོམས་ལ། ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་གཅིག་ཏུ་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་ལ། དེ་ཡིད་ལ་བྱེད་པ་དང་ལྡན ་པ་ཉིད་ཀྱིས་ཇི་ལྟར་འདོད་པར་བརྒྱུ་བོར་བྱ་བའོ།། འཕགསྔ་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐུབ་སོ།། ཨཱ་དྷ་ཡའི་ཞལ་སྟཱ་ནཱས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བྱའོ།། ་རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལི་ཕྱག་འཚལ་ལྷོ།། དྲང་པོ་སྙིང་གའི་ཟླ་བའི་དཀྱིལ་ན་གནས་པཱའི་ཏཱཾ་གི་སྭ་བོན་ལས། རྣམ་པར་ཀཽ་འཕྲོས་པའི་འོད་ཟེར་ལས་གྲུབ་པའི་བླ་མ་དང་། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྒོམ་པར་བྱ་ཞིང་། དེ་དག་ཕྱི་དང་ནང་གིས་བདག་ཉིད་ཀྱི་མཆོད་པས་ཀྱང་ལེགས་པར་མཆོད་ཅིང་དེ་དག་གི་སྤྱན་སྔར་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་ཡང་བྱ་བའོ།། དེ་ན ་སྟོང་པ་ཉིད་རྣམ་པར་བསྒོམས་ལ། ཨོཾ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པས་རང་བཞིན་གྱིས་དག་པ་བདག་ཡིན། ཞེས་བརྗོད་པར་བྱ་བའོ།། དེ་ནས་ཟླ་བ་དང་ཏཱཾ་ལས་ཡང་དག་པར་བྱུང་བའི་ཨུཏྤ་ལ་དཀར་པོ་ལ ་གནས་པའི་ཡི་གེ་ཏཱ་ལས་ངེས་པར་བྱུང་བའི་སྒྲོལ་མ་སྔོན་མོ་སྟེ། ཕྱག་གཉིས་ཀྱི་གཡས་པས་མཆོག་སྦྱིན་པ་གཡོན་པས་རྩ་བ་དང་བཅས་པའི་ཨུཏྤ་ལའི་མཆོག་སྦྱིན་བསྡམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ ་ཟླ་བའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ་པར་བྱ་བའོ།། དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ནི་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་རྒྱུབ་ནས་བཀབ་ཅིང་མཐེ་བོང་དག་པདྨ་འབྱར་བ་ལྟར་ནང་དུ་བརྐྱང་བ་ནི ་ཨུཏྤ་ལའི་ཁ་བའི་ཕྱག་རྒྱའོ།། དེ་ནས་ཨཽ་ཏཱ་རེ་ཏུཏྟཱ་རི་ཏུ་རྀ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་བཟླས་པར་བྱ་བའོ།། སྒྲོལ་མི་ཆེན་མོ་ཞེས་བྱ་བིའི་སྒྲོལ་མའི་སྒྲུབ་ཐབས་རྫོགསོ།། ་ཨཱ་བྷ་ཡའི་ཞ་ལཱྀ་སྔ་ནཱ་སོ་ཚུལ་ཁྲིམས་རྒྱལ་མཚྲྀན་གྱི་ས་བསྒྱུ་བའོ།། ཤྲཱྀ།། རྒྱ་གར་སྐད་དུ། ཏཱ་ར་སཱ་དྷཱ་ནརྀ། བོད་སྐད་དུ། སྒྲོལ་མུའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚ་ལོ།། སྔ་མ་དག ་བཞིན་དུ་སྟོང་པ་ཉིད་ཀྱི་བར་དུ་བསྒོམས་ལ། པཾ་གྱི་ཡི་གེ་ལས་སྐྱེས་པའི་སྣ་ཚོགས་པདྨའི་དབུ་སུ་ཡི་གེ་ཨ~ཾ་ལས་བྱུང་བའི་ཟླ་བ་ལཾ་ཏཱཾ་གྱི་ཡི་གེ་སྔོན་པོས་བསྐྱེད་པའི་སྒྲོལ་མ་སྐུ་མདོག་སྔོན་མོ་རྒྱནི་ཐམས་ཅད་དང་ལྡན་པ་སྟེ། ་གཡོན་ནཱ་ཨུཏྤ་ལ་སྔོན་པོ་དང་ལྡན་པ་གཡས་ཀྱིས་མཆོག་སྦྱིན་པོར་མཛད་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་གཡས་ཀྱི་ཕྱོགས་ན་ནི་མྱ་ངན་མེད་པ་ལ་དགའ་མོ་སེར་མོ་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་བརྒྱན་དང་ལྡན་ཞིང་གཡས་དང ་གཡོན་གྱི་ཕྱག་གཉིས་ན་རྡོ་རྗེ་དང་མྱ་ངན་མེད་ཀྱི་ཡལ་ག་བསྣམས་པའོ།། དེ་བཞིན་དུ་རྨ་བྱ་ཆེན་མོ་སེར་མོ་གཡོན་དང་ཅིགཽ་ཤོས་ཀྱིས་ཕྱག་གཉིས་ན་རྨ་བྱའི་མཇུག་སྒྲོ་དང་རྔ་ཡ་བི་བསྣམས་པའོ།། གཡོན་གྱི་ཕྱོགས་ན་རལ ་