CLOSE WINDOW

GT1966: 'phags pa sangs rgyas rjes su dran pa
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། ཨཱརྱཱ་བྷཱུརྡྷ་ནུ་སྟྱཱ་ཏ། བ་སྐད་དུ། འཕགས་པ་སངས་རྒྱས་རྗེས་སུ་དྲན་པ། ས་སྠཱ་རྨྨས་དང་བྱུང་ཆུང་སེམས་དཔའ་མས་ཅུང་ལ་ཕྱག་འལ་ལ། འདི་ནྟ་འས ་བཞིན་གཤེགས་པ་ཡོང་དག་པར་རྗེགསོ་པའོ། སངས་རྒྱས་ཏེ། རིག་པ་དང་ཞབ་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁཱ་ལོ་སྒྱུར་པོ། བླ་ན་མེད་པཱ། ལྷ་དང་མི་རྣམས་ཀྱི་སྟོན་པ་དེ་སངས་རྒྱས ་བཅོམ་ལྡན་འདས་སོ།། དེ་བཞིན་གཤེགས་པ་དེ་ནི། བསོད་ནམས་ངག་གི་རྒྱུ་འཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་བརྒྱན་པ། བསོ་དྲི་ནམས་ཀྱི་ག་ཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས ་པར་མཚན་གྱི་མེ་ཏོག་རྒྱས་པ་སྤྱོད་ཡུལ་རན་པར་འཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་རྫི་བ་མྱོད་པ། སེམས་ཅན་ཐམས་ཅད ་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་བ ་གསུང་རྣམ་པོར་དག་པ། དབྱངས་སྙན་པ། སྐུ་བྱད་ལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ་འདོད་པ་དག་གིས་མ་གོས་པོ། གཟུགས་ངག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། ཕུང་པོ་དག ་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་ཆད་པ། ཡོངསུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲེད་པ་ལས་ཡོངསུ་གྲོལ་བ། ཆུ ་བོ་ལས་རྒལ་བ། ཡེ་ཤེས་ཡོང་སུ་རྫོགས་པ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས ་བྷ་སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་དེ་བཞིན་གཤེགས་པའི་ཡང་དག་པའི་ཆེ་བའི་ཡོན་ཏན་ནོ།། ། རྒྱ་གརུ་སྐད་དུ། ཏྲི་ས་མ་ཡ་རཱ་ཛ་སྱ་སཱ་དྷ་ན། བོད་སྐད་དུ། དམ ་