CLOSE WINDOW

GT1984: pad+ma gar gyi dbang phyug g-i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གེར་སྙིང་དུ། པདྨ་ནིཏཽ་ཤྭ་རཱི་སཱ་དྷ་ནཾ། བོད་སྐད་དུ།། པདྨ་གར་གྱི་དབང་ཕྱུག་གོ་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་སྟེང་པ་ཉིད་བསྒོམས་པའི་རྗེས་ལ་སྣ་ཚོགས་པདྨ་ལ་གནས་པ་འི་ཟླ་བའི ་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་རྣམ་པར་བསམས་ཤིང་། དེ་ཡོངསུ་གྱུར་པ་ལས་ཀྱང་པདྨ་གར་གྱི་དབང་ཕྱུག་གི་གདམས་དགྲ་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས། དབང་ཕྱུག་ཏུ་བདག་ཉིད་བསྒོམ་པར་བྱ་བ་ནི། ་ཞལ་ཅིག་ཕྱག་བཅོཾ་བརྒྱད་སྐྱིལ་ཀྲུང་ཕྱེད་པ་སྣང་བ་མཐའ་ཡས་དང་རལ་པའི་ཐོར་ཚུགས་དང་ལྡན་པ་ཕྱག་ཐམས་ཅད་ཀྱིས་སྣ་ཚོགས་པདྨ་བསྣོམས་པ། རྣལ་འབྱོར་མིའི་ཚོགས་ཀྱིས་ཡོངསུ་བསྐོར་བ། ་གཡས་དང་གཡོན་གྱི་ཕྱོགས་ན་སྒྲོལ་མ་དང་ནི་ནོར་བཟངས་དང་ཁྲོ་གཉེར་ཅན་དང་རྟ་མགྲིན་གནས་པ། ལྷ་རྫས་ཀྱི་རྒྱན་དང་ན་བཟའ་མངའ་བའོ།། དེ་ནས་སྔགས་བཟླས་པར་བྱ་བ་ཡང་། ཨོཾ་ཧྲཱིཿཔདྨ་ནིར་ཏེ ་ཤྭ་ར་ཧཱུཾ། ནད་ཉེ་བར་ཞི་བར་བྱེད་པའི་ཕན་ཡོན་ཆེན་པོ་དང་ལྡན་པ་སྟེ། པདྨ་གྲཝར་གྱི་དབང་ཕྱུག་གི་སྒྲུབ་ཐབས་རྫོགསོ།། ། མཁསྡུ་པ་རཏྣ་ཨ་ཀེ་རའི་ཞལ་སྔ་ནས་དྲང་ཚུལ་ཁྲིམས་རྒྱལ་མཚན ་གྱིས་བསྒྱུར་བའོ།། ། རྒྱ་གར་སྐུད་དུ། ཧ་རི་ཧི་རི་ཧ་རི་བཱ་ཧ་སཱ་དྷ་ནི། བོད་སྐད་དུ། སེང་གེ་དང་བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པའི་སྒྲུབ་ཐབས། སྔར་བརྗོད་པའི་རིམ་པ་ཉིད་ཀྱིས་སྟོང་པ་ཉིད ་