| Wylie | e-texts produced with BDRC’s OCR application |
ཨཱ་བྷ་ཡའི་ཞལ་སྣ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བྱའོ།། རྒྱུ་གིར་སྐྱེང་དུ། བཛྲཱ་ནཾ་མཱཉྫུ་ཤྲཱི་སྭ་ཛྙཱནཾ། བོད་སྐད་དུ། འཇམ་དབུལ་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས ་སྡིག་པ་བཤགས་པ་ལ་སོགས་སྔར་བཞིན་དུ་བྱས་ལྔ། སྟོང་པ་ཉིད་བསྒོམ་པའི་རྗེསུ་ཡི་གེ་ཧཾ་ལས་བྱུང་བའི་མདའ་སྟོང་པ་དང་ལྡན་པའི་ཡི་ག་ཧི་ཆེད་ཟུངས་ཀྱི་དཀྱིལ་ནི་གནས་པར་བསྒོམ་པར་བྱའོ།། དེ་དག་ཡོངས ་སུ་གྱུར་པ་ལས་ནི་རྡོ་རྗེ་ལུས་མེད་ཅེས་བྱ་བའི་འཇམ་པའི་དབྱངས་ཏེ། མདོག་སེར་པོ་ཕྱག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་ནི་ཨུཏྤ་ལ་དམར་པོ་ལས་བྱས་པའི་རྣ་བའི་རྩར་ཁེངས་པར་འགེངས་པའི་གཞི་མདའ་དང་བཅས ་ནས་བསྣམས་པའོ།། གཡས་པ་གཉིས་ཀྱིས་ནི་རལ་གྲི་དངོ་མེ་ལོང་བསྣམས་པའོ།། གཡན་པ་གཉིས་ཀྱིསོ་ནཽ་ཨུཏྤ་ལའི་མཆོག་དང་མེ་ཏོག་འདབ་མ་དང་ལྡན་པའོ་མྱ་ངན་མེད་དམར་པོ་བསྣམས་པའོ།། རལ་པ་དང་ལྡན ་ལྡན་པའི་ཅོད་པནཱ་ལ་མི་བསྐྱོད་པ་བྱིན་གྱིས་བརླབས་པའོ།། ཞབས་གསུས་བསྐུམ་པཱ། ལོ་བཅུ་དྲུག་པའི་ཚོང་ཀ་འཇོ་སྒེག་ཆེན་པོ་དང་ལྡན་པའི་སྐུར་བལྟ་བར་བྱའོ།། ཡང་ན་མེ་ལོང་དང་མྱ་ངན་མེད་ཀྱི་ཡལ། ་ག་བསྣམས་པའི་ཕྱག་གཉིས་དང་བྲལ་བའི་ཕྱག་བཞི་པ་བསྒོམ་པར་བྱའོ།། དེ་ནུས་ཡེ་ཤེས་སེངའ་དང་གཅིག་ཏུ་བྱས་ལ། ཨོཾ་མཉྫུ་གྷོ་ཥཱ་ཐཱི་ཛིཿབྱ་བའི་སྔགས་འདིས་བཟླསྟྲ་པཪྵ་བྱཾ་སྟེ། འབུམ་གྱིས་ས་གསུམ་ན་གནས་པ ་ཡང་ཅི་བགྱི་བ་ཉིད་དུ་བྱེད་དོ།། གལ་ཏེ་ཡང་འགའ་ཞིག་དགུག་པར་འདོད་ན་དེའི་ཚེ་བཟླས་མ་ཐག་ཏུ་བཤད་པའི་བསྒོམ་པ་བྱས་ལ། དེའི་ང་རྒྱལ་གྱིས་བརྟེན་པར་གྱུར་པའི་ཡིད་ཀྱིས་རང་གི་སྙིང་གར་པདྨ་དམར་པོ་འདབ་མ ་བཅུ་དྲུག་པ་ལྟེ་བར་ཡུ་བ་བབས་པ་དང་བཅས་ཤིང་རྩ་བ་དང་ལྡན་པ་དམིགས་པར་བྱ་བའོ།། དེའི་ཡང་ཡུ་བའི་རྩ་བ་ལ་ཡི་གཽ་ཧཱུཾ་དམར་པོ་བལྟསོ་ལ། དེའི་འདབ་མ་རྣམས་ལ་ནི་གཡས་སྐོར་དུ་དབྱངས་ཡི་གེ་དམར་པོ་བཅུ་དྲུག ་རྣམ་པར་བསྒོམ་པར་བྱའོ།། དེའི་ཟེ་འབྲུའི་སྟེང་དུ་ནི་ཇི་ལྟར་རིགས་པར་ཉི་མ་ཟླ་བ་འདི་དག་གི་དཀྱིལ་འཁོར་ཁ་དོག་དམར་པོ་སྟེ། དེ་དག་གི་དབུ་སུ་ཧྲཱིཿདམར་པོ་གཉིས་ཀྱི་སྙིང་པོར་བྱས་པའི་འཆང་པོར་འགྱུར་བའི་རང་གི་སྔགས ་བལྟ་བར་བྱའོ།། དེ་ནས་དབུགས་དེ་དག་ལས་ཤིན་ཏུ་དགའ་ཞིང་རྒྱས་པའོ་བུང་བ་དམར་པོ་རྣམས་རྣམ་པར་བསྒོམས་ལ། རང་གི་སྔགས་ལས་སྤྲོ་བ་དང་བསྡུ་བའི་ཚོགས་ཀྱིས་ཕྱོགས་བཅུ་དགང་བར་བྱ་ཞིང་ཇི་སྲིད་དུ་འཇི ་པར་བྱ་བའི་བུད་མེད་ཀྱི་གནས་སུ་སོང་ལ། དེ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སྐྱེན་ལ་འོད་ཟེར་གྱི་རང་བཞིན་ཉིད་ཀྱི་ཞགས་པས་སྐྱེ་ལ་ལེགས་པར་བཅིངས་ཤིང་ཆོས་འབྱུང་ལྕགས་ཀྱུས་དམ་པར་ཡིག་སྟེ། མདུན་དུ་ཐལ་མ ་སྦྱར་བར་བྱས་ལས་ཡང་དག་པར་དགུག་པར་བྱི་ཞིང་། མེའི་ཟོ་ཆུན་གྱི་དབུསུ་ཕྱུང་ལ་ཡི་གེ་ཧཱུཾ་དམར་པོས་ཁྱབ་པར་བྱས་པའི་མིག་དང་སྙིང་དང་ཡན་ལག་རྣམས་ཐམས་ཅང་རྣམ་པར་བསྒོམ་པར་བྱ་བའོ།། དེ་རུས་ཡང་ངའི ་སྙིང་ག་རོ་དབྱངས་ཡིག་བཅུ་དྲུག་དང་བཅས་ཤིང་ཡཱི་གེ་ཧཱུཾ་དང་ལྡན་པའི་ཡུ་བ་ཅན་འདབ་མོ་བཅུ་དྲུག་པ་བལྟ་བར་བྱ་སྟེ། འོན་ཀྱང་མདོག་དྲན་པཱ་ར་རོ།། དེའི་དཀྱིལ་དུ་ཡི་གེ་ཧྲཱིཿའི་དབུསུ་ཆུང་པའི་མཽང་གི་ཡི་གེ་བསྒོམ་པར ་བྱའོ་དང་དེ་ནས་རང་གི་སྔགས་ཀྱཻ་ཡི་གེ་སྤྲོས་པའི་གཟི་བརྗོད་ཀྱིས་ཤིན་ཏུ་དམར་ཞིང་རྣོ་ལ་ཕྲ་བོའི་ལྕགས་ཀྱུ་པདྨོའི་ཡུ་བ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་སྟེང་དུ་བསྐྱོད་ནས་འཕེན་པར་བྱེད་པ་བུང་བའི་ཚོགས ་ཀྱིས་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་པསྟེ་རང་ཉིད་ཀྱི་སྣ་བུག་གཡས་པ་དྲང་ཅིག་ཤོས་ཀྱི་བུ་ག་ན་སཱ་ངེས་པཱར་བྱུང་ནས་བསྒྲུབ་བྱ་མ་ཡིན་པ་བསྒྲུའི་བྱའི་སྣ་བུག་གི་བུ་ག་ནས་དེ་རཱྀ་སྙིང་ལ་རབཱ་ཏུ་ཞུ་གོ་སཱ་ཏེ། ལྕགས་ཀྱུ་དཾ ་ནི་དེའི་མིང་གི་ཡི་གེ་ཀུན་ནས་འདྲེན་པར་བྱེད་ཅིང་གནས།། བུང་བ་དེས་ཀྱང་པདྨའི་རྫིང་བུ་དེ་རྩ་བ་ནས་བཤིག་ཅིང་རྙིངས་པར་བྱས་ནས་རང་དབང་དུ་གྱུར་པས་བཙུད་སྐེམས་པར་བྱེད་པ་ཡིན་ནོ།། འདི་ནི་ཡུན་ཤིན་ཏུ་བརྟན་པར ་བལྟ་བར་བྱ་བའོ།། དེ་ནས་དེ་ཁོ་ན་བཞིན་དུ་དབུགས་དེས་བསྐྱོད་པའི་ལྕགས་ཀྱུ་དང་བུང་པ་དེ་དག་ཀྱང་རང་ཉིད་ཀྱི་དབུགས་ཀྱིས་དེའི་སྣ་བུག་གཡས་པའི་བུ་གའི་ལྡུམ་དུ་ཞུགས་པར་བལྟས་ལྔ། སླར་ཡང་དབུག། ་ཀྱི་རླུང་གིས་དགུག་པར་བྱ་ཞིང་ལྕགས་ཀྱུ་དང་བུང་བས་ཡང་དག་པར་དྲངས་ལ་རོང་ཉིད་ཀྱི་སྣ་བུག་གཡོན་པར་ལེགས་པར་བཅུག་སྟེ། དེའི་མིང་གི་ཡི་གེ་རང་གི་སྙིང་གི་སྔགས་ཀྱིས་དམ་པར་མནན་ཞིང་། དེའི་དབྱངས་ཡིག་རྣམས ་ཀྱང་བཏབ་ལ་སོ་སོ་ལ་བུང་བའི་མཆོག་རྣམས་ཀྱིས་དབང་དུ་བྱས་པར་རྣམ་པར་བསམ་པར་བྱ་བའོ།། རིམ་པ་འདི་ཉིད་ཀྱིས་རང་གི་རྣམ་པར་ཤེས་པ་དང་། དེའི་རྣམ་པར་ཤེས་པ་གཅིག་ཏུ་བྱས་པར་ཡང་བལྟ་བའོ།། དེ་ནས ་དེའི་ནུ་མ་ཨུཏྤ་ལཱ་དམར་པོ་ལསྲ་བྱས་པའི་མདའ་རྣོན་པོས་ཕུག་ཅིང་ཆགས་པས་རྒྱལ་བ་གྱུར་པར་ཡང་བལྟས་ཤིང་། ལྕགས་ཀྱི་ལུ་གུ་རྒྱུད་ཀྱི་གཞུས་དེའི་རྐང་པ་གཉིས་དམ་པོར་བཙོངས་ལ། རང་ཉིད་ཀྱིས་བཟུང་བའི ་ཨུཏྤ་ལའི་རྩ་བའི་བདག་ཉིད་ཀྱི་ཞོགས་པས་རྐེ་བཱ་བཅིངས་ཤིང་ངེས་པར་དྲངས་ཏེ། རང་ཉིད་ཀྱི་རྐང་པའི་དྲུང་དུ་བསྒྱེལ་ལ་མྱ་ངན་མེད་ཀྱིས་སྙིང་བཙོག་པར་བྱ་ཞིང་མངོན་པའི་ང་རྒྱལ་མེད་པར་བྱས་ནས་རྣལ་གྲིས་བསྡིཊ ་ཤིང་སྐྱབ་གཞན་མེད་པར་བྱས་ལ། ཡང་སྐྲ་ཞོག་ཅིང་གོས་མེད་པ་ཤིན་ཏུ་ཆགས་པས་བརྒྱལ་བ་དག་ཉིད་ཀྱིས་གནས་སྐབས་ནི་མེ་ལོང་གིས་སོ།། ཤིན་ཏུ་འཇིགས་པར་གྱུར་པར་བྲལ་བར་བྱོས་ལ་ཤིན་ཏུ་དད་པར ་བསྟུན་ཏེ། རང་གིས་རིགས་པར་བདག་ཉིད་རྗེ་སུ་ཆགས་པར་བྱའོ།། ཨཱ~ཾ་ཆེ་གེ་མོ་ཁུག་ཅིག་མཉྫུ་གྷོ་ཥ་ཤྲཱི་ཛཱཿཞེས་བྱ་བའི་རང་ཉིད་ཀྱི་སྔགས་མིང་དང་བཅས་པ་རྩེ་གཅིག་པའི་ཡིད་ཀྱིས་བཟླས་པར་བྱ་བའོ།། བཤད་མ་ཐག ་པའི་རིམ་པ་དེ་ལྟར་གྱིས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་དུ་བཅུ་བཞིའི་བར་ཁྲོ་ཕྲག་ཙམ་བཟླས་པར་བྱའོ།། ཡང་ཟླ་བའི་ཉ་ལ་ནི་མཆོད་པ་ཆེན་པོ་བྱས་ལ་ནམ་ཡོག་བཟླས་པར་བྱའོ།། དེ་ནས་ན་མཁའ་བྱུང་བ ་དྲང་དེ་ངེས་པར་འོང་བར་འགྱུར་རོ།། འོང་ནས་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པ་དོན་དུ་གཉེར་བ་དང་རང་ཉིད་ཀྱི་ལྷ་མཆོད་པའི་བསམ་པས་དེ་ཇི་ལྟར་བདེ་བར་ཉེ་བར་ལོངས་སྤྱད་པར་བྱ་བའོ།། འཇམ་དཔལ་རྡོ་རྗེ་ལུས ་མེད་ཀྱི་སྒྲུབ་ཐབས་རྫོགསོ།། །། ཨ་བྷཱ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ་