| Wylie | e-texts produced with BDRC’s OCR application |
གྱུར་པའི་སྐུ་ཉིད་དང་།། བླ་མ་མཆོག་ནི་སྙིང་རྗེ་ཐོད་པའི་ཕྲེང་བ་དང་ལྡན་པའི།། སྤྲིན་ཚོགས་ཀྱིས་གང་རྡོ་རྗེའི་ཕུན་ཚོགས་ཐོབ་པར་ཤོག། ངག་གི་སྒྲུབ་ཐབས་བླ་མེད་འདི།། ལེགས་པར་འགྲོ་བ་བཟང་པོས་བྱས།། ་དེས་ནི་ངག་གི་སྒྲུབ་བྱས་ན།། ངག་གི་དབང་ཕྱུག་ཉིད་དུ་བརྗོད།། ངག་གི་སྒྲུབ་ཐབསོ།། ངག་སྒྲུབ་པའི་པཎྜི་ཏ་ཆེན་པོ་ཤཱཀྱ་རཀྵི་ཏ་ལ་སོགས་པའི་ཞལ་སྔ་ནས་ལེགས་པར་མཉན་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་དོགསཽ་པ་དང ་བྲལ་བར་བསྒྱུར་བའོ།། ། རྒྱ་གཱར་སྐད་དུ། བཱ་གཱི་སཱ་དྷཱ་ནཾ། བོད་སྐད་དུ། དགྲོ་སྒྲུབ་པའི་ཐབས་ཞེས་བྱ་བ། གསུང་རྡོ་རྗེ་ལ་ཕྱག་འཚལོ།། སྔར་གྱིས་བཞིན་དུ་སྟོང་པ་ཉིད་རྣམ་པར་བསྒོམ ་ལད་ཡི་གེ་བཾ་ལས་བྱུང་བའི་སྣ་ཚོགས་པདྨ་ཡི་གེ་ཨོཾ་ལས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཡཾ་གཱི་ཧཱིདམར་པོ་ཡོངསུ་གྱུར་པ་ལས་བདག་ཉིད་སྣང་བ་མཐའ་ཡས་ཀྱི་སྐུར་བསྒོམ་པར་བྱ་སྟེ། མཱཉམ ་གཞག་གི་ཕྱག་རྒྱ་དང་ལྡན་པ། ཐུགས་རྗེའི་མིདོག་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།། དེ་ནས་སྙིང་གར་ཟླ་བཾ་ལ་ཡི་གེ་ཧཱུཾ་ཡས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེ་ནི་རུ་ལངས་པ་སྟེ། དེའི་དབུས་ཀྱི་རྩེ་མོའི་སྟེང་དུ་ཡི་གེ་ཨཱཿ ་དམར་པོ་བསྒོམ་པར་བྱ་བའོ།། ལྕེའི་རྩེ་མོ་ལ་ཡང་ཡི་གཾ་ཧྲཱིཿདམར་པོའོ།། འདི་ནི་ངག་སྒྲུབ་པའི་ཐབསོ།། མཁས་པ་དག་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། ་རྒྱུ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། སྔར་ངནན་དུ་སྡིག་པ་བཤག་སྔ་པ་ལ་སོགས་པའི་རྗེས་ཐོགས་ལ་སྟོང་པ་ཉིད་ལེགས་པར་དམིགས་ཏེ། ཟླ་བ་ལ ་གནས་པའི་ཡི་གེ་མཾ་གཽ་ས་བོན་ངེས་པར་རྫོགས་པ་ལས་འཕགས་པ་འཇམ་པའི་དབྱངས་ཏེ། སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ཟུར་ཕུང་ལྔ་དང་ལྡན་པའི་གཞོན་ནུ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཕྱག ་གཡོན་ན་ཨུཏྤ་ལ་བསྣམས་པ། ཕྱག་གཡས་པ་རོལ་པས་བསྐྱོད་པ། སེང་གེའི་ཁྲི་ལ་གནས་པའི་པདྨ་དང་ཟླ་བ་ལ་བཞུགས་པར་བདག་ཉིད་སྐད་ཅིག་གིས་བསྒོམ་པར་བྱ་བའོ།། དེ་ནས་སྙིམ་པ་བཅས་ལ་མཛུབ་མོ ་གཉིས་དང་སྲིན་ལག་གཉིས་སེན་མཽ་ལ་སྟེན་པར་བྱས་པ་ནི་ཨུཏྐྲྀ་ལ་ཁ་བྱེ་བའི་ཕྱག་རྒྱ་བྱ་བ་ཡིན་ནོ།། ཨོཾ་བཱ་གི་ཤྭ་རཱི་མུཿཞེས་བྱ་བ་ནི་བཟླས་པའི་སྔགས་སོ།། རྒྱལ་པོ་ཆེན་པོ་བརྗིད་པ་ཞེས་བྱ་བའི་འཇམ་དཔལ་གྱི ་སྒྲུབ་ཐབསོ།། མཁསྡུ་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚོན་གྱི་སཽ་བསྒྱུར་བའོ།། ། @#། རྒྱོ་གརྭ་སྐད་དུ། སིདྡྷི་ཀཱ་བཱི་ར་སཱ་དྷ་ནཾ། བོད་སྐད་དུ། དཔ་བོ་གཅིག་ཏུ་གྲུབ་པའི ་སྒྲིབ་ཐབས། སྟོན་གྱི་ཟླ་ལྟར་གསལ་འབར་པོའོ།། དང་པོར་འཇམ་རྡོར་ཕྱག་འཚལ་ནས།། མདོར་བསྡུས་གསལ་བའི་མཆོག་གོས་ནི།། དེ་ཡི་སྒྲུབ་ཐབས་བདག་གིས་བཤད།། དང་པོར་རེ་ཤིག་སྔགས་པས་ཡིད ་