CLOSE WINDOW

GT2009: 'khor yug mngar sgrub pa'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨ་ལི་མཱནྟ་ཐཱ་སཱ་དྷཱ་ནཾ། བོད་སྐད་དུ།། ཁོར་ཡུག་མངར་སྒྲུབ་པའི་སྒྲུབ་ཐབས་ཞེས་བྱ་བ། ཁོར་ཡུག་མངར་སྒྲུབ་པ་ལྔ་ཕྱག་འཚལོ།། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ།། ཀུན་དགའ ་མཚར་བ་རྒྱུ་འཐུན་པ།། བཏུད་ནས་བུང་བའི་ལུས་ཀྱི་ནི།། སྒྲིབ་ཐབས་མདོར་བསྡུས་བཤད་པར་བྱ།། དང་པོ་རེ་རེ་ཞིག་མེ་ཏོག་པདྨ་དཱམར་པོ་དང་མཚུངས་པའི་དོཔ་ལཱ་ཧེ་རུ་ཀའི་སྐུརཱ་བདག་ཉིད་བསྐྱེད་ལ།། ཁམས་གསུམ་མ ་ལུས་པ་རྣམ་པར་ཤེས་པ་ཙམ་དུ་ཡང་བརྟགས་ཏེ། ཡང་རང་གི་སྙིང་ག་རི་ཤྲིན་ཏུ་དམཱར་བཽ། འདྲབ་མ་བཅུ་དྲུག་གི་ཕྱེད་པའི་ཨུཏྤ་ལ་ཆེན་པོའི་ལྟེ་བ་ལ་ཨའི་སྡེ་དང་། ཀཻའི་སྡེ་མདོར་བསྔོས་པའི་གཟུགསུ་གྱུར་པ། ་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་རྦྷེ་སུ་ཆགས་པར་བྱེད་པའི་ཡི་གེ་ཨ་དང་ཡི་གེ་ཧཱུཾ་གཉིས་ཡིད་ཀྱིས་མངོན་པར་བྲི་བར་བྱ་བའོ།། དེ་ནས་ཡི་གེ་ཨཾ་དང་། ཧཱུཾ་དེ་དགེ་ལས་མཆོགྲི་ཏུ་དམ་རཱི་ཞིང་། ཤིན་ཏུ་མཛེས་པའི་འོད ་ཟེར་གྱི་ཚོགས་སྤྲོས་ལ། གུར་ཀུམ་གྱི་ཁུ་བ་དང་འདྲ་བར་གྱུར་པའི་འོད་ཟེར་གྱི་ཚོགས་དེ་ཉིད་ཀྱིས་ཀྱང་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་དུ་བཅས་པ་རྣམ་པར་སྦྱངས་ནས་དེ་རྣམས་ཀྱི་ཡང་སྐུ་དང་གསུང་དང་། ཐུགས ་ལྷན་ཅིག་གཅིག་ཏུ་བྱས་ཤིང་བཀུག་ལ། ཨའི་ཡི་གེ་དང་ཧཱུཾ་གི་ཡི་གེ་དེ་དག་གཉིས་ཉིད་དང་། ཐིག་ལེ་ལ་ལེགས་པར་གཞུག་པར་བྱ་བའོ།། དེ་ནས་ཨ་ཡིག་དང་། ཧཱུ~ཾ་ཡིག་ཡོངསུ་གྱུར་པ་ལས་སྒྲ་སྙན་པ་སྒྲེགས་པའི ་བུང་བ་ཟུང་ཅིག་སྟེ། རིན་པོ་ཆེ་དང་མཚུངས་པའི་བུམྦ་པ་མཆོག་ཏུ་སྙིང་རྗེ་དང་ལྡན་པས་ཟེའུ་འབྲུའི་རྩི་བཐུང་བར་བྱེད་བཱ། ཤིན་ཏུ་དགའ་བ་དང་ལྡན་པའི་སྐུ།། ཧཱུཾ་གི་སྒྲ་རིང་པོ་སྙན་པར་སྒྲོགས་པའི་བདག་མེད ་མ་དང་། ཧེ་རུ་ཀའི་རང་བཞིན་དུ་རྣམ་པར་བསྡམ་པར་བྱ་བའོ།། དེ་ནས་འདི་དག་གི་སྙིང་གར་མཻ་ཏིག་སྐུ་སུམ་དྷ་དམར་པོ་བསྐུས་པའི་ཁུ་བོའི་ཐིགས་པ་དང་འདྲ་ཞིང་། ཡུངས་ཀར་ཕྲ་མོ་ཙམ་པའི་ཨ་དང་། ཧཱུཾ་བལྟ་བར་བྱ་བའོ།། དེའི ་རྗེ་སྭ་ལ་ཟུང་དེ་དག་དབུགས་འབྱུང་བའི་རླུང་གི་ཤིང་རྣོ་ལྔ་ཞོན་ཏེ། སྣ་བུག་གི་བུག་པ་ནས་འཕུར་ནས་ཁམས་གསུམ་ཀུན་ན་གནས་པའི་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་། ཡིད་རྣམ་པར་ཁྲིད་ནས་སླར་ཡང་དབུགས་རྔུབ ་བབའི་རླུང་ལ་ཞེན་པས། སྙིང་གའི་པདྨའི་ལྕི་བ་ཇི་ལྟ་བ་དེ་ཉིད་ལ་ལེགས་པར་གཞུགོ། བཅུག་ལ་ཡང་དྲངས་པའི་ལུས་དང་། ངག་དང་ཡིད་རྣམས་རང་གི་ལུས་དང་། ངག་དང་། ཡིད་དང་མཉམ་པ་ཉིད་དུ་ལྷག་པར་མོས་པར་བྱ་བའོ།། ་ཡ་ཇི་སྲིད་དུ་སྐད་ཅིག་ལ་ཡང་ཤིན་ཏུ་གསལ་བར་རྟོགས་པའི་ངོ་བོ་སྐྱེ་བར་འགྱུར་པ་དེ་ལྟར་བསྒོམ་པར་བྱ་བའོ།། ཕྱི་ནས་ནི་སྒྲུབ་བྱ་འམ་སྒྲུབ་བྱ་མོའི་སྙིང་གར་སྐད་ཅིག་གིས་པདྨ་དམྦཱར་བཱི་འདབ་མ་བརྒྱུད་པ་བཽ་སྒོམས ་ལ། བདག་ཉིད་ཀྱི་སྙིང་གའི་པདྨའི་ལྟེ་བ་ལ་བུང་བ་ཟུང་། དེ་དག་དབུགས་འབྱུང་བའི་རླུང་ལ་ལེགས་པར་ཞོན་ནས། སྣ་བུག་གི་བུ་ག་ལས་འཕུར་བ་སོ།། བསྒྲུབ་བྱ་སྣ་བུག་གི་བུག་པ་ནས་དེ་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི ་རང་བཞིན་གྱི་སྙིང་གའི་པདྨ་ལ་རབ་ཏུ་ཞུགས་སོ།། ཞུགས་ནས་ཀྱང་དེའི་སྙིང་གྲི་རྩི་བས་ཕུག་ནས་ལུས་ཀྱི་རང་བཞིན་གྱི་འདབ་མའི་བདག་ཉིད་རྣམས་འཇིབ་པར་བྱེད་དོ།། དགྲ་གི་རང་བཞིན་དུ་གྱུར་པའི་ཟེ་འབྲུ་འཇིབ་པར་བྱེད་དོ།། ་སེམས་ཀྱི་རང་བཞིན་ལྟེ་བ་ལ་ཡང་ཟ་བར་བྱེ་དོ།། དེའི་རྗེས་ལ་སྒྲུབ་པ་པོ་རང་ཉིད་ཀྱི་དབུགས་རྔུབ་པའི་རླུང་གིས་དྲངས་ནས་སྒྲུབ་བྱའི་སྣ་བུག་གི་བུ་ག་ནས་བྱུང་སྟེ། བདག་ཉིད་ཀྱི་སྦུ་བུག་གི་བུཾ་ག་ནས། སྙིང་པའི་ཨུཏྤ་ལོ་ཆེན ་བོའི་ལྟེ་བ་ལ་རབ་ཏུ་ཞུགས་ཤིང་། བབསོ་པས་མགུལ་བར་བྱས་ཤིང་། ལུས་ཀྱི་རང་བཞིན་འདབ་མི་བཏང་ནས། ངག་གི་རང་བཞིན་གྱི་ཟེ་འབྲུ་དང་། སེམས་ཀྱི་རང་བཞིན་གྱི་སྙིང་པོ་ཡང་མཆོག་ཏུ་གཡོ་བྱར་བྱེད་པར ་བསམ་པར་བྱ་བའོ།། ཡང་དེ་ཁོ་ན་བཞིན་དུ་སོང་ཞིང་། དེ་ཁོ་ན་བཞིན་དུ་རབ་ཏུ་ཞུགས་ཏེ། དེ་ཁོ་ན་བཞིན་དུ་བཟུང་ནས། དེ་ཁྱོ་ན་བཞིན་དུ་ཕྱིར་འོངས་པས། དེ་ཁོ་ན་བཞིན་དུ་བཏང་ཞིང་། དེ་ཁོ་ན་བཞིན་དུ་མཆོག་ཏུ་གཡོ། ་བར་བྱེད་པར་ཡང་བསམ་པར་བྱ་བའོ།། ཇི་སྲིད་དུ་རྗེསུ་ཆགས་པ་སྟོན་པར་མི་བྱེད་ཀྱི་བར་དུ་དེ་ལྟར་ཡང་དང་ཡང་དུ་བྱ་བའོ།། རྗེསུ་ཆགས་པ་སྟོན་པས་ནི་དབང་དུ་གྱུར་པ་ཉིད་དུ་རྟོགས་པར་བྱ་བའོ།། རྟོགས་ནས ་ཀྱང་ཇི་ལྟར་མངོན་པར་འདོད་པོའི་དོན་གྲུབ་པར་བྱ་བའི་ཕྱིར་འབད་པར་བྱ་བའོ།། དེ་ལ་བསྒོམ་པ་འདིས་ཀྱང་ལམ་མོ་ལོག་པ་དྲི་མ་མེད་པ། ཞེན་པར་གྱུར་པས་ལུས་ཀུན་ནས་རྒྱགས་པར་མྱོས་ནས། སྒྲུབ་པ་པོ ་རྣམས་ལ་འཁྱུད་པཱ་ད་། དུམ་ཚིག་གི་རྒྱུན་ཆགས་པ་ཉིད་དུ་དགའ་བར་བྱུ་བཱ་ལ་བརྩོན་པར་བྱེད་པ་ཉིད་དུ་འགྱུར་རོ།། གལ་ཏེ་སྤྱོང་མཐོང་བས་དགའ་བར་མི་བྱེད་ན་དེའི་ཚེ་ལྷ་ཆེན་པོ་སུན་འབྱིན་པར་ཞུགས ་པ་ཡིན་པས་དེ་དག་རྟོགས་པར་བྱ་སྟེ། ཕྱིན་ཅི་ལོག་གི་ཡུལ་ལེག་སྐུ་པར་ཁྱོད་དུ་ཆུད་པར་བྱ་ཞིང་། ཁོང་དུ་ཆུད་པར་བྱས་ནས་ཀྱང་སྒོམ་པས་དབང་དུ་བྱ་བ་ཡོན་ནོ།། ཁོར་ཡུག་སྔར་བྱེད་སྒྲུབ་པའི་ཐབས།། རྣམ་བཀོད ་ལས་བྱུང་བསྟོད་ནམས་གང་།། དོས་ནི་སྐྱེ་དགུ་མཐོང་འགྱུར་ཞིང་།། སྙིང་རྗེའི་སྟོབས་ལྡན་དཔོལ་དུ་ཤོག། ཁཾ་རི་ཡུག་མངར་བའི་སྒྲུའི་ཐབས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མཛད་པ། ཨ་བྷཱ་ཡོའི་ཞལ་སྣ ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བྱོད་སྐད་དུ། འཇམྦུ་དཔལ་གྱི་སྒྲུབ་ཐབས། འཇམ་དཔལ་ལ་ཕྱུག་འཚལ་ལོ།། ཁ་དྲུག ་