| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་བ་ལི་ནཱ་མ་མཎྜལ་པ་ཡ་ཀྵ། ་བོད་སྐད་དུ། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ཞེས་བྱ་བ ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དཔལ་ལྡན་རྡོ་རྗེ་དབང ་ཕྱུག་ལ་འདུད་བདུད་རྣམས་སྲིད་དགའི་ཞབས་དྲན་གྱིས་ཤིག་ཀཱའི།། ཁྲོ་བོ་རྣམས་ནི་ཕྱོགསུ་རྒྱུག་མཛོད་རྡོ་རྗེ་ལྷ་མོ་བཀྲ་ཤིས ་གླུ་དབྱངས་ལོང་།། དཔལ་ལྡན་རྡོ་རྗེ་འཆང་གི་ཕུན་ཚེགས་དཀྱིལ་འཁོར་ཆེན་པོར་འགྲོ་བ་ཡོངས་གཟུང་ཕྱིར།། འཇིགས་པ་མེད ་པའི་མཐུ་ཡིས་བགེགས་མེད་འདིར་ནི་རྡོ་རྗེ་ཕྲེང་བ་འདུ་བར་ཤོག། གང་གི་འོད་ཀྱིས་ནང་གི་མུན་བསལ་ནས།། རྡོ་རྗེ་འཆང་དཔལ་སྐུར་བཅས་འཛིན་པ་འདི།། རྡོ་རྗེ་འཆང་གིས ་ཕྱི་ནང་རྡོ་རྗེ་བཞིན།། རིམ་པར་བརྒྱུད་པ་སྙིང་ལ་གཟུང་བར་མཛད།། དཀྱིལ་འཁོར་ལ་སོགས་ཆོ་ག་ནི།། སྟོན་པས་རྒྱུད་སྡེ་གཉིསུ་སྤྲོས།། དེ་འདིར་བྱ་བ་ནུས་བསྡུས་ནས།། ་གསལ་བར་རིམ་པས་བཤད་པར་བྱ།། གཞན་ཡང་སློབ་དཔོན་རྣམས་ཀྱིས་བྱ་བའི་གཞུང་མཛད་རྣམས།། རྫོགས་དང་སྐབསུ་བབ་དང་གསལ་བར་བརྗོད་པ་མིན།། ཁ ་ཅིག་ཀྱང་ནི་གདམས་པ་དང་བྲལ་རིགས་པ་མེད།། དེ་ཕྱིར་ཁོའི་འདི་ནི་དེ་འདིར་སྟོན་བརྒྱན།། འདིར་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་མ་རིག་པ་ལ་སོགས་པ་དོར ་དོར་བར་དཀའ་བའི་འཆིང་བ་བརྒྱུད་པས་བཅིངས་པའི་བློ་ཅན་བཟློག་པར་དཀའ་བའི་ལས་ཀྱི་རླུང་གི་ཤུགས་ཀྱིས་འཕངས་ལ། ཕལ་ཆེར་ངན་སོང་གསུམ་དང་བདེ་འགྲོ་གཉིས་ཀྱི་འཁོར་བའི་རྒྱ་མཚོ་ཟབ་མེའི་རྔ་ཀློང་ཤིན་ཏུ་རྒལ་དཀའ ་བར་སོ་སོར་ཡང་དང་ཡང་དུ་ལྷུང་ཞིང་འཐོན་པས་ངལ་སྐབས་མེད་ཅིང་རང་དབང་མེད་པར་ལུས་ལེན་པ་རྣམས་སྙིང་རྗེ་མཆོག་ཏུ་གཞོལ་བས་ཡང་དག་པར་འདོན་པར་བརྩོན་པ་རྣམས་ཀྱིས། དང་པོར་མཆོད་ཡོན་ལ་སོགས་པ་ཉེ་བར་མཁོ་བ་གསག་པ་ལ ་སེམས་པའི་རིམ་པས་ཡིད་དུ་འོང་བའི་གཙུག་ལག་ཁང་ལ་སོགས་པ་བྱ་བ་དང་། རབ་ཏུ་གནས་པ་བྱ་བ་ལ་སོགས་པ་བསྒྲུབ་པ་དང་། དབང་བསྐུར་དང་། ཐོས་བསམ་ལ་སོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་ཇི་ལྟར་རིགས་པར ་སྤྲོ་བ་བསྐྱེད་དུ་གཞུག་གོ།། དེ་ནས་སློབ་དཔོན་མང་དུ་ཐོས་པ། གསོང་སྔགས་ཀྱི་ཚུལ་ལ་མཁས་པ། བློ་བརྟན་པ། སེར་སྣ་མེད་པ། སྤྲོ་བའི་ངང་ཚུལ་ཅན། སྙིང་རྗེ་དང་ལྡན་པས། རིམ་པ་བཞིན་དུ་གཙུག་ལག་ཁང་ལ་སོགས་པའི ་མཚད་ཡོན་དང་། མཆོད་ཡོན་ལ་སོགས་པ་དབུལ་བའི་མཚན་ཉིད་དང་། སྔོན་དུ་བསྙེན་པའི་དགོས་པ་དང་། སློབ་མ་བསྡུ་བ་དང་། ས་རྐོ་བ་དང་། ས་སྦྱང་བ་དང་། ས་གཟུང་བ་དང་། བགེགས་ལ་ཕུར་བུ་གདབ་པ་དང་། སའི་ལྷ་མོ ་ལྷག་པར་གནས་པ་དང་། བུམ་པ་ལྷག་པར་གནས་པ་དང་། ལྷ་ལྷག་པར་གནས་པ་དང་། དཀྱིལ་འཁོར་གྱི་ཐིག་གདབ་པ་དང་། ཚོན་བཀྱེ་བ་དང་། བུམ་པ་དགོད་པ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། ལྷ་ལྷག་པར་གནས་པ་དང་། ་སྐུ་གཟུགས་ལ་སོགས་པའི་རབ་གནས་དང་། རྫིང་ལ་སོགས་པའི་རབ་གནས་དང་། ཨ་མྲའི་སྤྱད་མོས་ཚལ་ལ་སོགས་པའི་རབ་གནས་དང་། སློབ་མ་ལྷག་པར་གནས་པ་དང་། སླེབ་དཔོན་འཇུག་པ་དང་། སློབ་མ་གཞུག་པ་དང་། ཕྲེང ་བ་དང་། ཆུ་དང་། ཅོད་པན་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་གི་དབང་དང་། དམ་ཚིག་གསུམ་སྦྱིན་པ་དང་། སློབ་དཔོན་གྱི་དབང་དང་། སྔགས་སྦྱིན་པ་དང་། མིག་སྨན་དང་། མེ་ལོང་གི་དབང་དང་། མངའ་འཕང་བ་དང་། གསང་བ ་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་དང་། རིག་མའི་བརྟུལ་ཞུགས་དང་། རྡོ་རྗེའི་བརྟུལ་ཞུགས་དང་། སྤྱོད་པའི་བརྟུལ་ཞུགས་དང་།། ལུང་བསྟན་པ་དང་། རྗེ་སུ་གནང་བ་དང་། དབུགས་དབྱུང་བ་དང་། རང་དབང་བསྐུར ་བ་དང་། སྦྱིན་སྲེག་དང་། དཀྱིལ་འཁོར་བསྡུ་བ་དང་། ཡིད་ཀྱི་དཀྱིལ་འཁོར་དང་། གཏོར་མ་དང་། བགེགས་བཟློགས་པོ་དང་། རྡོ་རྗེ་དྲིལ་བུའི་མཚོན་ཉིད་དང་། གཟུང་བ་སྟེ་ཆོ་ག་ལྔ་བཅུ་བསྒྲུབ་པར་བྱའོ།། དེ་ལ་ཉི་མ་བཟང་པོའི་སྔ ་དྲོ་ལ། གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས། གཙུག་ཁང་ལ་སོགས་པའི་ས་བརྟག་པར་བྱའོ།། དེ་ལ་ཤར་དུ་ཤང་ཨ་ཤྭདྠ་དང་། མེར་ཤིང་ཨརྫུ་ན་དང་། ལྷོར་ཤིང་པ་ལཀྵ་དང་། བདེན་བྲལ་དུ་ཤིང་པ་ལཱ་ཤ་དང་། ་ནུབ་དུ་ཤིང་ནྱ་གྲོ་དྷ་དང་། རླུང་དུ་ཤིང་ཤལ་མ་ལི་དང་། བྱང་དུ་ཤིང་བ་ཀུ་ལ་དང་། དངང་ལྡན་དུ་ཤིང་ཨུ་དུམ་པ་ར་དང་། ས་ཤིན་དུ་རུས་སྦལ་གྱི་རྒྱབ་ལྟ་བུ་ནི་འཚོ་བ་འམ་ནོར་ཉམས་པའི་རྒྱུ་ཡིན་པ་དང་། བྱང་མཐོ་བ་ནི་རིགས ་ཆད་པས་འཇིགས་པ་དང་། ཤར་མཐོ་བ་དང་དབུས་དམའ་བ་ནི་བསྒྲུབ་པ་པོ་ཉམས་པས་འཇིགས་པས་ཡོངས་སུ་དོར་ཏེ། རྒྱལ་སྲིད་དམ་རིག་པ་འཛིན་པ་ལ་སོགས་པའི་རྒྱུ་ཡིན་པས། གང་ཅུང་ཟད་དབུས་མཐོ་བ། ་དཀར་བ་གྲུ་བཞི་པ། གཡས་བསྐོར་གྱི་རྒྱུན་དབང་ལྡན་མཚམས་སུ་འབབ་ཅིང་འཇམ་པའོ།། དེར་ནི་མཐོ་གང་ཙམ་དུ་ནི།། ཁུང་བུར་བརྐོས་ནས་ས་དེ་ཉིད།། ཁུང་བུར་མྱུར་དུ་བཀང་བ་ན།། གལ་ཏེ་ས་དེ་ལྷག་གྱུར་ན།། དེ་ཚེས་དེ་བཟང་ཞེས་བྱ།། ་སླར་ཡང་དང་དེ་བཀང་བ་ཡིས།། མཐོ་གང་ཙམ་དུ་བརྐོས་པ་ཡི།། ཁུང་བུ་དེ་ནི་ཆུས་བཀང་བ།། ཉ་ལྕིབས་དང་ནི་ཉ་གསོན་དང་།། ལྡན་པར་ཞེས་ནི་ཁ་ཅིག་གོ། གྲིམ་པ་བརྒྱར་ནི་ཡང་དག་ཕྱིན།། སླར་ཡང་འོངས་ནས་ཡང་དག་བརྟག། ་ཆུ་ཡིས་གང་ནས་ས་བཟང་པོ།། དམའ་བ་ཕན་པ་འདོད་པས་སྤང་།། གལ་ཏེ་ཆུང་སྒྲ་དང་བཅས།། ཀླུ་རྣམས་འཇིགས་པ་ཡང་དག་སྟེན།། དེ་ལྟར་སའི་མཚན་ཉིད་ལེགས་པར་ཤེས་པའི་སློབ་དཔོན་ཁྲུས་བྱས་ཏེ། མཆོད་པའི་ཡོ་བྱད་དྲུང ་དུ་བྱས་པས། ཇི་ལྟར་རྙེད་པའི་གོས་དང་རྒྱན་ལ་སོགས་པའི་ཆས་སུ་ཞུགས་ལ། ལྷའི་རྣལ་འབྱོར་ཤིན་ཏུ་བསྒོམས་ཏེ། ཕྱི་དྲོའི་དུས་སུ་ས་དེའི་དབུས་སུ་བ་ལང་གི་པགས་པའི་ཁྱོན་ཙམ་ཞེས་པ་འདིས། དཀྱིལ་འཁོར་གྲུ་བ་ནི ་པ་ཞེས་གསུངས་ཏེ། ས་དང་བའི་ལྕི་བ་དག་གིས་བྱས་ལ། དེའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཏེ།། ཡང་དག་པར་མཆོད་ལ། ཕྱོགས་ཀྱི་གཏོར་མ་བྱིན་ཏེ། པུས་མོ་གཡས་པ་ས་ལ་གཙུགས་ལ་ཐལ་མོ་སྦྱར་ཏེ། ཕྱོགས ་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ལ་ས་བླང་བར་བྱའོ།། ཁམས་གསུམ་འདི་ནི་མགོན་གང་དག། ཆེན་པོས་མཆོད་པ་བཞུགས་རྣམས་དང་།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། དྲི་ཟ། ་དང་ནི་ལྷ་མིན་སོགས།། དེ་དང་དེ་ལ་འདི་གསོལ་བགྱི།། སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར།། ས་ཡི་ཆ་ནི་མཛེས་པ་འདིར།། གཙུག་ལག་ཁང་བཞེངས་འབྱོར་པ་ལ།། ཐོས་བསམ་ལ་སོགས་མཆོག་འཇུག་པས།། ཆོས་ཉིད་རྟོག་པར་བྱ་བའི་ཕྱིར།། ཆེ་གེ་མ~ཾ ་བདག་ནི་ཆེ་གེ་མོའི།། གྲགས་པ་དམ་པ་བྱ་བར་བརྩོན།། གལ་ཏེ་ཁྱོད་ཀྱིས་བཟོད་གནང་ན།། བགྱིད་དེ་གཞན་དུ་མ་ཡིན་ནོ།། རྨི་ལམ་ལ་སོགས་མཚན་མ་ཡིས།། ས་བཟང་འདི་ནི་བདག་ལ་སྩོལ།། ཞེས་ལན་གསུམ་བརྗོད་པར་བྱའོ།། དེའི་རྗེ་སུ་ཨོཾ་མུ་ཙི་ལི་སྭཱ་ཧཱ། ་ཨོཾ་མོ་ཧཱ་ནི་སྭཱ་ཧཱ། ཨོཾ་དཾ་ཏི་ལི་སྭཱ་ཧཱ། ཞེས་པ་རྨི་ལམ་བརྟག་པ་འདིས་ལག་པ་གཡོན་པས་ཁར་ལན་ཉི་ཤུ་རྩ་གཅིག་ཏུ་སྔགས་ལ། བཅོམ་ལྡན་འདས་ལོ་ཀི་ཤྭ་རའི་དྲུང་དུ་མཆོད་པ་སྔོན་དུ་འགྲོ་བས་མགོ་ལྷོར་བསྟན་ཅིང་ཁ་ཤར་དུ་ཕྱོགས་ལ། ་གོས་གཙང་མས་བརྒྱན་ལ། ཕྱོགས་གཙང་མར་ཇི་ལྟར་འདོད་པར་ཉལ་བར་བྱའོ།། རྨི་ལམ་ངན་ན་བདུད་རྩི་འཁྱིལ་པའི་སྔགས་བཟླས་པས་སམ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་མོས་པས་སམ། ཡང་ན་སླར་ཡང་རྨི་ལམ ་བརྟག་པར་བྱས་པས་ལྷ་རྣམས་ཀྱིས་གནང་བ་འམ། མ་བཀག་པའི་ས་ལ་འོག་ནས་འཆད་པ་རྣམས་བྱའོ།། བཀག་པ་ལ་ནི་མ་ཡིན་པ་ཁོ་ནའོ།། རྨི་ལམ་བཟང་ན་ནི་ཉི་མ་གཉིས་པ་བཟང་པོའི་སྔ་དྲོའི་དུས་སུ་ས་གནོན་གྱི་ཕྱག་རྒྱ་དང་། རྡོ་རྗེའི་སྐྱིལ ་ཐུབམས་ནས་བྱ་ལ། སོ་མ་པ་ག་རྒྱ་པནས་རྒྱུད་དང། བལྡན་མདུ་སུ་མ་ནན་དུ་རློམ་ནམ་ངན ་བནྡྷ་དྷཱ་ཞེས་པས་བྱིན་གྱིས་བརླབ་བོ།། ལག་པ་གཡས་པར་བྷཱ་བ་ལ་ཧཱུཾ་གསུམ་བསམས་ལ། ལན་གསུམ་བརྗོད་པ་དང་། དེའི་འོད་ཟེར་དང་མོར་མྱོའི་མོས་མནན་དང་། དེའི་སྒྲ་རྣམས་ཀྱིས་སུ་བསྒྲལ་པ་ལས་སོའི་ལྷ་མོ་སེར་མྱོ་ལུས་བྱུང་ངམ་ཐམས ་ཅད་འཐོན་པ་ཕྱག་གཉིས་ན་གསེར་གྱི་བུམ་པ་དང་། མི་འཇིགས་པ་ཅན་རྒྱན་བཟང་པོས་བརྒྱན་པ་ལ་ཞབྲབསིལ་དང་འལས་སི་ཉྫན་ཡོན་སྔོན་དུ་འགྲོ་བའི་མེ་ཏོག་ལ་སོགས་པས་མཆོད་དེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར ་དང་། ས་དང་ཕ་རོལ་ཕྱིན་རྣམས་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ།། དེ་བཞིན་བདག་གིས་བདུད་ཀྱི་དཔུང་།། བཅོམ་ནས་གཙུག་ལག་ཁང་སོགས་བགྱི།། ཞེས་ལན་གསུམ་དུ་གསོལ ་བ་བཏབ་པས་གྱིས་ཤིག་ཅེས་གསུངས་ནས་དེ་ཉིད་དུ་ཐིམ་སྟེ་སའི་ངོ་བོར་གནས་པར་བསམ་མོ།། དེ་ནས་ས་གཞི་དེ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་དང་། བྷྲཱུཾ་ལས་བྱུང་བའི་གཞལ་ཡས་ཁང་བསྒོམ་པར་བྱའོ།། ཁ་ཅིག་ཏུ་ཡཾ་རཾ་བ་ལཾ་སུཾ་རྣམས་ཡོངས་སུ ་གྱུར་པ་ལས། རླུང་དང་། མི་དང་། ཆུདྲངས་དང་། ལོའི་སྐྱེམ་པ་བ་ཙམ་གྱི་སྟེང་དུ་རྒྱུ་ལས་བྱུང་བའི་རྒྱལ་ཐའིས་མནི་ཆེན་པོ།། དེ་ལ་གཞལ་ཡ.ོཾ་ཁང་གི་ནང་དུ་དྲིའི་དཀྱིལ་འཁོར་བྱས་པས། རང་གི་སྙིང་གའི་ས་བོན་གྱིའོད་ཟེར་རྣམས ་དཀྱིལ་འཁོར་གྱི་འཁོར་ལོ་དང་། ཕྱོགས་སྐྱོང་ལ་སོགས་པ་རྣམས་སྤྱན་དྲངས་ལ་ཞབས་བསིལ་དང་། ཞལ་བསིལ་དང་། མཆོད་ཡོན་དང་། མ་ཆད་པ་དང་། གཏོར་མ་དབུལ་བ་སྔོན་དུ་འགྲོ་བས་ལྕེ་ཧཱུཾ་ལས་རྡོ་རྗེར་བྱས་ལ་སྤོས་པོར་བཟུང་སྟེ། དྲིལ་བུ་དཀྲོལ ་ཞིང་བཅོམ་ལྡན་ཞེས་བྱ་བ་ལ་སོགས་པ་ནས་ཉེ་བར་གནས་པར་མཛད་པའི་རིགས་ཞེས་པའི་བར་འཆད་པར་འགྱུར་བའི་ཚོགས་སུ་བཅད་པའི་རབ་གནས་ཀྱི་སྒྲའི་གནས་སུ་གཙུག་ལག་ཁང་ལ་སོགས་པའི་སྒྲ་བཅུག་པས་ཉེ་བར་གནས་པ་དང་། སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་དང་། ལྷ་དང་ཀླུ་ལ་སོགས་པ་རྣམས་ཀྱིས་ཀྱང་ནམ་མཁའ་ཡོངས་སུ་གང་བར་བསམས་ལ། འཆད་པར་འགྱུར་བའི་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་འམ། ཡོན་བདག་གི་དབང་གིས་དེ་དག་མེད་ན་གཞན་གྱི་ཡང་ནང་དུ ་ཉགསེན་བཅུག་པ་རྣམས་རིམ་པ་བཞིན་དུ་གཞག་པར་བྱའོ།། ལས་བྱེད་པ་རྣམས་བགེགས་ཐར་བྱེད་ལ་སོགས་པ་ལས་ཐམས་ཅད་པའི་ལྷའི་རྣམ་པར་སྤྲུལ་ཏེ། དེ་དག་གིས་ཁུང་བུ་གྲུ་བཞི་པ་རྒྱར་ཁྲུ་དོ་པ་ཟབས་སུ་དེའི་བྱེད་པའི་དོང་བརྐོ་བར་བྱའོ།། ་དེའི་དབང་ལྡན་དུ་ཟླུམ་པོ་དེའི་ཚད་དམ་དེའི་ཕྱེད་པ་ཡང་ངོ་།། དེ་གཉིས་ཀ་ས་དང་བའི་ལྕི་བས་བྱུག་པར་བྱའོ།། དེ་ནས་ཁུང་བུ་གྲུ་བཞི་པར་འཆད་པར་འགྱུར་བའི་མཆོད་ཡོན་གྱི་སྔགས་ཉིད་ཀྱིས་མཆོད་ཡོན་གྱི་སྣོད་ནས་མཆོད་ཡོན་ནས་རིམ་པ་བཞིན ་དུ་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་ཀྱིས་ཆུ་བླུགས་པས། ཇི་ལྟར་གྲུ་བཞི་པ་བཀང་ནས་དེའི་རྒྱུན་གྱིས་ཟླུམ་པོ་དགང་བར་བྱའོ།། དེའི་རྗེས་སུ་ཉ་ལྕིབས་དང་ཉ་གསོན་བཅུག་ལ་ཆུ་གཡས་སུ་འཁྱིལ་བར་བལྟས་ལ། ཤིང་འོ་མ་ཅན ་གྱི་འདབ་མ་བཅུག་ནས། བདག་ཉིད་ཛཱ་ལས་སྐྱེས་པའི་རྡོ་རྗེ་དང་ཛཱ་ལས་ཛཱཾ་གུ་ལི་སེར་མོ།། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་སེར་བ་དང་། གནག་པ་དང་། དཀར་བ། གདེངས་ཀ་བདུན་པ། རིན་པོ་ཆེའི ་ཅོ་པན་ཅན། ཕྱག་དྲུག་གི་གཡས་པ་གཉིས་ཀྱིས་རྡོ་རྗེ་དང་མདའ་དང་།། གཅིག་ཤོས་ངག་གིས་གཞུ་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་འཛིན་པ། རང་སྣང་གི་ཐབས་ལ་འཁྱུད་པ། ན་བཟའ་སྣ་ཚོགས་དང་། སྦྲུལ་གྱིས་བརྒྱན་པ། ! ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞུགས་པ། ཉི་མའི་འོད་ཅན་དུ་བསྒོམས་ཏེ། པད་སྐོར་ལན་ལྔ་བྱས་ལ་དབང་ཆེན་གྱི་བར་དུ་བལྟས་པས། ས་གཞི་སྣ་ཚོགས་རྡོ་རྗེའི་རང་དུ་བསམ་མོ།། ལྟང་མོ་པའི་མི་རྣམ་སོ་རྩི་དང་མེ་ཏོག་གི་ཕྲེང་བ་དང ་ངན་ལ་སོགས་པས་ཚིམ་པར་བྱའོ།། བསྲུང་བའི་དོན་དུ་དབང་པོ་ལ་སོགས་པ་ཕྱོགས་སྐྱོང་བ་བཅུ་འཁོར་དང་བུ་དང་ཆུང་མ་དང་བཅས་པ་དབང་ལྡན་དུ་བསམས་ལ། དེ་རྣམས་ཀྱི་སྟེང་དུ་འོག་ནས་འཆད་པར་འགྱུར་བའི་ཕུར་ས་བཅུ་ལ ་ལས་ཐམས་ཅད་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་སྔགས་པ་དང་། དོན་གྲུབ་རྣམས་ཨོཾ་གྷྲྀ་གྷ་ཞེས་པ་ལ་སོགས་པའི་སྔགས་ཀྱི་བསྲུང་བའི་དོན་དུ་གདབ་པར་བྱའོ།། དེ་ནས་བགེགས་དང་བྲལ་བའི་བསམ་པས་ས་བདག་ཀླུ་བརྟག་པར་བྱའོ།། ་དེ་ཡངས་གང་དང་གཙུག་ལག་ཁང་ལ་སོགས་པ་བྱ་བ་ཉེ་འཁོར་དང་བཅས་པ་དེ་གྲུ་བཞིར་བཅས་ལ། ས་དེའི་ནང་གི་ཕྱོགས་སུ་ས་བདག་ཀླུ་ཉལ་བ་ལ་སོགས་པའི་མཚན་ཉིད་ངེས་པར་གཟུང་སྟེ། ས་འདུལ་བྱའོ།། དེ་ལ་དེ་ཉི་མ་རྒྱུ ་བའི་སྟོན་ཟླ་ར་བ་ལ་སོགས་པ་ཟླ་བ་གསུམ་གསུམ་རིམ་པ་བཞིན། ཤར་དང་ལྷོ་དང་ནུབ་དང་བྱང་ཕྱོགསུ་མགོ་བསྟན་ཅིང་ལྷོ་ལ་སོགས་པར་ཁ་ཕྱོགས་ཏེ། ས་དེའི་ནང་དུ་ས་བདག་ཀླུ་ཉལ་ལོ་ཞེས་གྲག་གོ།། དེ་བརྟགས་ནས་རྡོ་རྗེ་ཁུ་ཚུར་གྱིས ་ཐིག་སྐུད་བཟུང་སྟེ། སྒྲུབ་པའི་གྲོགས་དང་བཅས་པ་གཡས་སྐོར་གྱིས་བགྲོད་པས་མེ་དང་རླུང་དུ་གནས་ཏེ། ཤར་དང་ནུབ་དང་བྱང་དང་ལྷོའི་ཕྱོགས་སུ་ཐིག་བཏབ་ནས། ཉི་མ་འཆར་བ་ནས་བརྩམས་ལ་ཀླུའི་མཚན་ལས་ཁྲུ་གང་དོ་ཊ་བའི་མཚན་གྱི ་ཆར་གཡས་བསྐོར་དུ་རྩིག་རྨང་བརྐོ་བར་བྱའོ།། མཐོང་བའི་ཐང་ཀར་ཡང་ཞེས་པ་ནི་ཁ་ཅིག་གོ།། གང་གི་ཕྱིར་མགོ་ལ་རྐོས་ན་ཕ་དང་བུ་ལ་སོགས་པ་ཉམས་པར་འགྱུར་རོ།། རྒྱབ་ཀྱི་ཆར་ནི་བདག་ཉིད་ཉམས་པའམ་ཡུལ་འཕོ་བའོ།། མཇུག་མར་ནི་བ ་ལང་དང་མ་ཧེ་ལ་སོགས་པ་ཉམས་པར་འགྱུར་རོ།། ས་དེ་ལ་རྡོ་ཡོད་ན་རླུང་འབྱུང་ངོ་།། རུས་པ་ཡོད་ན་ཟུག་གཟེར་རོ།། གྱོ་དུམ་ཡོད་ན་ལྐུགས་པ་ཉིད་དོ།། ཕུབ་མ་དང་སོལ་བ་ཡོད་ན་རིམས་སོ།། སྒྲ་དང་རྩཝ་དང་ཤིང་ལ་སོགས་པ་ཡོད་ན་ཉེ་བར་འཚེ་བ་ཕྲ ་མོའོ་ཞེས་པས། སྡོང་དུམ་དང་། རྩ་བ་དང་གྲོག་སྦུར་དང་། ཀེང་རུས་དང་སོལ་བ་ལ་སོགས་པ་བསལ་ལ། ས་དང་མེ་དང་དེ་བཞིན་གཤེགས་པ་རྣམས་དང་། གནས་དེའི་བདག་པོ་དང་། ཕྱོགས་སྐྱོང་དང་འཇིག་རྟེན་སྐྱོང་བ་དང་། ཞིང་སྐྱོང་རྣམས ་ཞི་བའི་སྦྱིན་སྲེག་གིས་ཚིམ་པར་བྱས་ཏེ་སའི་བདག་པོ་དང་ཡོན་བདག་གི་ཞི་བ་བྱའོ།། ཕྱི་ནས་གཏོར་མ་ཡང་དབུལ་ལོ།། ཆོ་ག་ཕྱི་མ་རྣམས་སུ་ཡང་ངོ་།། ནུས་པ་ཇི་ལྟ་བས་དགའ་སྟོན་དང་། དགེ་འདུན་གྱི་སྟོན་མོ་བྱའོ།། བླ་མ་ལ་ཡོན་དབུལ་ལོ།། ་གཟོ་བོ་དང་ལས་བྱེད་པ་རྣམས་ཀྱང་མཉེས་པར་བྱའོ།། ཞེས་པ་གཙུག་ལག་ཁང་དང་། མཆོད་རྟེན་དང་། གཙང་ཁང་ཕྱུར་བུ་དང་། ཁང་བཟངས་དང་། དགོན་གནས་རྣམས་ཀྱི་མཆོད་ཡོན་གྱི་ཆོ་གའོ།། རྫིང་དང་། རྫིང་བུ་དང་། ཁྲོན ་པ་ལ་སོགས་པ་བྱེད་པ་ན། གཏོར་མ་དང་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་དེ་མ་ཐག་པ་བཞིན་དུ་མཆོད་ཡོན་བྱས་ལ་ཨོཾ་བཾ་བཛྲ་བ་རུ་ཎ་ཧཱུཾ་ཞེས་པས་རྡོ་རྗེ་ཆུ་བདག་གི་གཟུགས་ཅན་རྣམ་པར་སྣང་མཛད་བསམས་ལ། དེ་ཡོངས་སུ་གྱུར་པ་ལས ་ཀླུ་རིགས་བརྒྱད་ཀྱི་གནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་གང་བ། ཨོཾ་བཛྲ་སཏྭཱ་ས་མ་ཡེ་སྟྭཾ་ཞེས་བརྗོད་ཅིང་། དབང་ཆེན་གྱི་གཏིང་ལ་ཐུག་པར་ཡནཱ་ལག་བརྒྱད་དང་ལྡན་པའི་ཆུས་གང་བར་བལྟ་བར་བྱའོ་ཞེས་པ། རྫིང་ལ་སོགས་པའི་མཆོད་ཡོན་གྱི ་ཆོ་གའོ།། སྐུ་གཟུགས་དང་། པོ་ཏི་ལ་སོགས་པ་བྱེད་པ་ལ་ནི་གཏོར་མ་དང་མཆོད་པ་སྔོན་དུ་འགྲོ་བས། གཟོ་བོ་རྣམས་བྱེད་པར་འགྱུར་བའི་ལྷའི་རིགས་ཀྱི་བདག་པོའི་གཟུགས་སུ་དང་། ཡིག་མཁན་རྣམས་སྣང་བ་མཐའ་ཡས་ཀྱི་ངོ་བོར་སྟེ། ་སྙིང་གར་རང་རང་གི་ས་བོན་དང་། སྙིང་ག་དང་མགྲོན་པ་དང་། མགོ་བོ་རྣམས་ལ་རིམ་པ་བཞིན་རྡོ་རྗེ་དང་པདྨ་དང་འཁོར་ལོ་རྣམས་ལ་གནས་པའི་ཧཱུཾ་ཨཱ། ཨོཾ་རྣམས་དང་། གཡོན་པ་དང་ཅིག་ཤོས་ཀྱི་ལག་པ་དག་ལ་ཟླ་བ་དང་རྡོ་རྗེ་དག་དང་ལྡན ་པར་སྐད་ཅིག་གིས་བསམས་ལ། སྙིང་བ་ལ་སོགས་པར་རེག་ཅིང་ཧཱུཾ་ཨཱཿོཾ་ཞེས་བརྗོད་པས་བྱིན་གྱིས་བརླབས་ནས། ཤིང་དང་འཇིམ་པ་དང་རྗེ་དང་རས་ལ་སོགས་པ་རྫས་གཙང་མ་རྣམས་སྟོང་པ་ཉིད་དུ་ལྷག་པར་མེས་ནས་སྐད་ཅིག་དྲིས ་སྙིང་གའི་ས་བོན་གྱིས་བྱེད་པར་འགྱུར་བའི་ལྷའི་གཟུགས་སུ་བསམས་ལ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནས་ཉེ་བར་གནས་པར་མཛད་པའི་རིགས་ཞེས་པའི་བར་དུ་བརྗོད་པར་བྱའོ།། ཤོག་པུ་ནི་ཡི་གེ་དྷཱི། བསྒོམས་པའི་འོད་ཟེར་གྱི ་སྤྱན་དྲངས་པའི་གསུང་རྡོ་རྗེ་ཡི་གེའི་རྣམ་པར་གྱུར་པར་བསྒོམ་མོ།། རང་ཉིད་ཀྱིས་ཀྱང་ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པ་དང་། ཨོཾ་ཨཱཿབིགྷྣཱནྟ་ཀྲི་ཏ་ཧཱུཾ་ཞེས་ལན་ཉི་ཤུ་རྩ་གཅིག་ཏུ་བསྔགས་པའི་པིར་ལྀ་སོགས་པ་དང་། བསྙུག་གུ་ཤེས་རབ་ཡེ་ཤེས་ཀྱི་བདག ་ཉིད་དུ་དང་། སྟག་ཆ་ཡང་རྡོ་རྗེའི་རྡུལ་ཕྲ་རབ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བསམ་ཞིང་། ཡང་ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་བི་ཛཱ་ཡ་སརྦྦ་ཛྙཱ་ན་པ་ཌ་ལཱ་པ་ཧཱ་རི་ཎི་ཧྲཱིཿསྭཱ་ཧཱ་ཞེས་པས་བསྐུག་གུ་དང་སྣག་ཚ་ལ་བསྔགས་ལ་དེ་རྣམས ་ལ་གཏད་ངོ་།། ཡི་གེ་བརྒྱ་པས་བརྟན་པར་བྱའོ།། གཟོ་བོ་མཉེས་པ་དང་དགེ་འདུན་ལ་སྟོན་མོ་ལ་སོགས་པ་བྱའོ།། ཐམས་ཅད་དུ་ཡང་འདིར་བསྒོམས་པའི་ལྷ་གཤེགས་སུ་གསོལ་བར་བྱའོ།། ཞིག་པ་དངགས་པའི་གཙུག་ལག་ཁང་ལ ་སོགས་པ་སླར་འདུས་བྱ་བར་འདོད་པས་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ཏེ། རབ་གནས་ཀྱི་ཚེ་བཞུགས་སུ་གསོལ་བའི་ལྷ་རྣམས་གཤེགས་སུ་གསོལ་ལ། དེ་ཁོ་ན་བཞིན་དུ་འདུས་བྱ་བ་ལ་སོགས་པ་བྱའོ།། སྐུ་གཟུགས་ལ ་སོགས་པའི་མཆོད་ཡོན་གྱི་ཆོ་གའོ།། ། འདིར་འཚང་བཞིན་པའི་ཆོ་ག་རྣམས་སུ་ཇི་ལྟར་རིགས་པར། གསེར་དངུལ་རྡོ་དང་ཟངས་དང་ཤིང་།། ས་བྱས་ཉ་ཕྱིས་དུང་དང་ནི།། འདབ་མའི་སྐྱོང་བུ་ཞབས་བསིལ་དང ་བསང་གཏོར་ཞལ་བསིལ་མཆོད་ཡོན་སྟོང་།། དེ་དང་སྣོད་གཞན་དུ། ནས་དང་འོ་མ་དང་། མེ་ཏོག་དར་པོ་དང་། ཀུ་ཤ་དང་། ཏིལ་དང་། འབྲས་ཡོས་དང་། དྲི་དཀར་པོའི་ཆུ་བདུད་རྩི་དང་བཅས་པ་རྣམས་བླུགས་ལ། ་ཨོཾ་ཨཱཿཧཱུཾ་ཞེས་པའི་སྔགས་དང་། རང་གི་རིགས་ཀྱི་བདག་པོའི་སྔགས་དང་། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ལན་བདུན་ནམ། བརྒྱ་རྩ་བརྒྱད་དུ་སྔགས་ཏེ་ཞི་བའི་དོན་དུའོ།། རྒྱས་པའི་དོན་དུ་ཏིལ་དང་། ཞོ་དང་མེ་ཏོག་སེར་པོ་དང་། ཀུ་ཤ་དང་། ་ངི་སེར་པོའི་ཆུ་བདུད་རྩི་དང་བཅས་པ་བླུགས་ལ་དེ་ལྟར་བཟླས་པར་བྱའོ།། དེ་ནས་རང་གི་གཡོན་ལོགས་སུ་མཆོད་ཡོན་གྱི་སྣོད་དང་། ཞབས་བསིལ་གྱི་སྣོད་དང་། བསང་གཏོར་དང་། ཞལ་བསིལ་གྱི་སྣོད་གཞག་པར་བྱའོ།། དེ་རྣམས་ཀྱི་མདུན ་དུ་ག་ཟེད་ཞལ་གྱི་སྣོང་སྟོང་པ་གསུམ་ཡང་ངོ་།། དེ་ལ་ཁུ་ཚུར་གཡས་པའི་མཐེ་འོང་དང་། མཛུབ་མོའི་སྐམ་པས་ཞབས་བསིལ་གྱི་སྣོད་ཀྱི་ཆུ་དང་མེ་ཏོག་འགྱོང་བའི་ཚུལ་གྱིས་སོར་མོ་རྣམས་བསྐོར་ཞིང་བླངས་ལ་འཆད་པར་འགྱུར་པའི་སྔགས་ཀྱིས ་མཛུབ་མོ་དང་གུ་མི་དང་སྲིན་ལག་དང་། མཐེའུ་ཆུང་རྣམས་རིམ་གྱིས་བགྲོལ་ཞིང་སྡོང་དུ་ལན་གསུམ་དབུལ་ལོ།། སྣོད་གཉིས་པའི་ཆུ་ལོག་པ་གཡས་པར་བཟུང་བའི་ཀུ་ཤའི་ཆུན་པོའི་རྩེ་མོས་བླངས་ཏེ་བཟེང་ཞལ་གྱི་སྣོད་གཉིས་པར་ལན ་གསུམ་བསང་གཏོར་བྱའོ།། ལས་ཐམས་ཅད་པའི་བུམ་པའི་ཆུ་ལི་བསང་གཏོར་བྱ་བེ་ལ་ཡང་དེ་ལྟར་རོ།། སྣོད་གཉིས་པ་ཉིད་ཀྱི་ཆུ་གཡས་པའི་ཁུ་ཚུར་གྱི་ཐེ་བོང་དང་། མཛུབ་མོའི་སྐམ་པས་མེ་ཏོག་བཟུང་ལ། ཞ་བསིལ་གྱི་ཆེང་དུ ་བཟེད་ཞལ་གཉིས་པ་དེ་ཉིད་དུ་འཆང་བར་འགྱུར་བའི་སྔགས་བརྗོད་ཅིང་། ཁ་འོག་ཏུ་ཕྱོགས་པའི་ཁུ་ཚུར་གྱི་མཐེ་ཆུང་དང་སྲིན་ལག་དང་གུང་མོ་དང་མཛུང་མོ་རྣམས་རིམ་གྱིས་དཀྲོལ་ཞིང་ལན་གསུམ་དུ་དབུལ་ལོ།། གསུམ་པ་མཆོད་ཡོན་གྱི་སྣོད་ཀྱི་ཆུ་ལ ་སོགས་པ་སྙིམ་པས་བཟུང་ལ། ཨོཾ་ཨཱཿཧྲཱིཿཔྲ་བ་ར་སཏྐ་རཾ་ཨརྒ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་ཅིང་བཟེད་ཞལ་གྱི་སྣོད་གསུམ་པར་རྡོ་རྗེ་ཐལ་མོ་ཕྱེ་བས་ལན་གསུམ་དབུལ་ལོ།། གོང་གི་ཞབས་བསིལ་དང་། བསང་གཏོར་དང་། ཞལ་བསིལ ་གསུམ་ནི་ཨརྒྷ་གྱི་སྒྲ་དོར་ནས་རིམ་པ་བཞིན་དུ་པཱ་ཏྱཾ་དང་། པྲཀྵཾ་ཎ་དང་། ཨཉྫ་མ་ནཾ་ཞེས་པ་བཅུག་པས་དབུལ་ལོ།། ཞབས་བསིལ་དང་། གསང་གཏོར་དང་། ཞལ་བསིལ་དང་། མཆོད་ཡོན་སྦྱིན་པའི་རིམ་པ་འདི་ནི་ཕལ་ཆེར་ལས ་མཐོང་ངོ་།། ཁ་ཅིག་ཏུ་ནི་གཞན་དུའོ།། བསང་གཏོར་ནི་ཇི་ལྟར་རིགས་པའོ།། ཁ་ཅིག་ཏུ་ནི་དང་པོ་མཆོད་ཡོན་དབུལ་ལོ།། ཁ་ཅིག་ཏུ་ནི་མཆོད་ཡོན་དབུལ་བ་ཁོ་ནའོ།། སྐབས་ཇི་ལྟ་བར་ཇི་ལྟར་འོས་པར་བྱའོ།། དེ་ལ་ཞབས་བསིལ་གྱི་ཆུ་ནི་ལྷ ་རྣམས་ཀྱི་ཞབས་བཀྲུ་བའི་ཕྱིར་དབུལ་བར་བསམ་སོ།། གསང་གཏོར་ནི་སྐུ་ཐམས་ཅད་ལའོ།། ཞལ་བསིལ་ནི་ཕྱག་གམ་ཞལ་དུའོ།། མཆོད་ཡོན་ནི་མདུན་ནམ་དབུ་ལའོ།། མེ་ཏོག་ནི་དབུ་ལའོ།། བདུག་སྤོས་དང་མར་མེ་ནི་མདུན་དུའོ།། ལྷ ་བཤོས་ནི་མདུན་ནམ་ཕྱག་གམ་ཞལ་དུའོ།། དྲི་ནི་ཐུགས་ཀར་རོ།། དེ་ལྟ་བུ་ནི་ཆོ་ག་ཐམས་ཅད་དུའོ།། མཆོད་ཡོན་ལ་སོགས་པ་དབུལ་བའི་མཚན་ཉིད་ཀྱི་ཆོ་གའོ།། དེ་ནས་གཙུག་ལག་ཁང་ལ་སོགས་པ་རྫོགས་པའི་རབ་ཏུ་གནས་པ་འམ ་དབང་བསྐུར་བའི་དོན་དུ་གསོལ་བ་བཏབ་པར་གྱུར་པས་སམ། རང་དམ་གཞན་གྱི་དངོས་གྲུབ་སྒྲུབ་པ་ལ་སོགས་པ་དོན་དུ་གཉེར་བས་སམ། སེམས་ཅན་གྱི་དོན་ཆེན་པོ་མཐོང་བས་སམ། གཞན་གྱི་བསྐུལ་བས་ཀྱང་རུང་སྟེ། ་དཀྱིལ་འཁོར་བྲི་བའི་ཕྱིར། ཐམས་ཅད་མཁྱེན་པའི་ལམ་ཤེས་པས།། སྔོན་དུ་བསྙེན་པའི་ཚོགས་བསགས་ཤིང་།། བགེགས་ནི་རྣམ་པར་ཉམས་བྱེད་བྱ།། བསྙེན་པ་མེད་པས་དངོས་གྲུབ་མེད།། དེ་ཕྱིར་རིམ་གཉིས་དེ་ཉིད་རིག། དབེན་པར་ཡང་དག་གནས ་ནས་ནི།། ལྷའི་འཁོར་ལོ་བསྒོམ་པར་བྱ།། སྐྱོན་དེ་ཡི་གསང་སྔགས་བཟླས།། འཁོར་ལོའི་གཙོ་བོའི་འབུམ་བཟླས་ཤིང་།། ཡང་ན་རང་གི་ལྷག་ལྔའི་འབུམ།། དཀྱིལ་འཁོར་པ་ཡཾ་ཁྱི་ཡིན་ཏེ།། འདི་ནི་སྔོན་དུ་བསྙེན་པར་བརྗོད།། དེའི་ཡང་བསྐྱེད་པ་དང ་རྫོགས་པའི་རིམ་པའི་ལྷ་རྣམས་ཀྱི་སྒོམ་པའི་རོམ་པ་དང་གསང་སྔགས་དག་གཞན་དུ་ཚུལ་བཞིན་དུ་རྒྱས་པར་གསལ་བར་བྱས་པ་ལ་འདིར་མ་སྤྲོས་སོ།། འཆད་པར་འགྱུར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་མང་པོ་རྣམས་ཀྱི་སོ་སོའི་དབྱིབས་དང་སྐུ་མདོག ་དང་། ཞལ་དང་ཕྱག་དང་མཚན་མ་དང་སྔགས་ཙམ་བརྗོད་ཀྱང་གཞུང་མངས་པར་འགྱུར་བས་ཉུང་ངུ་ལ་མོས་པ་རྣམས་མི་འཇུག་པར་དོགས་པས་དབྱིབས་ལ་སོགས་པ་ཙམ་ཡང་འདིར་མ་བསྟན་ནོ།། ཁོ་བོ་ཅག་གིས་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བར་ནི ་དབང་པོ་རྣན་པོའི་བློ་དོར་བྱས་ཏེ་དཀྱིལ་འཁོར་གྱི་ལྷ་བསྒོམ་པའི་རིམ་པ་དང་། སྙིང་པོ་བསྡུས་པ་བརྗོད་པ་ནི་ངེས་པར་བསྒོམ་པར་བྱའོ།། དེའི་ཕྱིར་འོད་ཀྱི་སྙེ་མ་དང་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བའི་ཆ་ལག་གོ། དེ་ལྟར་སྔོན་དུ་བསྙེན་པ་རྒྱས་པར་བྱས ་པས་སྐད་ཅིག་གིས་དཀྱིལ་འཁོར་གྱི་ལྷའི་རྣལ་འབྱོར་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་སྤྲོ་བ་དང་བསྡུ་བ་མངོན་དུ་བྱ་བར་ནུས་པས་འཁོར་ལོར་གནས་པ་ཉིད་ཀྱི་འཁོར་ལོ་ཅན་གྱིས་མ་བཀག་པ་འམ། ཚོགས་བསགས་པ་ཉིད་ཀྱི་སྣང་བས་ཀྱང ་དཀྱིལ་འཁོར་དང་རབ་ཏུ་གནས་པ་དང་སློང་མ་བསྡུ་བ་ལ་སོགས་པ་བྱའོ།། སྟོན་དུ་བསྙེན་པའི་ངེས་པ་དང་དགོས་པའི་ཆོ་གའོ།། དེ་ལ་རབ་གནས་ཀྱི་ཆོ་ག་ནི། མགོའི་ཟླ་བ་དང་། མ་ཆུའི་ཟླ་བ་དང་། དབོའི་ཟླ་བ་དང་། ས་གའི་ཟླ་བ་དང་། སྣརོན་གྱི ་བདང་། ཆུ་སྟོད་ཀྱི་ཟླ་བ་འམ། ནག་པའི་ཟླ་བའི་ཉ་ལ་ཞེས་དུས་ཀྱི་འཁོར་ལོ་ལས་གསུངས་པས་ནག་པའི་ཟླ་བ་འམ། གཞན་དུ་གསུངས་པའི་སྨིན་དྲུག་གི་ཟླ་བ་དང་། དབྱུག་པའི་ཟླ་བ་ལ་ཚེས་གཉིས་དང་གསུམ་དང་ལྔ་དང་བདུན་དང་བཅུ་གསུམ ་དང་བཅོ་ལྔ་རྣམས་ལ། གཟའ་ཟླ་བ་དང་ལྷག་པ་དང་ཕུར་བུ་དང་པ་པ་སངས་རྣམས་སུ་སྣར་མ་ལ་ནོར་རྙེད་པར་འགྱུར་རོ།། མགོ་ལ་ཞི་བའོ།། ལག་ལ་བསྐལ་པ་བཟང་པོ་ཅན་ནོ།། རྒྱལ་ལ་རྒྱལ་བའོ།། སྒོ་ལ་འཁོར་འཕེལ་ལོ།། མ་བཞི་ལ་དངོས ་གྲུབ་བོ།། ལྷ་མཚམས་ལ་འདོད་པ་ལ་འབྱུང་ངོ་།། སྣརོན་ལ་བདེ་བའོ།། སྣརུབས་དང་གྲོ་བཞིན་ལ་གཞུང་ལ་མཁས་པར་འགྱུར་རོ།། ཆུ་སྟོང་དང་ཆུ་སྨད་དག་ལ་བུ་འཕེལ་ལོ།། ཁྲུམས་སྟོད་དང་ཁྲུམས་སྨད་ལ་ནོར་འཕེལ་ལོ།། ཞི་བའི་གཟའ་སྟེན ་པའི་དུས་སྦྱོར་ལ་བྱ་བ་བཟང་བར་འགྱུར་རོ།། དགེ་བའི་བྱ་བ་ལ་དངོས་གྲུབ་ཀྱི་རྒྱུར། སྦྱོར་བ་ནི་རྣམ་པར་སེལ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཟུག་རྔུ་དང་། འབྲས་དང་བྱ་མ་གྲུབ་དང་། རྡོ་རྗེ་དང་ཀུན་དུ་ལྷུང་དང་། ཡོངས་བསྣུན་དང་། ་ཁོ་ན་འཛིན་པ་རྣམས་དང་བྲལ་བའོ།། བྱེད་པ་ཡང་འཇུག་ཕོད་དང་བྲལ་བའོ།། ཞེས་པ་ཟླ་བ་དང་། ཆོས་དང་། གཟའ་དང་། རྒྱུ་སྐུར་དང་། སྦྱོར་བ་དང་། བྱེད་པ་བཟང་པོ་རྣམས་རང་དང་གཞན་གྱི་གྲུབ་མཐའི་རིམ་པས་སམ། ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོ་ག་ཡིས་ཀྱང་ཟླ་བ་བཅུ་གཉིས་པོ་རྣམས་ལ་ཡང་ཡུད་ཙམ་བཟང་པོ་རྣམས་བརྟགས་ནས་དཀྱིལ་འཁོར་བྲི་བའི་དོན་དུ་སློབ་མས། ལན་གཉིས་སམ། ལན་གསུམ་དུ་གསོལ་བ་བཏབ་པ་ཅན་གྱིས། གལ་ཏེ་མགྲོ་བའི ་ཡོ་བྱད་མ་ཚོགས་ན་དེའི་ཚེ་སློབ་མ་རེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱི་སྙིང་གར་གནས་པའི་ཀཾ་ལས་བྱུང་བའི་སྡིག་པ་ཤ་བྲ་ལྟར་གནག་ཅིང་། གཟུགས་རྣམ་པར་འགྱུར་བ། གཅེར་བུ་འབྲས་བུ་འཆང་བ་སྐྲ་གྱེན་དུ་འགྲེང་བ། ་སྭཱ་རྩོ་ནས་བྱུང་ལ་ཡི་གེ་ཧཱུ~ཾ་དཱ་ཡང་སྙིང་གནས་འོངས་ནས་ཡོངས་སུ་གྱུར་པ་ལས་འཚོང་བར་འགྱུར་བའི་ཁྲོ་བ་ཆེན་པོ་རྡོ་རྗེ་ཧཱུཾ་མཛང་དུ་རྣམ་པར་བསྒོམ་ནས་ཕྱིར་འཐོན་ཏེ། ཨཱ~ཾ་སུཾ་བྷ་ནི་སུཾ་བྷ་ཛྙཱ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀ་ཧྞ་ཧཱུཾ་ཧཱུ~ཾ་ཕཊ། ཨོཾ་གྲྀ་ཧྞཱ་པ ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷཱ་ག་བཱ་ན་ཁིདྱཱ་རཱ་ཛ་ཆེ་གེ་མའི་སརྦ་པཱ་པཱཾ་ན་ཤྭ་ཡ་ཧཱུཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་ཕྱག་ན་གནས་པའི་རྡོ་རྗེ་འབར་བས་ཕྱུང་བའི་སྡིག་པ་སྟེངས་པར་མཛད་པར་བསམ་མོ།། སློབ་མའི་སེམས་ཀྱིས་བགེགས ་རྣམས་ཀྱང་བདུད་རྩི་འཁྱིལ་པ་ལྟེ་བ་ནས་འོག་ཕུར་བུའི་རྣམ་པ་ཅན་གྱིས། ཨོཾ་བཛྲ་ཀཱི་ལི་ཀཱ་ལྀ་ཡཱ་སྱེ་སརྦ་བེ་དྡྷེ་བནྡྷ་བནྡྷ་ཧཱུཾ་ཛྲ་ཅེས་པས་རྡོ་རྗེ་ཧཱུཾ་མཛད་ཀྱིས་བཀའི་སྤྲོ་བས་དང་། རང་ཉིད་ཀྱིས་ཀྱང་འདོན་ཞིང་ཕུར་བུ་བཏབ་ནས། ཕུར་བུའི་འོད་ཟེར ་ཤིན་ཏུ་དྲག་པོ་རྣམས་ཀྱིས་སྡང་བ་ཀུན་བསྲེག་པར་བྱའོ།། སློབ་མ་དེ་ཡང་སཾ་ལས་ཀུན་ཏུ་བཟང་པོའི་གཟུགས་སུ་བསམས་ཏེ། བསྲུང་བའི་དོན་དུ་སྙིང་གར་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་དབྱངས་ཐ་མ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེས་མཚན་པ་དང་། ་མགོ་བོ་ལ་ཟླ་བ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་གྱེན་དུ་འགྲེང་བ་ལས་མཱ་མ་ཀི་དབུས་སུ་བཞུགས་པར་བསམས་ལ། དེའི་ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀའི་ཟླ་བ་ལ་གནས་པའི་རྡོ་རྗེ་ལྟེ་བའི་ནང་དུ་ཆུད་པའི་སྔགས་ཀྱི་ཕྲེང་བ་ལས་བྱུང ་བའི་རྡོ་རྗེ་སེར་པོ་ཕྲ་མོའི་འོད་ཟེར་སྤྲོས་པས་ལུས་ཐམས་ཅད་ཁྱབ་པར་བྱས་ཏེ། གོ་ཆ་བགོ་བར་བསམ་ཞིང་། ཨོཾ་ཨཱཿཤཾ་ཀ་ར་ཤཱ་ནི་ཏི་ཀ་རེ་གྷུ་ཊ་ཊ་གྷུ་ཊ་ཊི་ནཾ་གྷཱ་ཏ་ཡ་གྷཱ་ཏ་ཡ། གྷུ་ཊ་ཊ་ནི་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ་ཧཱུ~ཾ་ཞེས་བརྗོད་པས་བསྲུང་བར ་བྱའོ།། དེ་འཁྱིལ་པའི་སྔགས་ཀྱང་བཟླས་པའི་ཆེད་དུ་འདི་ལ་སྦྱིན་ནོ།། དེ་ལྟར་བྱས་ན་འདི་ལ་བགེགས་རྣམས་ཀྱིས་མི་ཚུགས་ཤིང་མཁོ་བའི་ཡོ་བྱད་རྣམས་ཀྱང་བདེ་བར་རྙེད་པར་འགྱུར་རོ།། སློབ་མ་བསྡུ་བའི་ཆོ་གའོ།། ། ་དེ་ནས་ཉེ་བར་མཁོ་བ་ཚོགས་པ་དང་། གྲོགས་ཤིན་ཏུ་ཡིད་གཞུངས་པ་དང་ལྡན་པས་ཉ་ནས་བཟུང་སྟེ། གཞན་ཉའི་བར་དུ་འམ། དཀར་པོའི་ཚེས་གཅིག་གམ། ལྔ་འམ། བརྒྱད་དམ། བཅུ་འམ། བཅུ་གསུམ་མམ། བཅུ་བཞི་ནས ་བརྩམས་ནས་སམ། ཉའི་ཚེ་ཡང་རུང་སྟེ་སྔ་སྲོ་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་ལས་བྱའོ།། དཀྱིལ་འཁོར་དུ་འཇུག་པའི་ཉིན་མོ་སློབ་དཔོན་དང་སློབ་མར་བཅས་པ་བསྙུག་མར་གནས་པར་བྱའོ།། དེ་ལ་ནི་གཟའ་དང་རྒྱུ་སྐར་དང་ཡུད་ཙམ་ལ ་སོགས་པ་བཟང་པོའི་སྔ་དྲོའི་དུས་སུ་རིག་མ་དང་བཅས་པས་འཁོར་ལོའི་གཙོ་བོའི་ལྷའི་རྣལ་འབྱོར་བྱས་ཤིང་སྔོན་དུ་བསྙེན་པ་བྱས་པས་ཤར་ཕྱོགས་སུ་དཀྱིལ་འཁོར་འདྲི་ན་སའི་བདག་པོ་འཆི་བ་དང་། ཡུལ་མི་ལ་ཉེ ་བར་འཚེ་བ་སྣ་ཚོགས་འབྱུང་ངོ་།། ལྷོ་ཕྱོགས་སུ་ནི་གང་གི་དོན་དུ་དཀྱིལ་འཁོར་འདྲི་བ་དེ་འཆིའོ།། ཆུར་ནི་སློབ་དཔོན་ནོ།། གནོད་སྦྱིན་དུ་ནི་དེར་ཞུགས་པའོ།། མཽར་ནི་ཆར་རོ།། བདེན་བྲལ་དུ་ནི་མུ་གེའོ།། རླུང་དུ་ནི་ཆར་རླུང་ངོ་།། མཆོད་རྟེན་ལ་ཉེ་བར་ནི ་འཆིའོ།། ཀླུ་གནས་པའི་ཆུ་དང་ཉེ་བར་ནི་ཆུ་འབྱུང་ངོ་།། ཤིང་གྲིབ་དུ་བྱས་པ་འཆིའོ་ཞེས་ཤེས་ནས་ཐམས་ཅད་དོར་ཏེ་གྲོང་རྡལ་དང་། གྲོང་ཁྱེར་དང་། གྲོང་དང་། སྐྱེད་མོས་ཚལ་དང་། གཙུག་ལག་ཁང་དང་། ཁྱིམ་རྣམས་ཀྱི་དབང་ལྡན་གྱི་མཚམས ་སུ་འམ། ཡང་ན་གང་དུ་ཡིད་ལ་འཐད་པར་གྱུར་ཅིང་ཤར་དང་བྱང་གཞོལ་བ་རབ་ཏུ་ཤིས་པའི་དཀྱིལ་འཁོར་གྱི་ས་གཞི་དེ་བརྟགས་ནས། དེར་དྲི་ལ་སོགས་པས་མརྟོལ་བྱས་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་ནས་གཏོར་མ་བྱིན་ལ། ནམ ་མཁའ་ལ་བཏེག་སྟེ། དེར་གནས་པའི་ཞིང་སྐྱེང་ལ་སོགས་པོ་ལ་གཏོར་མ་དང་ཞལ་ཟས་ལ་སོགས་པས་མཆོད་དེ། གང་དག་འདིར་གནས་ལྷ་དང་ཀླུ།། གནོད་སྦྱིན་སྲིན་པོ་འམ་གཞན་དག་ལ།། ས་འདི་བདག་གིས་བླང་བར་བགྱི།། དཀྱིལ ་འཁོར་དོན་དུ་ཁྱེད་ཀྱིས་སྤྲུལ།། ཞེས་ལན་གསུམ་གསོལ་བ་བཏབ་སྟེ། དེ་དག་གིས་རྨི་ལམ་ལ་སོགས་པར་བྱིན་པ་འམ། མ་བཀས་པར་འི་གནས་ཉི་མ་གནམ་གྱི་སྔ་དྲོལ་ནམ་མཁའི་དཀྱིལ་ན་བཞུགས་པའི་དཔལ་རྡོ་རྗེ་འཆང་ལ་སོགས ་པོ་རྣམས་ལ་ཡིད་ཀྱིས་གསོལ་བ་བཏབ་ལ་རྗེས་སུ་གནང་བ་ཞུས་ཏེ། ཉི་མའི་གུང་ལ་བསྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་བུས་བཏབ་པ་བསྒོམས་པས་སམ། དྲག་པོའི་སྦྱིན་སྲེག་གིས་བགེགས་བསླང་བར་བྱའོ།། སྦྱིན་སྲེག་གི་ཕྱོགས ་ལལ་སླེབ་མ་བསྲུང་བའི་དོན་དུ་ཕྱི་དྲོའི་ཚེ། མེ་མཚམས་ན་གནས་པའི་ཐབ་ཁུང་དུ་ཞི་བའི་སྦྱིན་སྲེག་བྱས་ལ་ས་དེ་ཡང་ཨོཾ་ཨཱཿབིགྷྣཱ་ནཱཾ་ཏ་ཀྲིང་ཧཱུཾ་ཞེས་པ་ལ་སོགས་པ་ལས་ཐམས་ཅད་པོའི་སྔགས་བཟླས་པའི་ཡུངས་ཀར་དང་། ཆུ་དང་ཐལ་བ་རྣམས ་ཀྱིས་བསང་ངོ་།། དེ་ནས་ས་དེར་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ། སའི་ལྷ་མོ་འཆང་པར་འགྱུར་བའི་གཟུགས་ཅན་བསྒོམས་ལ། ཞབས་བསིལ་དང་། ཞལ་བསིལ་དང་། མཆོད་ཡོན་དང་། མཆོད་པ་སྔོན་དུ་འགྲོ་བས། ཨོཾ་ཆུར་སྤྱོན་ཞེས་པ་ལ་སོགས་པས ་སམ་སྐྱོབ་པ་ཞེས་བྱ་བ་ལ་སོགསོ་པས་ལན་གསུམ་དུ་གསོལ་བ་བཏབ་པས་དེ་ལྟར་གྱིས་ཤིག་ཅེས་བརྗོད་པ་ཅན་ཡིད་ཀྱིས་བཏེགས་ལ། ན་མཁའ་ལ་བཞུགས་སུ་གསོལ་ལོ།། དེ་ནས་ས་དེ་བགེགས་མེད་པར་རིག་ནས། གཏོར་མ་བྱིན་ཏེ་སྔར ་བཞིན་དུ་སོ་བདག་ཀླུའི་མཚན་གྱི་ཆར་མགྲིན་པ་ནུབ་ཙམ་མམ་ཆུ་ལ་ཐུག་པ་འམ། རྡོ་ལ་ཐུག་པ་འམ། དངོས་གྲུབ་དམན་པ་དང་། འབྲིང་དང་མཆོག་གི་དབྱེ་བས་པུས་མོ་འམ། དཀུ་འམ། ལྟེ་བ་ཙམ་དུ་བརྐོ་བར་བྱའོ།། ས་བརྐོ་བོའི་ཆོ་གའོ།། ་དེ་ནས་རྡོ་བར་བཅས་ན་རླུང་ཆེན་པོ།། རུས་པར་བཅས་ན་ཟུག་ཟེར་འབྱུང་།། གྱོ་དུམ་དང་བཅས་ལྐུགས་པ་ཉིད།། ཕུབ་མ་སོལ་བ་ལྡན་ན་རིམས།། སྐྲ་དང་རྩ་བ་ཤིང་སོགས་བཅས།། ཉེ་བར་འཚེ་བ་ཕྲ་མོ་འབྱུང་།། ཞེས་ཤེས་པར་བྱ་སྟེ། ཐལ ་བ་དང་སོལ་བ་དང་སྐྲ་དང་ཕུབ་མ་དང་རྡོ་བ་དང་རུས་པ་དང་གྱོ་དུམ་དང་སོ་ཕག་དང་ཤིང་དུ་མ་ལ་སོགས་པ་བསལ་ལ། ས་དེ་ཉིད་དྲི་བཟང་པོའི་ཆུ་དང་སྦྱར་བས་དོང་དགང་ངོ་།། མ་ཁེངས་ན་གཞན་གྱིས་ཀྱང་ངོ་།། དེ་ནས་ཡི་གེ་ཧཱུཾ ་དང་ལས་ཐམས་ཅད་པའི་སྔགས་བཟླས་པའི་དྲི་བཟང་པོའི་ཆུས་གཏོར་ཞིང་བརྡུངས་ལ། ཁྲུ་ཕྱེད་ཙམ་དུ་མཐོ་ཞིང་མཉམ་ལ་ཅུང་ཟད་རུས་སྦལ་གྱི་རྒྱབ་ལྟར་མཐོ་བ་དང་། ཤར་དང་བྱང་གི་མཚམས་ཡིད་ཙམ་དམའ་བར་བྱའོ།། གཞན་ཡང་ས་སེལ ་ཉེས་པ་ཐམས་ཅད་ནི།། གལ་ཏེ་དབྱུང་བར་མི་ནུས་ན།། ལག་པ་རེག་ལ་སྔགས་བཟླས་བྱ།། དེ་ཉིད་དག་པ་མཆོག་ཏུ་འགྱུར།། ཁང་བཟངས་བྲག་སྟེངས་པ་ལང་ལྷས།། གཙུག་ལག་ཁང་སོགས་ཆུ་འགྲམ་མམ།། སྔོན་དུས་བྱས་པའི་གནས་དག ་ཏུ། མ་བརྐོས་ན་ཡང་དག་པ་ཡིན།། དེར་ནི་བདུད་རྩི་འཁྱིལ་པ་འབའ་ཞིག་གིས་སྡང་བ་རྣམས་བསལ་ཞིང་། ཡུངས་ཀར་དང་ཆུ་དང་ཐལ་བ་ལ་དེ་བཟླས་ལ་གཏོར་བར་བྱའོ།། ས་འདི་དང་བརྐོས་ཤིང་བརྡུངས་པ་དག་ལ་ཤར་གྱི་ཕྱོགས་ནས་བཎྜམ ་ཏེ་བའི་རྣམ་ལྔ་ལ་དེ་བཟླས་པས་བྱུག་ཅིང་། དྲིའི་ཆུས་ཀྱང་གཏོར་ལ། ཨོཾ་བྷྱཿཁཾ་ཞེས་བརྗོད་པས་ནམ་མཁར་བྱའོ།། དེ་ནས་ཧཱུཾ་ལཾ་ཧཱུཾ་ཞེས་བརྗོད་པས་རྡོ་རྗེའི་རང་བཞིན་དུ་བསྒོམས་ཏེ། ཨོཾ་མེ་དེ་ནི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པ་དང་། ཨོཾ ་ཧ་ན་ཧ་ན་བཛྲ་ཀྲྀ་དྷ་ཧཱུཾ་ཕཊ་ཅེས་པ་དང་། ཨོཾ་ཨཱཿནཱུ་རཤོ་དྷཱ་ཡ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊེ་ཅེས་པས་སྔགས་ཤིང་ལག་པ་རིག་སྡེ་བྱིན་གྱིས་བརླབ་པར་བྱའོ།། ས་དེའི་དབུས་སུ་ཇི་ལྟར་འོས་པར་རིན་པོ་ཆེ་ལྔ་དང་སྤྲིན་ལྔ་དང་། འབྲུ་ལྔ་ལ་ལས་ཐམ ་ཅད་པ་བཟླས་པ་བཅུ་སྟེ། དེ་བཟླས་པའི་དྲིའི་ཆུས་བྱུགས་པར་ན་མཁའ་ལ་གནས་པའི་སའི་ལྷ་མོ་ལ་གཏོར་མ་དང་ཞལ་བསིལ་ལ་སོགས་པ་ཕུལ་ཏེ་བསྟིམས་ལ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་ལག་པ་བང་སྐོར་གྱི་ཕྱག་རྒྱའོ།། ཡི་གེ་བརྒྱ་པ་ཡང ་བརྗོད་པར་བྱའོ།། སྣ་ཚོགས་པ་སྟོང་པ་ཉིད་དང་རོ་གཅིག་པའོ།། ཞེས་བརྟན་པར་མོས་པས་དེ་ཉིད་ཀྱི་རང་བཞིན་དུ་རྣམ་པར་དག་པར་མོས་པར་བྱ་བ་ནི་བླ་ན་མེད་པའི་རྣམ་པར་དག་པའོ།། དེ་ནས་འཆད་པར་འགྱུར་བའི་རིམ་པས་ཤར་ལ་སོགས་པའི ་ཕྱོགས་ངེས་པར་བྱས་ཏེ་དཀྱིལ་འཁོར་གྱི་གནས་དེ་རྒྱར་ཇི་ལྟར་འདོད་པར་ཕུབ་པའི་སྒོ་བཞི་པའི་གཞལ་ཡས་ཁང་གི་དབུས་སུ་ཆུད་པ། ཕྱོགས་བཞིར་རྟ་བབས་དང་འདྲ་བའི་འཁོར་ཡུག་གིས་བསྐོར་བ་ཐམས་ཅད་དུ་རྒྱན་སྣ་ཚོགས་དང་། ་མེ་ཏོག་གི་ཕྲེང་པོ་དང་། དྲིལ་བུ་དང་ལྡན་པ། ཏོག་དམ་པ་དང་། བླ་བྲེས་སྤྲས་པའོ།། དེ་ལྟར་ས་སྦྱང་བའི་ཆོ་ག་རྣམ་པ་གསུམ་ཡིན་ནོ།། དེར་དཀྱིལ་འཁོར་གྱི་སའི་དབུས་སུ་མེ་ཏོག་གཅལ་དུ་བཀྲམ་པར་འདུག་ལ། རྡོ་རྗེ་དང་། དྲིལ་བུ ་ང་སྟེ་འདྲི་བར་འགྱུར་བའི་དཀྱིལ་འཁོར་གྱི་རྣལ་འབྱོར་དང་ལྡན་པས། བསྲུང་བའི་འཁོར་ལོ་ལ་སོ་གོས་པས་བགེགས་བསལ་ཏེ། སྤོས་ཕོར་གཟུང་ལ་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བྱས་ནས། མ་ལུས་ཕྱོགས་ན་བཞུགས་པ་ཡི།། སངས ་རྒྱས་རྣམས་ནི་བདག་ལ་དགོངས།། བདག་ནི་རྡོ་རྗེ་ཆེ་གེ་ཡིས།། འདིར་ནི་དཀྱིལ་འཁོར་བྲི་བར་བགྱི།། སངས་རྒྱས་ལ་སོགས་ཀུན་བྱོན་འཚལ།། དངོས་གྲུབ་འདི་ནི་ཡང་དག་སྩོལ། ཞེས་སངས་རྒྱས་ལ་སོགས་པ་རྣམས་ལ་སྙན་པསན་ཞིང་མཆོད་ལ། ་རྣམ་པར་སྣང་མཛད་ལ་སོགས་པ་ནམ་མཁའ་ལ་བཞུགས་པ་དང་། ཤར་ལ་སོགས་པའི་གནས་སུ་སློབ་མ་རྡོ་རྗེ་དང་། རྡོ་རྗེ་དྲིལ་བུ་འཛིན་ཅིང་ཇི་ལྟར་རིག་པར་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་དང ་ལྡན་པ་བཞི་རྣམས་ཀྱིས་སམ། སློབ་མ་གཅིག་ཉིད་རིམ་པ་བཞིན་དེ་དང་དེར་སོང་བས་ཀྱང་། དེ་བཞིན་གཤེགས་པ་ཀུན་ཞི་བ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཆོས་ཀུན་བདག་མེད་པ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད ་དུ་གསོལ།། མཚན་ཉིད་ཐམས་ཅད་ཡང་དག་རྫོགས།། མཚན་ཉིད་མིན་པ་ཐམས་ཅད་སྤངས།། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ཞི་བའི་ཆོས་མཆོག་ལས་བྱུང་བ།། ཡེ་ཤེས་སྤྱོད་པ་རྣམ་སྦྱོང ་མཛད།། ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་ཅིང་དྲི་མ་མེད།། ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར།། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ་ཞེས་པའི་ཚིགས་སུ་བཅད་པ་བཞི་རེ་རེས་སོ་སོ་ནས་བདག་ཉིད་ལ་གསོལ་བ་འདེབས་སུ་གཞུག་གོ།། རིགས་ལྔ་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པ་ཀུན་གྱི་རང་བཞིན་ནོ།། རྣམ་པར་སྣང་མཛད་ལ་སོགས་པ་ཞི་བ་ཆེན་པོའི་ཏིང་ངེ་འཛིན ་འབྱུང་བས་ཞི་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་གནས་པས་ན་གནས་སོ།། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཀྱི་ངོ་བོས་ནི་ཆོས་ཀུན་བདག་མེད་པའི་མཆོག་གོ།། སྟོང་པ་དང་སྙིང་རྗེ་དབྱེར་མེད་པ ་བདེ་བ་ཆེན་པོའི་སྙིང་པོ་ལེན་པ་གསལ་བར་བྱེད་པའི་ཕྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་དཀྱིལ་འཁོར་རོ།། གྲུ་བཞི་པ་ཉིད་ལ་སོགས་པའི་མཚན་ཉིད་དང་ལྡན་པས་རྫོགས་པའོ།། ཕྲ་བ་དང་སྒོམ་པའི་ཉེས་པ་དང་བྲལ་བས་ན་སྤངས་པའོ།། ་སྐུའི་མཆོག་སྐུ་རྡོ་རྗེའི་རང་བཞིན་འདི་ལ་ཡོད་པས་ན་སྐུའི་མཆོག་གོ།། དཀར་སོའི་ཆོས་ཀྱི་ངོ་བོར་གསལ་བར་བྱུང་བས། ཆོས་མཆོག་ལས་བྱུང་བའོ།། དེ་ལྟ་བུར་གྱུར་པའི་ཡེ་ཤེས་ཀྱི་ཆེད་དུ་སྤྱོད་པ་གང་ཡིན་པ་དེ་སྦྱོང་བར་བྱེད་པས ་ན་ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད་དོ།། གསལ་བར་མཛད་པ་པོ་ཉིད་ཀྱིས་གསུང་རྡོ་རྗེའི་རང་བཞིན་ནོ།། ཆོས་ཐམས་ཅད་ཀྱི་ངོ་བོར་སྤྲོ་བས་ན་སེམས་ཆེན་པོའོ།། དོན་དམ་པར་ཀུན་བརྟགས་ཐམས་ཅད་དང་བྲལ་བས་ཐུགས་རྡོ་རྗེའི་རང ་བཞིན་ནི་རང་བཞིན་དག་ཅིང་དྲི་མ་མེད་དོ།། འདུལ་བར་འོས་པ་འདུལ་བས་ན་ཁ་ལོ་སྒྱུར་བ་སྟེ། བཤད་དུ་གསོལ་ཞེས་དེ་ལྟར་མངོན་དུ་བྱེད་ཅིང་ངོ་།། དངོས་སུ་གསོལ་བ་འདེབས་པ་པོ་མེད་ན། བསམ་གཏན་གྱིས་ཀྱང་དེ་ལྟར་བྱ་སྟེ་འདི་ནི ་མན་ངག་གོ། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྤྲོ་བ་ལ་སོགས་སྟོན་དུ་འགྲོ་བས་བསྒོམས་པའི་དཀྱིལ་འཁོར་རྡོ་རྗེ་ཁུ་ཚུརོ་གཉིས་ཀྱི་མཛུབ་མོ་གཉིས་བརྐྱང་ལ་རྩེ་མོ་སྦྱར་བ་འོག་ཏུ་ཕྱོགས་པར་སྤྱི་བོར་བཟུང་ཞིང་ཧཱུ~ཾ་བཛྲ་ཨུ་ཏིཥྛ ་ཞེས་བརྗོད་ཅིང་ནམ་མཁའ་ལ་བཏེག་སྟེ། དེ་ནས་སྐྱིལ་ཀྲུང་བ་ཤིག་ལ་ལངས་ཏེ་ཁ་ཤར་དུ་ཕྱོགས་པས་མཉམ་པའི་རྐང་སྟབས་བྱས་ལ། མགོ་བོར་ཐལ་མོ་སྦྱར་བས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས། སེམས་ཅན ་མ་རིགས་པའོ་མུན་པར་སོང་ཞིང་བདུད་ཀྱི་བྱོན་གྱིས་བརླབས་པ་རྣམས་ལ་མངོན་པར་བལྟས་ལ། བདུད་བསལ་བར་བྱ་བའི་ཕྱིར། སྐད་ཅིག་གོས་འཆད་པར་འགྱུར་བའི་རྡོ་རྗེ་ཧཱུཾ་མཛད་སྐུ་ཁྲོ་བོའི་ཆ་བྱད་ཅན།། སྨོན་མ ་གཉེར་ཞིང་མཆེ་བ་གཙིགས་པ་ཤིན་ཏུ་ཁྲོས་པའི་ཆ་བྱད་ཀྱིས་གཡོ་བ་ལ་སོགས་པ་དང་ལྡན་པས། ཡི་གེ་མས་མིག་གཡས་པ་ཉི་མར་བྱས་པ་དང་། ཡི་གེ་ཊས་མིག་གཡོན་པ་ཟླ་བར་བྱས་པ་དང་། ཡི་གེ་ཧཱུཾ་གིས་མིག་འབྲས་གཉིས་དུས་མཐའི ་ལྟར་བྱས་པའི་རྡོ་རྗེའི་ལྟ་བ་འདིས་ཕྱོགས་ཐམས་ཅང་དུ་འགྲོ་བ་ལ་བལྟ་བ་དང་། ང་རྒྱལ་བསྐྱེད་པར་བྱས་ཏེ། ང་ནི་རང་ཉིད་རྡོ་རྗེ་ཅན།། རྡོ་རྗེ་སེམས་དཔའ་རང་ཉིད་དང་།། ང་ནི་སངས་རྒྱས་རྒྱལ་པོ་ཆེ།། ང་ནི་སྟོབས་ཅན་རྡོ་རྗེ་ཅན།། ང་ནི་རྣལ ་འབྱོར་དབང་ཕྱུག་རྒྱ་ལ།། ཕྱག་ན་རྡོ་རྗེ་བསྟན་པ་དང་།། དཱ་ནི་བདག་པོ་རྡོ་རྗེ་ཆེ།། བྱིན་གྱིས་བ་རླབས་པ་མི་འདོར་རོ་ཞེས་སོ།། དེ་ནས་རྐང་པའི་མཐིལ་དུ་རྡོ་རྗེ་འབྱུར་བ་བསྒོམ་ཞིང་སྐབས་ཇི་ལྟ་བར་འགྱིང་བ་དང་བཅས་པའི་པདྨ་སྐོར་བྱེད་ཅིང་། རྡོ ་རྗེ་གསོར་ནས་དྲིལ་བུ་དཀྲོལ་ཞིང་། རྡོ་རྗེའི་རྐང་སྟབས་ཉིད་ཀྱིས་དབང་ལྡན་གྱི་ཕྱོགས་སུ་ཕྱིན་ལ། དེ་ནས་བརྩམས་ཏེ་སློབ་མ་དང་ལྷན་ཅིག་གཡས་སྐོར་དུ་དཀྱིལ་འཁོར་གྱི་ས་གཞིར་རྡོ་རྗེའི་རྐང་སྟབས་ཀྱི་གར་བྱེད་ཅིང་། མིག་གཉིས་ལག ་གཉིས་དེ་འཛིན་དགུ།། ནང་པ་གནགས་སུ་གཡས་སུ་བསྐོར།། ཕེག་རྡེ་བ་སྦྱོར་བས་དབྱོར་བར་བྱ།། སླར་ཡང་གཡོན་དུ་དེ་བཞིན་ནོ།། དེ་ནས་རྒྱུག་པའི་གར་བྱས་ནས།། དེ་ནས་གཡེ་ཞིང་གར་བྱའོ།། མྱུར་དུ་ཕེག་རྡོ་དེ་བཞིན་དུ།། ་བྱས་འཁོར་ལོ་འདྲར་བསྐོར་ཞིང་།། གང་སུ་དག་ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། འབྱུང་པོ་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་དང་། གྲིབ་གནོན་རྒན་པོ་དང་། ་གྲིབ་གནོན་རྒན་མོ་དང་། གཡོག་དང་འཁོར་དང་། ནམ་མཁའ་ལྡིང་དང་། མི་འོ་མ་ཙི་དང་། རིག་སྔགས་འཆང་གྲུབ་པ་ཁྱེད་རྣམས་དེངས་ཤིག། སའི་ཕྱོགས་འདིར་བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་པས་སེམས་ཅན་ཐམས ་ཅད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དང་། སློབ་མ་ཆེ་གེ་མོ་ཞེས་བྱ་བའི་མངོན་པར་བྱང་ཆུབ་པ་རྫོགས་པར་བྱ་བའི་དོན་དུ་དཔལ་ཆེ་གེ་མོ་ཞེས་པའི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ།། དེའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི ་བཀའ་ཐོས་ནས་མྱུར་དུ་དེངས་ཤིག། གང་དག་མི་འགྲོ་བ་དེའི་མགོ་བོ་བདག་གི་ཧཱུཾ་མཛོད་ཀྱི་རྡོ་རྗེ་འབར་པོ་གསལ་ཞིང་རབ་ཏུ་གསོལ་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འདིས་རྣམ་པ་བརྒྱར་དགས་པར་བྱའོ། ཞེས་པ་འམ། ལུས་ངག་ཡིད་ལ ་གནས་པ་ཡི།། བགེགས་ཀྱི་ཆོ་གས་ཀུན་ཡང་དག་ཉོན།། ད་ནི་དཔལྔ་ཝཱནྡ་རྡོ་དྷཱའི་ཆུང་།། བཀུཪྵ་ཡི་འཁོར་ལོ་སྦྱོར་བ་པོ།། རྡོ་རྗེ་འབར་བའི་གཟུགས་ཀྱིས་ནི།། ལུས་གསུམ་ལས་བྱུང་དགས་བྱོ་སྟེ། གལ་ཏེ་ཁ་ཅིག་བདག་ལ་འདས།། ་འདིར་ནི་འཇིག་འགྱུར་གཞན་དུ་མིན།། ཞེས་ལེན་གསུམ་བརྗོད་ཅིང་ཁྲོ་བ་དཔག་ཏུ་མེང་བ་སྤྲོས་པས་བགྲོན་པོས་རྣམས་བསིལ་བར་བྱའོ།། དཀྱིལ་འཁོར་གྱིས་གཞི་ཡང་དབང་ཆེན་གྱི་གཏོང་གོ་བར་དུ་ཛཱ་ལས་བྱུང་བའི་རྡོ་རྗེ ་བཞིན་དུ་བྱིན་གྱིས་བརླབ་པོ།། འདིར་བསྐོར་བའི་དུས་སུ་སྒོ་སོ་སོར་བདག་ཉིད་ཀྱི་གཡོན་དུ་གནས་པའི་སློབ་མའི་དྲིལ་བུའི་ནང་དུ་རྡོ་རྗེ་གཞུག་པར་བྱའོ།། དེའི་རྡོ་རྗེ་ཡང་བདག་ཉིད་ཀྱི་དྲིལ་བུར་རོ།། དེ་ལྟར་མདུན་དང ་གཡས་དང་རྒྱབ་དུ་ཡང་ངོ་།། དེ་ལ་ཧཱུ~ཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་རྐང་མཐིལ་དུ་བསམས་ནས། རྐང་མཐིལ་དེ་རྡོ་རྗེ་དེ་ས་ལ་བྲོ་ཞིང་གར་གྱིས་བསྐོར་བར་བྱའོ།། དེ་ནས་དེ་བཞིན་དུ་རྩེ་གསུམ་པའོ།། དེ་ནས་དེ་བཞིན་དུ་རྩེ་ལྔ་པའོ།། ་དེ་ནས་སྣ་ཚོགས་རྡོ་རྗེ་ཡང་དེ་བཞིན་དུ་སྟེ། འོན་ཀྱང་ཕྱིར་ལོག་ནས་བསྐོར་ཞིང་རྗེས་དགོད་དོ།། བཞི་པོ་འདི་རྣམས་རྡོ་རྗེས་མཚན་པ་དང་། རྡོ་རྗེ་འདྲི་བས་རྡོ་རྗེའི་རྐང་སྟབས་ཏེ་སོ་སོར་གཡས་སྐར་དུ་གཡས་བརྐྱང་ལ་སོགས་པ་རྣམས ་བྱེད་པས་ལན་རེ་བྱའོ།། དེ་ནས་གཡོན་པའི་བྱིན་པ་བསྐུམ་ནས་མཐོ་ལྷའི་བར་དུ་རྐང་པ་གཡས་པ་འགྱིང་བ་དང་བཅས་པས་དྲང་པོར་བརྐྱང་བ་ནི་གཡས་བརྐྱང་ངོ་།། བྱིན་པ་གཡས་པ་བསྐུམ་ནས་གཡོན་པོ་དེ་བཞིན་དུ་བྱས་པ་ནི ་གཡོན་བརྐྱང་ངོ་།། སོར་ཉི་ཤུ་རྩ་དྲུག་གི་རྒྱར་བརྐྱང་བའི་སོར་མོ་ལོགས་སུ་བསྟན་ཅིང་པུས་མོ་གཉིས་དྲང་པོར་བྱས་པ་ནི་ས་གའོ།། ས་གའི་རྐང་སྟངས་ཉིད་བར་དུ་ཁྲུ་དོ་པ་དང་པའི་གཤོག་པ་ལྟར་བྱས་ནི་ཟླུམ་པོའི་རྐང་སྟབས་སོ།། ་རྐང་པ་གཉིས་ཀྱི་སེར་མོ་ཕན་ཚུནི་སྦྱར་བ་ནི་མཉམ་པོའི་རྐང་སྟབས་སོ།། ལྔ་པོ་འདི་རྣམས་བྱེད་པ་ན་རེ་རེ་བྱེད་ཅིང་བསྐོར་བ་ལན་རེ་རྫོགས་པར་བྱའོ་ཞེས་པ་ནི་ཁ་ཅིག་གོ།། རི་རེ་བྱེད་ཅིང་བསྐོར་བ་ལན་གསུམ་མོ་ཞེས་པ་ནི་གཞན་དག་གི ་འདིར་ངེས་པ་ཅུང་ཟད་མེད་དོ་ཞེས་པ་ཁ་ཅིག་གོ། རྟིང་པ་གཉིས་ཀྱི་བར་དུ་སོར་མོ་བཞི་བྱས་ཤིང་རྐང་པ་གཡོན་པ་དྲང་པོར་བྱས་ཏེ་འགྱིང་པ་དང་བཅས་པས་གཡས་པ་མཐོ་གང་གི་བར་དུ་ལོགས་སུ་བསྟན་ཅིང་ཡངས་པ་ཅན་གྱི་སྒྲོལ་མའི ་ཞབས་ལྟར་བྱས་པ་ནི་སྐྱེས་པའི་རྐང་སྟབས་སོ།། དེ་ཁོ་ན་བཞིན་དུ་གཡས་པ་བསང་ཞིང་གཡོན་པ་ལོགས་སུ་བསྟན་པ་ནི་སྐྱེས་པའི་རྐང་སྟབས་ཀྱི་ཟླའོ།། མཉམ་པའི་རྐང་སྟབས་བྱས་ཏེ་མཐོ་གསུམ་གྱི་བར་དུ་རྐང་པ་གཡས་པ་གཡོན་པའི ་མདུན་དུ་བཞག་པ་ནི་རྣམ་པར་བརྩིགས་པའི་རྐང་སྟབས་སོ།། དེ་ཁོ་ན་བཞིན་དུ་གཡས་པ་དྲང་པོར་བྱས་ཏེ་གཡོན་པ་གཡས་པའི་མདུན་དུ་མཐོ་གསུམ་གྱི་བར་དུ་གཞག་པ་ནི་རྣམ་པར་བརྩིགས་པའི་རྐང་སྟབས་ཀྱི་ཟླའོ།། འདུག་ནས་ཀྱང ་རྐང་པའི་མཐིལ་གཉིས་ཁ་སྦྱོར་བ་ནི་ཁ་སྦྱོར་གྱི་རྐང་སྟབས་སོ།། རྐང་པ་གཡས་པས་རྐང་པ་གཡོན་པ་མནན་པ་ནི་རུས་སྦལ་གྱི་རྐང་སྟབས་སོ།། རྐང་པ་གཅིག་བཏེག་སྟེ་རྐང་པ་གཅིག་བསྐོར་བ་ནི་རྐང་གཅིག་གོ། རྐང་སྟབས ་བདུན་པོ་འདི་དང་བུང་བའི་དྲ་བོ་གནས་ངེས་པ་མེད་པར་བྱའོ།། གཡས་པ་དང་གཡོན་པ་དག་གིས་ཀུན་ནས་ལུས་གཡོ་བ་ནི་བུང་བའི་དྲ་བའོ།། གཡས་བརྐྱང་བ་ལ་སོགས་པ་བཅུ་གསུམ་པོ་འདི་དག་བྱེད་པ་ན་ཇི་ལྟར་རིགས་པར་རྒྱ ་མཚོའི་བརླབས་དང་། རི་བོ་འཇིགས་པ་དང་། རོལ་པོའི་བསྐྱོད་པ་དང་། ཁྲོ་བའི་བསྐྱོད་པ་སྟེ། གོམ་པ་བགྲོང་པར་ཚུལ་བཞི་དང་། བསྣུན་པ་ལ་སོགས་པ་ཀུན་ཏུ་བསྐྱོད་པ་དགུ་དང་། རྡོ་རྗེ་བསྒྲེང་བ་ལ་སོགས་པ་དྲུག་པ ་རལ་གྲི་ལ་སོགས་པའི་ཚུལ་བཅུ་གསུམ་བྱའོ།། དེ་ནས་གཡས་བརྐྱང་གི་གར་བྱས་ལ་ཁ་ལྷོར་ཕྱོགས་ཏེ། སྙིང་གར་གཡོན་པའི་སྡིགས་མཛུབ་བསྒྲེངས་ནས་གཞོགས་གཡོན་དུ་ས་ལ་འགྱེལ་པ་ལྟར་བྱས་ཏེ། ནམ ་མཁར་ལྟ་ཞིང་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་བདུད་ཐམས་ཅད་ལ་བསྣུན་ནོ།། བསྣུན་པའི་ཀུན་ཏུ་སྐྱོད་པའོ།། པད་སྐོར་སྔོན་དུ་འགྲོ་བས་གར་བྱས་ལ་རྡོ་རྗེ་བླངས་ཏེ་གཡོན་པའི་སྡིག་མཛུབ་ཀྱིས་བསྡིགས་ཤིང་། གཡས་རྡོ་རྗེ་དང ་ས་པས་དབྱུག་པའི་ཕྱག་རྒྱ་བསྒྲེངས་ལ་མཉམ་པའི་རྐང་སྟབས་ཀྱིས་གནས་ཏེ། འགྱིང་བ་དང་བཅས་པའི་རྡོ་རྗེ་རྐང་སྟབས་ཀྱིས་རྐང་པ་གཡས་པ་བསྒོམ་ལ། གཡོན་པ་མཐོ་ཕྱེད་དང་གསུམ་དུ་བཞག་སྟེ་བརྟན་པར་བྱས་ནས་རྐང་པ་གཉིས ་གཤོག་པར་གནས་སོ།། དེ་ནས་པུས་མོ་གཡས་པ་བསྐུམ་ལ་དབྱུག་པའི་ཕྱག་རྒྱ་སྟེང་དུ་བརྐྱང་སྟེ། གཡོན་པའི་སྡིགས་མཛུབ་ཀྱིས་བསྡིགས་ཤིང་། ལྟོ་བ་གཡོན་པ་སྨད་ལ་མིག་གཡོན་པ་བཙུམས་ཏེ་གདོང་བསྐོར་ཞིང་དཀྱིལ་འཁོར་ལ ་བལྟས་ནས་ཁྲོ་ཉེར་བྱའོ།། འདི་ནི་འདར་བར་བྱེད་པའི་ཀུན་ཏུ་བསྐྱོད་པ་སྟེ་སྐུ་གཡས་པའི་ཆར་བསྡུའོ།། དེ་བཞིན་དུ་རྡོ་རྗེ་བསླང་ནས་མཉམ་པའི་རྐང་སྟབས་ཀྱིས་གནས་ཏེ། རྐང་པ་མཉམ་པར་མཐོ་ཕྱེད་དང་གསུམ་དུ་བརྐྱང་ནས་རྐང་པ ་གཉིས་ཟུར་གསུམ་དུ་བྱས་ཏེ་མདུར་དུ་ལག་པོ་བརྡབས་ནས་དབྱུག་པའི་ཕྱག་རྒྱ་འཕྱར་ཞིང་སྔགས་མིཛུབ་ནུ་མ་གཡོན་པར་བཞག་སྟེ་བལྟ་བར་བྱའོ།། འདི་ནི་སྐྲག་པར་བྱེད་པའི་ཀུན་ཏུ་བསྐྱོང་བ་སྡེ་དགུ་གཡོན་པའི་ཕྱོགས་སུ་བསྡུའོ།། དེ་བཞིན ་དུ་རྡོ་རྗེ་བསླང་བའི་ཕྱག་རྒྱ་བཅས་ནས་མཉམ་པའི་རྐང་སྟབས་ཀྱིས་གནས་ཏེ། དབྱུག་པའི་ཕྱག་རྒྱ་ཕྱར་ལ། མིག་གཡས་པ་བཙུམས་ཏེ་མིག་གཡོན་པས་ནུ་མར་སྔགས་མཛུབ་ལ་བལྟའོ།། གཡོན་པ་རྡོ་རྗེའི་རྐང་སྟབས་བྱས་ཏེ་པུས་མོ་གཡས ་བསྐུམ་ལ་རྐང་པ་བཏེག་སྟེ་ཁྲོ་བ་དང་བཅས་པས་ཅིག་ཅར་གཡོན་ཕྱོགས་སུ་འཁོར་ལོ་བཞིན་དུ་བསྐོར་རོ།། ཡང་རྐང་པ་དེ་བསྐུམ་ལ་གཡོན་བརྐྱང་བྱེད་པར་བཞག་པར་བྱ་སྟེ་རྐང་པ་གཉིས་པ། ཤོག་པར་གནས་པ་བརྟན་པར་བྱས་ནས་གནས་སོ།། འདི ་ནི་ཡང་དག་པར་དཀྲུག་པའི་ཀུན་ཏུ་བསྐྱོད་པ་སྟེ། རྡོ་རྗེ་གར་གྱི་སྦྱོར་བས་དཀུ་གཡས་པའི་ཆར་བསྡུའོ།། དེ་བཞིན་དུ་རྡོ་རྗེ་བསླང་ནས་མཉམ་པའི་རྐང་སྟབས་ཀྱིས་གནས་ཏེ་དབྱུག་པའི་ཕྱག་རྒྱ་འཕྱར་ལ་མིག་གཡོན་པ་ནུ་མར་སྡིགས་མཛུབ་ལ་བལྟའོར ་པུས་མོ་གཡོན་པ་བསྐུམ་ཏེ་གཡས་པ་རྡོ་རྗེའི་རྐང་སྟབས་སུ་བྱས་ནས་གཡོན་པ་བཏེག་པ་དང་། དུས་གཅིག་ཏུ་གཡས་ཕྱོགས་སུ་བསྐོར་ཏེ་དེ་ནས་གཞག་པར་བྱའོ།། གཞག་པའི་རྐང་པ་བསྐུམ་ཞིང་གྲུ་གསུམ་དུ་བྱས་ལ་གཡས་པ་གཤོག ་པའི་རྣམ་པར་བྱས་ཏེ་གཡས་བརྐྱང་དུ་བཞག་པར་བྱའོ།། རྣམ་པར་རྨོངས་བྱེད་ཀྱི་ཀུན་ཏུ་བསྐྱོད་པ་སྟེ། གར་བྱེད་ཅིང་དཀུ་གཡོན་པའི་ཕྱོགས་སུ་བསྡུའོ།། འདི་ཉིད་རྐང་པ་གཡོན་པས་བསྐོར་ནས་སླར་མདུན་དུ་ལག་པ་ས་ལ་བརྡབས་ཏེ་སྐར ་དབྱུག་པའི་ཕྱག་རྒྱ་བསྒྲེང་བར་བྱའོ།། འདི་ནི་ཁྱད་པར་དུ་མྱུར་བའི་ཀུན་ཏུ་བསྐྱོད་པའོ།། རྨོངས་པར་བྱེད་པའི་ལྟ་སྟངས་ཉིད་ཁ་གདངས་པའི་ཀུན་ཏུ་བསྐྱོད་པ་སྟེ། འོན་ཀྱང་ཁ་གདངས་ནས་ལྕེ་དྲིལ་བུ་དཀྲོལ་བ་བཞིན་དུ་བྱས་ཏེ་འཁོར་ལོ་བཞིན ་བསྐོར་བར་བྱའོ།། དེ་བཞིན་དུ་རྡོ་རྗེ་བསླང་བས་རྐང་པ་གཉིས་མཐོ་གང་ཙམ་གྱི་བར་དུ་བྱས་ཏེ་གྲུ་གསུམ་བྱ་ཞིང་པུས་མོ་གཡས་པ་ཅུང་ཟད་བསྐུམ་ལ་པུས་མོ་གཡོན་པ་དང་གསུམ་པ་དང་། ནུ་མ་གཡོན་པའི་ཆ་སྨད་དེ།། ནུམ ་སྡིགས་མཛུབ་བྱ་ཞིང་དབྱུག་པ་ལན་གཉིས་བསྒྲེངས་ལ་དེ་མ་ཐག་ཏུ་དབྱུག་པ་ལ་ལྟ་ཞིང་གདོང་བསྐོར་བ་ནི་ཀཱི་ལི་ཀཱི་ལ་ཞེས་པའི་ཀུན་ཏུ་བསྟོད་པ་སྟེ། དཀུ་གཡས་པའི་ཆར་བསྡུའོ།། དེ་ཉིད་ནི་ཀཱི་ལི་ཀཱི་ལ་ཆེན་པོ་ཡིན་ཏེ། གང་གི་ཚེ་དབྱུག་པ་ལ་བལྟ ་བར་གནས་པ་གཡས་པའི་དཔུང་པའི་ཕྱོགས་ནས་རང་གི་རྒྱབ་ཏུ་ཁྱེར་ཞིང་མིག་གཡོན་པ་བཙུམས་ཏེ་ཁྲོས་ཤིང་རྐང་པ་རྣམ་པར་བསྐྱེད་པོར་བྱེད་པའི་ཚེའོ།། བསྡུ་བ་ནི་སྔ་མ་བཞིན་ནོ།། གཡོན་པ་སྐུར་བྱས་ཏེ། གཡས་པ་རྡོ་རྗེ་སྙིང་ཀར་བསྒྲེང་པ་ནི ་རྡོ་རྗེ་བསྒྲེང་བའོ།། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་བསྒྲེངས་པས་སྙིང་གར་སྡིགས་མཛུབ་བྱེད་ཅིང་། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བའི་རྡོ་རྗེ་རྡེག་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་འཕེན་པའོ།། སོར་མོ་བཞི་རྩེ་མོ་བསྐུམ་པས་ཐེ་བོང ་མནན་པ་ནི་རྡོ་རྗེའི་ཁུ་ཚུར་རོ།། རྡོ་རྗེའི་ཁུ་ཚུར་ལས་སྟེང་དང་འོག་ཏུ་ལག་པ་བརྐྱང་བས་ཁ་གདངས་པ་དང་སྣ་བུག་དང་འགྲམ་པ་དང་མག་རྣམས་བསྡིགས་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་འཇིགས་བྱེད་དོ།། ལག་པ་གཡས་པའི་རྡོ་རྗེ་གཡས་བསྐོར ་དུ་བསྐོར་ནས་རིམ་གྱིས་ས་ལ་རྐང་པ་གཉིས་འཇོག་པ་ནི་རྡོ་རྗེ་འཁྱིལ་པའོ།། ལག་པ་གཡོན་པ་བརྐྱང་ལ་དེའི་མཁྲིག་མར་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཁྲིག་མར་སྦྱར་བས་གར་བྱེད་པ་ནི་རྡོ་རྗེའི་གར་རོ།། རྡོ་རྗེའི་གར་སྔོན་དུ ་འགྲོ་བས་སྐུ་གཉིས་སུ་གཙུགས་ཏེ། མགོ་གཡོན་པར་སྤྱང་བ་ནི་བུད་མེད་སྒྱུ་མ་བྱེད་པའོ།། སྐུ་གཉིས་སུ་བཙུགས་པ་ནི་རྡོ་རྗེ་སྒེག་མོའི་ཕྱག་རྒྱའོ།། རྡོ་རྗེ་བུ་ཚུར་གཡན་པའི་སྟབས་ལས་རྡོ་རྗེ་ཁུ་ཚུར་གཡས་པ་ཕྱུང་ནས་རལ་གྲིའི་ཚུལ་དུ་བརླ ་ནི་རམ་དྲིའི་ཚུལ་ལོ།། སྙིང་གར་སྡིགས་མཛུབ་བྱེད་ཅིང་གཡས་པ་རྡོ་རྗེ་རྩེ་གསུམ་པ་ཀུན་ཏུ་བརྒྱད་པ་ནི་རྡོ་རྗེའི་ཚུལ་ལོ།། རྡོ་རྗེ་བསྣམས་པས་བཟུང་བའི་གཏུ་ཤིང་གིས་བག་གིས་བརྡུང་བ་ནི་གཏུན་ཤིང་གི་ཚུལ་ལོ།། ཐལ་མོ་སྦྱར་ནས་སོ ་རྩེ་མོ་ཕན་ཚུན་བསྣོལ་བ་རྡོ་རྗེ་ཐལ་མོའོ།། དེ་ལྟར་རྩ་བ་ཡང་དག་པར་བསྡམས་པ་རྡོ་རྗེ་བསྡམས་པའོ།། སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་ཆུང་གཉིས་དང་མཛུབ་མོ་དག་རྡོ་རྗེ་བསྡམས་པ་བྱས་ནས་འཁོར་ལོ་བཞིན་ཕྱེ་བ་ནི་འཁོར་ལོའི་ཚུ་ལོ། ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་དང་གུང་མོ་དག་འགྱིང་བ་དང་བཅས་པས་བརྐྱང་ནས་སྟེང་དུ་གཞག་པ་ནི་བ་དན་གྱི་ཚུལ་ལོ།། ཐལ་མོ་སྙིམ་པ་ཁ་སྦྱར་ཏེ་པདྨ་བཞིན་ཁ་ཕྱ་བ་ནི་པདྨའི་ཚུལ་ལོ།། ཁུ་ཚུར་གཡས་པའི་ནང་དུ་མཐེ་བོང་བཅུག་སྟེ ་མཛུབ་མོ་བརྐྱང་ལ་ལག་པ་སྟེང་དུ་བསྒྲེང་བ་ནི་དབྱུག་པའི་ཚུལ་ལོ།། གཡས་པའི་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བཟུང་བ་ནི་ལྕགས་ཀྱུའི་ཚུལ་ལོ།། ལག་པ་གཡས་པའི་སོར་མོ་རྣམས་བརྐྱང་ལ་བཀུག་པ་ནི་གདེངས་ཀའི་ཚུལ་ལོ།། ལག ་པ་གཡོན་པར་གཞུ་བླངས་ཏེ་གཡས་པས་རྒྱུད་རྣ་བའི་བར་དུ་དྲང་ཞིང་རླུང་གཟུང་བར་བྱའོ།། འདི་ནི་གཞུའི་ཚུལ་ལོ།། གཡས་པའི་མཛུབ་མོ་དང་གུང་མོ་དག་གིས་གཡས་ཕྱོགས་ནས་མངའ་དྲང་བར་བྱ་བ་ནི་མངའ་དྲང་བའི་ཚུལ་ལོ།། དེ་དག་ཉིད ་ཀྱི་མདའ་འཕེན་པའི་ཚུལ་དུ་བྱས་པ་ནི་མདའ་འཕེན་པའི་ཚུལ་ལོ།། བསྟོད་པ་བྱེད་པའི་ཚུལ་དུ་སྙིང་གར་ཐལ་མོ་སྦྱར་བ་བཟུང་བ་ནི་ཕྱག་འཚལ་བའི་ཚུལ་ལོ།། དེ་ནས་ཕྱག་འཚལ་བའི་ཚུལ་དང་པང་སྐོར ་བྱས་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ་རྡོ་རྗེའི་རྐང་སྟབས་ཀྱིས་གར་བྱས་ནས། དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་ཞུགས་ཏེ་འདུག་ལ་གདན་བཅུའི་ཚུལ་བྱེད་ཅིང་ཧཱུཾ་བརྗོད་པ་སྔོན་དུ་འགྲོ་བས་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་བགེགས ་རྣམས་བསལ་ཞིང་དབང་ཆེན་གྱི་བར་དུ་དཀྱིལ་འཁོར་གྱི་ས་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ།། དེ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་ས་གནོན་གྱི་ཕྱག་རྒྱ་བཅིང་བ་ནི་རྡོ་རྗེའི་གདན་གྱི་ཚུལ་ལོ།། ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིང་བ་ནི་བསམ་གཏན་གྱི ་ཚུལ་ལོ།། བརླ་གཡས་པ་དང་བྱིན་པའི་དབུས་སུ་རྐང་པ་གཡོན་པ་བཞག་ནས་དེའི་སྟེང་དུ་བརླ་གཡོན་པ་དང་བྱིན་པའི་དབུས་སུ་གཡོས་པ་བཞག་པ་ནི་རྡོ་རྗེ་སྐྱིལ་ཀྲུང་ངོ་།། བྱིན་པ་གཡས་པ་བྱིན་པ་གཡོན་པར་བཞག་སྟེ། པུས་མོ ་གཉིས་སྨད་པ་ནི་པདྨའི་གདན་ནོ།། བརླ་གཡོན་པའི་སྟེང་དུ་རྐང་པ་གཡས་པ་བཞག་ལ་གཡོན་པ་བརླ་གཡས་པོའི་འོག་ཏུ་བཞག་པ་ནི་སེམས་དཔའི་སྐྱིལ་ཀྲུང་ངོ་།། རྐང་པ་གཡོན་པས་སྐྱིལ་ཀྲུང་ཕྱེད་པ་བྱས་ཏེ་དེ་དང་ཉེ་བར་པུས་མོ ་གཡས་པ་སྟེང་དུ་དྲིང་བར་བྱ་བ་ནི་དཔའ་བོའི་འདུག་སྟངས་སོ།། གཡོན་པ་སྐྱིལ་ཀྲུང་ཕྱེད་པ་བྱས་ཏེ་དེའི་སྟེང་དུ་པུས་མོ་གཡས་པ་བསྐལ་ལ། རྐང་པ་གཡས་པ་བརླ་གཡོན་པའི་རྩར་གོན་རྐྱལ་དུ་བཞག་པ་ནི་དཔའ་བོའི་འདུག ་སྟངས་སོ།། ཞེས་ཁ་ཅིག་གོ།། སྟན་མཐོན་པོ་ལ་གནས་ཏེ་རྐང་པ་གཉིས་དྲང་པོར་བཟུང་བ་ནི་བཟང་པོའི་འདུག་སྟངས་སོ།། རྐང་པ་གཉིས་མཐོ་གང་གི་བར་དུ་སྟན་ལ་བཀོད་ལ་ཙོག་པུར་གནས་པ་ནི་ཙོག་པུའི་འདུག་སྟངས་སོ།། རྐང་པ་གཡས ་པ་སེམས་དཔའི་སྐྱིལ་ཀྲུང་བཙས་ལ་འགྱིང་བ་དང་བཅས་པས་གཡོན་པ་བརྐྱང་བ་ནི་རོལ་པའི་འདུག་སྟངས་སོ།། རྐང་པ་གཉིས་ཁ་སྦྱར་ལ་འདུག་པ་ནི་བཀྲ་ཤིས་ཅན་ནོ།། རྡོ་རྗེའི་རྐང་སྟབས་ལ་སོགས་པ་འདི་རྣམསུ་ཇི་ལྟར་རིགས ་བར་རྡོ་རྗེའི་ལྟ་སྟངས་གཉིས་ལས་མདུན་དུ་བལྟ་བ་ནི་མདུན་དུ་ཕྱོགས་པ་དང་། རྒྱབ་ཏུ་ཕྱིར་ཕྱོགས་པ་སྟེ། ལྟ་བ་རྣམ་པ་གཉིས་དང་། སྒེག་པ་དང་། དཔའ་བ་དང་། མི་སྡུག་པ་དང་། དྲག་པོ་དང་། བཞད་པ་དང་། འཇིགས་སུ་རུང་བ ་དང་། སྙིང་རྗེ་དང་། རྨད་དུ་བྱུང་བ་དང་། ཞི་བའི་ཉམས་མན་ངག་གི་སྙེ་མར་རྣམ་པར་ཕྱེ་བ་རྣམས་བསྒྲུབ་པར་བྱའོ།། རྡོ་རྗེའི་རྐང་སྟབས་ལ་སོགས་པ་ནས་རྡོ་རྗེ་ལྟ་བའི་བར་གྱི་རྐང་སྟབས་རྣམས་ནི་སྒྱུ་འཕྲུལ་དྲ་བ་དང་། དཔལ་མཆོག ་དང་པོ་དང་། ཁྲོ་བོ་རྣམ་པར་རྒྱལ་བ་ལ་སོགས་པའི་རྒྱུད་ཏུ་གསུངས་པ་འདིར་ཆེ་བ་རྣམས་བསྒྲུབ་པར་བྱའོ།། ཡོངས་སུ་མི་ཤེས་པས་སམ། མི་ནུབ་པས་སམ་བྱ་བ་བསྡུས་པ་ལ་དགའ་བས་སམ་མི་འདོད་པས་ཀྱང་རུང་སྟེ། རྡོ་རྗེའི ་རྐང་སྟབས་ལ་སོགས་པ་ཐམས་ཅད་དམ་ཉུང་ཟད་མ་བསྒྲུབས་ན་ཡང་སྐབསུ་བབ་པ་ཉམས་པར་མི་འགྱུར་ཏེ། བགེགས་བསལ་བ་ནི་བསྐོར་བ་ལ་སོགས་པས་ཀྱང་འགྲུབ་པའི་ཕྱི་རོ་ཞེས་མན་ངག་རིག་པ་རྣམས་གསུང་ངོ་།། དེ་ནས ་དཀྱིལ་འཁོར་གྱི་ས་གཞི་དྲིས་བྷག་ལ་མེ་ཏོག་དང་སྤོས་ལ་སོགས་པ་དང་ཟུར་བཞི་དང་སྒོ་བཞིར་སྤོས་ཕོར་ལ་སོགས་པ་དང་། གར་དང་གླུ་ལ་སོགས་པས་ཡང་དག་པར་མཆོད་ནས་ལག་པས་རིག་ཅིང་དཀྱིལ་འཁོར ་གྱི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དང་། ཡི་གེ་བརྒྱ་པ་ལན་བདུན་བཟླས་ལ་དེ་ཉིད་དུ་ལྷའི་འཁོར་ལ་སྤྲོ་ཞིང་བསྡུ་བས་ཉལ་བར་བྱའོ།། ས་ཡོངས་སུ་བཟུང་བའི་ཆོ་གའོ།། དེ་ནས་སྔ་བར་ལངས་ནས་འགྲོ་བ་རྡོ་རྗེ་འཆང་གི་གོ་འཕང་ལ་དགོད ་པར་བྱ་བའི་ཆེད་དུ་བགེགས་མེད་པར་བྱའོ་ཞེས་བསམས་ནས། སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་རཾ་ལས་བྱུང་བའི་ཉི་མ་ལ་གནས་པའི་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུཾ་གིས་འོད་ལས་བྱུང་བའི་རྡོ་རྗེ་འབར་བ་འཕྲོས ་པས་མཚམས་མེད་ཅིང་དུམ་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་ར་བ་དང་། གུར་དང་མངའི་དྲ་བ་དང་། བླ་རེས་དང་། འོག་ཏུ་ས་གཞི་འབར་ཞིང་འོད་ཟེར་བཟོད་པར་དཀའ་བའི་སྣ་ཚོགས་རྡོ་རྗེའི་རང་བཞིན་བསྒོམ་མོ།། དེའི་དབུསུ་སྐད་ཅིག་གིས ་བདག་ཉིད་རྡོ་རྗེ་སེམས་དཔའི་ངོ་བོ་ཡོངས་སུ་གྱུར་ནས། ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། མིང་གཞན་ནི་རྡོ་རྗེ་ཧཱུཾ་མཛད་ཅེས་པ་གཡས་པ་བརྐྱང་བའི་ཞབས་ཀྱི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས ་མཚན་མནན་པ། རབ་ཏུ་ཁྲོས་པ་བསྐལ་པའོ་མཐའི་མེ་ལྟར་འོད་ཟེར་གྱི་ཕུང་པོ་འབར་བ། འགྲོ་བ་མ་ལུས་པའི་བགེགས་ཀྱི་ཚོགས་ཟ་བ་ལྟ་བུ། སྔོ་བ་དང་སེར་བ་དང་། ལྗང་གུའི་མདོག་ཅིན་གྱི་རྩ་བ་དང་། གཡས་པ་དང་། ཅིག་ཤོས ་ཀྱི་ཞལ་གསུམ་གདངས་པ། མཆེ་བ་གཙིགས་པ། ལྗགས་འདྲིལ་བ། ཞལ་རེ་རེ་ཞིང་སྨིན་མ་འཁྱེག་ཅིང་ཁྲོ་གཉེར་དང་བཅས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། ཕྱག་རྒྱ་དྲུག་དང་ལྡན་པ། དཔྲལ་བར་ཐོད་པ་ལྔས་བརྒྱན་པ། ཁྲག ་འཛག་པའི་མགོ་བོའི་ཕྲེང་བ་མགུལ་ལས་འཕྱང་བ། མགོ་བོ་དང་བཅས་པའི་སྐ་རགས་ཅན། སྟག་གི་པགས་པའི་ན་བཟའ་འཕྱང་བ། མཐའ་ཡས་ནག་པོས་བཅིངས་པོའི་དབུ་སྐྲ་ཁམ་པ་གྱེན་དུ་འབར་བ། འཇོག་པོ་ལ་སོགས་པའི་ཀླུའི ་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་གཉིས་བརྒྱབ་སྦྱར་ཏེ། མཐེའུ་ཆུང་གཉིས་སྦྲེལ་ཞིང་མཛུབ་མོ་གཉིས་བརྐྱང་བར་བྱས་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག ་རྒྱས་རང་འོད་ཀྱི་ཤེས་རབ་དང་སྙོམས་པར་འཇུག་པ་ཕྱག་གཡས་པོ་དག་གིས་ལྕགས་ཀྱུ་དང་ཞགས་པ་དང་། གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཡི་གེ་ཧཱུཾ་དྲག་ཏུ་སྒྲོགས་ཤིང་ཕྱོགས་སུ་བལྟ་བས་རང་གི་སྙིང་གའི་ཧཱུཾ་ལས་སྤྲོས ་པའི་འོད་ཟེར་གྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ། ཧཱུཾ་ལས་སྤྲོས་པའི་ཁྲོ་བོ་བཅུ་ལ་གཏད་པར་བྱའོ།། ཁྲོ་བོ་དེ་རྣམས་ཀྱིས་ཀྱང་སྲིད་དུ་སོར་བཅོ་བརྒྱད་པ་འོ་མ། བཅུ་གཉིས་པའམ། བརྒྱད་པ་སྦོམས་སུ་རིམ་པ་བཞིན་སོར ་དྲུག་པ་དང་བཞི་པ་དང་། དྲུག་ཆ་དང་བཅས་པའི་ཕྱེད་དང་གསུམ་པ་སེང་ལྡོང་ལ་བྱས་པ་འམ། རུས་པ་ལ་བྱོས་པ་འམ། ལྕགས་ལས་བྱས་པའི་ཕུར་པ་བཅུ་སྣོད་གསར་པར་གཞག་ལ་ཡུངས་ཀར་དང་། ཙན་དན་དམར་པོས་བྱུགས་ནས ་ཚོན་སྐུང་ལྔས་དཀྲིས་ལ་མཆོད་དེ། དེ་རེ་རེ་ལ་མེ་ཏོག་གི་ཕྲེང་བ་དམར་པོས་བཅིངས་ཏེ། ལྟེ་བ་ནས་འོག་ཏུ་རྩེ་གཅིག་པའི་རྣམ་པ་སྟེང་དུ་བདག་ཉིད་ཀྱི་གཟུགས་ཅན་བསྐལ་པའི་མཐའི་མེ་ལྟར་འབར་བར་བསྒོམས ་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་སྟེ། ཕྱག་གཡས་པས་མཚན་མའི་གཙོ་བོ་ཡོངས་སུ་གྱུར་པའི་ཐོ་བ་མེ་ཏོག་དམར་པོའི་ཕྲེང་བ་བཅིངས་པ་བཟུང་ནས། སྒྲ་རིང་པོར་བརྗོད་པའི་ཧཱུཾ་ལས་བྱུང་བའི་ཁྲོན་པ་བཅུར་བགེགས་དེ་རྣམས་བཅུག་ལ། ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦཾ་བིགྷྣཱ་ནཱཾ་ཧཱུཾ་ཞེས་པཾ་འམཽ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚ་ཕཊ་ཕཊ་ཀཱི་ལ་ཡ་སརྦ་པཱ་པཱན་ཕཊ་ཕཊ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་རཱ་ཨ་ཛྙཱ་པ་ཏི་སརྦ་བིགྷྣཱ་ནཱ་ན་ཀཱ་ཡ་བཱཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་པ་སྔོན་དུ་འགྲོ་བས ་མགོ་བོར་ཕུར་བུས་བཏབ་ནས། ཨོཾ་བཛྲ་མུད་ག་ར་ཨ་ཀོ་ཊ་ཡ་ཧཱུ~ཾ་ཞེས་བརྗེད་ཅིང་བརྡུངས་པར་བསམས་ལ། དབང་ལྡན་ནས་གཟུང་ནས་གཡས་བསྐོར་དུ་དཀྱིལ་འཁོར་གྱི་ཕྱིའི་རྡོ་རྗེ་ཕྲེང་བའི་ཕྱི་རོལ་གྱི་འོད་ཟེར་གྱི་ཕྲེང་བའི་ཕྱོགས་བརྒྱད་དུ་དང་པོར ་སློབ་དཔོན་གྱི་གདབ་པ་དང་། རྡུང་བར་བྱའོ།། མི་ནུས་ན་དེའི་རྗེས་ལ་སྒོའི་སློབ་དཔོན་རྣམས་ཀྱིས་སོ།། གཙུག་ཏོར་གྱི་ཕུར་པ་ནི་ཤར་གྱི་ཕུར་པ་ལས་ཤར་དུའོ།། གནོད་མཛེས་ཀྱི་ནི་ནུབ་ཀྱི་ཕུར་པ་ལས་ནུབ་དུ་གདབ་པར་བྱའོ།། གལ་ཏེ ་ཡང་དེ་ཉིད་བསྡུས་པ་ལ་སོགས་པར་ཕྱིའི་འོད་ཟེར་གྱི་ཕྲེང་བ་ལ་གདབ་པ་ཞེས་གསུངས་སོ།། དེ་ལྟ་ན་ཡང་། ད་ལྟར་གྱི་སློབ་དཔོན་རྣམས་ནི་དཀྱིལ་འཁོར་གྱི་ཁང་པ་ལས་ཕྱི་རོལ་ཏུ་ཕུར་པ་བཏབ་ནས། དེའི་སྟེང་དུ་སའི་གོང་བུ་བཅུ་བྱས ་པར་ཕུར་པའི་གཟུགས་ཀྱི་ཁྲོ་བོ་རྣམས་ལ་ཕུན་སོ་སོ་ལ་མེ་ཏོག་ལ་སོགས་པ་དང་གདུགས་དང་གཏོར་མ་དབུལ་བ་རྣམས་ཀྱིས་མཉེས་པར་བྱའོ།། ཞེས་གསུང་ཞིང་མཛད་པ་ནི་མི་འགལ་ཏེ། གང་གི་ཕྱིར་དེ་ལྟར་བྱས་ནའང་མངོན་པར་འདོད་པའི ་དངོས་གྲུབ་འགྲུབ་པའི་ཕྱིར་རོ།། དེ་ལྟར་ཕུར་པ་བཏབ་པ་དང་བརྡུང་བ་དག་གིས་བགེགས་ཀྱི་ཚོགས་ཀྱི་བདེ་བ་ཆེན་པོས་དེ་བཞིན་ཉིད་དུ་རོ་གཅིག་པ་དང་། བགེགས་ལྷག་མ་རྣམས་ཀྱང་རིང་དུ་བྲོས་པར་བསམ་མོ།། དེ་ལྟ་བུས་སྟེང་དང་འོག་དང ་ཕྱོགས་སུ་ཁོར་ཡུག་ཆེན་པོའི་བར་དུ་འགྲོ་བ་རྣམས་རྣམ་པ་ཐམས་ཅད་དུ་བགེགས་མེད་པར་བརྟན་པར་མོས་པར་བྱའོ་ཞེས་པ་རིམ་པ་གཅིག་གོ།། ། ཡང་ན་ཨོཾ་ཨཱཿཧཱུཾ་ཡ་མནྟ་ཀྲིང་སརྦ་དུཥྚེནྡོ་པེནྡྷ་ནཱ་ནས ་བྷྲྀ་རཱི་བྷཱ་ཪྵནཱ་ཀཱི་ལ་ཡ་ཧཱུཾ་ཕཱཊྚ། ཨོཾ་ཨཱཿཧཱུཾ་བཛྙཱནྟ་ཀྲྀཏ་སརྦ་དུཥྚཱ་ཡ་མནྟྲ་སཱུ་པ་རཱི་དྦྷ་ནཱན་ཀཱི་ལ་ཡ་ཧཱུཾ་ཕནྡྷ། ཨོཾ་ཨཽཏྨདྦྷ་བདྷཱནྟ་ཀྲི་ཏཱ་སརྦ་དུཥྚཱ་ནྟ་གྷན་སྱཱ་པ་རི་བྷཱུ་རཱན་ཀཱི་ལ་ཡཱ་ཧཱུཾ་བནྡྷ། ཨཾ་ཨཱུཿཙྪ་བིདྡྷཱཙྪ་ཏྲཱ་སརྦ་དུཥྨཱ་ཀུ་བེནྡྷོ་ན་སཾ་པ་རཱི་བ་ནྡྷཿ ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཨ་ཙ་ལ~ཾ་སརྦ་དུཥྚ་ནེ་ཤཱ་ནཱ~ཾན་ས་པ་རི་བ་རནཱ་ཀཱི་ལ་ཡཻ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཊཀྐི་སརྦ་དུཥྚི་གྷྣཱ་ན་ས་པ་རཱ་བཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱིཿཧཱུ~ཾ་ནཱི་ལ་དནྟ་སརྦ་དྲྀཥྚཱ་ནི་ནི་ཛྙཱ་ནཱ་ས་པ་རཽ་བཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ་ཨོཾ་ཨཱཿཧཱུཾ་མ་ཧཱ་བ་ལ་སརྦ་དུཥྚ་བཱ~ཾ་ཡཱ་ན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཙཀྲྀ་བར་ཏི་ན་སརྦ་དུཥྚ~ཾརྐྐ་ཙནྡྲ་པི་ཏ་མེ་ཧྲཱི་ན་ས་པ་རི་བྷེ་རཱི་ན་ཀཱི་ལ་ཡ་ཧཱུ~ཾ་ཕཊ། ཨོཾ་ཨཱ~ཾཿདྷུ་སུ་བྷ་སརྦ་པུཥྤ་བེ་མོ་ཙི་ཏྲི་པྲི་ཐི་བཱི་དེ་བ་ཏཱཿས ་ཞནན་སྦྲུལ་ལ་སྦྱར། ཨ་པ་ཤཱགས་ས་ཤཱན་མགས་པར་དབྱུང་བ་ལ་སགས་རྣབང་བྱ་ཕྱུགགས་རྣམས་སུ་ཕུར་ཐུགས་པ་དང་འརྡུང་བར་གྱུ།། གཞན་རྣམས་ཅ་ན་སྔམ་བཞིན་རྣམས་པརམ ་ཉས་པའོ།། ཅྀགྶ་རྣམས་པན། དོན་ཟུར་བ་བཞི་གདབ་བཻ་ཞེས་ཟེར་རོ།། སྒོ་རྣམས་ཁན་ལ་ཞེས་པ་ནི་གཞན་ནོ།། པོ་རྣམས་དང་དབང་པོ་ལ་སོགས་པ་རྣམས་ཀྱི་ཁེ་དེལ་དོང་དབྱིངས་ལ་སོགས་པ་འདི་པར་གྱུར་ན་བསྲུང་བ་འཾ ་རྒྱམ་པར་བམ་པན་མན་དག་གི་སེ་མར་རིག་པར་བྱའོ།། ཡང་ན་སེ་ལྡེག་ལ་སོགས་པཱ་ཕུར་བ་མེད་པར་ཇི་ལྟ་བརྗོད་པའི་བསྙེམ་ག་བློ་ནས་ཕུར་པ་གང་པ་ང་། བརྡུང་བ་རྒྱས་ལོ་ལག་པ་ན་རྒྱལ་དུ་གནས་པ་བསྒྲ་ཧྲཱིས་སྟྭ~ཾ ་xxx ་ང་བར་བསྒོམས་ལག་པ་རྣམས་པའི་བྷཱ་བར་ཧཱུཾ་གསུམ་བསམས་ཏེ། སོར་མོའི་རྩེ་མོས་ས་ལ་ལན་གསུམ་བསྟན་པ་དང་། དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་བསྐུལ་པས་ས་ར་ལྷ་མོ་ཡེ་ཤེས་སེམས་དཔའི་ངོ་བོ་འཐོན་པ་དང ་སྦྱིན་ཅིག་འདྲེས་པར་གྱུར་པ་དགའ་བ་དང་ལྡན་པའི་ཐུགས་ཅན་སར་མ་འི་བན་དས་བ་བསྡུ་། རྒྱན་ཀྱི་ས་། ཕྱོག་ས་ཡིན་པ་གསར་གྱི་བུམ་པ་བཟུང་གི་བསྣམས་ཤིང་། ཅིག་ཤོས་ཀྱིས་མི་འཛགས་པ་མཛད ་ཞལ་གཅིག་མ་མདུན་དུ་གནས་པ་ལ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་པའི་མཇུག་ཐོག་སུ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་ས་ཡི་ནི།། ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ།། རིན་ཆེན་ཀུན་གྱི་རབ་གང་མ།། བཟང་པོའི་རྒྱན་གྱི་རྣམ་བརྒྱན་མ། ་དཤལ་རྐང་གངྒཱབ་སྒྲ་ལྡན་མ།། རྡོ་རྗེ་སེམས་དཔའ་རབ་མཚང་མ།། མཆོད་ཡོན་འདོན་པ་ཞེས་བྱས་ནས།། དཀྱིལ་འཁོ་རོ་ལས་ནི་ལེགས་བསྒྲུབ་མཛད།། ཏཱ་ནཱཿ་ཧཱུ~ཾ་ཧཱུ~ཾ་སྭཱ་ཧཱ་འིས་ལན་གསུམ་བརྗོད་ལ་སྤྱན་དྲངས་པ་དང་། ཉེ་བར་གནས་པར་གསོལ ་པ་དང་བཅས་པའི་ལྷག་པར་གནས་པར་བྱའོ།། ལེགས་སྒྲུབ་མཛོད་ཅེས་པའི་ཤུགས་ཀྱིས་ནི་ཉེ་བར་གནས་པར་བརྗོད་དོ།། ཡང་ན་སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་དང་།། ས་དང་ཕ་རོལ་ཕྱིན་རྣམས་ལ།། ལྷ ་མོ་ཁྱོད་ནི་དབང་དུ་གྱུར།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ།། དེ་ལྟར་བདག་གིས་བདུད་ཀྱི་སྟོབས།། བཅོམ་ནས་དཀྱིལ་འཁོར་བྲི་བར་བགྱི།། ཞེས་ལན་གསུམ་བརྗོད་ལ་ལྷག་པར་གནས་པར་བྱའོ།། དེ་ཡང ་དེ་ལྟར་གྱིས་ཤིག་ཅེས་གསུངས་ནས་དེ་ཉིད་དུ་ཐིམ་པར་བསམ་པར་བྱའོ།། དེ་ནས་རྡོ་རྗེ་བཅིང་བ་ནང་དུ་བྱས་ནས་དེས་ས་དེ་མནྟ་ནཱ་ལ་ཨོཾ་བཛྲེ་བྷ་བ་ཧཱུཾ། ཞེས་ལན་གསུམ་བརྗོད་དེ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཡི་གེ་ཧཱུཾ་འབར་བ་འཕྲོས ་པས་དབང་ཆེན་གྱི་འོག་གི་བར་རྡོ་རྗེར་བྱས་པར་བསམ་ནས་ཨོཾ་བཛྲ་དྷི་ཌྷ་ཏིཥྛ་ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ།། དེ་ནས་ས་རང་གི་དབང་དུ་འགྱུར་རོ།། ནོར་འཛིན་མ་ལྷག་པར་གནས་པའི་ཆོ་གའོ།། ་དེ་ནས་དཀྱིལ་འཁོར་གྱི་ས་ལ་དྲི་ཞིམ་པོ་བདུད་རྩི་ལྔ་དང་བཅས་པ་ལ་ཡི་གེ་གསུམ་གྱིས་སྔགས་པས་བྱུག་ཅིང་། མེ་ཏོག་གཅལ་དུ་འགྲེམསུ་བཅུག་ལ། ཕྱི་དྲོའི་དུས་སུ་ཁྲུས་བྱ་ཞིང་ལུས་ལ་དྲི་བཟང་པོས ་བྱུགས་ཏེ། གོས་དམར་པོ་བཟང་པོ་གྱོན་ལ། མེ་ཏོག་གི་ཕྲེང་བ་ཅན་གྱི་ཞལ་དྲི་ཞིམ་པོ་བསྒོམས་ལ། དོ་ཤཔ་དང་། རྐང་གདུབ་དང་། རྣ་རྒྱན་དང་། དཔུང་རྒྱན་དང་། ལག་གདུབ་དང་། འོག་པག་དང་། སོརོ་གདུབ་ལ་སོགས་པའི་རྒྱན་གྱིས ་བརྒྱན་ཏེ། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པ་དང་། ཨོཾ་བཛྲོཥྞཱི་ཥ་ཧཱུཾ་ཕཊ་ཅེས་པ་དག་གིས་གོ་རིམས་བཞིན་དུ་ལན་བདུན་དུ་སྔགས་པའི་གོས་དམར་པོ་དང་། ཅོད་པན་གྱིས་བརྒྱན་པ་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་ཤར་དུ་ཕྱོགས་པར་འདུག་པ ་འམ། ཕྱོགས་གཞན་ལ་ནི་དཀྱིལ་འཁོར་གྱི་ཤེར་དུ་ནུབ་དུ་ཕྱོགས་པས་འདུག་སྟེ། དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པས་ལྷ་རྣམས་ཀྱི་གནས་སུ་བདུད་རྩི་དང་། ཙན་དན་དང་། གུར་གུམ་ལ་སོགས་པས་མཎྜལ་རྣམས ་བྱས་ལ། རང་གི་དམ་ཚིག་གི་འཁོར་ལོ་ཇི་ལྟ་བར་བསྒོམས་ནས་དེ་ལ་ན་མཁའ་ལ་གནས་པའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་བཅུག་སྟེ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱའོ།། དེ་ནས་བསྒོམས་པའི་དཀྱིལ་འཁོར་གྱི ་ཕྱི་རོལ་དུ་ཤར་ལ་སོགས་པའི་ཕྱོག་སུ་གནས་པའི་བུམ་པ་རྣམས་སམ། ཕྱོགས་གཞན་ལ་ནི་བྱང་དུ་ཕྱོགས་པས་དབང་ལྡན་གྱི་མཚམས་ན་གནས་པའི་བུམ་པ་རྣམས་ལྷག་པར་གནས་པར་བྱའོ།། དེ་ལ་ཞི་བ་དང་། རྒྱས་པ་དག་གིས་བུམ ་པའི་ལྟོ་བ་ནི་ཟླུམས་སུ་སོར་བཅུ་དྲུག་གོ། ལྟོ་བའི་འོག་ནས་ཁ་དང་མཆུའི་བར་གྱི་དཔངས་སུ་ནི་སོར་ཉི་ཤུའོ།། ཁའི་མཚམས་ནས་འཆང་བའི་མཆུ་དག་ནི་སོར་གཉིས་སོ།། མགྲིན་པ་ནི་སོར་དྲུག་གོ། མཆུའི་མཐའ་ནས་མཆུའི་མཐའི ་བར་གྱི་ཁ་ནི་སཱིར་བརྒྱད་དོ།། སོར་བརྒྱད་ཀྱི་ཆ་གཉིས་ནི་མགུལ་པའི་སྦུབས་སོ།། ཆ་གཅིག་གིས་ནི་བཅུ་གཉིས་ཀྱི་ཞེང་ངོ་།། དབྱེ་བ་དང་སྐུད་པ་དག་གིས་ལྟོ་བ་ནི་ཟླུམ་སུ་སོ་རབ་ཅུ་གཉིས་སོ།། དཔངསུ་སོར་ཉི་ཤུ་རྩ་བཞིའོ།། སྐེད ་པ་ཡིན་པོ་སྟེ་སོར་བརྒྱད་དེ།། ཁ་ནི་སོར་དྲུག་གོ།། མཆུ་གཉིས་ནི་སོར་རེ་རོ་རོ།། དབང་དང་དགུག་པ་དག་གི་བུམ་པ་ནི་གཟོ་བོས་ཇི་ལྟར་བྱས་པའོ།། རངས་པ་ལ་ནི་ལྟུང་ཞིང་ཟླུམས་པ་དང་། དཔངས་སུ་སོར་བཅུ་དྲུག་གོ།། མགྲིན་པ་ནི ་སེར་བཞིའོ།། ཁ་ནི་སར་དྲུག་གོ། མཆུ་ནི་སྦོམ་ཞིང་སོར་གཉིས་པའོ།། ལས་ཐམས་ཅད་པ་ལ་ཞི་བ་ལ་སོགས་པའི་ལས་ལ་བརྗོད་པའི་བུམ་པ་རྣམས་གཟུང་བར་བྱའོ།། འདི་ནི་དུས་ཀྱི་འཁོར་ལོ་ལས་གསུངས་པའོ།། ་དེ་ལས་གཞན་པའི་རྒྱུད་རྣམས་ལས།། བུམ་པ་རྩ་བ་དང་ནག་ནོག་མེད་པ་ལ་མཆུ་འབྱུང་བ། མགྲིན་པ་རིང་བ། གླསུས་པ་ཆེ་བ་རྣམས་ཞེས་གསུངས་པ་ཡང་སྦྱོར་བཅྡོཾ་དྲུག་པུ་ལ་སོགས་པར་རིག་པར་བྱའོ།། འདིར་ཀླུའི་བླ ་གྲོས་ཞབས་ཀྱིས་གསུངས་པ། གསེར་རམ་དངུལ་ལམ་ཟངས་མ་འམ།། ཡང་ན་ས་ལོ་བྱས་པ་ཉིད།། ཇི་ལྟར་རྙེད་པའི་བུམ་པ་ནི།། རབ་བཟུང་བརྟུལ་ཞུགས་ཅན་གྱིས་དགོ་ཅེ་སོ།། དེའི་ཕྱིར་གསེར་ལ་སོགས་པའི་བུམ་པོ་བརྗོད ་པའི་མཚན་ཉིད་དང་ལྡན་པ་སྟོང་པར་བྱས་ནས། བཾ་ལས་རིན་པ་ཆའི་ངོ་བོར་བསྒོམས་ལ་ཞི་བ་དང་རྒྱས་པའི་ངན་དུ་འབྲས་བཏགས་པ་འམ། ཐོད་ལོ་སྐོར་རམ། ཙན་དན་གྱི་ལྡེ་གུས་དཀར་པོར་བྱས་ཏེ་ལྷའི་མཚན ་མ་བྲིས་ཏེ། བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུ་དང་། རིན་པོ་ཆེ་དང་། སྨན་དང་། འབྲུ་ལྔ་དང་ལྡན་པ། ཡལ་འདབ་ཀྱིས་ཁ་བརྒྱན་པ། སྐེ་ལ་མེ་ཏོག་ཕྲེང་བ་དང་བཅས་པའི་གོས་ཟུང་བཅིངས་པ་རྣམས་བླ་རེའི་འོག་ཏུ་འཆད་པར ་འགྱུར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མཚན་མ་དགོད་པའི་རིམ་པས་སོ་སོར་དྲིའི་མཎྜལ་གྱི་སྟེང་དུ་རང་དང་འཐུན་པའི་གདན་ལ་དཀྱིལ་འཁོར་གྱི་རྣམ་པར་མདུན་དུ་བཀོད་ནས། ཆོ་ག་མཁས་པས་གོས་སྟེང་དུ། སྲང་བུ་དཀར ་བཟང་དགོད་པར་བྱ། ཞེས་ཀླུའི་བློ་གྲོས་ཞབས་ཀྱིས་གསུངས་ཤིང་མན་ངག་དེའི་ཕྱིར། ཧཱུཾ་ལན་བདུན་བཟླས་པའི་སྲད་བུ་དཀར་པོ་བདུན་གྱིས། ཨོཾ་བཛྲ་ཤི་ཁ་ར་རུ་ཊ་མ་ཊ་དི་ཤཾ་བནྡྷ་བནྡྷ་ཧཱུཾ་ཞེས་པའི་སྔགས་ཀྱིས་དཀྲི་བར ་དཀྲི་བར་བྱའོ།། རྒྱུད་གཞན་དུ་ཞི་བ་ལ་སོགས་པའི་ལས་དང་འཐུན་པའི་ཁ་དོག་ཅན་ལྔ་རྣམས་ཀྱི་ཞེས་སོ།། རིན་པོ་ཆེ་ལྷ་ནི་མུ་ཏིག་དང་། གསེར་དང་། པདྨ་རཱ་གཱ་དང་། བྱུ་རུ་མུ་མེན་ནོ།། པདྨ་རཱ་ག་མ་རྙེད་ན་དངུལ་ལམ་ཟངས ་སམ་དུང་ངོ་།། མུ་ལེན་གྱི་གནས་སུ་ནོར་བུ་ཡང་རུང་ངོ་།། འབྱོར་པ་ཆུང་ན་རྣམ་པར་རྒྱལ་བ་དང་། ལས་ཐམས་ཅད་པའི་བུམ་པ་དག་ལ་རིན་པོ་ཆེའི་སྙིང་པོར་བྱའི། བུམ་པ་གཞན་ལ་ནི་མ་ཡིན་ནོ།། དེ་ཡང་རྣམ་པར་རྒྱལ་བའི ་བུམ་པ་ལ་ངེས་པར་རིན་པོ་ཆེའི་སྙིང་པོ་བྱའོ།། སྨན་ལྔ་ནི་འཔྲྀ་ཧ་ཏི་དང་། ཀན་ཊ་ཀཱ་རཱི་དང་། དན་ཊ་ཨུཏྤ་ལ་དཀར་དམར་དང་། ཨ་པ་ར་ཛི་ཏ་དཀར་པོ་རྣམས་སོ།། འབྲུ་ལྔ་ནི་ཏིལ་དང་། ནས་དང་མན་སྲན་དང་། འབྲས་སོ་བ་རྣམས་དང་། ་གྲོ་རྣམསོ།། ཁ་ཅིག་ཏུ་ནི་གྲོའི་གནས་སུ་མོན་སྲན་དྲེའུའོ།། ཨཱ་མྲ་དང་ནཱ་ག་གེ་སར་དང་། ཨ་ཤོ་ཀ་དང་། ཨ་ཤོང་ཐ་དང་། ཨུ་དུམ་བ་ར་སྟེ་ལྔ་པོ་རྣམས་གང་ཡང་རུང་བའི་ཡལ་འདབ་པོ།། ནཱ་ག་གེ་སར་མེད་ན་ནྱ་གྲོ་དྷ་འམ། ་ཛམྦུའི་ལོ་མའོ།། གོས་ནི་དམར་པོ་འམ་སེར་པོའམ། དཀར་པོ་འོམ།། ཁ་ཅིག་ཏུ་ནི་ལྗང་གུ་དང་། སྔོན་པོ་ཡང་གསུངསོ།། རྣམ་པར་རྒྱལ་བའི་དུམ་པ་ལ་ཆོས་འབྱུང་གི་དབུས་སུ་པདྨ་ལ་ཇི་ལྟར་རིག་པར་ཟླ་བ་འམ་ཉི་མར ་བདག་པོའི་མཚན་མ་འམ་ས་བོན་ནོ།། བུམ་པ་གཞན་རྣམས་ལ་ནི་པདྨ་ལ་གནས་པའི་ཟླ་བ་འམ། ཉི་མར་ཇི་ལྟར་རིག་པར་ལྷ་རྣམས་ཀྱི་རང་རང་གི་མཚན་མ་འམ་ས་བོན་ནོ།། དེ་སྐད་དུ་ཡང་ཀླུའི་བློའི་ཞབས་ཀྱིས། དཀྱིལ་འཁོར ་ནི་ཐམས་ཅད་ཀྱིས།། ས་བོན་ཡང་ན་མཚན་མ་ཡང་རུང་།། གུར་གུམ་ལ་སོགས་མངོན་འདུས་བྱས།། མཁས་པས་བུམ་པའི་ལོགས་ལ་བྲི། ཞེས་གསུངས་སོ།། དཀྱིལ་འཁོར་གང་དུ་ལྷ་ཇི་སྙེད་ཡོད་པ་དེ་སྙེད་དུ་དེ་རྣམས་ཀྱི ་བུམ་པའོ།། ཡང་ན་དབུས་ཀྱི་ཕོ་བྲང་གི་ལྷ་རྣམས་ཁོ་ནའི་འོ།། དེ་ལ་རིགས་ཀྱི་ཡུམ་རྣམས་ཀྱིས་བཞིའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ལྔའོ།། ཡང་ན་དེ་བཞིན་གཤེགས་པ་རྣམས་ཁོ་ནའི་ལྔའོ།། ཡང་ན་བདག་པོའི ་གཅིག་དང་། དེ་བཞིན་གཤེགས་པ་བཞིའི་གཅིག་དང་། རིགས་ཀྱི་ཡུམ་བཞིའི་གཅིག་དང་། གཟུགས་རྡོ་རྗེ་ལ་སོགས་པ་དྲུག་གི་གཅིག་དང་། ཁྲོ་བོ་བཞིའི་གཅིག་སྟེ་ལྔའོ།། ཡང་ན་གཙོ་བོ་ཁོ་ནའི་གཅིག་གོ། ་ཕྱོགས་འདི་རྣམས་ལ་ལས་ཐམས་ཅད་པའི་བུམ་པ་ལྷག་པར་བྱ་སྟེ། སློབ་མ་ལ་སོགས་པ་གསང་བའི་དོན་དུའོ།། ཁ་ཅིག་གིས་ནི་འདི་མི་འདོད་དོ།། བུམ་པ་གཉིས་པ་ཡང་མེད་ན་རྣམ་པར་རྒྱལ་བའི་བུམ་པ་ལ་གཙོ་བོའི་མཚན་མ ་དང་དེའི་གཡོན་དུ་ལས་ཐམས་ཅད་པའི་མཚན་མ་བྲི་བར་བྱའོ།། ཞེས་པ་ནི་ཕྱོགས་གཞན་ཏེ། དེའི་མཚན་མ་ནི་བགེགས་མཐར་བྱེད་ཀྱིའོ།། རྣམ་པར་སྣང་མཛད་ལ་སོགས་པའི་མཚ་མ་བཞི་ཕྱོགས་བཞིར་བྲིའོ་ཞེས་པའི་ཕྱོགས་ལ ་གཙོ་བོའི་མཚན་མ་ནི་རྣམ་པར་སྣང་མཛད་ཀྱི་མཚན་མའི་སྟེང་དུའོ།། ཁ་ཅིག་དུ་ནི་དེ་ཉིད་ཁའི་སྟེང་དུའོ།། ཞེས་བཤད་དོ།། སྤྱན་མ་ལ་སོགས་པ་རྣམས་ཀྱི་ཡང་ཕྱོགས་བཞི་རུའོ་ཞེས་པ་ནི་ཕྱོགས་གཞན་ནོ།། ཡང་ནི་སངས་རྒྱས ་ལྔ་དང་ལྷ་མོ་བཞི།། ཁྲོ་བོ་བཞིའི་བུམ་པ་རྣམས།། སོ་སོར་འཁྱིལ་པའི་གཅིག་དང་ནི།། གཟུགས་ཀྱི་རྡོ་རྗེ་སོགས་དྲུག་ལའང་།། མཚན་མ་ལྷན་པ་གཅིག་ཡིན་ནོ།། ཞེས་པས་བཅོ་ལྔའོ།། འགའ་ཞིག་གིས་བརྗོད་པའི་ཕྱོགས ་རྣམས་ལས་ཕྱོགས་གཞན་དུ་བརྗོད་པ་ནི་མི་རིགསོ།། དེ་ལྟར་འཛོམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་ཉི་ཤུ་དང་། བཅུ་དང་། དྲུག་དང་། གཉིས་དང་། གཅིག་དང་། བཅོ་ལྔ་སྟེ་བུམ་པའི་གྲངས་རྣམ་པར་བཞག་པའོ།། བསྡུས ་པའི་རིམ་པའི་དཀྱིལ་འཁོར་དུ་ལྟ་བ་གཉིས་པའི་ཕྱོགས་ལ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་གཅིག་གོ། ཡུམ་རྣམས་ཀྱི་གཅིག་གོ། གཟུགས་རྡོ་རྗེ་མ་ལ་སོགས་པ་བཞིའི་གཅིག་གོ།། བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་གཅིག ་ཁྲོ་བོ་བཅུའི་གཅིག་གོ་ཞེས་པ་ནི་ཁྱད་པར་རོ།། རང་ཕྱོགས་སྲས་གཉིས་དག་གི་གཅིག། ཁྲོ་དྲུག་བཙུན་མོ་རྣམས་ཀྱི་ཡང་།། ཕོ་བྲང་གནས་དང་སྒོ་སྐྱོང་དང་།། བགེགས་སྒྲའི་རེ་རེ་ཉི་ཤུའོ་ཞེས་ནི་ཁ་ཅིག་གོ།། ཁ་སྦྱོར་དུ་གསུང ་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་ཕྱོགས་གཉིས་པའི་ལྔ་པ་ལ་ནི། ཕོ་བྲང་ན་གནས་པ་རྣམས་ཀྱི་གཅིག་གོ། རིམ་པ་གཉིས་པར་གནས་པ་རྣམས་ཀྱི་གཅིག་གོ།། ཕྱོགས་ཀྱི་ལྷ་མོ་རྣམས་ཀྱི་གཅིག་གོ།། མཚམས་ཀྱི ་ལྷ་མོ་བརྒྱད་རྣམས་ཀྱི་གཅིག་གོ།། སྒོ་སྐྱེང་རྣམས་ཀྱི་གཅིག་གོ་ཞེས་པ་ནི་ཁྱད་པར་རོ།། དེ་བཞིན་གཤེགས་པ་དང་རིགས་ཀྱི་ཡུམ་དང་སྒོ་སྐྱོང་རྣམས་ཀྱི་བུམ་པ་སོ་སོར་རོ།། རིམ་པ་གཉིས་པར་གནས་པའི་ཕྱོགས་ཀྱི་ལྷ་མོ་རྣམས ་ཀྱི་གཅིག་གོ། མཚམས་ཀྱི་ལྷ་མོ་རྣམས་ཀྱི་གཅིག་གོ། རིམ་པ་གསུམ་པའི་ཕྱོགས་ཀྱི་གཡོན་ཕྱོགསུ་གནས་པ་རྣམས་ཀྱི་གཅིག་གོ། གཡས་ཕྱོགས་ན་གནས་པ་རྣམས་ཀྱི་གཅིག་གོ། མཚམ་སུ་གནས་པ་རྣམས་ཀྱི་གཅིག། ་དེའི་ཕྱི་རོལ་དུ་མཚམ་སུ་གནས་པ་རྣམས་ཀྱི་གཅིག་གོ། ལས་ཐམས་ཅད་པའི་ཅོག་སྟེ་དེ་ལྟར་ཉི་ཤུ་ཞེས་པ་ནི་ཁ་གཅིག་གོ། བདེ་མཆོག་གི་དཀྱིལ་འཁོར་ལ་ནི་འཁོར་ལོ་ལྔ་ལ་སོ་སོར་རེ་རེ་སྟེ་ལྔའོ།། ཡང་ན་ཕོ་བྲང་དུ་གནས ་པ་རྣམས་ཁོ་ནའི་ལྔའོ།། ཡང་ན་འདི་རྣམས་ཀྱི་ལྔ་དང་། འཁོར་ལོ་བཞིའི་བཞི་སྟེ་དགུའོ།། ཡང་ན་དབུས་ཀྱི་ཕོ་བྲང་དང་དམ་ཚི་གི་འཁོར་ལོ་ལ་གནས་པ་རྣམས་ཀྱི་བཅུ་གསུམ་མོ།། ཐུགས་ཀྱི ་འཁོར་ལོར་ཕྱོགསུ་གནས་པ་རྣམས་ཀྱི་གཅིག་དང་། མཚམས་སུ་གནས་པ་རྣམས་ཀྱི་གཅིག་གོ།། དེ་བཞིན་དུ་གསུང་གི་འཁོར་ལོ་དང་སྐུའི་འཁོར་ལོར་ཡང་སྟེ་བཅུ་དགུའོ།། ཕྱོགས་འདི་རྣམསུ་ལྷ་སོ་སོའི་དགོད ་པ་ལས་ཀྱང་དུམ་སྐྱེས་མ་ལས་ཐམས་ཅད་པའི་ལྷག་པར་དགོད་དོ།། འདིའི་རྗེས་སུ་འབྲང་བས་དཀྱིལ་འཁོར་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་བུམ་པའི་གྲངས་རིག་པར་བྱའོ།། དེ་ལ་གཙོ་བོ་ཡིན་པའི་ཕྱིར་དང ་བྱ་བ་མང་པོའི་ཕྱིར་རྣམ་པར་རྒྱལ་བའི་སྟེང་དུ་ཇི་ལྟར་རྙེད་པའི་བདུད་རྩི་ལྷ་དང་། དྲི་བཟངས་ཀྱི་ཆུ་ཨོཾ་བཛྲ་ཨ་མྲྀ་ཏོ་ད་ཀ་ཐཿཧཱུཾ་ཞེས་བྱ་བ་དང་། ཡི་གེ་གསུམ་གྱི་ལན་བདུན་བསྔགས་པས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི ་རྡོརྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དང་ལྡན་པའི་དུང་ཆེས་སམ་པདྨའི་སྣོདང་ཧཱུཾ་གིས་སྔགས་པ་དང་། མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་བཞག་ནས། ནང་དུ་ཨོཾ་ཏ་པ་ཏེ་མ་ཧཱ་ཏ་པ་ཏེ་སྭཱ་ཧཱ་ཞེས་བྱ་བས་དྲངས་པའི་ལྷའི ་གངྒཱའི་ཆུའི་ངོ་བོའི་ཚུལ་ལྔའི་འཁོར་ལོ་གདུན་དང་བཅས་པ་སྣང་ཅིག་གིས་བསམས་ལ་མདུན་དུ་སྙིང་གཱའི་ས་ཛིན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ། ཞབས་བསིལ་དང་ཞོལ་བསིལ་དང་། མཆོད ་ཡོན་ཕུལ་ལ་དེ་ནས་དེ་དམ་ཆོག་གོ་འཁོར་ལོ་ལ་བཅུག་ནས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་བྱང་ཆུབ་སེམས་ཀྱི་ངོ་བོར་སྔར་བླུགས་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ།། མཚན་མ་ལ་ཡང་དམ་ཚིག་གི་ལྷ ་ཡེ་ཤེས་ཀྱི་ལྷ་དང་གཅིག་ཏུ་གྱུར་པར་བསམ་མོ།། དེ་ནས་ཧཱུཾ་བརྗོད་ཅིང་རྡོ་རྗེ་དང་འབྲེལ་པའི་མེ་ཏོག་གི་ཕྲེང་བའི་མཐར་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ། འཁོར་ལོའི་གཙོ་བོའི་སྙིང་པོའི་སྔགས་སམ། ཨོཾ་བཛྲ་ད་ཀ་ཧཱུཾ ་ཞེས་བྱ་བའི་ཚུལ་བརྒྱ་རྩ་བརྒྱད་བསྔགས་ནས་དེར་འཁྱིལ་པ་བཟླས་པའི་མེ་ཏོག་དཀར་པོ་གསུམ་གཞུག་པར་བྱའོ།། བུམ་པ་གཞན་ལྷ་གང་དང་གང་གི་ཡིན་པ་དེ་ནི་དེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་གམ ་བདུན་དུ་བཟླས་ཏེ་སྟེང་གི་རྡོ་རྗེ་མེ་ཏོག་གི་ཕྲེང་བའི་མཐོར་དེ་ལྟར་བཟུང་ནས་སོ།། དེ་བཞིན་དུ་མེ་ཏོག་ཀྱང་གཞུག་པར་བྱའོ།། དེ་ནས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་ལ་མེ་ཏོག་ལ་སོགས་པས་ཡང་དག་པར ་མཆོད་ལ། བསྲུང་བའི་དོན་དུ་ལས་ཐམས་ཅད་པའི་བུམ་པའི་ཆུས་དེའི་ཡལ་འདབ་ཉིད་ཀྱི་བསངས་ཏེ། འདིར་ཇི་སྲིད་དུ་དཀྱིལ་འཁོར་གྱི་བྱ་བ་རྣམས་མ་རྫོགས་པ་དེ་སྲིད་དུ་བགེགས་རྣམས་བཟློགས་པར་མཛོད་ཅིག་ཅེས ་བརྗོད་ཅིང་གཏོར་མ་བྱིན་ནས་ཉེ་བར་རེག་སྟེ་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པཱི་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱའོ།། བདག་ཉིད་དང་སློབ་མ་རྣམས་ལ་ཡང་བསང་གཏོར་བྱ་བའི་དོན་དུ་བུམ་པ་དེ་རྣམས་ལས་ཆུ ་ཉུང་ཟད་བླངས་ལ་དཀྱིལ་འཁོར་ཁང་པའི་ཤར་སྒོའི་བྱང་གི་ཆར་མན་འཇི་ལ་གནས་པའི་དུང་ཆོས་ལ་སོགས་པར་གཞག་གོ། གཞན་དུ་ནི་ལས་ཐམས་ཅད་པའི་བུམ་པ་ཉིད་ཀུ་ཤའི་ཆུན་པོ་དང་ལྡན་པ་དེའི་དོན ་དུ་དེར་གཞག་པར་བྱའོ་ཞེས་སོ།། བུམ་པ་རྣམས་ལ་མངོན་པར་སྔགས་པ་དང་། མཆོད་པ་ལ་སོགས་པ་ཉི་མ་སོ་སོར་ཐུན་གསུམ་མམ་གཅིག་ཏུ་བྱའོ།། འཁོར་ལོའི་གཙོ་བོ་ལ་སོགས་པའི་སྔགས་ནི་སྒྲུབ་ཐབས་ལ་སོགས་པ་རྣམས་ཀྱི ་ནང་དུ་ཤེས་པར་བྱའོ།། སླར་མདོར་བསྡུས་པ་ནི་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ཕལ་ཆེར་གྲགས་པའི་ཕྱིར་ཁ་ཅིག་བརྗོད་པར་བྱ་སྟེ། དེ་ལ་འཇམ་པའི་རྡོ་རྗེ་དཀྱིལ་འཁོར་ལ་གཙོ་བོ་མི་བསྐྱོད་པ་དང་ལྷན་ཅིག་དབྱེར་མེད་པའོ།། ་ཨོཾ་ཨཱཿམེ་ཧཱུཾ། རྣམ་པར་སྣང་མཛད་ཀྱི་ཨོཾ་ཨཱཿཛཱཾ་ནཱ་ཛིཀ་ཧཱུཾ། རིན་ཆེན་འབྱུང་ལྡན་གྱི་ཨོཾ་ཨཱཿརཏྣ་དྷྲྀཀ་ཧཱུཾ། སྣང་བ་མཐའ་ཡས་ཀྱི་ཨོཾ་ཨཱ.་རོ་ལིག་ཧཱུཾ། དོན་ཡོད་གྲུབ་པའི་ཨོཾ་ཨཱཿཔྲཱཛྙཱ་དྷྲིག་ཧཱུཾ། སྤྱན་མའི་ཨཾ ་ཨཱཿམོ་ཧཱ་རཱ་དྷི་ཧཱུཾ། མཱ་མེ་ཀཱིའི་ཨོཾ་ཨཱཿདྭེ་ཥཱ་ར་ཏི་ཧཱུཾ། གོས་དཀར་མེའི་ཨོཾ་ཨཱཿརཱ་ག་ར་ཏཾ་ཧཱུཾ། ལྀ་མའི་ཨོཾ་ཨཱཿབཛྲ་ར་ཏཱི་ཧཱུཾ། གཟུགས་རྡོ་རྗེ་མཱའི་ཨཱ་ཨཱ། རུ་པཱ་བཛྲི་ཛ་ཧཱུཾ། སྠ་རྡོ་རྗེ་མའི་ཨོཾ་ཨཱཿཤབྡ་བཛྲཱ ་ཧཱུཾ་ཧཱུ~ཾ། དྲི་རྡོ་རྗེ་མོའི་ཨོཾ་ཨཱཿགནྡྷེ་བཛྲེ་བ་ཧཱུཾ། རོ་རྗེ་རྗེ་མེའི་ཨཾ་ཨཱཿར་ས་བཛྲ་ཧོ་ཧཱུཾ། རེག་བྱ་རྡོ་རྗེ་མའི་ཨཾ་ཨཱཿཔ་ར་ཤ་བཛྲེ། ཁཾ་ཧཱུཾ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའི་ཨཾ་ཨཱཿདྷརྨ་དྷཱ་ཏུ་བཛྲ་རཾ་ཧཱུཾ། གཤིན་རྗེ་གཤེད ་ཀྱི་ཨོཾ་ཨཱཿཡ་མཱནྟ་ཀྲཱིཏ་ཧཱུཾ། ཤེས་རབ་མཐར་བྱེད་ཀྱི་ཨོཾ་ཨཱཿཔྲཛྙཱནྟ་ཀཱིཏ་ཧཱུཾ། པདྨ་མཐའ་བྱེད་ཀྱི་ཨོཾ་ཨཱཿཔདྨ་ན་ཏ་ཀྲིཏ་ཧཱུཾ། བདུད་རྩི་འཁྱིལ་པའི་ཨོཾ་ཨཱཿབིགྷྣཱནྟ་ཀྲིཏ་ཧཱུཾ། གང་གི་ཚེ་འཇམ་པའི་རྡོ་རྗེ་དང་དབྱེར་མེད་པའི ་བསྐྱེད་པས་འཁོར་ལོའི་གཙོ་བོ་བྱེད་པ་དེའི་ཚེ་དེའི། ཨོཾ་ཨཱཿབཛྲཾ་དྷྲིག་ཧཱུཾ་ངོ་།། བསྡུས་པའི་རིམ་པའི་དཀྱིལ་འཁོར་ལ་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་སྔར་བརྗེད་པ་ཉིད་དོ།། བྱམས་པ་ལ་སོགས་པ་རྣམས་ཀྱི ་ཨཾ་ཨཱཿམཻ་ཏྲི་ཡ་མེ་ཧཱུཾ། ཨཾ་ཨཱཿཀྵི་ཏི་གརྦྷ་བྷྲྀ་ཧཱུཾ། ཨོཾ་ཨཱཿབཛྲེ་པཱ་ནཽ་ཨཽ་ཧཱུཾ། ཨཻ་ཨཱཿཁ་གརྦྷ་ཨཽ་ཧཱུཾ། ཨོཾ་ཨཱཿལོ་ཀེ་ཤྭ་ར་ཨོཾ་ཧཱུཾ། ཨོཾ་ཨཱཿམཉྫུ་གྷོ་ཥ་ཧཱུཾ་ཧཱུཾ། ཨོཾ་ཨཱ~ཾཿསརྦ་ནི་བ་ར་ཎ་བྷི་སྐཾ་བྷི་ན་ཨཾ་ཧཱུཾ། ་ཨོཾ་ཨཱཿས་མནྟ་བྷཱུ་དྲཱ་སཾ་ནྡུ། ཨོཾ་ཨཱམི་ནཱུ་ཧཱུཾ་\ུ0f7fཙཱ་དྷརྫྫ་མེ་ས་ནཱི་ས་ངཛྫི་དྷཱ་ནྟཾ། ཨོཾ་ཨཱཿམ་ཧཱ་བ་ལིཾ་ཧཱུཾ་ཧཱུཾ། ཨོཾ་ཨཱཿུཥྞཱི་ཥ་ཧཱུཾ་ཧཱུཾ། ཨོཾ་ཨཱཿསུམྦྷོ་ཙྪིཌྷྭེགང་གི་ཚེ་མི་བསྐྱོད་པ་དང་དབྱེར་མེད་པའི ་སེམས་དཔའ་འཁོར་ལོའི་གཙོ་བོ་བྱེད་པའི་ཚེ། འདིར་ཨོཾ་ཨཱཿཧཱུཾ་ཧཱུཾ་ཞེས་པ་སྔགསོ།། ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལོ་ནི། ཨོཾ་ཨཱཿབཛྲི་མྲྀ་ཏཾ་མ་ཧཱ་སུ་ཁ་ཧཱུཾ་སྭཱ་ཧཱ། ཞེས་པ་ནི་འཁོར་ལོའོ། ་གཙོ་བོ་རྡོ་རྗེ་སེམས་དཔའི་སྙིང་པའི་སྔགསོ།། ཨོཾ་ཨཱཿབཛྲ་བྷནྣི་ས~ཾཧ~ཾ་སྭཱ་ཧཱ། ཞེས་པ་རྡོ་རྗེ་དྲིལ་བུ་མའི་སྔགས་ཏེ་ལས་ཐམས་ཅད་པའོ།། སྔགས་གཞན་རྣམས་ནི་རྒྱུ་ཉིད་དུ་ཕྱོགས་གཅིག་ཏུ་གསུང་སོ།། འཁོར་ལོ ་སྡོམ་པའི་དཀྱིལ་འཁོར་དུ་གཙོ་བོའོ།། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་ར་སྭཱ་ཧཱ་ཞེས་པ་ནི་སྙིང་པོའོ།། ཨོཾ་ཁཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ནི་དུམ་སྐྱེས་མའི་སྔགས་ཏེ་ལས་ཐམས་ཅད་པའོ།། ་དཀྱིལ་འཁོར་པ་གཞན་རྣམས་ཀྱི་སྔགས་རྣམས་ནི་བདེ་མཆོག་གི་མངོན་པར་རྟོགས་པར་ཁཾ་བོས་གདམས་ངག་དང་བཅས་པ་བྲིསོ།། ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་ནི་འཁོར་ལོའི་གཙོ་དྲོའི་ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ ་ནི་སྙིང་པོའོ།། ཨོཾ་ཨོཾ་སྭཱ་ཧཱ་ཞེས་པ་འམ། ཨོཾ་ཨཱཿབཛྲ་གྷསྨ་རི་ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པ་ཟ་ཕོང་མའི་སྔགས་ཏེ་ལས་ཐམས་ཅད་པའོ།། སྔགས་གཞན་རྣམས་ནི་ཁ་སྦྱོར་དུ་བསྡུས་སོ།། དེ་ཁོ་ན་ཉིད་བསྡུས་པར་གསུངས་པའི་རྡོ ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་ནི་འཁོར་ལོའི་གཙོ་བོའི་ཨོཾ་སརྦ་ཏཱ་ཐཱ་པ་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུཾ་ཞེས་པ་ནི་སྙིང་པོའོ།། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཏེ་ལས་ཐམས་ཅད་པའོ།། གཞན་ནི་དེ་ཁོ་ན་ཉིད་བསྡུས་པའི ་རྒྱུད་དུ་ཡང་དག་པར་བསྡུསོ།། འདིར་དཀྱིལ་འཁོར་ལ་སོགས་པའི་ལས་ལྔ་ཉེ་བར་མཁོ་བའི་ཕྱིར། དང་པོར་རྡུལ་ཚོན་དཀར་བ་ལ་སོགས་པ་པདྨ་འདབ་མི་བརྒྱད་པ་བྲིས་པའི་ལྟེ་བར་རྣམ་རྒྱལ་གྱི་བུམ་པ་འམ། ལས་ཐམས ་ཙིད་པིའི་བུམ་པ་གཞག་གོ།། ཤར་གྱི་འདབ་མ་ལ་འཆད་པར་འགྱུར་བའི་ཚོགས་ལྷག་གནོས་བྱས་པའི་ཚོན་སྣ་ལྔའི་ཐིག་སྐུད་གནས་པའི་སྣོད་དོ།། ལྷོར་རྡོ་རྗེའོ།། བྱང་དུ་རྡོ་རྗེ་དྲིལ་བུའོ།། ནུབ་དང་མཚམས་ཀྱི་འདབ་མ ་རྣམས་ལ་ནི་ཇི་ལྟར་རིགས་པའི་རྡུལ་ཚོན་ལྔའི་སྣོད་རྣམས་སོ།། བུམ་པ་དེའི་ཆུས་འཁྱིལ་པའི་སྔགས་སམ། ཨོཾ་ཨ་ཨཱ་ཨཾ་ཨཿཞེས་པ་བརྗོད་ཅིང་ཚོན་དང་ཡིག་ལ་གསང་གཏོར་བྱའོ།། བུམ་པ་ལྷག་པར་གནས་པའི་ཆོ་གའོ།། དེ ་ནས་དཀྱིལ་འཁོར་གྱི་ས་གཞི་དྲི་བཟང་པོ་ལ་སོགས་པས་བྱུག་ཅིང་མེ་ཏོག་གི་གཅལ་བཀྲམ་སྟེ། དེར་ནུབ་དུ་ཕྱོགས་པས་བདུད་རྩི་ལྔ་དང་བཅས་པ་དྲི་བཟངས་པོས་ཇི་ལྟར་འབྱུང་བའི་བདག་པོ་ལྔའི་ལེའུ་ཚེ་རྣམསུ་མཎྜལ་གྲུ་བཞི་པ་དང ་ལྔ། གཞན་རྣམས་ལ་ཟླུམ་པར་བྱས་ལ། མཎྜལ་དེ་རྣམསུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་སྤྱན་དྲངས་པའི་འཁོར་ལོའི་གཙོ་བོ་ལ་སོགས་པའི་ལྷའི་དཀྱིལ་འཁོར་ཇི་ལྟར་རིགས་པར་པདྨ་ལ་གནས་པའི་ཟླ་བ་འམ་ཉི་མ་རྣམས ་ལ་བཀོད་ནས། ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བའི་མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་བྱ་སྟེ། པུས་མོ་གཡས་པ་ས་ལ་བཙུགས་ཤིང་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་བྱས་པར་ཧཱུཾ་བཀོད་དེ། ལག་པ ་ཡས་པར་སྤོས་ཕོར་ཐོགས་ཏེ། གཡོན་པས་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་། བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག། རིག་པའི་རྒྱལ་པོ་ཁྱོད་ལ་འདུད།། སློབ་མ་རྣམས་ལ་བརྩེ་ཕྱིར་དོང་།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། མགོན་པོ ་ཐུགས་རྗེའི་བདག་ཉིད་ཅན།། དཀྱིལ་འཁོར་འདྲི་བར་བདག་འཚལ་ལོ།། དེ་ཕྱིར་བཅོམ་ལྡན་བདག་གུས་ལ།། བཀའ་དྲིན་གནོད་པར་མཛད་པར་རིགས།། སངས་རྒྱས་འགྲོ་འཁོར་བྱ་དོན་བསྩོལ།། བྱང་ཆུབ་སེམས་དཔའ་འབྲས ་གནས་དང་།། གཞན་ཡང་གང་དག་གསང་སྔགས་ལྷ།། ལྷ་དང་འཇིག་རྟེན་སྐྱོང་བ་དང་།། འབྱུང་པོ་བྱང་ཆུབ་བསྟན་གནས་དང་།། སེམས་ཅན་བསྟན་ལ་མངོན་དགའ་བ།། གང་སུ་རྡོ་རྗེའི་སྤྱན་མངའ་རྣམས།། བདག ་ལ་ཡང་དག་དགོངསུ་གསོལ།། བདག་ནི་ཆེ་གེ་རྡོ་རྗེ་ཅན།། ཆེ་ག་འབྱུང་བའི་དཀྱིལ་འཁོར་ནི།། ཇི་ལྟར་ནུས་པའི་ཉེར་སྤྱོད་པས།། འགྲོ་བ་སྦྱང་ཕྱིར་བྲི་བར་བྱ།། དེ་ཕྱིར་བདག་དང་སློབ་མ་ལ།། རྗེསུ་བརྩེ་བས་ཉེར་བཟུང་ནས།། དཀྱིལ་འཁོར་དང ་བཅས་ཐམས་ཅད་ནི།། ཉེ་བར་བྱིན་པར་མཛད་པར་རིགས།། ཞེས་དོན་སྔོན་དུ་བྱེད་ཅིང་།། ལན་གསུམ་དུ་བརྗོད་པས་གསོལ་བ་གདབ་པར་བྱའོ།། འགྲོ་འཁོར་བྱ་དོན་སྩོལ་ནི་འགྲོ་བ་ལ་དཀྱིལ་འཁོར་གྱི་བྱ་བ་རྣམས་ཀྱི་དོན་རབ་ཏུ་སྩོལ ་བའོ།། སེམས་ཅན་ནི་མི་ལ་སོགས་པའོ།། རྡོ་རྗེའི་སྤྱན་ནི་ལྷའི་མིག་གོ།། ལྷ་ལྷག་པར་གནས་པའི་ཆོ་གའོ།། ། དེ་ནས་དམ་ཚིག་ཉམས་པར་དོགས་པ་ཡིས།། སློབ་མ་མིན ་པ་གཞུག་མི་བྱ། ཞེས་གསུངས་པའི་ཕྱིར། ཤར་སྒོར་འདུག་སྟེ་འཆད་པར་འགྱུར་བའི་སྡོམ་པ་གཉིས་སྦྱིན་པ་སྔོན་དུ་འགྲོ་བའི་ལྷག་པར་གནས་པའི་ཚོགས་སམ། སློབ་དཔོན་གྱི་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བའི་ལྷག་པར་གནས ་པའི་ཆོ་གས། སྔར་རང་ཉིད་ཀྱིས་དབང་མ་བྱིན་པའི་གདུལ་བྱ་སྒོའི་སློབ་དཔོན་དུ་འོས་པ་རྣམས་ལ་ལྷག་པར་གནས་པ་བྱའོ།། དེ་དག་ཀྱང་བཞི་དང་། མེད་ན་གཉིས་སམ། གསུམ་མམ། ཐོ་ན་གཅིག་གིས་ཀྱང་བྱ་བར་འདོད་དོ།། དེ ་རྣམས་ལས་གཞན་དེ་ལྟར་བྱས་པའི་སློབ་མ་ལྔ་པ་ནི་ལས་ཀྱི་རྡོ་རྗེར་བྱའོ།། ཞེས་རྒྱུད་གཞན་དུ་འདོད་དེ། མེད་ན་རྣམས་ཉིད་དོ།། དེ་ལྟར་སློབ་མ་ལྷག་པར་གནས་པ་ཙམ་བྱས་ལ་ལྷག་པར་གནས་པའི་དོན་དུ་ལྷའི་དཀྱིལ་འཁོར་བཀོད་པ ་རྣམས་མཆོད་དོ།། ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་དཀྱིལ་འཁོར་གྱི་ས་གཞིའི་སྟེང་དུ་ན་མཁའ་ལ་བཀོད་ནས། ཤར་དུ་ཕྱོགས་ཏེ་རྡོ་རྗེ་འཆང་གི་རྣལ་འབྱོར་རིམ་དཀྱིལ་འཁོར་གྱི་གཙོ་བོའི་རྣལ་འབྱོར་དང་ལྡན་ཞིང་མཚན་མ ་ཐོབ་པས། གཞོན་ནུ་མ་ཉམས་པས་བཀལ་བ་འམ། དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་ལྔ་པ་ལྔ་སྣོད་ལྔར་གནས་པ་རྣམས་དྲི་ཞིམ་པོའོ།། ཚོན་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོ་རྣམས་ཡུངས ་ཀླར་གྱི་ཕྱེ་མ་དང་། བདུད་རྩི་ལྔ་དང་བསྲེས་པ་རྣམས་ཀྱིས་སོ་སོར་ཁ་བསྒྱུར་ཏེ། གཡོན་པའི་ལག་མཐིལ་དུ་སོར་མོའི་རྩེ་མོ་ནས་བརྩམས་ཏེ། མཐེ་བོའི་རྩེ་བའི་བར་དུ་བཀོད་ལ། བྲུཾ་ཨཱཾ་ཧྲཱིཿཁཾ་ཧཱུཾ་ཡི་གེ་རྣམས་སམ། བྲུཾ་ཨཾ ་དྷཱི་ཁཾ་ཧཱུཾ་ཡི་གེ་རྣམས་སམ། ཨོཾ་སྭཱ་ཨཱཿཧཱ་ཧཱུཾ་རྣམས་སམ། རྒྱུད་ཇི་ལྟ་བྱོར་བསྐྱེད་པའི་དེ་བཞིན་ག་ཤེགས་པ་ལྔའི་ངོ་བོར་གྱུར་པར་བསྒོམས་ནས་ན་མཁའ་ལ་བཞུགསུ་གསོལ་བའི་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ ་བསྡུས་པར་གྱུར་པའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར་བུཾ་ལ་སོགས་པོ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྐུད་པ་འོད་ཟེར་གྱི་རང་བཞིན་བལྟས་ལ། ཨོཾ་ཨཱཿཤཱ་ཤྭ་ཏ་བཛྲ་སུ་ཊཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ན་ཡ་ཧཱུཾ་ཞེས ་པས་རྣམ་པར་སྣང་མཛད་དང་མིང་བསྒྱུར་ནས་རིན་ཆེན་འབྱུང་ལྡན་ལ་སོགས་པ་རྣམས་ལ་ཡང་གསོལ་བ་གདབ་པར་བྱའོ།། མིག་གཉིས་རྔ་ལས་བསྐྱེད་པའི་ཟླ་བ་དང་ཉི་མ་སེར་པོའི་རང་བཞིན་དུ་བྱ་སྟེ། ཨོཾ་དཱིཔྟ ་དིཥྚ་ཨཾ་ཀུ་ཤ་ཛཿཞེས་བརྗོད་ནས། མིག་རབ་ཏུ་མྱུར་དུ་བསྒྲིལ་ཞིང་མིག་གི་རྫི་མ་འདེབས་ཤིང་རྡེབས་པ། འབར་བའི་ལྷ་སྟངས་ལྕགས་ཀྱུ་ལྔ་བུས་རྣམ་པར་སྣང་མཛད་ལ་སོགས་པ་བསྐུལ་བ་དེ་རྣམས་བཀུག་ལ་རང་རང་གི་ཁ་དོག་ཅན་གྱི ་ཐིག་སྐུད་ལག་པ་ན་གནས་པ་རྣམས་ལ་བསྟིམ་མོ།། དེ་ཉིད་ཀྱི་ཕྱིར་དེ་རྣམས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ནོ།། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ནོ།། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས ་རྣམས་ནི་རེ་རེ་ཞིང་ཡེ་ཤེས་བཞི་རྗེས་སུ་འགྲོ་བའི་ཕྱིར་དང་ས་བོན་རེ་རེ་ལས་དེ་བཞིན་གཤེགས་པ་ལྔ་སྤྲོ་ཞིང་སྡུད་པའི་ཕྱིར་ན་ཉི་ཤུ་རྩ་ལྔར་ཕྱེ་བ་ཡིན་ནོ།། ཡེ་ཤེས་རེ་རེ་ཞིང་ལྷ་ཉི་ཤུའི་དཀྱིལ་འཁོར་གྱི་བདག་ཉིད་ཡིན་པས་རྣམ་པ ་བརྒྱར་ཕྱེ་བ་ཡིན་ནོ།། ཞེས་ཁ་ཙོག་ཏུ་གསུངས་སོ།། དེ་ནས་རྣམ་པར་སྣང་མཛད་ཀྱི་གཟུགས་སམ། བདུད་རྩི་འཁྱིལ་པོ་ལ་སོགས་པ་ལས་ཐམས་ཅད་པའི་གཟུགས་ཀྱི་སློབ་མ་ཐིག་སྐུད་འཛིན་པ་དང་ལྷན་ཅིག་ཏུ་ཨོཾ་ཨཱཿ་ནྱོ ་ནུ་ནུ་ག་ཏོཿསརྦ་དྷརྨཿཔར་སྥ་ར་ཨ་ཊ་པྲ་\ུ0f7fསན.་དྱན་ཏཱ་ནརྀ་བྲྀ་བིཥྚ་སརྦ་དྷརྨཱ་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་དང་པོར་སྐུད་པ་ལྔ་ལྔས་ཐིག་སྐུད་རེ་རེ་བྱའོ།། དེ་ནས་དེ་ལྟར་བསྒྲིལ་བའི་ལྔ་རྣམས་ཀྱིས་ཐིག་སྐུད་གཅིག་ཏུ ་བསྣོལ་བའི་ཐིག་སྐུང་སློབ་དཔོན་དང་སློང་མའི་ལག་པ་གཡོན་པའི་མཛུབ་མོ་ནས་བརྩམས་ནས་སེར་མ་བཞིའི་དབུས་སུ་བཅུག་ཅིང་རྒྱང་ནས་དྲངས་ཏེ་སླར་ཡང་བཅུག་ཅིང་དྲངས་ནས། དེ་དག་རྡོ་རྗེ་ཁུ་ཚུར་དུ་བྱས་པ་ཉིད་དག་གིས་མཛུབ ་མོའི་རྒྱུབ་ཀྱིས་ས་ལྀ་སྦྱར་ཏེ། མནན་པའི་བར་ལྷག་པ་མ་རྟོགས་པ་ཇི་སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་དུ་རིང་བ་དང་། སྦོམསུ་ནས་ཀྱི་ཉི་ཤུ་ཆས་ལྷག་པའི་སློབ་དཔོན་གྱི་ནས་ཀྱི་ཚད་དུ་འགྱུར་བའི་དེ་ལྟར་བྱའོ།། ནས་བདུན་གྱིས ་སོར་གྱི་ཚིགས་གཅིག་ཅེས་མངོན་པ་ནས་བཤད་དོ།། སྦོམསུ་འཁོར་ལོའི་བརྒྱད་ཆའི་ཉི་ཤུ་ཆར་བཤད་པ་ནི་སོར་ཉི་ཤུ་རྩ་བཞིའི་བདག་ཉིད་ཁྲུ་གང་བའི་དཀྱིལ་འཁོར་ཁོ་ནའི་ཡིན་ནོ།། ཁྲུ་གཉིས་པ་ལ་སོགས་པའི་དཀྱིལ་འཁོར ་གྱི་ཚད་ཀྱང་དེས་མཚོན་ནས་རིག་པར་བྱའོ།། ཀུན་དགའ་སྙིང་པོ་ལ་སོགས་པ་ནི་ཁྲུ་དྲུག་པའི་དཀྱིལ་འཁོར་དུ་ཐིག་སྐུད་སྦོམསུ་མཐེའུ་ཆུང་གི་ཚད་དུ་བྱ་ཞིང་གཞན་རྗེ་སུ་འཐུན་པར་བྱའོ་ཞེས།། བསྒྲིལ་བའི་རྗེས་ལ་སྔར་གྱི་ས་གཞིར ་དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་གཙང་མར་དྲིའི་ཆུ་དང་། བདུད་རྩི་ལྔ་དང་། བའི་རྣམ་ལྔས་སྤངས་ཤིང་ཡི་གེ་གསུམ་ནང་དུ་ཆུད་པ་གཞག་ལ། དྲི་དང་མེ་ཏོག་དང་། སྤོས་རྣམས་ཀྱིས་མཆོད་དེ། ལག་པ་རེག་ཅིང་འཁྱིལ ་པ་བཟླས་པས་བསྲུང་བར་བྱའོ།། དེ་ནས་གཡས་པ་དང་ཅིག་ཤོས་ཀྱི་མིག་དག་ལ་མ་དང་ཊའི་ཡི་གེ་དག་ལས་ཉི་མ་དང་ཟླ་བ་དག་བལྟས་ཏེ། སྔར་བཞིན་བཛྲ་དྲིཥྚ་མ་ཊ་ཞེས་པས་བརྟན་པར་བྱས་ལ། ལས་ཐམས་ཅད་པ་བཟླས་པའི ་བདུད་རྩིའི་ཆུ་དང་། ཡུངས་ཀར་དང་དྲིའི་ཆུས་གཏོར་ཏེ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པ་རེག་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་པ་འདི་བཟླས་ནས། ཡི་གེ་གསུམ་གྱིས་བརྒྱ་རྩ་བརྒྱད་དུ ་བཟླས་པས་ལྷག་པར་གནས་པར་བྱའོ།། ཡང་དཀྱིལ་འཁོར་གྱི་སཱ་ལ། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱི་བུམ་པ་ཐམས་ཅད་ཀྱི་ཆུས་བསང་གཏོར་བྱས་པས་གཙང་མར་དྲིས་བྱུགས་ནས། ཕྱི་རོལ་ཏུ་མེ་ཏོག་གཅལ་དུ་བཀྲ ་ལ་ནམ་མཁའ་ལ་བྲི་བར་བྱ་བའི་དཀྱིལ་འཁོར་བཞུགས་པར་དམིགས་ཏེ། མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས་མཆོད་ཅིང་བསྟོད་ནས། རང་ཉིད་དེའི་རྣལ་འབྱོར་དང་ལྡན་པས་བསྒྲུབ་པའི་གྲོགས་པོ་རྣམ་པར་སྣང་མཛད་དམ ་དཀྱིལ་འཁོར་བའི་གཟུགསུ་བསམས་ནས། རང་དང་དེའི་གཡོན་པ་དང་། ཅིག་ཤོས་ཀྱི་མིག་དག་ལ་ཛ་ལས་སྐྱེས་པའི་ཉི་མ་དང་ཟླ་བ་འོད་ཟེར་སེར་པོ་ཅན་བསྒོམས་ཏེ། རྡོ་རྗེའི་རྐང་པས་ཐིག་སྐུ་དེ་རྡོ་རྗེའི་ཁུ་ཚུར་གཡོན་པས ་གཟུང་བ་ལྟེ་བར་གཟུང་ཞིང་། སྒྲུབ་པའི་གྲོགས་པོ་དེ་ལྟར་ཐིག་སྐུད་བཟུང་བ་ལཱཛྫཿཥྚྲྀཿཞེས་པའི་ཡི་གེ་ཛྫཿགསུམ་གྱིས་ཀྱང་བསྐུལོ།། སྒྲུབ་པའི་གྲོགས་པོས་ཀྱང་ཛྫཿཞེས་པའི་ཡི་གེ་ཛྫཿགསུམ་གྱིས ་དྲངས་ནས། དེ་ཁོ་ན་བཞིན་དུ་མངོན་དུ་ལྟ་ཞིང་གནས་པས་ནུབ་ཕྱོགསུ་གནས་ཏེ། ཤར་དུ་ཁ་བལྟས་པ་དང་། ལྷོར་གནས་ཏེ་བྱང་དུ་ཁ་བལྟས་པས། ཚངས་ཐིག་གཉིས་ལྟེ་བ་དང་མཉམ་པའི་བར་སྣང་ལ་བརྐྱང་ནས། ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོ་དང་མཛུབ་མོ་དག་གིས་ཐིག་སྐུད་བཟུང་བས་འདེབས་ཤིང་སེ་གོལ་གྱི་སྒྲ་བྱའོ།། ཐིག་གདབ་པ་ཐམས་ཅད་དུ་ཡང་། ཨོཾ་བཛྲ་ས་མ་ཡ་སྭཱ་ཏཱཾ་མཱ་ཏཱི་ཀྲ་མཱ་ཧཱུཾ། ཧཱུཾ་ཨོཾ་སྭཱ་ཨཱ་ཧཱ་ཞེས་བརྗོད་པར ་བྱའོ།། ཐིག་གི་སྐུ་དེས་ཀྱང་ན་མཁའ་ཀུན་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་བར་བྱའོ།། དེ་རྣམས་ཀྱང་བྱོན་ནས་ཐིག་སྐུང་རྣམས་ལ་ཐིམ་པར་བསྒོམ་མོ།། སྒྲ་འདིའི་དོན་ནི། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱིས། དུས ་ཡིན་དེ་ཕྱིར་འདིར་སྤྱོན་ཅིག་ཅེས་པའི་བརྡའོ།། ཐམས་ཅད་དུ་ཡང་སློབ་དཔོན་དང་སྒྲུབ་པའི་གྲོགས་པོ་གཡས་བསྐོར་དུ་འགྲོ་ཞིང་། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་མོས་པར་བྱའོ།། ནམ་མཁའི་ཐིག་གཉིས་བཞིན་དུ་ས་ལ་ཡང ་ཚངས་ཐིག་གཉིས་གཉིས་ཀའི་ལག་པ་ཐིག་སྐུད་དང་བཅས་པས་མཉམ་པོར་སྨད་པས་གདབ་པར་བྱའོ།། འོན་ཀྱང་དང་པོར་ཁྲུའི་ཚོད་ཀྱི་མཎྜལ་གྱི་དབུས་སུ་མཐོ་གང་གི་ཆོད་ཀྱི་ཤིང་བུ་བཀོད་པའི་སྒྲིབ་མ་འཇུག་པ་དང་། འབྱུང ་བའི་རྩེ་མོ་མཎྜལ་གྱི་རེ་ཁའི་དབུས་གང་དག་ཏུ་གནས་པ་དེ་གཉིསུ་ཐིག་ལེ་གཉིས་བྱས་པ་ནི་ནུབ་དང་ཤར་རོ།། དེའི་སྟེང་དུ་ཐིག་སྐུད་བཟུང་ནས་མཎྜལ་གཉིས་བྱས་པས་ཉར་འགྱུར་རོ།། དེ་ནས་དེའི་མགོ་དང་མཇུག་མའི་མཐར་ཐིག ་ལེ་བྱས་པ་ནི་ལྷོ་དང་བྱང་ངོ་།། དེའི་སྟེང་དུ་ཐིག་སྐུད་བཟུང་ནས་མཎྜལ་གཞན་གཉིས་བྱའོ།། ཕུབ་པའི་གནས་སུ་ནི་ཕྱོགས་རྣམསུ་ཐིག་ལེ་བཞི་བྱས་པའི་སྟོང་དུ་ཟླུམ་པོ་བཞི་བསྐོར་བྱའོ།། དེ་ནས་ཕྱོགས་རྣམསུ་ཉའི་མགོ ་མཇུག་དག་གི། དབུས་སུ་ཐིག་སྐུད་བཟུང་ནས། འོད་ཟེར་གྱི་ཕྲེང་བའི་བར་དུ་ཚངས་ཐིག་གཉིས་རྐང་པ་གཡོན་པ་སྐྱིལ་ཀྲུང་བྱེད་པར་བྱས་ནས་རྐང་པ་གཡས་པ་ས་ལ་བཙུགས་ཏེ། དེ་ལས་བཟློག་ནས་འདུག ་ཅིང་ཇི་ལྟར་རིགས་པར་རྒྱབ་ཀྱི་འགྲོ་བའི་སློབ་མ་དང་ལྷན་ཅིག་ཏུ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་བཟུང་ནས་གང་ན་མཁའ་ལ་ཐིག་གདབ་པའི་མོས་པས་གདོབ་པར་བྱའོ།། དེ་ལྟར་ཐིག་གདབ་པ་གཞན་རྣམས་ལ་ཡང་ངོ་།། ཐིག་འདེབས་པ་ན། ་མཚན་མ་མིན་པས་འགྲུབ་མི་འགྱུར།། ཐོག་སྐུད་ཆད་ན་བླ་མ་ཟད།། དམན་དང་ལྷག་པ་ལས་ནི་ནད།། ཕྱོགས་རྨོངས་ན་ནི་སློབ་མ་འཁྲུལ་ཞེས་ཤེས་པར་བྱས་ལ། བཅོས་པའི་ཆོ་ག་ཡང་བའོ།། གལ་ཏེ་ཐིག་ནི་གདབ་པ་ལ།། འགའ་ཡང་ནུས ་ལྡན་མ་གྱུར་ཅིང་།། དེ་བཞིན་གཡོག་པོ་དང་བྲལ་ན།། ཕུར་པ་ལ་བཅིངས་རང་ཉིད་གདབ།། མེའི་མཚམས་སུ་གནས་པས་རླུང་གི་མཚམས་ཀྱི་ཐིག་དང་།། བདེན་བྲལ་གྱི་མཚམ་སུ་གནོས་ཏེ་དབང་ལྡན་གྱི་མཚམས་ཀྱི་ཐིག་གོ།། འདི་གཉིས ་རེ་རེ་ཞིང་སྒོའི་ཚང་བཅུ་བདུན་ནོ།། དེ་ནས་མཎྜལ་ལྔ་དབྱིའོ།། ཚངས་ཐིག་ཁོ་ནུ་གདབ་པའི་དོན་དུ་ཐིག་སྲུང་དཀྱིལ་འཁོར་ཉིས་འགྱུར་དུ་རིང་བར་གསུངས་ལ། དཀྱིལ་འཁོར་ཡང་འདིར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཆུད་པའི་རྩ་བའི་དཀྱིལ ་འཁོར་འཁོར་དང་བཅས་པ་རྩ་བའི་ཐིག་ལས་ཕྱིར་ཆ་ཆུང་བརྒྱད་པའི་བར་དུ་སྟེ། ཆ་ཆུང་བཞི་བཅུ་རྩ་བརྒྱད་པའོ།། དེའི་ཕྱི་རོལ་དུ་ཆ་ཆུང་བཅུ་གཉིས་དང་། གཉིས་དང་གཉིས་དང་། གཉིས་དང་། བཞི་ཉིད་དེ། གོ་རིམས་བཞིན་དུ ་རྟ་བབས་དང་། ཆོས་ཀྱི་འཁོར་ལོ་དང་། རྭ་དང་པདྨའི་འདབ་མ་དང་། རྡོ་རྗེའི་ཕྲེང་བ་དང་། འོད་ཀྱི་ཕྲེང་བ་རྣམས་ཏེ། ལེགས་གཅིག་ལ་ནི་ཆ་ཆུང་ཉི་ཤུ་རྩ་བཞིའོ།། ལོགས་གཉིས་པར་ཡང་དེ་ལྟར་རོ།། དེ་བས་ཆ་ཆུང་བཞི་བཅུ་རྩ་བརྒྱད་དོ།། དེའི ་ཕྱིར་ཐིག་སྐུད་ཆ་ཆུང་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ།། དེའང་ཕྱོགས་མཉམ་པར་ཤེས་ནས་ནི།། དཀྱིལ་འཁོར་ལས་ནི་ཉིས་འགྱུར་སྲིད།། ཤར་དང་ནུབ་ཏུ་རིང་བ་ཡིས།། ཚངས་ཐིག་ཡང་དག་གདབ་པར་བྱ།། ཞེས་པ་དང་། གཞན་དུ་ཡང ་ངེས་པར་འདིར་ནི་དཀྱིལ་འཁོར་ལས། དཀྱིལ་འཁོར་ས་གཞི་ཉིས་འགྱུར་གཟུང་། དབང་པོ་ཆུ་ཡིས་ཕྱོགས་རིང་བའི།། ཐིག་ནི་ཆ། རྗེས་འགྲོ་གདབ།། ཅེས་གསུངས་སོ།། རྭ་དང་འོད་ཟེར་དག་ལ་ཆ་ཆུང་གཅིག་དང་གསུམ་ཉིད་དམ།། ཆ ་ཆུང་གཉིས་གཉིས་ཉིད་ན་ཐིག་སྐུད་ཆ་ཆུང་དགུ་བཅུ་རྩ་གཉིས་སུ་འགྱུར་ཏེ། དེའི་ཚེ་དཀྱིལ་འཁོར་གྱི་འོད་ཀྱི་མཐའ་ལས། ཐིག་སྨ་ཆ་ཆུང་བཞིས་ལྷག་པར་འགྱུར་རོ།། དེ་ནི་བཟུང་བའི་དོན་དུ་ཡིན་ནོ་ཞེ་ན། མི་རིགས་ཏེ། ཁྲུ་གང་ནས་ནི ་བརྩམས་ནས་ནི།། ཇི་སྲིད་ཁྲུ་ནི་སྟོང་གཱི་བཻར། ཞེས་གསུངས་པའི་ཕྱིར། རྩ་བའི་དཀྱིལ་འཁོར་ཁྱུ་སྟོང་ངའི་བརྒྱད་ཆའི་སྒོའི་བདི་ཆ་དང་བཅས་པའི་ཁྲུ་སུམ་ཅུ་རྩ་གཱཅིག་ཆ་ཆུང་ངུ་འགྱུར་ལ། དེ་བཞི་ཡིས་ནི་ཐིག་སྲུད་ཁྲུ་བཎྜི་ཉི་ཤུ་རྩ ་ལྔས་ལྷག་པར་འགྱུར་ཏེ། དེས་ཅི་ཞིག་བྱ། འདབ་མ་དང་རྡོ་རྗེ་ཕྲེང་བ་དག་ཆ་ཆུང་རེ་རེ་དག་ཀྱང་མི་རིག་སོ།། དེའི་ཕྱིར་རྣམ་པ་འདི་ལྟ་བུ་གཞན་ཡང་ངོ་།། ལོགས་ཀྱི་སྟེང་ན་རྟ་བབས་སྒོའི་སུམ་འགྱུར་གྱི་ཕྱོགས་ལ་འདིར་ལུང་དང་འགལ ་ཞེས་མང་པོ་རིག་པ་རྣམས་གསུང་ངོ་།། འདིར་ནི་ཁྲུ་གང་ལ་སོགས་པའི་ཚད་ཀྱི་འཁོར་ལོའི་ཕྱོགས་རྣམསུ་དེའི་ཚད་དུ་རྩ་བའི་ཐིག་བཞིས་ཡོངསུ་བཅད་པའོ།། དེའི་ཕྱིར་སློབ་དཔོན་མེ་མཚམ་སུ་གནས་ཏེ་བྱང ་དུ་ཁ་བལྟས་པས་ཤར་གྱི་རྩ་བའི་ཐིག་འཁོར་ལོའི་ཚད་དུ་གདབ་པར་བྱའོ།། རླུང་མཚམ་སུ་གནས་ཏེ་ལྷོར་ཁ་བལྟས་པས་ནུབ་ཏུའོ།། དེ་ཉིད་དུ་གནས་ཏེ་ཤར་དུ་ཁ་བལྟས་པས་བྱང་དུའོ།། སླར་མི་མཚམ་སུ་ཕྱི་ནས་ནུབ་ཏུ་ཁ ་བལྟས་ཏེ་ལྷོར་རོ།། དེ་ལྟར་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་ལས། དང་པོ་ཚངས་པའི་ཐིག་ཡིན་ཏེ།། གཉིས་པ་ཟུར་གྱི་ཐིག་ཡིན་ནོ།། གསུམ་པ་ལ་ནི་ངོས་བཞི་རུ།། ཐིག་བཞི་རབ་ཏུ་གདབ་པར་བྱ་ཞེས་གསུངས་སོ།། ཐིག་དེ ་གཅིག་གི་བརྒྱད་ཆ་ནི་སྒོ་ཡིན་ལ་སྒོའི་བཞི་ཆ་ནི་ཆ་ཆུང་གཅིག་གོ། དེ་ནས་ཚངས་པའི་ཐིག་གི་ངོས་གཡས་དང་གཡོན་དག་གི་ཆ་ཆུང་གཉིས་གཉིས་རྩ་བའི་ཐིག་ས་དང་བཅས་པ་དེ་ཆ་ཆུང་བཞི་པོ་སྟེ། དེར་གནས་པའི་ཚངས་ཐིག ་གིས་ངོས་གཉིས་ཀྱི་རྩ་བའི་ཐིག་ནི། ཧཱི་ཡིག་ཁྲོ་བོའི་བལྟས་པ་ཡིས།། དེ་ནས་སྒོ་ཡང་དབྱེ་བར་བྱ་ཞེས་གསུངས་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྐུས་གཡོན་པ་དང་ཅིག་ཤོས་ཀྱི་མིག་དག་ཡི་གེ་ཧཱུཾ་གིས་ཟླ་བ་དང་ཉི་མར་བསྐྱེད ་ནས་ཁྲོ་བོའི་བལྟ་བས་ཐམས་ཅད་དུ་བལྟ་ཞིང་། ཧཱི་ཧཱི་ཞེས་བརྗོད་ཅིང་། ཐར་པའི་སྒོའི་བགོག་སུ་གྱུར་པའི་སྒྲིབ་པ་དབྱི་བོར་བྱའོ།། ཞེས་ལྷག་པར་མོས་པས་དབྱི་བར་བྱའོ།། དེ་ནས་རྩ་བའི་ཐིག་ལས་ཕྱི་རོལ་ཏུ་རིམ་པ་བཞིན་དུ་ཆ ་ཆུང་གཅིག་དང་། གཉིས་དང་གཅིག་དང་གཉིས་དང་གཅིག་དང་། གཅིག་གི་བར་དོར་ལ། ཐིག་དྲུག་ནི་ཟུར་ཐིག་ལས་ལོག་སུ་འཐོན་པར་གདབ་པོ།། དེ་ལ་དང་པོ་གཉིས་མཚན་དང་།། སྟེགས་བུའི་ས་དག་གི་ཡིན་ཏེ། ཕན་ཚུན་རྩེ་མོར་རེག ་པ་ཆ་ཆུང་གཉིས་པའི་ཐིག་གཅིག་དང་ལྡན་ཞིང་། ཆ་ཆུང་གསུམ་གྱི་བར་ཚངས་ཐིག་ཡོངསུ་དོར་བར་གནས་པའོ།། གསུམ་ནི་རིན་པོ་ཆེའི་ཕ་གུ་དང་། དོ་ཤལ་དང་། རིན་པོ་ཆེའི་ཤར་བུ་རྣམས་ཀྱིས་ཏེ། ཆ་ཆུང་བརྒྱད་སྤངས་པར་རོ།། ་བཞི་པ་ནི་ཟུར་ཐིག་གཉིས་པའི་བར་དུའོ།། དེ་ནས་སྟེགས་བུའི་ཐིག་ལས་བྱུང་བའི་ཐིག་བཞི་སྟེ། དེ་ལ་གཅིག་ནི་ངར་སྦྱངས་ཀྱི་ས་ཡིན་ཏེ། ལོགས་ཀྱི་ཐིག་གསུམ་གྱི་རྩེ་མོ་ལ་རེག་པའོ།། དེའི་གློར་ཆ་ཆུང་རེ་རེ་དོར་བར་ཐིག་གསུམ་སྟེ།། ་རྟ་བབས་ཀྱི་ཀ་བ་དང་། བར་དང་། ཚོན་གྱི་སའོ།། བཞི་པོ་འདི་རྣམས་ལ་དང་པོ་གསུམ་ནི་སྲིད་དུ་ཆ་ཆུང་ལྔའོ།། བཞི་པ་ནི་ཆ་ཆུང་བཞིའོ།། འདིར་དཀྱིལ་འཁོར་དང་རྟ་བབས་ཀྱི་བར་གྱི་ས་ནི་མུན་པའི་སྣམ་བུ་དང་། ལོང་བའི་སྣམ་བུ་དང ་སྟོང་པའི་སྣམ་བུ་དང་། བར་སྣང་སྐབས་ཀྱི་སྣམ་བུ་ཞེས་བརྗོད་དོ།། དེ་ནས་ཚངས་པའི་ཐིག་གི་ལོགསུ་ཆ་ཆུང་གཉིས་སྤངས་པར་རྩ་བའི་ཐིག་ནས་སྒོ་ཁྱུད་ཆ་ཆུང་བཞི་པ་དྲང་པོར་འཐོན་ཏེ། ལོགསུ་འགྲམ་པ་ཆ་ཆུང་གཉིས་སོང་ནས། ་སྟེང་དུ་ལོགས་ཀྱི་ཆ་ཆུང་གཉིས་འཐོན་པའི་ཐིག་སྐྱོག་པོ་གཉིས་པ་གཅིག་གདབ་བོ།། དེའི་རྩེ་མོ་ནས་ལོགསུ་ཚངས་ཐིག་གི་ལོགས་གཉིས་པར་གནས་པ་དེ་ལྟ་བུའི་སྐྱོག་པོའི་རྩེ་མོའི་བར་དུ་སོང་བས། ཆ་ཆུང་བརྒྱད་པ་གདུང་མཚོན ་པར་བྱེད་པའི་ཐིག་གོ། དེ་བཞིན་དུ་དེའི་གློའི་ཐིག་གི་རྩེ་མོ་ནས་གཞན་དེའི་གློའི་ཐིག་གི་རྩེ་མོའི་བར་དུ་ཆ་ཆུང་བཅུ་པའི་ཐིག་གཅིག་སྟེ། ཡ་ཕུབས་ཀྱི་ས་འམ། གདུང་དང་བཅས་པའི་བྲེ་ཕུལ་གྱི་ས་འམ། གདུང་གི་སྟེང ་གི་ཚོན་སྣ་ལྔའི་སའོ།། དེའི་ཕྱིའི་ཆ་ཆུང་གཅིག་ནི་དཀྱིལ་འཁོར་དང་རྟ་བབས་ཀྱི་བར་གྱི་སྣམ་བུའོ།། འདིས་ནི་སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། སྟེགས་བུ་དང་ནི་བྲལ་བར་འདོད།། སྒོ་ཡི་ཚད་ཀྱི་སྒོ་ཁྱུད་དེ།། དེ་བཞིན་ལྷའི་སྣམ་བུའོ།། སྟེགས ་བུ་ཀུན་ནས་སྒོའི་ཕྱེད།། དེ་བཞིན་འགྲམ་དང་ལོགས་དང་ནི།། དྲཱ་བ་དྲ་ཕྱེད་ཉི་ཟླ་དང་།། མེ་ཏོག་ཕྲེང་བའི་སྣམ་བུའོ།། རྩ་བའི་ཐིག་གི་ས་ལས་ཕྱིར།། ཚོན་གྱིས་ནི་དེའི་ཕྱེད་ཅེས་པ་འདི་ཡང་བཤད་པ་ཡིན་ནོ།། ལྷའི་སྣམ་བུ་ནི་རྩ་བའི་ཐིག ་གི་ནང་དུའོ།། སྟེགས་པུ་ལ་ནི་གཟུངས་ཀྱི་སྣམ་བུ་དང་།། གར་གྱི་སྣམ་བུ་ཞེས་ཀྱང་བརྗོད་དོ།། འདིར་ངོས་སུ་སོང་བ་ནི་ལོགས་ཡིན་ཞིང་། སྟེང་དུ་སོང་བ་ནི་འགྲམ་པའོ།། ཞེས་བརྗོད་པ་ནི་ལུང་དང་མི་ལྡན་ཞིང་།། སྒོ་མཉམ་སྒོ་ཁྱུད་སྟེང་དུ ་འགྱུར།། ངེས་སུ་འགྲམ་པ་སྒོ་ཡི་ཕྱེད་ཅེས་བཤད་པ་དང་འགལོ།། བར་གྱི་སྣམ་བུའི་དཔངས་ཆ་ཆུང་ལྔའོ།། སྲིད་དུ་ནི་སྒོ་གསུམ་གྱི་ཚད་དོ།། ཀླུའི་བློའི་ཞབས་ནི་ལོགས་ཀྱི་ཐིག་གཉིས་ལ་གནས་པའི་ཐིག་ཉིད་གདུང་དུ་དགོངས་ནས་བྱར ་གྱི་སྣམ་བུ་དང་ཡ་ཕུབས་ཀྱི་སྣམ་བུ་ནི་མི་བཞེད་དོ།། དེ་ཡང་སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། དེ་བཞིན་ལྷའི་སྣམ་བུའོ།། སྒོ་ཁྱུད་སྒོ་ཡི་ཚད་ཡིན་ཏོ།། དེ་བཞིན་དུ་ནི་འགྲམ་དང་ལོགས།། དེའི་ཕྱེད་དུ་སྟེགས་བུ་ཡིན།། སྟེགས་བུའི་ཆེཚེ་དུ་ཚོན ་གྱིས། དྲ་བ་སྟེགས་བུའི་ཚད་དུ་འགྱུར།། རིན་ཆེནས་ནི་དེ་ཡི་ཕྱེད།། རིན་ཆེན་ཤར་བུ་མདའ་ཡབ་ཕྱིའི།། ཀ་བ་ལ་སོགས་དེ་བཞིན། ཞེས་རྒྱུད་གཞན་དུ་བཤད་པ་གསུངསོ།། གང་ཡང་ཕྱོགས་འདི་ལ་བྲེ་ཕུལ་གྱི་དོན་དང་མདའ་ཡབ་ཀྱི་དོན་དུ ་ལོགས་ཀྱི་ཐིག་གཉིས་ལ་གནས་པའི་ཐིག་གི་ཕྱི་རོལ་དུ་ཆ་ཆུང་གཅིག་གི་བར་སྤངས་ནས་ཐིག་ཅིག་ཅེས་སྨྲ་བ་དེ་ལ་ནི་འདིར་བརྗོད་པར་བྱེད་པའི་གཞུང་མེད་ཅིང་།། རང་གི་བཏགས་པ་ཡིན་ནོ་ཡང་།། ཤིང་རྟ་ཆེན་པོ་རྣམས་ཀྱི་རྩ་བའི་ཐིག་གི་ཕྱི ་རོལ་ཆ་ཆུང་བརྒྱད་པའི་གནས་ཀྱིས་བསྐོར་བ་ནི་རྩ་བའི་དཀྱིལ་འཁོར་འཁོར་དང་བཅས་པ་ཡིན་ནོ།། ཞེས་མང་དུ་བཤད་པ་འདི་དང་འོགལ་བར་རྟོགས་པར་གྱིས་ཤིག། མཛེས་པའི་དོན་དུ་རིན་པོ་ཆེ་དང་། རིན་ཆེན་ཤར་བུའི་སྟེང་དུ་མདའ ་ཡབ་ཀྱི་སྣམ་བུ་བྱེད་དོ་ཞེ་ན་གྱིས་ཤིག། བདག་ལ་འདིར། བགེགས་ཀྱི་ཅི་ཞིག་བྱ།། སྒོ་ཁྱུད་དང་། འགྲམ་པ་དང་། ལོགས་ཀྱི་ཚད་མཉམ་པ་དང་། མི་མཉམ་པའི་ཕྱོགས་འདི་དག་བཅོམ་ལྡན་འདས་ཀྱི་རྒྱུད་ཐ་དད་དུ་གསུངསོ།། འདིར་ཆ ་ཆུང་བརྒྱད་པའི་མདའ་ཡབ་ཀྱིས་ཇི་ལྟར་གཞལ་ཡས་ཁང་མཛེས་པ་དེ་ལྟར་མངའ་ཡབ་དང་བྲལ་ན། མགོ་བཅད་པ་ལྟ་བུའི་རིམ་ཆེ་ཤར་བུ་རྣམས་ཀྱི་ནི་མ་ཡིན་ཞིང་། ལྷ་ཁང་ཆེན་པོ་ལ་སོགས་པ་རྣམས་ལ་ཡང་མཐོང་བས། འདིར་བྲི ་བྱའི་དཀྱིལ་འཁོར་ལ་མདའ་ཡ་བ་ནི་དར་དབྱངས་ཀྱི་ཐིག་གི་བར་དུའོ།། བསྒོམ་བྱའི་དཀྱིལ་འཁོར་ལ་ནི་ལོགས་ཀྱི་སྟེང་གི་བར་དུ་སྱེ། མདའ་ཡབ་རྣམས་ནི་ལོགས་ཅན་དང་། ཞེས་རྡོ་རྗེ་ཕྲེང་བའི་རྒྱུད་དུ་གསུངས་པའི་ཕྱིར་རོ།། གདུང་གི ་2བའི་ས་པ་བྲིས་ལ་བྱའི་དཀྱིལ་འཁོར་ལ་རིག་པར་བྱ་སྟེ། གྲུ་བཞི་པ་དང་སྒོ་བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་ཞེས་པའི་ལུང་གིས་སོ།། འདིས་དཀྱིལ་འཁོར་གྱི་ནང་གི་ས་པ་བརྒྱད་ནི་མ ་གསུངས་ཏེ། དེ་དག་ནི་བདེ་མཆེ་མས་པའི་དཀྱིལར་ལ་མེད་ལ། པ་བརྒྱད་ཀྱི་ཉེ་བར་མཛེས་ཞེས་པའི་མཚན་ཉིད་འདི་ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་པས།། གཞོགས་ཀྱི་ཀ་པ་རྣམས་ནི་རྟ་བབས་རྣམས་ཁོ་ནའི ་ཉིད་ཀྱི་ཕྱིར་གང་དག་སྣའི་རྩ་བ་རས་སྒོ་ཁྱུ་སོལསཔ། སྟེང་དུ་མཁའ་ལ་ལངས་པར་རྟོགས་པ་དེ་དག་གིས་ནི་གསུང་རབ་ཀྱི་དོན་མ་ཤེས་པ་ཉིད་དོ།། རྡུལ་ཚོན་གྱི་རྩིག་པ་ལ་ནི་ནཔོ་ཆེ་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་། ་རིན་པ་ཆེའི་ཤར་བུ་པ་མངག་ཡབ་རྣམས་རིམ་པ་བཞིན་དུ་སྟེང་དུ་བརྩེགས་པ་མཛེས་པར་བསྟེན་པའོ།། རིན་པོ་ཆེའི་ཤཱར་བུ་ནི་བྱ་འདབས་ནས་དཔྱངས་པར་ཤེས་པར་བྱའོ།། ཁ་ཅིག་ཏུ་ནི་རིན་པོ་ཆེའི་ཤར་བུའི་མ་ཆུང་བདུན་པ་ལ ་རིན་པོ་ཆེ་རྣམས་བྲི་བར་བྱའོ་ཞེས་གསུངསོ།། གང་ཞིག་དེ་ལྟར་ཐིག་ཐུང་མི་འདོད་པ་དེས་ནི་ལོག་སུ་ཟུར་ཐིག་གི་བར་དུ་རྩ་བའི་ཐིག་ལོས་ཕྱིར་རིམ་པ་བཞིན་དུ་ཆ་ཆུང་གཅིག་དང་། གཉིས་དང་གཅིག་དང་། གཉིས་དང་གཅིག་དང་། ་གཅིག་གི་བར་དོང་ནས་ཐིག་གདབ་པར་བྱའོ།། རྩ་བའི་ཐིག་ལས་འཐོན་པའི་ཐིག་བདུན་ཡང་ཚངས་ཐིག་གིས་གཡ་སུ་ཐིག་དྲུག་པའི་བར་དུའོ།། དེ་ལ་གཅིག་ནི་ཆ་ཆུང་གཉིས་སྤངས་པར་རོ།། གཞན་རྣམས་ནི་ཆ་ཆུང་རེ་རེ་སྤངས་པར་རོ།། ་དེ་ལྟར་གཡོན་དུ་ཡང་ངོ་།། སྔར་བརྗོད་པའི་རིམ་པས་ཐིག་ཐུང་བཏབ་པ་ལྟར་གནས་པ་ལས་གཞན་དུ་དབྱིའོ།། ཀ་བའི་སྟེང་དུ་རྟ་བབས་ཏེ། ཆ་ཆུང་བཅུ་གཉིས།། དེ་ལ་ཀ་བའི་རྩེ་མོ་ནས་ཕྱིར་ཐིག་བཅུ་གཅིག་གོ། དེ་ལ་རྟ་བབས་སྒོའི་སུམ ་འགྱུར་ཏེ། དེ་ཡང་སྣམ་བུ་བཅུ་གཅིག་པ་ཞེས་གསུངས་པའི་ཕྱིར། བར་རྣམས་ནི་གོ་རིམས་བཞིན་དུ་གསེར་དང་། རིན་པོ་ཆེའི་ཤར་བུ་དང་། རིན་པོ་ཆེ་དང་། རྨིག་པ་དང་མུན་པ་དང་། བ་རན་ཊ་དང་། མུན་པ་དང་། རིན་ཆེན་ཤར་བུ་དང་། རིན ་པོ་ཆེ་དང་། རྨིག་པ་དང་། མདའ་ཡབ་རྣམས་ཀྱི་སྣམ་བུའོ།། དེ་རྣམས་ལས་མུན་པའི་སྣམ་བུ་གཉིས་ནི་སོ་སོར་དཔང་སུ་ཆ་ཆུང་ཕྱེད་དང་གཉིསོ།། སྣམ་བུ་དགུ་ནི་སོ་སོར་ཆ་ཆུང་རེ་རེའོ།། འདིར་གསེར་གྱི་སྣམ་བུ་ནི་མེདེ། འདི་ནི་བྲེ་ཕུལ་གྱི་སྭཱ ་བུ་ཡིན་ནོ་ཞེས་པ་ནི་ཁ་ཅིག་གོ།། ཡང་ན་རིན་པོ་ཆེ་ཤར་བུ་དང་། རིན་པོ་ཆེ་དང་རྨིག་པ་དང་། གསེར་དང་། ཆུ་སྲིན་དང་། གསོ་རྀ་དང་། རྨིག་པ་དང་། རིན་པོ་ཆེ་དང་རྨིག་པ་དང་། གསེར་དང་། མདའ་ཡབ་རྣམས་ཀྱི་སྣམ་བུ་ཡིན་ཏེ། འདི ་རྣམས་ཀྱི་དཔངས་སུ་དང་པོ་དང་གཉིས་པ་ནི་ཆ་ཆུང་ཕྱེད་དང་གཉིས་སོ།། གསུམ་པ་ནི་ཆ་ཆུང་གཅིག་གོ།། བཞི་པ་ནི་ཆ་ཆུང་ཕྱེད་དོ།། ལྔ་པ་ནི་ཆ་ཆུང་ཕྱེད་དང་གཉིས།། དྲུག་པ་ནི་ཆ་ཆུང་ཕྱེད།། བདུན་པ་ནི་ཆ་ཆུང་གཅིག་གོ། བརྒྱད་པ་ནི་ཆ ་ཆུང་ཕྱེད་དང་གཉིས་སོ།། དགུ་པ་ནི་ཆ་ཆུང་གཅིག། བཅུ་པ་ནི་ཆ་ཆུང་ཕྱེད་དོ།། བཅུ་གཅིག་པ་ནི་ཆ་ཆུང་ཕྱེད་དང་གཉིས་སོ།། འདི་རྣམས་དང་སྔར་བརྗོད་པའི་སྣམ་བུ་བཅུ་གཅིག་པོ་རྣམས་ཀྱི་རྒྱའི་ཚད་བརྗོད་པར་བྱ་སྟེ། དེ་ལ་ཚངས་པའི ་ཐིག་གི་གཡས་དང་གཡོན་དུ་ཆ་ཆུང་ཕྱེད་དང་དྲུག་དོར་བར་སྣམ་བུ་དང་པོ་སྟེ་ཆ་ཆུང་ཕྱེད་དང་གསུམ་པའོ།། དེའི་སྟེང་དུ་ཐིག་དང་པོ་ནི་ཆ་ཆུང་ཕྱེད་དང་བཞིའོ།། ཆ་ཆུང་དྲུག་དོར་བར་གཉིས་པ་དང་གསུམ་པ་སྟེ་ཆ་ཆུང་གསུ ་པའོ།། ཆ་ཆུང་བཞི་དོར་བར་བཞི་པ་སྟེ་ཆ་ཆུང་ལྔ་པའོ།། ཚེ་ཆུང་ཕྱེད་དང་བཞི་དོར་བར་ལྔ་པ་ནི་ཆ་ཆུང་ཕྱེད་དང་ལྔ་པའོ།། ཆ་ཆུང་གསུམ་དོར་བར་དྲུག་པ་སྟེ་ཆ་ཆུང་ལྔ་པའོ།། བདུན་པ་ལ་སོགས་པ་བཞི་ནི་ཆ་ཆུང་འདུན་པའོ།། བཅུ ་གཅིག་པ་ནི་ཆ་ཆུང་ལྔ་པའོ།། འདི་ལ་སྣམ་བུ་ལྔ་པའི་ལོ་གསུ་ཆ་ཆུང་ཕྱེད་དང་བཞི་ནི་སྟེང་གི་ཆ་ལའོ།། བདུན་པ་ལ་འོག་ཏུ་ཆ་ཆུང་གསུམ་པ་སྟེ་སྟེང་དུ་ཆ་ཆུང་དྲུག་པའོ།། སྣམ་བུ་རྣམས་རེ་རེ་ཞིང་ཕྱིར་ངོས་ཀྱི་མཐར་ཐིག་གཅིག་ཛ~ཾ ་ལྟར་རིག་པར་རོ།། ནང་གི་མཐར་ཡང་ཐིག་དང་པོའི་ཆ་ཆུང་ཕྱེད་དོར་ནས་ཇི་ལྟར་རིག་པར་བྱེད་དུ་འགྲེང་བའི་ཐིག་གཅིག་གོ།། དེ་དག་ནི་གཞན་དང་འབྲེལ་པས་ཀྱོག་པོ་གཅིག་ཏུ་མཐོང་སྟེ། ཇི་ལྟར་མཛེས་པར་བྲི་བར་བྱའོ།། འདིའི་ནང་དུ ་རིན་པོ་ཆེ་ལ་སོགས་པ་བྲི་བའི་དོན་དུ་ཆ་ཆུང་ཕྱེད་དོར་ནས་དེ་ཁོ་ན་བཞིན་དུ་ཐིག་ཀྱོག་པོ་གཅིག་གོ། བྲེ་ཕུལ་གྱི་སྣམ་བུ་འདོད་པ་ལ་ནི་དེ་ཆ་ཆུང་བཅུ་དྲུག་པ་ཡིནོ།། གང་དག་རྒྱལ་པོ་ཉེས་པ་གསུམ་ཉི་མ།། རྒྱལ་པོ་ཕྱོགས་དང ་མི་རྣམས་གསུམ།། ཕྱོགས་ཏེ་ཐང་ཀར་ཆ་ཆུང་རྣམས།། རྟ་བབས་སྣམ་བུའི་རིམ་པ་ཡིན། ཞེས་འདོད་པ་དེ་ལ་བར་གྱི་ཆ་ཆུང་རྣམས་ལ་རིན་པོ་ཆེའི་ཤར་བུ་ལ་སོགས་པས་མེད་པས་རིན་ཆེན་ཤར་བུ་འདི་ལ་ཆ་ཆུང་བཅོ་བརྒྱད ་དང་ལྡན་པ་ཡིན་ནོ།། ཞེས་པ་ལ་སོགས་པ་བརྗོད་པར་ཇི་ལྟར་རིགས་ཞེས་བརྟགས་པར་བྱའོ།། སྟེང་དུ་ཆུ་སྲིན་གྱི་ཁ་ནས་འཐོན་པར་མུ་ཏིག་གི་ཆུན་འཕྱང་ལ་སོགས་པ་ནི་ཇི་ལྟར་མཛེས་པར་རོ།། རྟ་བབས་ཀྱི་སྟེང་གི་ཚངས་ཐིག་ལ་ཆོས་ཀྱི ་འཁོར་ལོ་རྩིབས་བཅུ་གཉིས་པ་ཆ་ཆུང་གཉིས་པའོ།། རྩིབས་བརྒྱད་ལྡན་པའི་འཁོར་ལྀ་ནི།། ཚ་ལྔ་ལྡན་པའི་མོ་ཁྱུད་ཅན་ཞེས་པ་ནི་ཁ་ཅིག་ཏུའོ།། དེའི་གདན་པདྨ་དང་ཟླ་བ་ནི་རྟ་བབས་ཀྱི་སྣམ་བུ་བཅུ་གཅིག་པ་ལའོ།། གདན་གྱི་གཡས ་གཡོན་གྱི་ལོགས་དག་ཏུ་གནས་པའི་མདའ་ཡབ་རྣམས་ལ་གནས་པའི་རི་དྭགས་དང་། རི་དྭགས་མོ་ནི་འཁོར་ལོ་ལ་ཁ་བལྟས་ཤིང་འཁོར་ལོ་ལས་ཆ་ཆུང་ཕྱེད་ཙམ་དུ་རིང་བར་གནས་པ་སྟེ། ཆ་ཆུང་གཅིག་ཏུ་མགྲིན་པ་དང་བཅས ་པའི་གདོང་པ་འགྲེང་ཞིང་མིག་འཁོར་ལོའི་རྩེ་མོ་ལ་བལྟ་བ་བྲི་བར་བྱའོ།། དྲི་མ་མེད་པའི་འོད་ལས་ནི། འཁོར་ལོའི་གཡས་དང་གཡོན་དུ་ནི་རི་དྭགས་དང་རྀ་དྭགས་མོའོ་ཞེས་གསུངསོ།། ཁ་ཅིག་ནི་མདའ་ཡ་བ་མེད་དེ། དེའི་སྣམ་བུ ་ལ་ནི་རི་དྭགས་དང་རི་དྭགས་མོ་དག་ཁོ་ན་གནསོ་ཞེས་ཟེར་རོ།། འདོད་པ་དེ་ནི་འཕགས་ཀླུའི་བློའི་ཞབས་ཀྱིས། བུམྦྷ་པ་ཀ་བའི་སྟེང་གནས་པའི།། སྒོ་ལས་སུམ་འགྱུར་རྟ་བབས་ནི།། ཕྱོགས་ཅན་མདའ་ཡབ་དག་དང་ལྡན།། དྲིལ ་བུའི་སྒྲ་ནི་ཡང་དག་སྒྲོགས།། ཞེས་པའི་ལུང་དང་འགལ་ལོ།། འདིས་ནི་གདན་གྱི་གཞོགས་ན་གནས་པའི་རི་དྭགས་དང་རི་དྭགས་མོའི་མཇུག་མའི་ཕྱི་རོལ་གྱི་ཕྱོགས་དག་ཏུ་མདའ་ཡབ་གཉིས་གཉིས་གསུངས་སོ།། དེ་ཉིད་ཀྱི་ཕྱིར་བཞེད་པ ་འདི་ལ་ནི་རི་དྭགས་དང་རི་དྭགས་མོ་དག་མདའ་ཡབ་ལ་གནས་པ་མ་ཡིན་ནོ།། འཁོར་ལོའི་ཕྱི་རོལ་གྱི་ཆ་ཆུང་གཉིས་ལ་སྣ་ཚོགས་རྡོ་རྗེའི་རའི་རྩེ་མོ་སྟེ། འཁོར་ལོའི་རྩིབས་ཀྱི་བར་རྣམསུ་ཡང་མཐོང་བའོ།། རྭ་ཆ ་ཆུང་བཅུ་བཞི་པར་འདོད་པ་ལ་ནི་འཁོར་དང་བཅས་པའི་དཀྱིལ་འཁོར་ཆ་ཆེན་བཅུ་གཉིས་པའི་རྟེན་སྣ་ཚོགས་རྡོ་རྗེའི་ལྟེ་བ་ཆེ་ཆེན་བཅུ་གཉིས་པའི་ཕྱོགས་སོ་སོའི་རྭ་པདྨའི་ལྟེ་བའི་མཐའི་བར་དུ་གནས་པ་རྣམས་ནི་སྒོའི་ཆ་བཞི་དང་ལྡན་པའོ་ཞེས ་པར་མི་འགྱུར་ཏེ། འདོད་པ་དེ་ནི་སྔར་དཔྱད་པ་ཡང་ཡིན་ནོ།། དཀྱིལ་འཁོར་གྱི་ལྟེ་བར་སེང་ལྡེང་གི་ཕུར་པ་འོག་རྩེ་གཅིག་པ་སྟེ། སྟེང་རྡོ་རྗེ་རྩི་ལྔ་པའི་རྣམ་པ་ཧཱུཾ་ལས་སྐྱེས་པར་བསམས་ནས་གདབ་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བཟླས ་ནས་རྡུང་བའི་སྔགས་ཀྱིས་རྡོ་རྗེ་ཐོ་བས་བརྡུངས་ཏེ། དེ་ལ་ཐིག་སྲུང་ཆ་ཆུང་དགུ་བཅུ་རྩ་དྲུག་པ་ཉིས་ལྟབ་བྱས་པ་བཏགས་པས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་གཡསུ་རྭའི་རྩེ་མོ་ནས་ཕྱི་རོལ་པདྨའི་གེ་སར་གྱི་རི་མོ་ཟླུམ་པོར ་བསྐོར་བར་བྱའོ།། དེའི་ཕྱི་རོལ་ཏུ་ཆེ་ཆུང་གཉིས་པའི་པདྨའི་མང་བ་མའི་ཕྲེང་བའི་ཁོར་ཡུག་གི་ཐིག་ཟླུམ་པོ་འདབ་མའི་རྩེ་མོས་རེག་པ་ཆོས་འབྱུང་གི་ཆ་མཚོན་པར་བྱེད་པའོ།། ཁ་ཅིག་ན་རེ་གང་དུ་ཡང་བདེ་མཆོག་ལ་སོགས་པའི་དཀྱིལ ་འཁོར་གྱི་ཁྱད་པར་འགའ་ཞིག་ལ་ཆོས་འབྱུང་བ་སྒོམ་པ་མེད་པ་དེར་ནི་ཆོས་ཀྱི་དབྱིངས་ཀྱི་ནང་དུ་ཆུད་པ་ཁོ་ན་ཡིན་པས་ཐིག་དེ་ནི་ཆོས་ཀྱི་དབྱིངས་མཚོན་པ་ཡིན་ནོ་ཞེས།། གཞན་དག་ནི་དེ་ཁོར་ཡུག་ཆེན་པོའི་ངོ་བོ་ཡིན་ནོ་ཞེས་སོ།། ་དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་པའི་རྡོ་རྗེའི་ཕྲེང་བའི་ཐིག་ཟླུམ་པོ་སྟེ། མཐུག་ཅིང་སྲབ་ཁོར་ཡུག་ཆེན་པོའི་ངོ་བོའོ།། རྡོ་རྗེའི་སྣམ་བུ་ལ་རྡོ་རྗེ་རྩེ་གསུམ་པ་རྣམས་སམ། རྩེ་ལྔ་པ་རྣམས་སམ། སྣ་ཚོགས་རྡོ་རྗེ་རྣམས་ཀྱང་རུང་སྟེ། ལུང་ཇི་ལྟ་བར་དྲི ་བར་བྱའོ།། དེའི་ཕྱི་རོལ་ཏུ་ཆ་ཆུང་བཞི་པའི་འོད་ཟེར་གྱི་སའི་ཐིག་ཟླུམ་པོ་ནི་འོད་ཟེར་འཕྲོ་བའི་ཚང་མཉམ་པར་བྱ་བའི་དོན་དུའོ།། དེ་ཉིད་ཀྱི་ཕྱིར་དེར་ཚོན་གྱི་རེ་ཁཱ་མི་བྱའོ།། ཀུན་དགའ་སྙིང་པོ་ནི་འོད་ཀྱི་དཀྱིལ་འཁོར་ལས་ཕྱི་རོལ་དུ་ཁོར་ཡུག་ཟླུམ ་པོར་གདབ་པོ་ཞེས་སོ།། རྟ་བབས་ཀྱི་གློ་རྣམསུ་ནི་དར་དཔྱངས་ཀྱི་སྣམ་བུའི་སྟེང་དུ་ཆུ་སིན་གྱི་ཁ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ནི་ཅུང་ཟང་གཞོགསུ་སོང་ནས་ཕྱིར་འབྱུང་བ་དབུས་ཀྱི་རྒྱར་ཆ་ཆུང་གསུམ་དང་ལྡན་པ། སྲིད་དུ་ཆ་ཆུང ་བཅུ་དྲུག་པའོ།། སྣ་ཚོགས་རྡོ་རྗེ་རྩེ་ལྔ་པའི་ཕྱོགས་ལ་ནི་རཱའི་འགྲམ་དུ་རྭ་གཞན་དག་གོ། རྟ་བབས་ཀྱི་ཀ་པ་རྩིག་པའི་ཐིག་ལས་འཐོན་ཞིང་ཆ་ཆུང་བདུན་པའོ་ཞེས་པའི་ཕྱོགས་ནི་མི་རིགས་ཏེ་གཞལ་ཡས་ཁང་ལས་ཅུང་ཟད་རིང་བར་རྟ་བབཱ ་ཀྱི་ཀ་བི་རྣམས་རེ་རེ་ཞིང་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་ཕྱིར་རོ།། ས་མཉམ་པོ་ལ་གནས་པ་ཉིད་ཀྱི་སྟེགས་བུ་དང་འབྲེལ་བ་བཞིན་མཐོང་བས་སྟེགས་བུའི་ཕྱི་ངོས་སུ་འདི་རྣམས་བྲི་བར་རིག་སོ།། དེ་བཞིན་དུ་བར་གྱི་སྣམ་བུ་ནི་སྟེང་དུ ་བཞི་ཆས་ཉུང་བའི་སྒོ་གཉིས་ཀྱི་ཚད་ཡིན་ནོ་ཞེས་པ་ནི་འཆལ་པའི་རྟོག་པར་རིག་པར་བྱའོ།། དེ་ལྟ་བུ་འདི་ནི་ཕྱོགས་གཅིག་བརྗོད་པའོ།། རྩ་བའི་ཐིག་བཞིས་ཡོངསུ་བཅད་པའི་རྩ་བའི་དཀྱིལ་འཁོར་ཁོ་ན་ལས་ཐིག་སྐུད་ཉིས་འགྱུར ་གྱིས་རིང་བ་སྟེ། དེས་ཚངས་པའི་ཐིག་ཆ་ཆུང་དྲུག་ཅུ་རྩ་བཞི་གདབ་པར་བྱའོ།། དེ་ལྟར་ཡང་ཚངས་ཐིག་གི་ནི་ལོགས་རེ་རེར། ཆ་ཆེན་བརྒྱད་རྣམས་གདབ་པར་བྱ།། ཆ་ཆེན་འདི་རྣམས་ཉིད་ལ་ནི།། རེ་རེ་ཞིང་ཡང་ཆ་ཆུང ་བཞིར།། དེ་ནས་ཚངས་ཐིག་ལོགས་རེ་རེ་ར།། ཆ་ཆུང་སུམ་ཅུ་རྩ་གཉིས།། ཆ་ཆེན་སྒོ་ཡི་ཚད་ཡིན་ཏེ། བཞི་ཆ་ཆ་ཆུང་བརྒྱད་ཆ་ཞི། ཞེས་གསུངསོ།། གཞན་དུ་ཡང་བརྗོད་པ། དཀྱིལ་འཁོར་ཉིས་འགྱུར་ལྷག་པར་ནི།། གྲུ་བཞི་དག་པར་ཡང་དག ་བྱས། དེ་ནས་ཐིག་སྐུང་དཀར་བྱས་ནས།། རང་ཉིད་སྒྲུབ་པའི་གྲོགས་དང་ལྡནི།། ཙན་ངན་དཀར་པོ་བསྲེས་པ་ཡི།། ས་ལུ་བཏགས་པས་སྤང་བར་བྱ།། ཚངས་པའི་ཐིག་ནི་དག་པ་གཉིས།། འཁོར་ལོའི་ཚང་ནི་གང་ཡིན་པ།། དེ་ཡི་ཉིས་འགྱུར། ་གདབ་པར་བྱ།། དེ་ཡི་ཕྱེད་དུ་རྩ་བོའི་ཐིག་ཅེསོ།། ཚངས་པའི་ཐིག་གི་རྩེ་མོའི་ཕ་རོལ་ཏུ་པདྨའི་གེ་སར་དང་། པདྨའི་འདབ་མ་དང་། རྡོ་རྗེ་དང་འོད་ཀྱི་ཕྲེང་བ་རྣམས་ཀྱི་ཐིག་ཟླུམ་པོའོ།། ཇི་སྐད་དུ། ཁོར་ཡུག་གི་ནི་ནང་དུ་ཡང་།། སྲིད་དུ་སྒོའི་བཅུ ་དྲུག་གོ། ཞེས་བཤད་པ་ནི་གི་སར་གྱི་རེ་ཁཱ་ནས་བརྩམས་ནས་ཁོར་ཡུག་ཏུ་འདོང་ངོ་།། དེ་ཇི་ལྟར་རིགས་ཏེ། གེ་སར་དང་འདབ་མ་དང་། ཆོས་འབྱུང་རྣམས་ནི་རྡོ་རྗེའི་ཕྲེང་བ་དང་མ་འབྲེལ་ལ། རྡོ་རྗེའི་ཕྲེང་བའི་ཚུལ་ཅན་རྡོ་རྗེའི་རི་བོ་ནི། ་ཡུག་ཏུ་བཤད་དོ།། དེ་ལྟར་ཡང་། འཕགས་པ་ཀླུའི་བློའི་ཞལ་སྔ་ནས།། རྟ་བབས་རྡོ་རྗེའི་རྩེ་མོ་ཅན།། དེའི་ཕྱི་རོལ་ཁོར་ཡུག་སྟེ།། རྡོ་རྗེའི་ཕྲེང་བ་འོད་བཟངས་ལྡན།། ཞེས་གསུངས།། འདིས་ནི་རྡོ་རྗེའི་ཕྲེང་བ་ཉིད།། ཁོར་ཡུག་འོད་བཟང ་ལྡན་ཞེས་བསལ་བར་བརྗོད་དོ།། ཅི་སྟེ་ཟླུམ་བསྐོར་དུ་འཐུན་པའི་ཕྱིར་གེ་སར་ལ་སོགས་པ་ཡང་ཁོར་ཡུག་དང་འདྲ་བས་ཁོར་ཡུག་ཏུ་བཏགས་ལ། འདི་རྣམས་བཏགས་པ་བར་ཡང་བཞེད་པ་ཡིན་པར་གོ་བར་བྱ་སྟེ། དེའི་ཕྱི་རོལ་ཞེས་གསུངས ་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟར་ན་དེ་ནི་ལེགས་པར་བརྗོད་དོ།། ཁ་ཅིག་ན་རེ་དེ་བས་ཚིག་འདི་ཉིད་ཀྱིས་གེ་སེར་ལ་སོགས་པ་མདོ་ཞེས་པ་ནི་མི་རིགས་ཏེ། པདྨ་ལ་སྣ་ཚོགས་རྡོ་རྗེ་གནས་པའི་ཕྱིར་རོ།། ཁ་ཅིག་ཏུ་ནི་པདྨ་དང་ཆོས་འབྱུང་མེད་པར ་དེ་ཡོད་དོ་ཞེས་གསུངསོ།། ཞེ་ན་དེ་ལྟར་ན་འདིར་པདྨའི་འདབ་མ་དང་བཅས་པ་ཉིད་ལ་དེར་བཏགས་པ་ལེགསོ།། བསྡུས་པའི་རིམ་པར་ཡང་། བརྟན་གིཡོའི་བདག་ཉིད་སྟོང་པར་བསྒོམས་ནསུ། ཆོ་གའི་སྟེར་བ་འདི་ཡིས་ནི།། ཡེ ་ཤེས་ས་གཞི་བྱིན་གྱིས་བརླབས།། ན་མཁའི་ཁམས་ཀྱི་དབུས་གནས་པར།། རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ།། ཞེས་པ་ལ་སོགས་པ་ནས།། དཀྱིལ་འཁོར་བཞི་བསྡུས་རྡོ་རྗེ་ཡིས།། ས་ཡི་ཆ་ཡ~ཾ་དཀྱིལ་འཁོར་ཏེ།། དེར་ནི་བྷྲཱུཾ། ་ཡིག་ལས་བྱུང་བའི།། གཞལ་ཡས་ཁང་པར་རྣམ་པར་བསྒོམ། ཞེས་པའི་བར་དུ་སྟེ། འདིར་ཡེ་ཤེས་ས་གཞི་དང་ན་མཁའི་ཁམས་ནི་ཆོས་འབྱུང་།། དེའི་དབུས་ནི་པདྨའོ།། དེར་གནས་པའི་རླུང་དང་མེ། ཆུ་དང་སའི་དཀྱིལ ་འཁོར་བཞི་འདྲེས་པར་གྱུར་པས། སའི་ཆ་སྣ་ཚོགས་རྡོ་རྗེའི་ངོ་བོར་བསྐྱེད་ནས། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་བྷྲཱུཾ་ལས་གཞལ་ཡས་ཁང་ངོ་།། ཞེས་པའི་དོན་ཏོ།། དེས་ན་འདིར་པདྨ་མེད་པར་སྣ་ཚོགས་རྡོ་རྗེའོ།། ཞེས་པ ་ནི་ཆེར་འཁྲུལོ།། སྣ་ཚོགས་རྡོ་རྗེའི་ལྟེ་བ་སྒོའི་ཚང་བཅུ་གཉིས།། དེའི་ར་རྣམས་ཀྱི་སྲིད་དུ་སོ་སོར་སྒོ་གཉིས་སོ།། དེ་ལ་རྩ་བའི་ཐིག་གི་ནང་དུ་སྒོའི་ཚང་བརྒྱད་དོ།། ཕྱི་རོལ་དུ་སྲིད་དུ་སྒོ་གཉིས་གཉིས་སོ།། དེ་ལ ་བར་སྐབས་ཀྱི་སྣམ་བུ་མེད་པ་ཉིད་དོ།། རྟ་བབིས་ནི་རྟ་བབས་ཀྱི་ཀ་བའི་བར་དུ་ངོསུ་སྒོ་ལས་སུམ་འགྱུར་རོ།། ཀ་བའི་སྟེང་གི་རྟ་བབས་དེའི་དཔངསུ་སྒོ་གཅིག་གི་ཚད་ལ་སྣམ་བུ་བཅུ་གཅིག། དེ་ལ་གོ་རིམས་བཞིན་དུ་རིན་ཆེན་ཤར་བུ་དང ་རིན་པོ་ཆེ་དང་། རྟ་རྨིག་དང་གསེར་དང་། ཆུ་སྲིན་དང་། གསེར་དང་། རྨིག་པ་དང་། རིན་པོ་ཆེ་དང་། རྨིག་པ་དང་། གསེར་དང་མདའ་ཡབ་རྣམས་ཀྱི་སྣམ་བུ་སྟེ། སྒོའི་བརྒྱད་མ་དང་། མས་ཅུ་གཉིས་ཆ་དང་། ཉི་ཤུ་རྩ་བཞི་ཆ་དང་། བརྒྱང ་ཆ་དང་། ཉི་ཤུ་རྩ་བཞི་དང་། བཅུ་གཉིས་ཆ་དང་། བརྒྱད་ཆ་དང་། བཅུ་གཉིས་ཆ་དང་། ཉི་ཤུ་རྩ་བཞི་ཆ་དང་། བརྒྱད་ཆའོ།། རིན་ཆེན་ཤར་བུ་རིན་ཆེན་གནས་དང་གསེར།། ཆུ་སྲིན་དེ་ནས་གསེར་དང་གནས་པང་ནི།། རིམ་ཆེན ་གནས་དང་གསེར་དང་མངའ་ཡབ་སྟེ།། གནས་རྣམས་ཚེ་ནི་བཅུ་གཉིས་ཆ་རུ་འགྱུར།། གསེར་གྱི་རྣམ་གྲངས་སྒོའི་ཉེར་བཞི་ཆ།། སྣམ་བུ་ལྷག་མ་སྒོའི་བརྒྱད་ཆ་ཡིན།། ཞེས་གསུངསོ།། འདི་རྣམས་ཀྱི་རྒྱུརྒྱའི་ཚང་བརྗོད་པར་བྱ་སྟེ།། ་ཚངས་ཐིག་གི་གཡས་དང་། གཡོན་ཆ་ཆུང་ཕྱེད་དང་ལྔ་དོར་བར་སྣམ་བུ་དང་པོ་ནི་ཆ་ཆུང་ཕྱེད་དང་གསུམ་པའོ།། དེའི་སྟེང་གི་ཐིག་དང་པོ་ནི་ཆ་ཆུང་ཕྱེད་དང་བཞི་པའོ།། ཆ་ཆུང་ལྔ་དོར་བར་གཉིས་པ་དང་གསུམ་པ་སྟེ་ཆ་ཆུང ་གསུམ་པའོ།། ཆ་ཆུང་བཞི་དོར་བར་བཞི་པ་ཆ་ཆུང་གསུམོ།། ཆ་ཆུང་ཕྱེད་དང་བཞི་དོར་བར་ལྔ་པ་ཆ་ཆུང་ཕྱེད་དང་བཞིའོ།། ཆ་ཆུང་གསུམ་དོར་བར་དྲུག་པ་ནི་ཆ་ཆུང་ལྔ་པའོ།། བདུན་པ་ལ་སོགས་པ་གསུམ་ནི་ཆ་ཆུང་བརྒྱད་པའོ།། བཅུ ་པ་ནི་ཆ་ཆུང་བདུན་པའོ།། བཅུ་གཅིག་པ་ནི་ཆ་ཆུང་དྲུག་པའོ།། སྣམ་བུ་རྣམས་སོ་སོའི་ཕྱིའི་མཐར་ཐིག་གཅིག་གྱེན་དུ་ཇི་ལྟར་རིགས་པར་རོ།། ནང་གི་མཐར་ཡང་སྟེ། ཐིག་དང་པོ་ནི་ཆ་ཆུང་ཕྱེད་དོར་ནས་གྱེན་དུ་འགྲང་བའོ།། འདི་ཉིད ་ནི་ཐིག་གཞན་དང་འབྲེལ་པས་སྐྱོག་པོ་གཅིག་ཏུ་མཐོང་བར་འགྱུར་ཏེ། ཇི་ལྟར་མཛེས་པར་བྱའོ།། འདིའི་ནང་དུ་རིན་པོ་ཆེ་ལ་སོགས་པ་བྲི་བའི་དོན་དུ་ཆ་ཆུང་ཕྱེད་དོར་ཏེ། དེ་ཁོ་ན་བཞིན་དུ་ཐིག་སྐྱོག་པོ་གཅིག་གོ།། འགའ་ཞིག་ནི ་དེ་ལ་རྒྱར་ནི་ཆ་ཆེན་པོ།། བཞི་ཡོས་ནོར་བུའི་སྣམ་བུའོ།། དེ་བཞིན་རྟ་རྨིག་བཅས་པ་ལ།། རང་གི་མཚན་མས་བརྒྱན་པ་སྟེ།། ཆ་ཆེན་ཕྱེད་དང་བཞི་པ་ནི།། རིན་ཆེན་ཤར་བུ་གསེར་དེ་བཞིན།། ཆ་ནི་ཆེན་པོ་གསུམ་ཉིད་ཀྱིས།། ་ཆུ་སྲིན་དང་ནི་མདའ་ཡབ་པོ་ཞེས་སྨྲའོ།། འདོད་པ་དེ་ལ་བར་གྱི་ཆ་ཆུང་རྣམས་ལ་རིན་ཆེན་ཤར་བུ་ལ་སོགས་པ་མེང་ན།། རིན་ཆེན་ཤར་བུའི་སྣམ་བུ་ཆ་ཆུང་བཅུ་དྲུག་པ་ཞེས་པ་ལ་སོགས་པ་བརྗོད་པ་ཇི་ལྟར་རིགས་ཞེས་དཔྱད ་པར་བྱའོ།། རྟ་བབས་ཀྱི་སྟེང་དུ་སྒོ་ཚད་གཅིག་གི་ཚངས་ཐིག་ལ་ཆ་ཆུང་གཉིས་པའི་འཁོར་ལོའོ།། དེའི་གདན་ནི་མདའ་ཡབ་ཀྱི་སྣམ་བུ་ལའོ།། དེའི་གློ་དག་ཏུ་སྔོན་བཞིན་རི་དྭགས་དང་རི་དྭགས་མོའོ།། དེ་དག་གི་མཇུག་མའི ་ཕ་རོལ་ཏུ་མངའ་ཡབ་ལ་གནས་ཤིང་། སྤྲེའུ་ཡིས་གཟུང་བའི་ཟླ་ཚེས་དང་། རིན་པོ་ཆེ་དང་། རྡོ་རྗེའི་རྩེ་མོ་ཅན་གྱི་ཆ་ཆུང་ཕྱེད་དང་གསུམ་པའི་རིན་པོ་ཆེའི་ཡུ་བ་ལ་ཐ་མར་དཱར་ལྕེའི་ཤམ་བུ་དང་བཅས་པ་འ། ་ཆ་ཆུང་གཉིས་པའི་གདུགས་དཀར་པོ་གཉིས་ཏེ། ཁ་ཅིག་ཏུ་ནི་དམར་པོ་དང་དར་དཔྱངས་གཉིས་འཆང་བའོ།། དེའི་སྟེང་ཡུ་བ་ཞི་བའི་ཚད།། གདུགས་གཡོགས་དག་ཀྱང་དེ་བཞིན་ནོ།། ཞེས་ནི་གཞན་ཟེར་རོ།། ཁ་ཅིག་ནི་གདུག ་ཆ་ཆུང་དྲུག་པའོ་ཞེསོ།། མདའ་ཡབ་ཐ་མའི་སྟེང་དུ་ཆ་ཆུང་གཅིག་པའི་རྒྱལ་མཚན་དང་བ་དན་ནོ།། འཁོར་ལོ་ལས་ཕྱིར་ངོ་སུ་ཆ་ཆུང་གཉིས་པའི་སྣ་ཚོགས་རྡོ་རྗེའི་རྭ་སྟེ། འཁོར་ལོའི་རྩིབས་ཀྱི་བར་བར་རྣམསུ་ཡང་མཐོང ་བཞིན་པའོ།། དེའི་ཕྱི་རོལ་གྱི་ཕྲེང་བ་གཉིས་ཀྱི་སྣམ་བུ་ངག་ནི་ཆ་རླུང་གཅིག་པ་དག་གམ། གཉིས་པ་དག་གོ། འོད་ཀྱི་ཕྲེང་བ་ནི་ཆ་ཆུང་གཉིས་པའོ།། དེ་ལྟར་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཕྱི་རོལ་འོད་ཀྱི་དཀྱིལ ་འཁོར་ནི།། ཚོན་གྱི་ས་ཡིས་ཉིས་འགྱུར་ཚཆང་།། ཁོར་དམུག་དེ་ཡི་ཕྱི་རོལ་ཏུ།། ཤིང་སོགས་དུར་ཁྱོད་བརྒྱད་པོ་ཡིན། ཞེས་གསུངསོ།། དུརུ་ཁྲོད་རྣམས་ནི་དུར་ཁྱོད་ན་གནས་པའི་ལྷ་རྣམས་ཁྲོ་ན་ལ་ཡོད་ཀྱི་གཞན་རྣམ ་ལ་ནི་མ་ཡིན་ནོ།། སྐལ་བ་དང་མི་ལྡན་པ་འདུས་པ་ནི་དེ་རྣམས་ཀྱང་རྡུལ་ཚན་གྱི་དཀྱིལ་འཁོར་དུ་མི་བྲིའོ།། གཞན་དུ་འོད་ཟེར་གྱི་སྣམ་བུ་ཆ་ཆུང་བཞི་པར་ཡང་གསུངསོ།། ཁ་ཅིག་ཏུ་ནི་བར་མཆོག་གི་དཀྱིལ་འཁོར་ལ། རྡོ་རྗེ ་པདྨ་འཁོར་ལོའི་གཟུགས།། ར་བ་གསུམ་ཡང་དགོད་པར་བྱ། ཞེས་པ་འདིས་རྡོ་རྗེ་ཕྲེང་བ་ལ་ཕྱི་རོལ་ཏུ་པདྨ་དང་། འཁོར་ལོའི་ཕྲེང་བ་དག་གསུངསོ།། ཟླུམ་པོ་སྐོར་བའི་དོན་དུ་ཐིག་སྐུད་མཐོ་གང་ལ་སོགས་པ་ལྷག་པར་བྱའོ།། ཐིག ་སྐུང་བརྐྱང་པས་ཀྱང་ཟླུམ་པོའི་ཐིག་བྱའོ།། བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཉིས་འགྱུར་དུ་རིང་བར་གསུངས་པ་ནི་བྲི་བྱའི་དཀྱིལ་འཁོར་ལ་སྣ་ཚོགས་རྡོ་རྗེ་དང་དེའི་རྟེན་གྱི་ལྟེ་བའི་མཐའ་མ་མཉམ་པ་ཚུན་ཆད་རྩ་བའི་དཀྱིལ ་འཁོར་གྱི་ནང་དང་ཕྱི་མཉམ་པར་མཚོན་པ་སྟེ། འདི་ནི་ཕྱོགས་གཉིས་པའོ།། ཀླུའི་བློའི་ཞབས་ཀྱིས་ནི་ཕྱོགས་དང་པོ་ཉིད་སྔགསོ།། དེས་ནི་སྒོ་ཁྱུད་དང་འགྲམ་དག་གི་ཚད་མཉམ་པ་དང་།། བུམ་པ་ཀ་བའི་སྟེང་གནས་པའི།། རྟ་བབས ་སྒོ་ལས་སུམ་འགྱུར་དང་། ཞེས་གསུངསོ།། དེ་ལྟར་ནི་རྟ་བབས་ནི་སྒོ་ལས་ངོས་སུ་སུམ་འགྱུར་དུ་མི་འགྱུར་ཏེ་བཞི་འགྱུར་དུ་འགྱུརརོ།། དེའི་ཕྱིར་དེ་ནི་དཔངསུ་སུམ་འགྱུར་ཉིད་དུ་བཞེད།། ཀུན་ཏུ་སྟེགས་བུ་སྒོ་ཡི་ཕྱེད་།། འགྲམ ་དང་ལོག་ཀྱང་དེ་བཞིན་ནོ། ཞེས་པའི་ལུང་ལས། བཅོམ་ལྡན་འདས་ཀྱིས་འགྲམ་པ་ནི་སྒོའི་ཕྱེད་དུ་ཡང་གསུངས་ལ། ངོ་སུ་རྟ་བབས་སྒོའི་སུམ་འགྱུར་གྱི་ཕྱོགས་ཀྱང་ངོ་།། དེ་ལྟར་ཕྱོགས་གཉིས་ཀ་ཡང་ཁོ་བོསཽ་བྱ་ཤང་ངོ་།། ་ཕྱོགས་གཉིས་ཀ་པ་ལ་དབུས་ཀྱི་དཀྱིལ་འཁོར་ལས་པདྨའི་གེ་སར་གྱི་ཟླུམ་པོའི་ཐིག་ཚུན་ཆད་ཀྱི་ཕྱིའི་དཀྱིལ་འཁོར་དུ་ཉིས་འགྱུར་དུ་བརྗོད་དོ།། ཕྱོགས་དང་པོ་ལ་ནི་དབུས་ཀྱི་དཀྱིལ་འཁོར་འཁོར་དང་བཅས་པ་ལས་འོད་ཀྱི་ཕྲེང་བ ་བར་ཉིས་འགྱུར་དུའོ།། རྟ་བབས་ཀྱི་ཀ་བ་ལས་ཕྱི་རོལ་པདྨའི་གེ་སར་ཟླུམ་པོའི་ཐིག་ལས་ཚུ་རོལ་ཆ་ཆུང་བཅུ་བཞི་པའོ་ཞེས་པ་ནི་ཕྱོགས་གཉིས་ཀ་དང་ཡང་མི་མཐུན་པས་སྤངསོ།། འདིར་སྒོ་དང་སྒོ་ཁྱུད་ཀྱི་མམ ་སུ་ཆ་ཆུང་གཅིག་པ་ལ་ཟླ་ཚེས་ལ་གནས་པའི་རིན་པོ་ཆེ་དམར་པོ་འམ། སེར་པོ་འམི། ལྗང་གུའམ། ནག་པོ་ཡང་རུང་སྟེ། སྟེང་དུ་རྡོ་རྗེ་ཕྱེད་པས་མཚན་མ་འམ། ཡོངས་སུ་རྫོགས་པའི་རྡོ་རྗེས་མཚན་པའོ།། དེ་ལྟར་ཡང་ཚོན་གྱི ་ས་ལས་ཕྱིའི་ཟུར།། སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ།། ཟླ་བ་རིན་ཆེན་རྡོ་རྗེས་མཚན།། ཀུན་ནས་ཡོངས་སུ་འབར་བ་ཡིན། ཞེས་གསུངས་སོ།། གཞན་དུ་ཡང་། སྟེགས་བུའི་ཕྱི་དང་ནང་གི་ཟུར་རྣམསུ།། ཟླ་བ་ཉི་མ་རིན་ཆེན ་རྡོ་རྗེ་དག། རྡོ་རྗེས་མཚན་པ་འམ་རིན་ཆེན་གཅིག་པོ་ནི།། མཁས་པ་རྣམས་ཀྱི་རིམ་བཞིན་ཡང་དག་བྲི། ཞེས་སོ།། རྟ་བབས་ཀྱི་ཀ་བ་རྣམས་ནི་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་བུམ་པ་ལ་གནས་པའོ།། དེ་ལྟར་ཡང་། ཆུ ་སྲིན་ཁ་ནས་ཆུ་སྲིན་པར།། རྟ་བབས་སྒོ་ལས་སུ་མ་འགྱུར་རོ།། སྟེགས་བུ་བུམ་པ་ལས་བྱུང་བའི།། རྟ་བ་བཱ་ཀ་བ་དྲང་པོར་བྱ། ཞེས་གསུངས་སོ།། དེ་རྣམས་ཀྱི་རྩ་བ་དང་རྩེ་མོ་ལ་ནོར་བུས་སྨྲས་པའོ།། དབུས་སུ་གླང་པོ་ཆེའི་སྟེང ་དུ་དཔུང་པ་ལ་བཏེག་པའི་སེང་གེའོ།། རྟ་བབས་ཀྱི་གདུང་ནས་དང་དེ་མེད་པའི་ཕྱོགས་ལ་རིན་ཆེན་ཤར་བུའི་སྣམ་བུ་ནས་འཕྱང་བའི་རིན་པོ་ཆེའི་པ་ཊ་འཕྲོ་བ་ལས་ཇི་ལྟར་མཛེས་པར་དཔྱངས་པའི་ཁ་དོག་དམར་པཾ་དང་སེར་པོ་ལ་སོགས ་པ་འམ་སྣ་ཚོགས་པའི་ངར་དཔྱངས་དང་། རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་རྣམས་སོ།། ཁ་ཅིག་ཏུ་ནི་དར་དཔྱངས་ཀྱི་སྣམ་བུ་གླང་པོ་ཆེའི་སྟེང་དུ་སེང་གེའི་ཁ་ནས་རིན་པོ་ཆེའི་ངོ་ཤལ་འཕྱང་བ་དང་། ཀ་བའི་དབུ་སུ་མེ་ལོང་ངོ་ཞེས ་གསུངས་སོ།། རིན་པོ་ཆེའི་སྣམ་བུ་ལ་ནི་ཟུར་གསུམ་དང་། ཐིག་ལེ་དང་། གྲུ་བཞི་དང་། ཟླུམ་པོ་རྣམས་རིམ་པས་རིན་པོ་ཆེ་བཅིངས་པ་ནི་ཀ་བའི་སོ་སོའི་གཞོགས་སུའོ།། དྲ་བའི་སྣམ་བུ་ལ་གསེར་གྱི་སྐ་རགས་བཞིའི་ངོསུ ་ཆུ་སྲིན་མ་ཀ་རའི་ཁ་ནས་བྱུང་བའི་མུ་ཏིག་གི་ངོ་ཤལ་སྐུད་པ་དམར་པོ་ལས་བརྒྱུས་ཤིང་། གློ་གཉིས་དང་སྟེང་དང་འོག་ཏུ་གསེར་གྱི་བསྡམས་པའི་ནོར་བུ་དབུས་ན་ཡོད་པ་དང་། དོ་ཤལ་གྱི་གློ་གཉིསུ་དོ་ཤལ་ཕྱེད་པ་ཅུང ་ཟང་ཐུང་བར་འཕྱང་བའི་རིན་པོ་ཆེའི་ཕྲེང་བ་དྲང་ཞིང་རྩེ་མོ་ལ་གསེར་གྱི་བསྡམས་པའི་ནོར་བུ་སྦོམ་པོ་དང་ལྡན་པས་མཛེས་པ་དང་། ཁ་ཅིག་ཏུ་ནི་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་དང་དྲིལ་བུའི་མཐར་རྔ་ཡབ་འཕྱང་བའོ།། ་ཅིག་ཏུ་ནི་དྲ་བ་ཕྱོད་པའི་གློ་གཉིས་སུ་ཡིད་དུ་འོང་བའི་མེ་ཏོག་གི་ཕྲེང་བའི་དྲ་བ་ཕྱེད་པ་འཕྱང་ཞིང་། དེའི་གློར་གོས་སྣ་ཚོགས་པའི་དྲ་བ་ཕྱེད་པའོ་ཞེས་གསུངསོ།། གཞན་ནི་གྲཝ་རྣམསུ་ཡིད་དུ་འོང་བའི་མེ་ཏོག་གི་ཕྲེང་བའི་དོ་ཤལ ་ཕྱེད་པ་དང་། དོར་གྱི་ཆུན་པོའི་ངོར་ཤལ་རྣམསོ་ཞེའོ།། དོ་ཤལ་གྱི་ནང་དུ་ཁ་ཅིག་ཏུ་ནི་པདྨ་ལ་ཟླ་ཆོས་དང་རྡོ་རྗེ་ཕྱེད་པས་མཚན་པའི་ཉི་མོའི་དཀྱིལ་འཁོར་རོ།། ཁ་ཅིག་ཏུ་ནི་རིན་པོ་ཆེའོ།། ཁ་ཅིག་ཏུ་ནི་པདྨ་ལ་གནས་པའི་རྡོ་རྗེའོ།། ་ཕྱོགས་རྣམསུ་པདྨའི་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་རྣམས་ལ་གསེར་གྱི་བུམ་པ་ལ་གནས་པ་འམ། རིན་པོ་ཆེའི་བུམ་པ་ལ་གནས་པའི་རྒྱལ་མཚན་དང་། བ་དན་བརྒྱད་དེ། ཟླ་ཚེས་དང་། རིན་པོ ་ཆེ་དང་། རྡོ་རྗེ་དང་ལྡན་པའི་རྩེ་མོ་ཅན་རིན་པོ་ཆེའི་དབྱུག་པ་ལ་བཅིངས་ཤིང་། དྲིལ་བུ་འཁྲོལ་བཅིངས་པའི་ངར་ལྕེ་གསུམ་པ་རྩེ་མོ་ལ་རི་དྭགས་ཀྱི་རྒྱལ་པོ་དང་། ངང་པའི་རྒྱལ་པོ་དང་། ཀླུ་ཟ་བ་དང་། ཉ་སྤུ་རྒྱས་པ་དང་། ཆུ་སྲིན་གྱི་མཚན་པ ་རླུང་གིས་བསྐྱོད་པས་སུམ་ཁུག་སུ་འཁྱོག་ཅིང་འགྱིང་བའི་ཆ་བྱད་ཅན། དྲིལ་ཆུང་གི་སྒྲ་སྒྲོགས་པས་སིལ་སིལ་ཟེར་བ་རྔ་ཡ་བ་དང་བཅས་པའོ།། བ་དན་རྣམས་ཀྱང་དེ་བཞིན་ཏེ། རི་དྭགས་ལ་སོགས་པའི་མཚན་མ་གཞན་དང་ནི་བྲལ་བའོ།། གྲཝ ་བཞིར་མདའ་ཡབ་ཀྱི་སྟེང་དུ་གདུགས་བཞིའོ།། རྟ་བབས་ལ་རྣམ་པར་བཀྲ་བའི་བླ་རེས་དང་དོ་ཤལ་དང་དོ་ཤལ་ཕྱེད་པའོ།། རྟ་རྨིག་དང་བཱ་རླན་གྱི་མཐའ་རྣམསུ་རྒྱལ་མཚན་དང་བ་དན་རྣམས་ཏེ་ཇི་ལྟར་མཛེས་པར་རོ།། སེང་གེ་དང་། སང ་གེ་རྐང་པ་བརྒྱད་པ་དང་། ངང་པ་དང་། རྨ་བྱ་དང་། མི་འམ་ཅི་དང་། མི་འམ་ཅི་མོ་རྣམས་ཀྱང་ངོ་།། རྟ་བབས་ཀྱི་གཞོགས་རྣམསུ་ཤིན་ཏུ་མི་རིང་བར་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་རྣམས་ཏེ། གླང་པོ་ཆེ་ལ་སོགས་པ ་རིན་ཆེ་བདུན་དང་ལྡན་པའོ།། བར་བར་དུ་ནི་གྲུབ་པ་ཐོབ་པ་རྣམས་དང་། མེ་ཏོག་གི་ཕྲེང་བ་བཟུང་བ་སྤྲིན་གྱི་སྐྱབས་ལས་བྱུང་བའི་ལྷའི་ལུས་ཅན་རྣམསོ།། དེ་ལྟ་བུ་འདི་ནི་རྩ་བའི་དཀྱིལ་འཁོར་ལས་ཕྱི་རོལ་དུ་ཐིག་གདབ་ཅིང་བྲི་བའི་རིམ ་པ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་ཐུན་མོང་ངོ་།། ནང་དུ་ནི་བྱེ་བྲག་ཏུ་བརྗོད་པར་བྱས་ཏེ། རྩ་བའི་ཐིག་གི་ནང་དུ་སྒོའི་ཚང་དུ་ལྷ་རྣམས་དོར་ནས་ངོས་ཐིག་གཅིག། ཟུར་ཐིག་གཉིས་ཀྱི་བར་དུའོ།། དེའི་ནང་དུ་གཟུགས་རྡོ་རྗེ་མ་ལ་སོགས་པ་དགོད ་པའི་དོན་དུ་སྒོ་ཚད་དོར་ནས་ཚངས་པའི་ལྟེ་བ་ལ་གནས་པའི་ཐོག་སྐུད་ཀྱིས་ཚངས་པའམ་དབང་ལྡན་གྱི་ཐིག་ནས་བཟུང་ནས། དབུས་ཀྱི་དཀྱིལ་འཁོར་གྱི་མཚམས་ཀྱི་ཟླུམ་པོའི་ཐིག་དང་པོའོ།། དེའི་ནང་དུ་རྡོ་རྗེ་ཕྲེང་བའི་ཆ་ཆུང་སྤངས་ནས་དེ ་ལྟར་ཟླུམ་པོའི་ཐིག་གཉིས་པའོ།། དེ་ནས་ཕྱོགས་གཞན་གྱི་ཟླུམ་པོའི་ཐིག་གི་བར་དུ་ཚངས་ཐིག་གི་གཡས་ཕྱོགསུ་ཐིག་གཉིས་ཏེ། དང་པོ་ནི་ཆ་ཆུང་གཉིས་དོར་བར་རོ།། གཉིས་པ་ནི་གཙོ་བོའི་མཚན་མ་དང་ཀ་བའི་ཆ་ཆུང་དོར་ནས་སོ།། ་དེ་ལྟར་གཡོན་དུའོ།། དེ་ལྟར་གཡོན་དུའོ།། འདིར་ལྷོར་གནས་ཏེ། བྱང་དུ་ཕྱོགས་པས་ཤར་ཕྱོག་སུ་ཀ་བའི་ཐིག་གདབ་པོ།། བྱང་དུ་གནས་ཏེ་ལྷོར་ཕྱོགས་པས་ནུབ་ཏུའོ།། ནུབ་ཏུ་གནས་ཏེ་ཤར་དུ་ཕྱོགས་པས་བྱང་དུའོ།། ཤར་དུ ་གནས་ཏེ་ནུབ་ཏུ་ཕྱོགས་པས་ལྷོར་རོ།། རྡོ་རྗེ་མཁའ་འགྲོར་ནི་ཟླུམ་པོའི་ཐིག་དང་པོ་ལས་ཕྱིར་འོད་ཀྱི་ཕྲེང་བའི་དོན་དུ་ཆ་ཆུང་གཅིག་སྤངས་པར་ཟླུམ་པོའི་ཐིག་གཅིག་གསུང་སོ།། དེ་ནས་ཚད་ཐིག་དང་ཟུར་ཐིག་ཕྱི་བས་རེ་མིག་དགུར་འགྱུ་རོ།། གཞན ་ཡང་ཚངས་ཐིག་དང་གཙོ་བོའི་གནས་ཀྱི་སྣམ་བུའི་ནང་གི་ཐིག་རྣམས་ནི་དབྱི་བར་བྱའོ།། ལྷོའི་གནས་དང་ཚོན་ཁྱད་པར་དུ་བྱ་བའི་དོན་དུ་ཟུར་ཐིག་དང་ལྷ་རྣམས་ཀྱི་ཐིག་རྣམས་ནི་གཞག་ཅིང་རྡུལ་ཚོན་གདབ་པ་ཉིད་ཀྱིས་གཡོགས་པར་བྱའོ།། ་འདིར་གལ་ཏེ་དེ་ལྟར་གདབ་པ་ལས་གཞན་དུ་གདབ་པར་འདོད་ན་དེའི་ཚེ་ཚངས་ཐིག་གི་ཕྱི་རོལ་དུ་ཆ་ཆུང་གཉིས་སྤངས་པར་ཐིག་གཅིག། དེའི་ཕྱི་རོལ་ཏུ་ཆ་ཆུང་རེ་རེ་དོར་བར་ཐིག་དྲུག་སྟེ། ཐིག་བདུན་ཀ་ཡང་གཞལ ་ཡས་ཁང་གི་མངའ་ཡབ་ཀྱི་ཐིག་གི་བར་དུའོ།། དེ་ལ་དཀྱིལ་འཁོར་གྱི་བརྗོད་པའི་བདུན་གདབ་པ་ཉིད་བཏབ་ནས་སྔར་བཞིན་ཐིག་ཟླུམ་པོ་གསུམ་བྱས་ཏེ། སྔོན་གྱི་ཐག་གདབ་པའི་རིམ་པས་གནས་པའི་ཐིག་རྣམས་བཞག་སྟེ། གཞན ་ས་དབྱི་བར་བྱའོ།། འདི་གཉིས་ཀ་ཡང་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཐིག་གདབ་པའོ།། གཙོ་བོ་གཞན་དགོད་པར་ལ་ཡང་འདིའོ།། འདིས་ནི། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། ཐིག་བཞི་དང་ནི ་ཡང་དག་ལྡན།། ཕྱི་ཡིས་དཀྱིལ་འཁོར་ཐིག་གདབ་བྱ།། དེ་ཡི་ནང་དུ་དཀྱིལ་འཁོར་ནི།། དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན།། ཕྱི་ཡི་འཁོར་ལོའི་ཕྱེད་དུ་ནི།། ཀུན་ནས་ཡོངསུ་ཟླུམ་པོའོ།། འཁོར་ལོ་ཀ་བ་ལ་སོགས་སྤྲས།། རྡོ་རྗེ་ཕྲེང ་བས་བསྐོར་ཞིང་མཛེས། ཞེས་པ་དང་། འཁོར་ལོ་ཀཽ་བ་སོགས་ཐིག་རྣམས་ཀྱི།། ས་ནི་ཚོན་གྱི་ས་དང་མཉམ། ཞེས་པ་ཡང་རྣམ་པར་ཕྱེའོ།། བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ་ཡང་གདབ་པའི་ཚུལ་འདི་ཉིད་དོ།། ་ཁྱད་པར་དུ་ཟླུམ་པོའི་ཐིག་གཉིས་པའི་ནང་དུ་ཡང་རྡོ་རྗེ་ཕྲེང་བའི་ཆ་ཆུང་དོར་བར་ཟླུམ་པོའི་ཐིག་གསུམ་པའོ།། ཟླུམ་པོ་དང་པོའི་ནང་དུ་ནི་འོད་ཀྱི་ཕྲེང་བའོ།། ཟླུམ་པོའི་ཐིག་དང་པོ་ལས་ཕྱི་ངོསུ་ནི་ཟླུམ་པོའི་ཐིག་མེད་དོ།། ཀླུའི་བློའི ་ཞབས་ཀྱི་གང་གསུངས་པ།། དབུས་ཀྱི་འཁོར་ལོ་ཡི་ནི་ཆེད་།། རྩ་བའི་ཐིག་གི་ཕྱེད་ཀྱིསོ།། ཞེས་དང་། ཚངས་ལས་སྟེགས་བུ་ཙམ་དུ་འགྱུར།། སྟེགས་བུ་ཕྱེད་དུ་གཉིས་པ་སྟེ།། གསུམ་པ་སྟེགས་བུ་ཕྱེད་དང་གཉིས།། སྟེགས་བུའི་ཕྱེད་ཀྱི ་གཞན་ཡིན་ཏེ།། འོད་ཟེར་ལྔ་ཡིས་རྣམ་བརྒྱན་པའི།། རྡོ་རྗེ་ཕྲེང་བ་གསལ་བར་བྱ།། ནང་གི་འཁོར་ལོའི་ཕྱི་རོལ་ཏུ།། ཐིག་བཞི་མཉམ་པར་ཀུན་ནས་བྲི།། རྡོ་རྗེས་མཚོན་ཞིང་ལེགས་མཛེས་པའི།། ཀ་བ་བརྒྱད་ནི་ནང་དུ་བྲི།། དེ་ཉིད ་ནི་རེ་མིག་དགུ།། རྡོ་རྗེ་ཀ་བའི་བར་དུའོ།། ཞེས་སོ།། དཔལ་ཁ་སྦྱོར་གྱི་རྒྱུད་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ།། རྩ་བའི་ཐིག་གི་ནང་དུ་ཆ་ཆུང་གསུམ་གྱི་བར་སྤངས་ནས་བར་དུ་ཆ་ཆུང་ཕྱེད་པའི་ཟླུམ་པོའི་ཐིག་གཉིས ་ཀྱི་དབུས་སུ་ཆུད་པའི་འཁོར་ལོའི་ཕྲེང་བའོ།། དེའི་ནང་དུ་ཆ་ཆུང་གསུམ་དོར་ནས་བར་དུ་ཆ་ཆུང་ཕྱེད་པའི་ཐིག་ཟླུམ་པོ་གཉིས་ཀྱི་བར་དུ་ཆུད་པའི་པདྨའི་ཕྲེང་བའོ།། དེའི་ནང་དུ་ཆ་རུང་གསུམ་དོར་ཏེ་ཟླུམ་པའི་ཐིག་གི་མཐའ་ནས་ཆ་ཆུང ་ཕྱེད་ཀྱི་བར་དུ་ནི་འོད་ཟེར་གྱི་ཕྲེང་བའོ།། དེའི་ནང་དུ་ཆ་ཆུང་ཕྱེད་ཀྱི་བར་གྱི་ཐིག་ཟླུམ་པོ་གཉིས་ཀྱི་ནང་དུ་རྡོ་རྗེ་ཕྱེང་བའོ།། འདིར་ནང་གི་ཐིག་ཟླུམ་པོ་ནས་གཞན་གྱི་ཟླུམ་པོའི་ཐིག་གི་བར་དུ་ཚངས་པའི་གཡས་ལོགསུ་ཐིག་གཉིས་ཏེ། དང ་པོ་ནི་ཆ་ཆུང་ཕྱེང་དང་གཉིས་དོར་བར་རོ།། གཉིས་པ་ནི་གཙོ་བོའི་མཚན་མ་དང་ཀ་བའི་ཆ་ཆུང་ཕྱེད་དོར་ནསོ།། དེ་ལྟར་གཡོན་དུ་ཡང་ངོ་།། སྔོན་བཞིན་ཚངས་ཐིག་ལ་སོགས་པ་དབྱིའོ་ཞེས་པ་བྱེ་བྲག་དང་བཅས་པའི་གདབ་པའི་ཆུ་ལོ།། ་ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་དུ། རྩ་བའི་ཐིག་གི་ནང་དུ་ཆ་ཆུང་བའི་དོར་བར་ཐིག་ཟླུམ་ཟེའོ།། དེ་ནས་དབུས་ཀྱི་ཆ་ཆུང་དོར་བར་གཉིས་པའོ།། དེ་ནས་རྡོ་རྗེ་སྟེང་བའི་ཆ་ཆུང་དོར་བར་གསུམ་པའོ།། དེ་ནས ་ལྷ་མོའི་ཆ་ཆུང་དྲུག་དོར་བར་ངོས་ཀྱི་ཐིག་གཅིག་སྟེ། ཟླུམ་པོ་ལ་རེག་པའོ།། དེ་ནས་ཀ་བ་དང་གཙོ་བོའི་ཕྱག་མཚན་གྱི་དོན་དུ་ཆ་ཆུང་གཅིག་དོར་ནས་དེ་བཞིན་དུ་གཉིས་པའོ་ཞེས་པ་ཁྱད་པར་གྱི་ཐིག། བཅུ་བདུན་གྱི་བདག་ཉིད་དགྱེས་པའི་རྡོ ་རྗེ་བཞིའི་དཀྱིལ་འཁོར་ལ། རྩ་བའི་ཐིག་གི་ནང་དུ་ཚངས་པ་དང་ཟུར་ཐིག་རྣམས་ཉིད་དེ་ཐིག་གཞན་བཏབ་པ་ནི་མེད་དོ།། ཚངས་པའི་ཐིག་ལས་ཕྱི་ངོསུ་ཐིག་ཟླུམ་པོ་བཞིའོ།། དེ་ལ་དང་པོ་ནི་ལྟེ་བ་ཡིན་ཏེ་ཆ་ཆུང་གཅིག་གི་བརྒྱད་ཆས་ལྷག ་པའི་ཆ་ཆུང་ཕྱེད་དང་གསུམ་དོར་ནས།། གཉིས་པ་ན་འདབ་མ་རྣམས་ཀྱིས་ཏེ། བྱཞི་ཆ་དང་བཅས་པའི་ཆ་ཆུང་ལྔའི་བར་དོར་ནསོ།། དེའི་ཕྱི་དྲོས་སུ་ཚེ་ཆུང་གཅིག་གི་བརྒྱད་ཆ་དོར་ནས་ཀྱང་ངོ་།། ཆ་ཆུང་གཅིག་དོར་བར་གསུམ་པ་སྟེ། རྡོ་རྗེ་ཕྲེང ་བ་ཡིན་ནོ།། བཞི་པ་ནི་དབུས་ཀྱི་འོད་ཟེར་གྱི་ཐིག་སྟེ། ཆ་ཆུང་གཅིག་དོར་ནས་སོ།། ཉི་ཤུ་རྩ་གསུམ་གྱི་བདག་ཉིད་ཅན། བཅོ་ལྔའི་བདོག་ཉིད་ཅན་བདག་མེད་མ་དང་། ཀུ་རུ་ཀུལླེའི་དཀྱིལ་འཁོར་ལ་ཡང་དེ་ཉིད་དོ།། རྡོ་རྗེ་བདུད་རྩི་བཞི ་ཡང་དེ་ལྟར་རོ།། དགུའི་བདག་ཉིད་ཅན་དགྱེས་པ་རྡོ་རྗེ་བཞིའོ་ནི་ཚངས་ཐིག་ལས་ཕྱི་ངོསུ་ལྟེ་བའི་དོན་དུ་ཆ་ཆུང་ལྔ་དོར་ནས་གེ་སར་གྱི་ཐིག་ཟླུམ་པོ་གཅིག་གོ།། དེའི་ཕྱི་ངོས་སུ་འདབ་མའི་དོན་དུ་ཆ་ཆུང་བཅུ་སྤངས་པར་ཐོས་གཅིག་གོ། ་ཞེས་པ་ཁྱད་པར་རོ།། དེའི་ཕྱི་ངོས་སུ་ཆ་ཆུང་གཅིག་ལ་བུམ་པ་རྣམས་སམ་དེ་ལ་རྡོ་རྗེ་ཕྲེང་བའོ་ཞེས་པ་ཁ་ཅིག། ལྷའི་བདག་ཉིད་བཅོམ་ལྡན་འདས་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་ལ་ཡང་དེ་ལྟ་བུ་ཉིད་དོ།། དགུའི་བདག་ཉིད་བཅོམ་ལྡན ་འདས་སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་ཡང་དེ་ལྟར་རོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ལ་ཚངས་པའི་ཐིག་ནས་ཆ་ཆུང་ཕྱེད་དང་གསུམ་དོར་བར་གེ་སར་གྱི་ཐིག་ཟླུམ་པོའོ།། དེའི་ཕྱི་ངསུ་འདབ་མའི་དོན་དུ་ཆ་ཆུང་ལྔ་དོར་བར ་ཐིག་ཟླུམ་པོའོ།། དེ་ནས་ཆ་ཆུང་དོར་བར་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཆ་ཆུང་ཕྱེད་དང་བརྒྱད་པའི་འདབ་མ་བརྒྱད་དེ། ཤར་གྱི་འདབ་མ་ལས་ཕྱི་རོལ་ཏུ་པདྨ་ཆ་ཆུང་གསུམ་པའོ།། ནུབ་ཀྱི་པདྨ་ལས་ཀྱང་དེ་བཞིན་ནོ།། ཞེས ་པ་གྲང་བ་པའི་ཁྱད་པར་རོ།། བཅོམ་ལྡན་འདས་བད་མཆོག་དང་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལ་རྩ་བའི་ཐིག་གི་ནང་དུ། ཚངས་ཐིག་དང་ཟུར་ཐིག་གཉིས་གནས་པ་ལ། ཆོངས་ཐིགས་ལས་ཕྱི་ངོས་སུ་ཆ་ཆུང་གཉིས་དོར་ནས ་ཐིག་གཅིག་རྩ་བའི་ཐིག་ལ་ཐུག་པར་གདབ་པོ།། ཟུར་ཐིག་གི་གཡས་དང་གཡོན་དུ་ཆ་ཆུང་གཉིས་དོར་བར་ཐིག་རེ་རེ་སྟེ། སྲིད་དུ་ལྟེ་བའི་གློ་གཉིས་པས་སྒོའི་ཚད་བཞི་བཞིའོ།། དེ་ནས་ཚུངས་ཐིག་དང་ཟུར་ཐིག་གི་ཕྱིའི་ཐག ་ལས་ཕྱི་རོལ་ཏུ་ཆ་ཆུང་གཉིས་དོར་བར་ཐིག་དང་པོ་སྟེ། ཚངས་ཐིག་དང་ཟུར་ཐིག་དང་། དེ་དག་གི་གློའི་ཐིག་གི་སྟེང་དག་ཏུ་སྒོའི་ཚད་དོ།། ཐད་ཀར་ལོགས་དག་ཏུ་ཆ་ཆུང་གཉིས་གཉིས་ཀྱི་ཕྱིར་རོ།། དེའི་ཕྱི་ངོས་སུ་དེ་ལྟར ་ཐིག་ལྔའོ།། དེ་བཞིན་དུ་ཟུར་དང་དེ་དག་གི་འགྲམ་གྱི་ཐིག་གི་སྟེང་དུ་ཐིག་དྲུག་པ་ལང་ངོ་།། དེ་ནས་ཚངས་ཐིག་གི་གས་སུ་དང་པོའི་ཆུ་ཆུང་གཅིག་གི་མཐའ་ནས་ཕྱུང་སྟེ། གཉིས་པའི་རྩེ་མོར་སོང་ནས་གསུམ་པའི་ཆ ་ཆུང་གཅིག་གི་མཐར་ཞུགས་ཏེ་བཞི་པའི་རྩེ་མོར་སོང་ནས་ལྔ་པའི་ཆ་ཆུང་གཅིག་གི་མཐར་ཞུགས་ཏེ། དྲུག་པའི་རྩེ་མོར་སོང་ནས་བདུན་པའི་ཆ་ཆུང་གཅིག་གི་མཐར་ཞུགས་པའི་ཐིག་སྐྱོག་པོ་གཅིག། འདིའི་ནང་དུ་ཆ་ཆུང་ཕྱེད་དོར ་ནས་འདི་ལྟ་བུའི་སྐྱོག་པོའི་ཐིག་གཉིས་པའོ།། དེ་ལྟ་བུའི་ཐིག་སྐྱོག་པོ་གཉིས་ཚངས་ཐིག་གི་གཡོན་དུ་ཡང་ངོ་།། དེ་བཞིན་དུ་ཟུར་ཐིག་གཡོན་དང་ཅིག་ཤོས་ངག་ཏུ་ཡང་ངོ་།། དེ་ནས་ལྟེ་བར་ཐིག་སྐུད་བཟུང་ནས་རྩ་བའི་ཐིག་ནས ་བརྩམས་ནས་ནང་དུ་སྒོ་རེ་རེ་སྤངས་པར་ཚངས་ཐིག་ལ་ཐིག་སྐུད་བཟུང་བས་ཐིག་ཟླུམ་པོ་བཞིའོ།། ཇི་སྐད་དུ་རྩ་བའི་ཐིག་ནས་ཉེར་བཟུང་སྟེ། ཟླུམ་པོའི་ཐིག་ནི་རྣམ་པ་བཞི།། འཁོར་ལོ་གསུམ་ནི་སྒོ་ཚད་དུ།། ཡང་དག་བསྐོར་བ ་ཕྱིན་པའོ།། ལྷག་མོ་པདྨ་འདབ་མ་བརྒྱད།། ཚད་དེ་འདི་ལས་ལྷག་ཆད་མིན།། ཐུགས་སོགས་འཁོར་ལོའི་མུ་ཁྱུད་ལ།། རྡོ་རྗེ་པདྨ་འཁོར་ལོའི་ཕྲེང་། ཞེས་གསུངསོ།། དེ་ལ་དང་པོ་གསུམ་རེ་རེའི་ནང་དུ་ཆ་རླུད་ཕྱེད་དོར ་བོར་ཟླུམ་པོའི་ཐིག་གཅིག་གོ། བཞི་པ་ཐུགས་ཀྱི་འཁོར་ལོའི་ལྟེ་བའི་ནང་ཚོན་པར་བྱེད་པའི་ནང་དུ་ཆ་ཆུང་གི་བཞི་ཆ་ལས་ཕ་རོལ་ཆ་ཆུང་ཕྱེད་དང་གསུམ་པའི་འདབ་མ་དོར་བར་ལྟེ་བའི་དོན་དུ་གེ་སར་གྱི་ཕྲེང་བའི་ངོ་བོའི་ཐོག་གཅིག། ་རྡོ་རྗེ་ཕྲེང་བའི་དོན་དུ་བཞི་པའི་ནང་དུ་ཆ་ཆུང་ཕྱེད་དོར་བར་ཟླུམ་པོ་གཅིག། ཞེས་ཀྱང་ཁ་ཅིག་གོ།། གཞན་ནི་རྩིབས་ཀྱི་གློ་དག་ཏུ་ཤིན་ཏུ་མི་བཟད་པའི་རྡོ་རྗེ་བཞིས་བསྐོར་རོ་ཞེསོ།། ཁ་ཅིག་ནི་རྩིབས་ཀྱི་འགྲམ་གྱི་སྟེང་དུ་ཇི་ལྟར་རིག་པར ་རྡོ་རྗེ་དང་པདྨ་དང་། འཁོར་ལོའི་ཕྲེང་བའོ་ཞེས་སོ།། འདིའི་ཕྱི་རོལ་གྱི་ཐིག་ཟླུམ་པོ་དང་། ནང་གི་ཐིག་ཟླུམ་པོ་དང་། རྩིབས་ཀྱི་ཐིག་རྣམས་བསྲུངས་ལ་གཞན་ནི་དབྱི་བར་བྱའོ།། ཁྱད་པར་དུ་གདབ་པའོ།། ཉི་ཤུ་རྩ་ལྔའི ་བདག་ཉིད་ཀྱིས་སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་ཡང་འདི་ཉིད་ཡིན་ནོ།། ཁྱད་པར་ནི་དང་པོར་བརྗོད་པའི་ཟླུམ་པོའི་ཐིག་བཞི་པ་དང་།། ཟེ་འབྲུའི་ཐིག་མི་བྱའོ།། ཟླུམ་པོའི་ཐིག་དྲུག་པའི་ནང་དུ་ནི་འདབ་མ་ཆ་ཆུང་ལྔ་པོ་དོར ་ནས་འདིར་གེ་སར་གྱི་རང་བཞིན་ཟླུམ་པོའི་ཐིག་གཎྜཱིན། དཔལ་རྣལ་འབྱོར་ན་མ་ཁྭའུ་དཀྱིལ་འཁོར་ལ་རྩ་བའི་ཐིག་གི་ནང་དུ་ཆ་ཆུང་ཕྱེད་དང་བཅས་པའི་གསུམ་དོར་ནས། བར་དུ་ཆ་རླུང་གཅིག་པའི་ཟླུམ་པོའི་ཐིག་གཉིས་ཀྱི ་དབུས་སུ་ཆུད་པའི་རྡོ་རྗེའི་ཕྲེང་བའོ།། དེ་ནས་ཆ་ཆུང་ཕྱེད་དང་བཞི་དོར་བར་ཐིག་གཞན་རྣམས་ནི་བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་བཞི་ནོ།། རྩ་བའི་ཐིག་གི་ནང་དུ་གཞལ་ཡས་ཁང་གཉིས་པ་སྟེ། ཐིག་ཀྱང ་འོག་ནས་འཆད་པར་འགྱུར་བའི་བཞི་བཅུ་རྩ་གསུམ་གྱི་བདག་ཉིད་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལྟ་བུའོ་ཞེས་གཞན་ནོ།། གཅིག་དབུས་ཀྱི་གཞལ་ཡས་ཁང་གཞལ་ཡས་ཁང་གཉིས་པ་ཟླུམ་པོའོ་ཞེསོ།། གཞན་ནི ་འདིར་གཞལ་ཡས་ཁང་མེད་དེ་རྡོ་རྗེའི་ཕྲེང་བ་ནི་སྔར་བཞིན་ནོ།། ཞེསོ།། བཅུ་གསུམ་གྱི་བདག་ཉིད་དཔལ་གཤིན་རྗེ་བཤེད་ཀྱི་དཀྱིལ་འཁོར་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་ཁོ་ན་སྟེ། གཞན་མེདོ།། ་དེ་ལ་ཚངས་ཐིག་ནས་སྒོ་གཉིས་ཀྱི་བར་དོར་ནས་ཟུར་ཐིག་གི་བར་དུ་ངོས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཐིག་གཅིག། དེའི་ནང་དུ་ཆ་ཆུང་གཅིག་དོར་ནས་རྡོ་རྗེའི་ཕྲེང་བའི་ཐིག་གཅིག་གོ། ལྟེ་བའི་ཐིག་ལས་སྒོའི་བར་དུ་ར་ལྔའོ།། དེའི ་རྗེས་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་དབྱི་བར་བྱའོ།། འདི་ནི་ཁྱད་པར་དུ་གདབ་པའོ།། རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་གནས་པ་ཉིད་ལ་ཚང་ཐིག་གི་ཕྱི་རོལ་ཏུ་ལྟེ་བའི་ཆ་ཆུང་གསུམ་དོར་བར་ཐིག ་ཟླུམ་པོ་གཅིག། དེའི་ཕྱི་ངས་སུ་འདབ་མ་ཆེ་ཆུང་དྲུག་དོར་བར་ཐིག་ཟླུམ་པོ་གཅིག། ཚངས་ཐིག་དང་ཟུར་ཐིག་རྣམས་དབྱིའོ།། ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་འོད་ཟེར་ཅན་གྱི་དཀྱིལ་འཁོར་ལ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བཞི ་ཐོཐིག་གདབ་པོ།། བཅུ་གསུམ་གྱི་བདག་ཉིད་ཅན་བསྲུང་བ་ལྔའི་དཀྱིལ་འཁོར་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་ཉིད་གཞན་ནི་མེདོ།། དེ་ལ་ཚངས་པའི་ཐིགི་ཕྱི་རོལ་ཀུན་ཏུ་ཆ་བཞི་དོར་བར་དབུས་ཀྱི་པདྨའོ།། དེའི་ཕྱི་ངོས་ཆ་ཆུང་གཅིག ་དོར་བར་ཕྱོགས་རྣམསུ་པདྨ་བཞིའོ།། ཚངས་ཐིག་དང་ཟུར་ཐིག་དབྱིའོ་ཞེས་པ་ཁྱད་པ་དུ་གདབ་པའོ།། ལྔ་བཅུང་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་རྩ་བའི་ཐིག་གི་ནང་ན་རིང་གི་སྒོ་གཉིས་ཀྱི་ཚད་སྤངས་པར ་ཟུར་ཐིག་གཉིས་ཀྱི་བར་དུ་ངོས་སུ་ཐིག་གཅིག་གོ།། དེ་ཉིད་ནི་གཉིས་པ་ནང་གི་དཀྱིལ་འཁོར་གྱི་རྩ་བའི་ཐིག་ཡིན་ཏེ། སྒོ་དང་སྒོ་ཁྱུད་ལ་སོགས་པ་མདའ་ཡབ་ཀྱི་ཐིག་གི་བར་དང་ལྡན་ཞིང་རྟ་བབས་ལ་སོགས་པ་མེད་པའོ།། རྩ་བའི་ཐེག་འདུས ་ནང་དུ་བར་མེད་པ་ཉིད་ཟླུམ་པོའི་ཐིག་དང་པོའོ།། དེའི་ནང་དུ་རྡོ་རྗེ་ཕྲེང་བའི་ཆ་ཆུང་གཅིག་སྤངས་པར་གཉིས་པའོ།། དེ་ལས་ཕྱོགས་གཞན་གྱི་ཐིག་ཟླུམ་པོའི་བར་དུ་ཚངས་ཐིག་གི་གཡས་ཀྱི་ཆར་ཐིག་གཉིས་ཏེ་དང་པོ་ཆུ་ཆུང་གཉིས་སྤངས་པར ་རོ། གཉིས་པ་ནི་ཀ་བིའི་ཆཆུང་དོར་བར་རོ།། དེ་ལྟར་གཡོན་དུ་ཡང་ངོ་།། དེ་ནས་ཚངས་ཐིག་དང་ཟུར་ཐིག་ཕྱི་བས་རེ་མིག་དགུར་འགྱུ་རོ།། གཞནི་ཚངས་ཐིག་དང་གཙོ་བོའི་གནས་ཀྱི་སྣམ་བུའི་ནང་གི་ཐིག་རྣམས་དབྱིའོ།། ཁྱད་པར་དུ་གདབ ་པའོ།། དེ་ཉིད་བསྡུས་པ་ལས་དབུས་ཀྱི་གཞལ་ཡས་ཁང་རྟ་བབས་དང་བཅས་པའོ་ཞེས་གསུངས་པ་ནི་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་ཁོ་ནའི་འོ།། གང་ཡང་རྡོ་རྗེའི་ཀ་རྩེའི་གནས་རྣམསུ།། དཀྱིལ་འཁོར་ལྔ་ཡིས ་བརྒྱན་པའོ།། ཞེས་གསུངས་པ་ནི་དེ་བཞིན་གཤེགས་པ་ལྔའི་གནས་རྣམ་སུ་རྡོ་རྗེའི་རི་མོ་ཟླུམ་པོ་བྲི་བར་བྱ་སྟེ། དེ་རྣམས་ལོ་ཡང་ཟླ་བའི་དཀྱིལ་འཁོར་ལྔ་བཱི་ཞེས་ཀུན་དགའ་སྙིང་པོས་བཤད་པ་འདི་ནི་མི་རིགས་ཏེ། རྡོ་རྗེའི་རི་མོ ་ཟླུམ་པོའི་བརྗོད་བྱེད་རྒྱུ་ཚིག་འདི་ལ་མེད་པའི་ཕྱིར་རོ།། བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཅན། འཇམ་པའི་རྡོ་རྗེ་དཀྱིལ་འཁོར་ལ་རྩ་བའི་ཐིག་གི་ནང་དུ་སྒོ་གཉིས་སྤངས་པར་ཟུར་ཐིག་གཉིས་ལ་རེག་པའི་ལོགས་ཐིག་གཅིག་གོ།། ་དེ་ཉིད་ནི་གཉིས་པ་ནང་གི་དཀྱིལ་འཁོར་གྱི་རྩ་བའི་ཐིག་ཡིན་ཏེ། སྒོ་དང་སྒོ་ཁྱུང་ལ་སོགས་པ་མདའ་ཡབ་ཀྱི་ཐིག་གི་བར་དུ་ལྡན་ཞིང་རྟ་བབས་ལ་སོགས་པ་མེད་པའོ།། འདིའི་ནང་དུ་རང་གི་སྒོ་གཉིས ་སྤངས་པར་ཟུར་ཐིག་ལ་རེག་པའི་ལོགས་ཐིག་གཅིག་གོ།། དེ་ཉིད་ནི་གསུམ་པ་ནང་གི་དཀྱིལ་འཁོར་གྱི་རྩ་བའི་ཐིག་ཡིན་ཏེ། སྒོ་དང་སྒོ་ཁྱུད་ལ་སོགས་པ་དང་ལྡན་ཞིང་རྟ་བབས་ལ་སོགས་པ་མེད་པའོ།། རྩ་བའི་ཐིག་འདིའི་ནང་དུ་བར ་མེད་པ་ཉིད་དུ་ཟླུམ་པོའི་ཐིག་དང་པོའོ་ཞེས་པ་ལ་སོགས་པ་བཤད་པའི་རྡོ་རྗེ་དབྱིངས་ཀྱི་ནང་གི་དཀྱིལ་འཁོར་ལྟ་བུའི་དཀྱིལ་འཁོར་གསུམ་པའོ།། ཁྱད་པར་དུ་གདབ་པའོ།། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་དག་གི་དབང་ཕྱུག་གི ་དཀྱིལ་འཁོར་ལོ་དཀྱིལ་འཁོར་ཐམས་ཅད་ལ་ཐུན་མོང་ཕྱིའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཚུལ་སྔར་བརྗོད་པ་ཤེས་པར་བྱ་སྟེ། ཕྱིའི་རྩ་བའི་ཐིག་ལ་སོགས་པའི་ཐིག་བདུན་ནི་ཟླུམ་པོ་སྟེ། འདི་ནི་ཁྱད་པར་རོ།། གང ་གསུངས་པ། ཀུན་ནས་ཟླུམ་པོ་བཟང་པོ་སྟེ། ཞེས་པ་ལ་སེམས་པའོ།། སྒོ་ཁྱུད་དང་འབྲེལ་པའི་རྩ་བའི་ཐིག་འདིའི་ནང་དུ་སྒོ་གཉིས་ཀྱི་བར་སྤངས་ནས་ཟུར་ཐིག་གཉིས་པོ་ལ་རེག་པའི་ངོས་ཐོག་གཅིག། དེ་ཉིད་ནི་གཉིས་པ་ནང་གི ་དཀྱིལ་འཁོར་གྱི་རྩ་བའི་ཐིག་ཡིན་ཏེ། སྒོ་དང་སྒོ་ཁྱུད་ལ་སོགས་པ་ནས་མངའ་ཡབ་ཀྱི་བར་དང་ལྡན་ཞིང་རྟ་བབས་མེད་པའོ།། རྩ་བའི་ཐིག་འདོའི་ནང་དུ་དེ་ལྟ་བུའི་དཀྱིལ་འཁོར་གསུམ་པའི་རྩ་བའི་ཐིག་ནི་དེ་བཞིན་ནོ།། རྩ་བའི་ཞིག ་འདིའི་ནང་དུ་རང་གི་སྒོ་གཉིས་ཤེས་པ་ལ་སོགས་པས་བརྗོད་པའི་རྡོ་རྗེ་དབྱིངས་ཀྱི་ནང་གི་དཀྱིལ་འཁོར་བཞིན་དུ་དཀྱིལ་འཁ་བཞི་པའོ།། ཁྱད་པར་དུ་གདལ་ལ། ངན་སོང་ཡོངསུ་སྦྱོང་བའི་དཀྱིལ་འཁོར་ལ་བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར ་བཞིན་དུ་གདབ་སྟེ། འོན་ཀྱང་རྡོ་རྗེ་ཕྲེང་བའི་ནང་དུ་ཀ་བ་བརྒྱད་ལ་སོགས་པ་མེད་པར་འཁོར་ལོ་རྩིབས་བརྒྱད་སེར་པོ་ཉིད་ཀྱིས་བརྒྱན་པ་ནི་ཁྱད་པར་ཞེས།། བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་ལ་རྩ་བའི་ཐིག་གྲུ་བཞི ་པའི་ནང་དུ་ཆ་ཆུང་བཞི་དོར་བར་ཟུར་ཐིག་གཉིས་ལ་རེག་པའི་ལོགས་ཐིག་གསུམ་མོ།། དེའི་ནང་དུ་ཆ་ཆུང་བཞིའི་བར་དུ་དེ་བཞིན་དུ་ལེགས་ཐིག་གཅིག། དེའི་ནང་དུ་ཆ་ཆུང་བ་ཞི་དོར་བར་འཇོམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་བརྗོད་པའི ་ནང་གི་ཕོ་བྲང་ལྟ་བུའི་ནང་གི་པོ་བྲང་ངོ་།། རིམ་པ་བཞིའི་གདབ་པའོ།། མཁའ་འགྲོ་ལྔའི་དཀྱིལ་འཁོར་ལ། རྩ་བའི་ཐིག་གི་ནང་དུ་དཀྱིལ་འཁོར་ཆེན་པོའི་ཆ་ཆུང་ཕྱེང་དང་གཉིས་ཀྱི་བར་དོར་ནས། གཞན་ཆ་ཆུང་དགུའི་བར་ལ་མ ་མཉམ་པ་བཅུ་གཉིས་བྱས་ནས་ལེགས་སོ་སོར་ཆ་གཉིས་དོར་ཏེ། དབུས་ཀྱི་ཆ་བརྒྱད་ཀྱི་ཚད་ཀྱི་རྩ་བའི་ཐིག་བཞིའོ།། དེ་རེ་རེའི་བརྒྱད་ཆེ་ནི་སྒོའོ།། རྩ་བའི་ཐིག་ལས་ཕྱི་ངོསུ་ཐིག་དྲུག་ཅེས་པ་ལ་སོགས་པ་སྡེར་བཞིན་དུ་བྱའོ།། དེ་ལྟར ་ཕྱོགས་རྣམས་སུ་རྟ་བབས་མེད་པའི་གཞལ་ཡས་ཁང་བཞིན་ནོ།། དབུས་སུ་ཡང་དེ་བཞིན་དུ་གཞལ་ཡས་ཁང་ལྔ་པའོ།། ཆ་ཆུང་དགུ་ཞེས་པ་ལ་སོགས་པ་ནི་འདིར་ཡང་རིག་པར་བྱའོ།། དེ་ལྟ་མོད་ཀྱི་གཞལ་ཡས་ཁང་འདི་དང་བཞི་པོ ་རྣམས་ཀྱི་བར་ན་དཀྱིལ་འཁོར་ཆེན་པོའི་ཆ་ཆུང་གཅིག་གོ། འདིར་ཀྵེའི་རྡོ་རྗེའི་གཞལ་ཡས་ཁང་ལ་རྩ་བའི་ཐིག་གི་ནང་དུ་ཆ་ཆུང་གཅིག་ལ་གནས་ཤིང་། ཐིག་གཉིས་ཀྱི་ནང་དུ་སོན་པའི་རྡོ་རྗེ་ཕྲེང་བའི་གྲུ་བཞིས་བསྐོར ་བའི་ཟླ་བ་ཕྱེད་པའི་རྣམ་པའོ།། རྟག་པའི་འཁོར་ལོའི་ཕྲེང་བས་བསྐོར་བའི་ཟླུམ་པོའོ།། རྡོ་རྗེ་ཉི་མའི་ཆ་དགུ་པའི་རིན་པོ་ཆེའི་ཕྲེང་བས་སྐོར་བའི་རིན་པོ་ཆེ་ཆ་དགུ་པ་འམ། བརྒྱད་པ་ལྟ་བུའོ།། པདྨ་གར་གྱི་དབང་ཕྱུག་གི་པདྨའི་ཕྲེང་བས་བསྐོར་བའི ་གྲུ་བཞི་པ་ཟུར་བཞི་སྒོ་ལ་ཕྱོགས་པ་འམ་པདྨའི་རྣམ་པའོ།། རྟ་མཆོག་གི་རལ་གྲིའི་ཕྲེང་བས་སྐོར་བའི་གྲུ་གསུམ་པའོ།། ཁྱད་པར་དུ་གདབ་པའོ།། གཞལ་ཡས་ཁང་ཐམས་ཅད་དུ་ཡང་རང་རང་ལ་བལྟོས་ནས་རྩ་བའི་ཐིག་དང་སྒོ་དང་ཆ་ཆུང་གི་ཚད ་རྣམས་རིག་པར་བྱའོ།། འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་ལ། གཞལ་ཡས་ཁང་ཆེན་པོའི་ཆ་ཆུང་གི་ཚད་ཀྱི་ཚངས་ཐིག་ནས་གང་ཆ་ཆུང་བཞི་པའི་བར་གཞན་མ་ཆུང་བཞི་པའི་བར་དང་བཅས་པ་དེ་ཆ་ཆུང་བཅུ་གཉིསུ་བྱས་ལ། མདུན ་དང་རྒྱབ་དང་གཡོས་དང་གཡོན་གྱི་མཐའ་རྣམས་སུ་སོ་སོར་ཆ་གཉིས་ཀྱི་ནང་དུ་རྩ་བའི་ཐིག་ཆ་བརྒྱད་ཀྱི་ཚང་དུ་གདབ་བོ།། དེ་དང་བསྟན་པའི་སྒོའི་ཆ་ཆུང་གི་སྒོ་ཁྱུད་ལ་སོགས་པའི་ཐིག་དང་མདའ་ཡབ་ཀྱི་ཐིག་གི་བར་དུ་གདབ་བོ།། དེ་ནས་ཕྱི ་རོལ་དུ་དཀྱིལ་འཁོར་ཆེན་པོའི་ཆ་ཆུང་གི་ཚད་ཀྱི་ཆ་ཆུང་གཉིས་ཀྱི་བར་དོར་ནས་ཚངས་ཐིག་ལ་ཐིག་སྲུང་བཟུང་ནས་ཚད་ཀྱི་དོན་དུ་ཐིག་ཟླུམ་པོ་གཅིག་གོ། འདིའི་ཆ་མཉམ་པ་ལྔ་བྱས་ནས་ཆ་རེ་རེའི་དབུས་ལས་བྱུང་བའི་ཚངས་ཐིག་ནི ་དཀྱིལ་འཁོར་ཆེན་པོའི་ཆ་ཆུང་གི་ཚད་ཀྱི་ཆ་ཆུང་བརྒྱད་པའོ།། དེའི་དབུསུ་དེ་བཞིན་དུ་ཚངས་ཐིག་གཞན་ནོ།། གཉིས་པ་འདི་རེ་རེ་ཞིང་ཆ་བཅུ་གཉིསུ་བྱས་ལ་ཞེས་པ་ལ་སོགས་པ་ནས་རབ་ཏུ་གདབ་པོ་ཞེས་པའི་མུཐར་ཐུག་པ་དེ་མ་ཐག་པར ་བརྗོད་པ་དག་བྱའོ།། དཀྱིལ་འཁོར་དྲུག་པོ་འདི་རྣམས་ལ་ཟུར་ཐིག་རྣམས་ཀྱང་གདབ་པར་བྱའོ།། འདི་རྣམས་ཀྱི་ཚངས་ཐིག་ནས་ཕྱི་ངོསུ་ལྟ་བའི་ཚེ་ཆུང་གསུམ་གྱི་བར་སྤངས་པར་ཐིག་ཟླུམ་པོ་གཅིག། དེའི་ཕྱི་ངོས་སུ་འདབ་མའི་ཆ་ཆུང ་དྲུག་སྤངས་པར་ཐིག་ཟླུམ་པོ་གཅིག། དེའི་ཕྱི་ངོས་སུ་ཕྱོགས་དང་མཚམས་རྣམས་སུ་ཆ་ཆུང་དྲུག་པའི་པདྨ་བརྒྱ་དོ།། དེ་ནས་ཐིག་ཟླུམ་པོ་གཅིག་གོ། དེའི་ཕྱི་ངོས་སུ་ཆ་ཆུང་གཅིག་དོར་བར་ཐིག་ཟླུམ་པོའོ།། དེ་ནས་ཐམས་ཅད་དུ་ཚང ་པ་དང་། ཟུར་ཐིག་དབྱི་བར་བྱའོ།། དེ་ལྟ་བུ་ནི་འདིར་གདབ་པའི་ཁྱད་པར་རོ།། གཞན་ཕོ་བྲང་བདུན་པ་ལ་སོགས་པའི་གཞལ་ཡས་ཁང་གི་ཁྱད་པར་རྣམས་ཀྱང་བཤད་པའི་རྗེསུ་འབྲངས་ཏེ་དཔགས་ལ་མཁས་པ་རྣམས་ཀྱིས་ཐིག་གདབ ་པའོ།། དབུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་ནི་འདིར་བརྗོད་པའི་རྒྱུད་གཞན་མ་ལུས་པར་གསུངས་པའི་ཆོ་ག་རྣམས་ལས། ཉི་མའི་ཤིང་རྟ་ལ་སོགས་པ་འདུལ་བའི་དོན་དུ་བྱ་བ་མི་མཐུན་པར་གསུངསོ།། དེའི་ཕྱིར་རྫོགས་པའི་རིམ ་བའི་རྣལ་འབྱོར་པས་བཅོམ་ལྡན་འདས་རྡོ་རྗེ་ཆང་ཆེན་པོ་ཉིད་མངོན་པར་འདོད་པ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། སྐུ་སྣ་ཚོགས་པས་དཀྱིལ་འཁོར་མ་ལུས་པའི་དབང་ཕྱུག་ཉིད་དུ་འགྱུརརོ།། ཞེས་ལྷག་པར་མོས་པ་བརྟན་པས་རྒྱུད ་གཞན་གྱི་ཚོ་གས་ཀྱང་རབ་གནས་ལ་སོགས་པ་བྱ་བ་མི་འགལ་ཏེ། མངོན་པར་འདོད་པ་སྒྲུབ་པར་བྱེའོ།། ཞེས་པས་དུས་ཀྱི་འཁོར་ལོའི་བྱ་བ་སྤྲོས་པ་དོར་ནས་དཀྱིལ་འཁོར་གྱི་ཐིག་གདབ་པ་ཙམ་བརྗོད་པར་བྱའོ།། ་རྡུལ་ཚོན་བྲི་བ་ཙམ་ནི་འཆད་པར་འགྱུར་བའི་རྡུལ་ཚོན་བྲི་བའི་སྐབས་སུ་བརྗོད་པར་བྱའོ།། འདིར་སློབ་དཔོན་གྱི་མཐེ་བོ་ཉི་ཤུ་རྩ་བཞི་ཁྲུ་ཡིན་ལ། ཁྲུ་བཞིས་དཀྱིལ་འཁོར་རོ།། དེས་ཉིས་འགྱུར་དུ་སྲིད་དུ་ཁྲུ་བརྒྱད་པའི་ཚངས་ཐིག ་གཉིས་གདབ་པར་བྱའོ།། དེ་ནས་དེ་བཞིན་དུ་ཟུར་ཐིག་གིཉིས་སོ།། ཐིག་སྐུད་ནི་སྦོམ་སུ་སློབ་དཔོན་གྱི་ནས་ཀྱི་ཚད་དོ།། དེ་ལ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་དྲུག་ཆ་ནི་མཐེ་བོང་ཕྱེད་ཀྱི་ཚད་དེ། ཆ་ཆུང་ངུ་ཐ་སྙད་གདགས་པར་བྱའོ།། དེ་ལ ་ཚངས་ཐིག་གི་ལྟེ་བོར་གཙོ་བོའི་པདྨའི་ལྟེ་བའི་དོན་དུ་ཚངས་ཐིག་ལས་ཕྱི་ངོས་སུ་ཆ་ཆུང་གཉིས་དོར་ནས་ཚངས་ཐིག་གཞན་གྱི་སྟེང་དུ་བཟུང་སྟེ་ཐིག་ཟླུམ་པོ་གཅིག་གདབ་པོ།། དེ་ནས་འདབ་མའི་ཆ་ཆུང་བཞི་དཪྴ་ནས་ཐིག་གཅིག་གང་བ ་བོ། དེ་ནས་རྡོ་རྗེ་ཕྲེང་བའི་ཆ་ཆུང་སྤངས་པར་ཐིག་གཅིག་གོ།། དེ་ནས་ལྷོའི་པདྨའི་ཆ་ཆུང་བཞི་དོར་བར་ཐིག་གཅིག་གོ།། དེ་ནས་རྡོ་རྗེ་ཕྲེང་བའི་ཆ་ཆུང་གཅིག་དོར་བར་ཐིག་གཅིག།། ཐིག་བཞི་པོ་འདི་རྣམས་ནི་ཟུར་ཐོག་གཉིས་ཀྱི་བར་དུའོ།། ་འདིར་ལྷའི་ཆ་ཆུང་བཞིའི་དབུས་སུ་ནི་པདྨ་ཆ་ཆུང་བཞི་པའོ།། དེའི་འགྲམ་གཉིས་སུ་ཀ་བ་གཉིས་ཏེ། རྒྱར་ཆ་ཆུང་རེ་རེ། སྲིད་དུ་ཆ་ཆུང་བཞིའོ།། དེ་གཉིས་ཀྱི་འགྲམ་དུ་རྒྱར་ཆ་ཆུང་གསུམ་པའི་བུམ་པ་གཉིས་ཏེ་དེ་ལྟར་རིང་བའོ།། ་དེ་དག་གི་འགྲམ་དུ་དེ་བཞིན་དུ་ཀ་བ་གཉིས་སོ།། དེ་ནས་ཟུར་ཐིག་གི་མཐར་ཐུག་པའི་ཐིག་ཐ་མཱ་ལས་ཕྱི་ངོས་སུ་ཆ་ཆུང་བདུན་གྱི་བར་སྤངས་ནས་ཐིག་གཅིག། དེ་ནས་ལྷ་རྣམས་ཀྱི་ཆ་ཆུང་བཞི་པའི་བར་སྤངས་ནས། ཐིག་གོ།། དེ་ནས ་ཆ་ཆུང་གཅིག་དོར་ནས་རྩ་བའི་ཐིག་སྟེ་ཟུར་ཐིག་གི་བར་དུའོ།། འདིར་ཐུགས་ཀྱི་དཀྱིལ་འཁོར་ནི་རྩ་བའི་ཐིག་གི་མཐར་ཐུག་པ་ཁོ་ནའོ།། དེ་ལྟར་གསུང་གི་དཀྱིལ་འཁོར་དེ་དེ་བཞིན་དུ་སྐུའི་དཀྱིལ་འཁོར་རོ།། ཚངས་ཐིག་གི་གཡཱ ་ཡོན་དུ་རྩ་བའི་ཐིག་ཆ་ཆུང་གསུམ་གསུམ་སྔོན་བཞིན་ཕྱེ་བས་སྒོ་ནི་ཆ་ཆུང་དྲུག་པ་སྟེ་འཁོར་ལོའི་བརྒྱད་ཆར་འགྱུར་རོ།། སྒོ་བྱུང་དང་འགྲམ་དང་ལོགས་གསུམ་གྱི་ཚད་ནི་སྒོ་དང་མཉམ་མོ།། རྩ་བའི་ཐིག་ལས་ཕྱི་རོལ་བུ་ཆ་ཆུང ་ཕྱེད་དང་གཉིས་དོར་བར་རྩིག་པའི་ཐིག་སྟེ། ཟུར་ཐིག་ལས་འཐོན་ནས་སྒོ་ཁྱུད་དང་འགྲམ་དང་ལོགས་ཀྱི་རྗེ་སུ་འགྲོ་བས་གསུམ་ཀྱོག་པོ་མདའ་ཡབ་ཀྱི་ཐིག་གི་མཐར་ཐུག་པའོ།། དེའི་གློར་རྟ་བབས་ཀྱི་ཀ་བའི་ཆ་ཆུང་ཕྱེད་དང ་གཉིས་དོར་བར་མདའ་ཡབ་ཀྱི་ཐིག་ལ་རྩེ་མོ་རེག་པའི་ཐིག་སྟེ། ནང་གི་དཔངསུ་ཆ་ཆུང་ཕྱེད་དང་བརྒྱད་པའོ།། རྩ་བའི་ཐིག་གི་ཕྱིའི་ཐིག་ལས་ཕྱི་ངོསུ་སྟེགས་བུའི་ཆ་ཆུང་གསུམ་གྱི་བར་དོར་ནས་ཐིག་གོ།། དེ་ནས་རིན་པོ་ཆེའི་ཕ ་གུའི་ཆ་ཆུང་ཕྱེད་དང་གཉིས་དོར་བར་ཐིག་གོ། དེ་ནས་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའི་ཆ་ཆུང་གསུམ་དོར་བར་ཐིག་གོ། དེ་ནས་རིན་ཆེན་ཤར་བུའི་ཆ་ཆུང་ཕྱེད་དང་གཉིས་དོར་བར་ཐིག་གོ།། དེ་ནས་མདའ་ཡབ་ཀྱི་སྣམ་བུའི་ཆ ་ཆུང་བྱེད་དང་གཉིས་དོར་བར་མདའ་ཡབ་ཀྱི་ཐིག་སྟེ་ཟུར་ཐིག་ནས་ཟུར་ཐིག་གཞན་གྱི་བར་དུ་རིང་བའོ།། སྟེགས་བུའི་ཐིག་ལ་སོགས་པ་བཞི་ནི་ཐིག་གཞན་གྱི་བར་དུའོ།། འདིར་ནི་ཀ་བ་གཅིག་གི་སྟེང་ནས་ཀཱ་བ ་གཉིས་པའི་སྟེང་དུ་སོན་པའི་ཐིག་ནི་གདུང་མཚོན་པར་བྱེད་པ་སྟེ། འདིའི་ནི་ནང་དུ་མདའ་ཡབ་རྣམས་བྲི་བར་མི་བྱའོ།། ཀ་བའི་སྟེང་དུ་རྟ་བངས་ནི་སྒོའི་ཚད་ལས་སྟེང་དུ་སུམ་འགྱུར་རོ།། དེ་ཡང་རིམ་པ་གསུམ་པ་སྟེ། དང་པོ་ནི་ཆ་ཆུང་དྲུག། ་གཉིས་པ་ནི་ཆ་ཆུང་ཕྱེད་དང་ལྔའོ།། གསུམ་པ་ནི་ཆ་ཆུང་ཕྱེད་དང་བཞིའོ།། ཧར་མི་ནི་ཆ་ཆུང་གཉིས།། དེའི་སྟེང་དུ་དུམ་པ་ཆ་ཆུང་གཉིས་པའོ།། དེ་ལ་རིམ་པ་དང་པོ་ལ་ཀ་བའི་སྟེང་དུ་ཆ་ཆུང་གཅིག་པའི་སྣམ་བུ་ཆ་ཆུང་ཉི་ཤུ་རྩ་བཞིར་རིང ་བའོ། དདེའི་སྟེང་དུ་ཚོ་ཆུང་གཅིག་པའི་མྱོས་པ་བསྲུང་བའི་སྣམ་བུ་ཆ་ཆུང་བཅུ་དྲུག་ཏུ་རིང་བའོ།། དེའི་སྟེང་དུ་དབུས་སུ་ཆ་ཆུང་བཞི་པའི་གྲུ་བཞི་པ་སྟེ་མཆོད་པའི་ལྷ་མོའི་གནསོ།། དེའི་གཡས་དང་གཡོན་དུ་ཆ་ཆུང་གཅིག་པའི་ཀ་བའོ།། དེ ་དག་གི་གློར་དེ་བཞིན་དུ་མཆོད་པའི་ལྷ་མོའི་གནསོ།། དེའི་གློར་སླར་ཡང་ཀ་བ་ཆ་ཆུང་གཅིག་གོ། དེ་དག་གི་གཞོགསུ་རྟ་བབས་ཀྱི་ཀ་བའི་སྟེང་དུ་མཆེ་བ་ཅན་གྱི་དབང་པོ་དག་མནན་པའི་མགོ་བོའི་སྟེང་དུ་བཏེགས་པའི་སེང་གེ་དག་གོ། དེ་དག ་གི་མགོ་དང་ཀ་བ་བཞིའི་སྟེང་དུ་ཆ་ཆུང་ཕྱེད་པའི་སྣམ་བུ་ཆ་ཆུང་བཅོ་བརྒྱད་དུ་རིང་བའོ།། དེའི་སྟེང་དུ་ཆ་ཆུང་གཅིག་པའི་མྱོས་པ་བསྲུང་བའི་ཆ་ཆུང་བཅུ་གཉིས་སུ་རིང་བའོ།། དེའི་སྟེང་དུ་ཆ་ཆུང་གསུམ་པའི་སྣམ་བུ་ཆ་ཆུང་བཅུ་གཉིསུ་རིང་བའོ། ་དེ་ལ་སོ་སོར་བཞི་ཆས་ཉུང་བའི་ཆ་ཆུང་གཅིག་པའི་ཀ་པ་བཞིའོ།། ཀ་བའི་བར་རྣམས་སུ་སོ་སོར་ཆ་ཆུང་གསུམ་པའི་ལྷའི་གནས་གསུམ་མོ།། ཕྱིའི་ཀ་བའི་གློ་དག་ཏུ་གདུང་འདེགས་པའི་ལྷ་མོ་གཉིས་སོ།། དེ་དག་གི་མགོ་གཉིས་དང་ཀ་པ ་རྣམས་ཀླི་སྟེང་དུ་ཆ་ཆུང་ཕྱེད་པའི་སྣམ་བུ་ཆ་ཆུང་བཅོ་ལྔར་རིང་བའོ།། དེའི་སྟེང་དུ་ཆ་ཆུང་གཅིག་པའི་མྱོས་པ་བསྲུང་བའི་སྣམ་བུ་ཆ་ཆུང་བརྒྱད་དུ་རིང་བའོ།། དེའི་སྟེང་དུ་ཆ་ཆུང་གཉིས་པའི་སྣམ་བུ་ཆ་ཆུང་བརྒྱད་དུ་རིང་བའོ།། དེ་ནས་སོ། ་རྦ་ཆུང་ཕྱེད་པའི་ཀ་བ་བཞིའོ།། ཀ་བའི་བར་རྣམ་སུ་ལྷའི་གནས་གསུམ་སྟེ། རེ་རེ་ཞིང་ཆ་ཆུང་གཉིས་གཉིས་པའོ།། ཕྱིའི་ཀ་བའི་གློ་དག་ཏུ་གདུང་འདེགས་པའི་ལྷ་མོ་གཉིས་སོ།། དེའི་སྟེང་དུ་ཆ་ཆུང་ཕྱེད་པའི་སྣམ་བུ་ཆ་ཆུང་བཅུ ་གཉིས་སུ་རིང་བའོ།། དེའི་སྟེང་དུ་ཧར་མི་སྟེ་སྲིད་དུ་ཆ་ཆུང་བརྒྱད་པའོ།། དེའི་སྟེང་དུ་བུམ་པའོ།། དེའི་གཡས་དང་གཡོན་དུ་རྒྱལ་མཚན་གྱི་ཡུ་བའི་གནས་སོ།། དེ་ལྟར་སྣམ་བུ་ཐམས་ཅད་ཀྱི་རྩེ་མོ་ལ་དྲིལ་བུ་དང་རྔ་ཡབ་དང་མེ་ལོང ་དང་རྒྱལ་མཚན་དང་བ་དན་རྣམས་སོ།། འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་རྩ་བའི་ཐེག་ནས་ཕྱི་ངོས་སུ་གསུང་གི་དཀྱིལ་འཁོར་རོ།། དེའི་ཕྱོགས་རེ་རེར་ཆ་ཆུང་བཅུ་གཉིས་པའི་གནས་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་རྩིག་པ་ལ ་སོགསྲ་བ་ནས་མདའ་ཡབ་ཀྱི་མཐར་ཐུག་པའི་སྣམ་བུ་རྣམས་ཀྱིས་ཁྱབ་པའོ།། དེའི་ཕྱི་ངོས་སུ་ཆ་ཆུང་བདུན་པའི་བར་སྤངས་ནས་ཐིག་གཅིག་གོ།། དེ་ནས་ཆ་ཆུང་བཞི་པའི་ལྷ་རྣམས་དོར་ནས་ཐིག་གཅིག་གོ།། སྣམ་བུ་འདི་ལ་ཆ ་ཆུང་བཞི་པའི་པདྨ་རྣམས་ཏེ། འོན་ཀྱང་ཕྱོགསུ་སོན་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་འོག་ཏུ་གནས་པ་ནི་རིམ་པ་གཉིས་པའི་མྱོས་པ་བསྲུང་བ་ལ་སོགས་པའི་ཆ་ཆུང་བཞི་པའི་གནསུ་ཀ་བ་གཉིས་ཀྱི ་ཆ་ཆུང་ཕྱེད་བསྣུར་ནས་དྲི་བར་བྱའོ།། དེ་ནས་ལྷ་རྣམས་ཀྱི་ཐིག་ལས་ཕྱི་ངོ་སུ་ཆ་ཆུང་གཅིག་དོར་བར་རྩ་བའི་ཐིག། ཐིག་གསུམ་པོ་འདི་ཟུར་ཐིགི་མཐར་ཐུག་པར་རང་བའོ།། རྩ་བའི་ཐིག་ལ་ཚངས་ཐིག་གཡས་དང་གཡོན་དུ་ཆ་ཆུང ་དྲུག་དྲུག་སྔོན་བཞིན་ཕྱེ་བས་སྒོ་ཆ་ཆུང་བཅུ་གཉིསུ་འགྱུར་རོ།། དེ་ནས་སྒོ་ཁྱུད་ལ་སོགས་པ་ནས་རྟ་བབས་ཀྱི་མཐར་ཐུག་པ་རྣམས་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་ཁྱུད་ལ་སོགས་པ་ལས་ཉིས་འགྱུར་དུ་འགྱུར་རོ།། གསུང་གི་དཀྱིལ་འཁོར ་འདིའི་རྩ་བའི་ཐིག་ལས་ཕྱི་ངོསུ་སྐུའི་དཀྱིལ་འཁོར་རོ།། དེའི་ཕྱོགས་རི་རེ་ཊ་ཆ་རླུང་ཉི་ཤུ་རྩ་བཞིའི་གནས་ནི་གསུང་གི་དཀྱིལ་འཁོར་གྱི་རྩིག་པ་ལ་སོགས་པ་མདའ་ཡབ་ཀྱི་མཐར་ཐུག་པའི་སྣམ་བུ་རྣམས་ཀྱིས་ཁྱབ་པའོ།། དེའི ་ཕྱི་ངོ་སུ་ཆ་ཆུང་བཅུ་གཅིག་དོར་ནས་ཐིག་གོ། དེའི་ཕྱི་ངོསུ་ཆུ་ཆུང་བཅུ་གཉིས་ཀྱི་ལྷ་རྣམས་དོར་ནུས་ཐིག་གོ། ལྷ་རྣམས་འདི་ལ་པདྨ་བཅུ་གཉིས་ཏེ། རེ་རེ་ཞིང་ཆ་ཆུང་བཅུ་གཉིས་པའོ།། དེ་ལ་ཆ་ཆུང་བཅུ་གཉིས་པའི་པདྨ་ཆུ ་བདུན་དུ་བྱས་ནས་དབུས་ཀྱི་ཆ་ནི་ལྟེ་བའོ།། གཡས་དང་གཡོན་གྱི་ཆ་དག་ནི་འདབ་མ་བཞིའོ།། དེའི་གཡས་དང་གཡོན་དུ་བརྒྱདདོ།། དེའི་གཡས་དང་གཡོན་དག་བཅུ་དྲུག། དེ་ལྟར་དཀྱིལ་འཁོར་གསུམ་རྣམས་ཀྱི་འདབ་མ་ཉི ་རྩ་བརྒྱད་དོ།། ལྷ་རྣམས་ཀྱི་ཐིག་ལས་ཕྱི་ངོས་སུ་ཆ་ཆུང་གཅིག་དོར་བར་རྩ་བའི་ཐིག། ཐིག་གསུམ་པོ་འདི་སྲིད་དུ་ཟུར་ཐིག་གི་བར་དུའོ།། རྩ་བའི་ཐིག་ཚངས་ཐིག་གཡས་དང་གཡོན་དག་ཏུ་ཆ་ཆུང་བཅུ་གཉིས་སྔོན་བཞིན་ཕྱི་བ་ལས་སྒོ ་ཆ་ཆུང་ཉི་ཤུ་རྩ་བཞི་ཡིན་ནོ།། དེ་ནས་དེའི་སྒོ་ཁྱུད་ལ་སོགས་པ་ནས་རྟ་བབས་ཀྱི་མཐར་ཐུག་པ་རྣམས་གསུང་གི་དཀྱིལ་འཁོར་གྱི་སྒོ་ཁྱུད་ལ་སོགས་པ་གཉིས་འགྱུར་ཏེ། ཆུའི་འཁོར་ཡུག་གི་ཕྱེད་ཚུན་ཆད་དོ།། གསུང་གི་དཀྱིལ་འཁོར ་གྱི་རྟ་བབས་རྣམས་ཀྱི་ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་གྱི་སྒོའི་དབུས་རྣམསུ་ཆ་ཆུང་བཅུ་གཉིས་པའི་ཤིང་རྟ་རྣམསོ།། དེ་ནས་སའི་འཁོར་ཡུག་ཆ་ཆུང་བཅུ་གཉིས་པའོ།། དེའི་ཕྱི་ངོས་སུ་ཆུའི་འཁོར་ཡུག་ཆ་ཆུང་ཉི་ཤུ་རྩ་བཞིའོ།། དེ ་ནས་མེའི་ཁོར་ཡུག་ཆ་ཆུང་ཉི་ཤུ་རྩ་བཞིའོ།། དེ་ནས་རླུང་གི་ཁྱོར་ཡུག་ཆ་རུང་ཉི་ཤུ་རྩ་བཞིའོ།། རླུང་གི་ཁོར་ཡུག་ལས་ཕྱི་ངོས་སུ་ན་མཁའི་ཁོར་ཡུག་ཆ་ཆུང་བཅུ་གཉིས།། ཁོ་ར་ཡུག་དེའི་ཕྱི་ངོས་སུ་འོད་ཟེར་གྱི་ཕྲེང་བ་ཆ ་ཆུང་ཉི་ཤུ་རྩ་བཞིའོ།། སའི་ཁོར་ཡུག་ལ་སོགས་པ་དྲུག་པོ་འདི་རྣམས་རང་རང་གི་དང་པོར་ཐིག་ཟླུམ་པོའོ།། འོད་ཀྱི་ཁོར་ཡུག་གི་མཐར་ཡང་སྐྱེ། ཐིག་ཟླུམ་པོ་བདུན།། དེ་ལྟ་བུ་འདི་ནི་གཙོ་བོ་ཐུགས་རྡོ་རྗེའི་དཀྱིལ་འཁོར་གསུམ ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་རོ།། འདའི་ཐིག་སྐུད་ལ་ནི་ཁྲུ་བརྒྱ་དོ་སའི་ཁོར་ཡུག་གི་ཐོག་མའི་བར་དུའོ།། ཞེས་པ་ནི་ཕྱོགས་དང་པོའོ།། གང་གི་ཚེ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་ཚད་དང་། གསུང་གི་དཀྱིལ་འཁོར་གྱི་སྒོའི ་ཚད་བསྡོམས་ནས་སྒོ་ཆ་ཆུང་བཅོ་བརྒྱད་ཡོངས་སུ་གཏཱགཱ་ཏེ། དེའི་དྲུག་ཆལ་ཆ་ཆུང་གི་ཐ་སྙད་བྱེད་པ་དེའི་ཧཱུ~ཾ། ཆ་ཆུང་དེས་གཙོ་བོའི་པདྨའི་ལྟེ་བ་ལ་སོགས་པ་ནས་འོད་ཀྱི་ཕྲེང་བའི་མཛར་ཐུག་པར་ཆ་ཆུང་གི་གྲངས ་བྱའོ།། དེའི་ཚེ་གཙོ་བོ་ཐུགས་རྡོ་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཁྲུ་བཅུ་གཉིས་དང་། དེའི་ཉིས་འགྱུར་གྷི་པིག་སྐུད་ནཱཾ་སའི་ཁོར་ཡུག་གི་ཐོག་མའི་བར་དུ་ཁཱ་ཉི་རུ་རྩ་བཞིའོ།། ཕྱོགས་གཉིས་པའོ།། གང་གི་རྩེ ་བཅོམ་ལྡན་འདས་ཐུགས་རྡོ་རྗེ་གསུང་རྡོ་རྗེའི་གནསུ་གྱུར་ནས་གསུང་རྡོ་རྗེ་ནི་གཙོ་བོ་སྟེ། དེ་ལས་གཞན་པའི་ལྷ་ལ་སོགས་པའི་བཀོད་པ་ནི་ཕྱོགས་དང་པ་བཞིན་དུ་སྟེ། གང་གི་ཚེ་ཡང་དབུས་ཀྱི་དཀྱིལ་འཁོར་གྲུ་བཞི་པ་དང་། དེ་ཉིས་ཨུ ་དང་རྡོ་ཉས་འགྱུར་རྩ་བ་ཡིན་པ་དེའི་ཚེ་ཁྲུ་བཅུ་དྲུག་གི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་གསུང་གི་དཀྱིལ་འཁོར་དང་། དེ་ཉིས་འགྱུར་གྱི་ཐིག་སྐུད་ནི་ཁྲུ་སུམ་ཅུ་སོ་གཉིས་པ་སྟེ། སའི་ཁར་ཡུག་གི་དང་པོའི་བར་དུའོ།། ཞེས་པ ་ཕྱོགས་གསུམ་པའོ།། གང་གི་ཚེ་དང་པོར་བརྗོད་པའི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྡེའི་ཚད་དང་། དང་པོར་བརྗོད་པའི་སྐུའི་དཀྱིལ་འཁོར་གྱི་སྒོའི་ཚད་བསྡོམས་ནས་སྒོ་ཆ་ཆུང་སུམ་ཅུར་ཡོངསུ་བརྟགས་ཏེ། དེའི་དྲུག་ཆ་ལ་ཆ ་ཆུང་ངུ་འདོགས་པ་དེའི་ཚེ། ཆ་ཆུང་དེས་གཙོ་བོའི་ལྟེ་བ་ལ་སོགས་པ་ནས་འོད་ཀྱི་ཁོར་ཡུག་གི་མཐར་ཐུག་པར་ཆ་ཆུང་གི་གྲངས་བྱ་ཞིང་། བཅོམ་ལྡན་འདས་ཐུགས་རྡོ་རྗེ་ཡེང་སྟེ་རྡོ་རྗེའི་གན་སུ་བྱའོ།། སྐུ་རྡོ་རྗེ་ནི་གཙོ་བོ་སྟེ། དེ ་ལས་གཞན་པའི་ལྷ་ལ་སོགས་པ་དགོད་པ་ནི་ཕྱོགས་དང་པོ་བཞིན་ཏེ། དེའི་ཚེ་གཙོ་བོ་སྐུ་རྡོ་རྗེའི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཉིད་ཁྲུ་ཉི་ཤུ་དང་། དེ་ཉིས་འགྱུར་གྱི་ཐིག་སྐུད་ཀྱང་སའི་ཁོར་ཡུག་གི་ཐོག་མའི་བར་དུ་ཁྲུ་བཞི ་བཅུ་པའོ་ཞེས་པ་ནི་ཕྱོགས་བཞི་པའོ།། དེ་ལྟར་ཡང་དྲི་མ་མེད་པའི་འོད་ལས་ཐིག་སྐུང་ཁྲུ་བརྒྱད་པ་ཞེས་པའི་རྩ་བ་ལ། ཁྲུ་བརྒྱད་པ་ཞེས་པ་ནི་དཀྱིལ་འཁོར་ཉིས་འགྱུར་རོ་ཞེས་བཀྲལ་ནས། དེ་ལ་དང་པོའི་སངས་རྒྱས་ལས། ཐུགས་ཀྱི ་དཀྱིལ་འཁོར་ཁྲུ་བཅུ་གཉིསུ་བྱས་ཤིང་ཐིག་སྐུད་ནི་ཁྲུ་ཉི་ཤུ་རྩ་བཞིའོ།། དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ནི་ཁྲུ་བཅུ་དྲུག་གོ།། སྐུའི་དཀྱིལ་འཁོར་ནི་ཁྲུ་ཉི་ཤུའོ།། ཞེས་པ་ནི་ཐིག་སྐུད་ཉིས་འགྱུར་གྱིས་ངེས་པ་ཡིནོ།། ཞེས་གསུངས ་སོ། ཡང་དབང་གི་དོན་དུ་དབུས་ཀྱི་དཀྱིལ་འཁོར་ཙམ་བྲི་བར་རྗེསུ་གནང་སྟེ། ཇི་སྐད་དུ་དབང་གི་དོན་དུ་དཀྱིལ་འཁོར་རམ་ནི་རིགས་ཀྱི་དབང་ལས་ཕྱིའི་འཁོར་ལོས་རབ་ཏུ་དམན་པར་འགྱུར་ཞེས་གསུངས་སོ།། གང་ཡང་ཁམས་གསུམ ་རྣམ་པར་རྒྱལ་བའི་རྒྱུད་ལས་སྒྲོ་འཁོར་ལོའི་དགུ་ཆ་དང་། དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་ལས། འཁོར་ལོའི་བཅུ་ཆར་གསུངས་པ་དེས། ད་ལྟར་ནི་སློབ་དཔོན་རྣམས་ཀྱི་ཐ་སྙད་མི་བྱེད་པས་ན་ཁོ་བོས་སྤངསོ།། དཀྱིལ་འཁོར ་གྱི་ཚད་ཀྱང་རབ་ཏུ་གྲགས་པ་བརྗོད་ཀྱི། འདི་ཙམ་འབའ་ཞིག་ནི་མ་ཡིན་ཏེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། འཛམྦུ་གླིང་གི་དབང་ཕྱུག་གམ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས།། ཀུན་ནས་དཔག་ཚད་མཐའ་རུ་ནི།། ཕྱི་རོལ ་དཀྱིལ་འཁོར་བྲི་བར་བྱ།། མཁས་པས་གདུལ་བྱ་སྒྲུ་བ་ཡྀ།། སེམས་རྣམས་ཡང་དག་བལྟས་ནས་ནི།། འདད་བྱས་ཆད་ནི་བྱས་ན་ཡང་།། ཉེས་པ་ཅུང་ཟད་སྤྱད་མ་སྦྱིན།། རང་གི་འདོད་པས་དཀྱིལ་ཝཱ་བྷྱོ་སྤྱན།། 2 ་ལ་དུ་བྷཱི་ཐཱནས།། བསྐྲུ་བཅོས་ལ་སོ་གསུངས་དེན་བྱེད།། སོ་སངས་སམས་སྨྲས་ཉྀ་ཀྱིས། ཤེས་ག་ཙྪས།། དཀྱིལ་འཁོར་དཔག་མྱེད་པའི་དབྱེ་བཟླ་དད་རྣམས་ཇི་ཙམ་ཆོག་བརྗོད་ཅིང་བྱ་བར་ཆུས། གང་གི་ཕྱིར་ནི་བཅོམ་ལྡན ་འདས་ཀྱིས། རྡོ་ཀྱིལ་འཁོར་ཇི་ལྔ་བ་དེ་བཞིན། རབ་ཏུ་བསྟན་པོར་སུ་ཡིས་ནུས།། རང་གི་ལྷའི་སྦྱོར་བ་ཡིས།། དཀྱིལ་འཁོར་བརྟག་པར་གྲུབ་པ་ཡིན་ཞེས་གསུང་སོ།། འདིར་ཐིག་གདབ་པའི་བསྡུ་བའི་ཚིག་སུ་བཅད་པ་ནི།། ཤཱར་སོགས ་སྨ།། སྨ་ཆུ་སྩ་ལ་ས། སྦྱི་སྒྱུ་ས་ག་ནྀ་ནཱ་ག་ང། ན་གས།། ། ། ་རུང་སྟེ། མ་གཅིག་དོ་ཉིས།། གཅིག་གཉིས་གཅིག་དང་གཅིག་གི་ར།། ཐིག་ཊྚ་།། ས་ལས་རིམ་གྱིས་ང་པོ་ནི།། རླུང་སྲིམ་དུ་།། གཉིས་ཐིག་རློང་གི་ཉིས་རྩེར་། ་བརྒྱད་དུ་གདུ་ལ་ཐུགས་ཐོའོ།། ཐིག་ལས་དྲང་པོ་ཐོག་ཅན་སྟེ།། གདུམ་མ་ཆུང་ལྔ་བན་པ།། མརུང་བན་དེའི་དང་ས་ནོ།། ངས་ཟིག་ཀྱི་མེར་ཡང་དག་རེག། གསུམ་ནི་དུ་མཆི་། བན་རྩནས་འདུ་ཐེག། མརུང་བདུ་ན ་པའོ།། རྩ་བའི་རྩེ་ནས་བྱུང་བའི་ཐིག། ཆ་ཆུང་བཞི་པའི་ངོས་སྟེང་དུ།། ཆ་ཆུང་གཉིས་གཉིས་ཐད་ཀར་ནི།། ཆ་ཆུང་བརྒྱད་དེ་གསུམ་འཁྱོག་པ།། ཀ་བའི་རྩེ་ནས་ཕྱི་ངོསུ།། ཆ་ཆུང་རེ་རེ་དོར་བར་ཐིག། བཅུ་གཅིག་འདི་ལ་ལྔ་པ་དང་།། བདུན་པ ་ཆ་ཆུང་ཕྱེད་དང་གཉིས།། ཡང་ན་གསུམ་པ་བདུན་པ་དང་།། དགུ་པ་ཆ་ཆུང་རེ་རེའོ།། བཞི་པ་དྲུག་པ་བཅུ་པ་རྣམས།། སོ་སོར་ཆ་ཆུང་ཕྱེད་ཕྱེད་དོ།། ལྔ་ནི་ཆ་ཆུང་ཕྱེད་དང་གཉིས།། དེ་ལ་ཕྱོགས་གཉིསུ་ནི་རྒྱར།། ཚངས་པའི་གཡས་དང་གཡོན ་དུ་ནི་དངོ་ཆ་ཆུང་ཕྱེད་དང་བཅས་མདའ་ཡི་མཐར།། སྣམ་བུ་ཆ་ཆུང་ཕྱེད་དང་གསུམ།། ཐིག་ནི་ཆ་ཆུང་ཕྱེད་དང་བཞི།། ཆ་ཆུང་དྲུག་མཐ་རོ་གཉིས་པ་དང་།། གསུམ་པོ་ཆ་ཆུང་གསུམ་པའོ།། ཚེ་ཆུང་བཞི་མཐར་བཞི་པ་ནི།། ཆ་ཆུང་ལྔ་སྟེ་མངའ་ཕྱེད ་བཅས།། གསུམ་དོར་ནས་ནི་ཕྱེད་དང་ལྔ།། གསུམ་ནས་དྲུག་པ་ཆ་ཆུང་ལྔ།། བཞི་ནི་ཆ་ཆུང་བདུན་རྣམས་ཏེ།། ཐིག་བཅུ་གཅིག་པ་ཆ་ཆུང་ལྔ།། སྣམ་བུ་ལྔ་པའི་སྟེང་གི་ནི།། ངོས་སུ་ཆ་ཆུང་ཕྱེད་དང་བཞི།། བདུན་པའི་འོག་ལ་ཆ་ཆུང་གསུམ།། ་སྟེང་ནི་ཆ་ཆུང་དྲུག་སྟེང་དུ།། སྣམ་བུ་རྣམས་མཐར་སོན་པའི་ཐིག། གཞན་གྱི་མཐའ་དང་ལྷན་ཅིག་ཏུ།། སྐྱོག་པོ་གཅི་ག་འདི་ནང་དུའང་།། ཆ་ཆུང་ཕྱེད་ནས་དེ་བཞིན་གཞན།། དེ་ཕྱིར་ཆ་ཆུང་རིག་བྱེད་མཐར།། ཐིག་ཟླུམ་དེ་ནས་གཉིས ་ཡིན་ཏེ།། ཆ་ཆུང་གཉིས་གཉིས་དོར་བར་རོ།། བཞི་དོར་བར་ནི་ཟླུམ་པོ་གཞན།། འགྲམ་ལོགས་སྒོ་དང་མཉམ་པ་ན།། མུན་པའི་སྣམ་བུ་མེད་པའོ།། རྟ་བབས་སྒོ་ལས་སུམ་འགྱུར་ནི།། ངོས་ཉིད་དུ་སྟེ་སྟེང་མིན་པ།། དེ་ཚེ་ཐིག་ནི་དྲང་པོ ་གསུམ།། སྟེགས་བུའི་ཐིག་ལས་དེ་ལྟར་གཞལ།། ཕྱོགས་ནི་དེ་མ་ཐག་པ་ཡི།། རྟ་བབས་སྣམ་བུ་དྲག་པའི་ལས།། དཔངས་སུ་ཚད་ནི་སྒོ་ཡི་ཆ།། ནོར་ལྷ་ནོར་ལྷ་ཉི་མ་དང་།། རྒྱལ་བ་ནོར་ལྷ་རྒྱལ་བ་དང་།། ཉི་མ ་ནོར་ལྷ་ཉི་མ་དང་།། རྒྱལ་བ་ནོར་ལྷ་གོ་རིམས་བཞིན།། འདི་རྣམས་ངོས་ཀྱི་བརྗོད་པར་བྱ།། ཚངས་པའི་གཡས་དང་གཡོན་དུ་ནི།། ཆ་ཆུང་ཕྱེད་དང་ལྔ་དོར་ནས།། སྣམ་བུ་ཆ་ཆུང་ཕྱེད་དང་གསུམ།། ཐིག་ནི་ཆ་ཆུང་ཕྱེད་དང་བཞི།། གཉིས་པ་དང་ནི ་གསུམ་པ་ནི།། ཆ་ཆུང་ལྔ་ནས་ཆ་ཆུང་གསུམ།། བཞི་པ་ཆ་ཆུང་བཞི་དོར་ནས།། ཆ་ཆུང་གསུམ་མངའ་ཆ་ཆུང་ནི།། ཕྱེད་དང་བཞི་ནས་ཕྱེང་དང་བཞི།། གསུམ་ནས་དྲུག་པ་ཆ་ཆུང་ལྔ།། དེ་ནས་གསུམ་ནི་བརྒྱད་གཅིག་ནི།། ཆ་ཆུང་བདུན་ཏེ་ཐ་མ ་དྲུག་དེ་ཕྱིར་ཆ་ཆུང་རིག་བྱེད་མཐར།། ཟླུམ་པོ་གཉིས་ནས་དེ་བཞིན་ཐིག། ཆ་ཆུང་གཉིས་མཐར་ཟླུམ་པོ་སྟེ།། ཐ་མོ་ཆ་ཆུང་བཞི་ཡི་མཐར།། ཚངས་ལས་ཆ་ཆུང་བརྒྱད་མཐར་དང་།། བདུན་པོའི་མཐའ་རུ་ཟླུམ་པོའི་ཐིག། དེ་ནས་ཡང་དག ་དྲངས་ནས་ནི།། ཕྱོགས་གཞན་ཐིག་གི་མཚམས་སོང་བའི།། ཐིག་གཉིས་རིམ་བཞིན་ཚངས་པའི་ཕྱིར།། ཆུ་ཆུང་གཉིས་གསུམ་དོར་བར་རོ།། ཕྱི་ཟླུམ་ཐིག་ལས་ཕྱི་དྲོས་སུ།། ཆ་ཆུང་དོར་བར་ཟླུམ་པའི་ཐིག། དེ་ནས་ཆ་ཆུད་གསུམ ་དོར་ནས།། ཟུར་ཐིག་བར་དུ་གནས་པའི་ཐིག། ཀུན་ཏུ་སོན་པའི་ཚངས་ཐིག་དང་།། རེ་མིག་སྣམ་བུའི་རེ་ཁ་དབྱི།། རྩ་བའི་ནང་གི་དཀྱིལ་འཁོར་དུ།། ལྷ་ཡི་དབྱེ་བས་ཐིག་གདབ་པ།། ཅུང་ཟད་ཐ་དད་བདེ་མཆོག་གི། གཞན་ཏ་དེ་ཡི ་བརྗོད་པར་བྱ།། ཚངས་དང་ཟུར་ཐིག་གནས་པ་ལས།། གཞན་མིན་དེ་ཡི་ཚངས་ལས་ཕྱིར།། ཆ་ཆུང་གཉིས་དོར་རྩ་བའི་བར།། ཐིག་གདབ་ཟུར་གྱི་འགྲམ་དག་ཏུ།། དེ་བཞིན་ལྟེ་བའི་ལོགས་དག་ལས།། སྒོ་ནི་བཞི་བཞིར་དེ་ཡི་སྲིད།། ལྟེ་བའི་ཕྱི ་རུ་ཆ་ཆུང་བཞི།། དོར་བར་ཆ་ཆུང་བཞི་པའི་ཐིག། ཐང་ཀར་ཚངས་དང་ཟུར་ལ་གནས།། འདིར་ནི་ཡང་ནི་ཐིག་ལྔ་ཡང་།། ཆ་ཆུང་གཉིས་གཉིས་དོར་བར་རོ།། དེ་བཞིན་དེ་རྣམས་དང་དྲུག་པ།། མཚམསུ་ཡང་དག་སོན་པའོ།། ཚངས་པ་དང་ནི ་ཟུར་ཐིག་གི། གཡས་དང་གཡོན་པའི་བདུན་རྣམས་ལས།། ལྔ་པ་གསུམ་པ་དང་པོ་ཡི།། ཆ་ཆུང་གཅིག་གི་མཐའ་ལས་འཐོན།། རང་གི་གཉིས་པའི་རྩེར་སོང་ནས།། བདུན་པ་ཡིས་ནི་དབུསུ་སོང་།། ཐིག་གཅིག་སྐྱོག་པོ་ལྔ་རུ་འགྱུར།། ་དེ་ནང་དུ་ཡང་ཆ་ཆུང་ཕྱེད།། དོར་ནས་དེ་བཞིན་གཞན་ཡིནོ།། ཚངས་ལས་རིམ་བཞིན་རྒྱལ་པོ་དང་།། ཉི་ཀླུ་ཆུ་མིག་ཆ་ཆུང་ནི།། དོར་བར་ཟླུམ་པོའི་ཐིག་ལྔའོ།། དང་པོ་གསུམ་གྱི་ནང་དུ་ཡང་།། ཆ་ཆུང་ཕྱེད་ཕྱེད་དོར་ནས་ཐིག། ཟླུམ་པོ ་གསུམོ་རྩིབས་ཟླུམ་གྱི།། ཐིག་ལས་གཞན་ནི་དབྱི་བར་བྱ།། མངས་པས་འཇིགས་པས་གཞན་གྱི་ནི།། ཁྱད་པར་བསྡུ་བ་མ་བྱསོ་ཞེས་པའོ།། དེ་ནས་ཐིག་གདབ་པའི་མཐར་མཆོད་པ་དང་གཏོར་མེ་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུཾ་བཛྲ ་མུཿཞེས་པས་ཡེ་ཤེས་ཀྱི་ཐིག་གཤེགས་ཏེ། ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་བཙུག་ནས། ཚོན་སྣ་ལྔའི་ཐིག་སྐུད་གནས་ཇི་ལྟ་བ་བཞིན་བཞག་པར་བྱའོ།། ཐིག་གདབ་པའི་ཆོ་གའོ།། ་དེ་ནས་གཏོར་མ་བྱིན་ལ།། བཾ་ལ་རཾ་ཙ་ཡ་རྣམས་ཀྱི་ས་བོན་ལས་བྱུང་བའི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོའི་ཚོན་རྣམས་གོ་རིམས་བཞིན་དུ། ཟླ་ཤེལ་དང་། སྤུག་དང་། པདྨ ་རཱ་ག་དང་། མར་གཏ་དང་། ཨིནྡྲ་ནི་ལ་ལས་བྱས་པ་རྣམས་སམ། ཡང་ན་མུ་ཏིག་དང་། གསེར་དང་། བྱི་རུ་རྣམས་དང་བསྲེས་པ་དང་། མུ་མེན་ལས་སྐྱེས་པ་རྣམས་ཏེ། བསྲེས་པ་ནི་འདིར་མུ་ཏིག་ལ་སོགས་པ་བཞིའོ།། ཡང་ན་ཁམ་པ ་ལས་བྱས་པ་འམ། འབྲས་ལས་བྱས་པ་འམ། མེ་ཏོག་ལས་བྱས་པ་འི། ཇི་ལྟར་རིགས་པར་སོ་ཕག་གི་ཕྱེ་མ་འམ། སོལ་བ་དང་། རུས་པའི་ཕྱེ་མ་ལ་སོགས་པས་ཀྱང་རུང་སྟེ། ལེགས་པར་འདུ་བྱས་པ་བཟང་པོ་རྣམས། བྲུཾ་ཨཱཾ་ཧཱིཿབཾ་ཧཱཾ་རྣམས་ལས ་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་བསྒོམས་ནས། ན་མཁའ་ལ་བཀོད་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར། བུམ་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཚོན་རྣམས་ཐིག་སྐུད་འདུ་བྱ་བར་བརྗོད ་པའི་འབར་བའི་ལྟ་སྟངས་ཀྱིས་བཀུག་སྟེ་བཅུག་པ་རྣམས་དང་། རོ་གཅིག་ཏུ་གྱུར་པས། ཡེ་ཤེས་ཀྱི་ཚོན་དུ་གྲུབ་པ་རྣམས་ལ་བྲུཾ་ལ་སོགས་པ་མངོན་པས་བསྔགས་ནས། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པའི་བསྡོགས་ཀྱིས་བརྒྱ ་རྩ་བརྒྱད་དུ་བསྔགསོ།། དེ་བཞིན་དུ་འབར་བའི་ལྟ་བས་ཡང་དག་པར་གཟི་བྱིན་བསྐྱེད་ཅིང་རེ་རེ་ལ་ཧཱི་ཡིག་བཀོད་ནས་བདེན་པ་རྣམས་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས ་ཅན་ལ་ཆགས་པས་རྗེས་སུ་ཆགས་པར་འགྱུར་བའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱིས་བརླབས་ཀྱིས་སྦར་བར་བྱའོ།། ལྷ་བསྒོམས་པ་ཕུལ་དུ་བྱུང་བ་ལས་ནི་འབར་རོ།། དྲི་དང་མེ་ཏོག་ལ ་སོགས་པས་མཆོད་ནས་སྣོད་གསར་པར་གཞག་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ལྟ་བ་ན་གནས་པའི་ཕུར་པ་འཆང་བར་འགྱུར་བའི་ཧཱུཾ་བཞི་པའི་སྔགས་ཀྱིས་བསྟན་ནས། བློས་རང་གི་ལག་པའི་རྡོ་རྗེ་ལ་བསྟིམས་ཏེ། ཕུར་བུའི ་ཁུང་བུ་ཚོན་ལྔས་ཡིས་བཀང་ལ་མཉམ་པར་བྱས་ཏེ། དྲིལ་བུའི་སྒྲ་དང་རྡོ་རྗེའི་གླུས་མཚན་མ་ངན་པ་བསལ་བར་བྱའོ།། ཆོས་དབྱིངས་འདི་ནི་དག་པ་སྟེ།། སེམས་ཅན་རྣམས་ནི་རང་གྲོལ་མཛད།། རང་ཉིད་རྒྱལ་པོ་རྡོ་རྗེ ་འཆང་།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཉེས་པ་ཀུན་ལས་རྣམ་པར་གྲོལ།། འཁོར་ལོའི་ནང་དུ་ཡང་དག་གནས། ཞེས་པས་ཆོས་དབྱིངས་རྣམ་པར་དག་པར་མོས་ནས། དང་པོར་ནང་གི་དཀྱིལ་འཁོར་དུ་འདུག ་སྟེ་ལག་པ་གཡས་པ་རྡོ་རྗེས་མཚན་ཞིང་གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས། ཨོཾ་བཛྲ་རཾ་ག་ས་མ་ཡ། ཨོཾ་ཨཱཿཧཱུཾ་ཞེས་པ་འམ། ཨོཾ་བཛྲཱི་ཙི་ཏ་ས་མ་ཡ་ཧཱུཾ་ཞེས་པ་བརྗོད་ཅིང་དཀྱིལ་འཁོར་གྱི་ནང་དུ་ཤཱ་ར་དུ་ཕྱོགས་པར ་འདུག་པས་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། གཡས་བསྐོར་དུ་ཚོན་དགྱེ་བར་བྱའོ།། ཕྱི་ནས་སློབ་དཔོན་ནམ་རི་མེ་མཁའ་ལ་སོགས་པས་ཇི་ལྟར་བདེ་བར་དགྱེ་བར་བྱའོ།། སྡོམས་སུ་སྒོའི་ཉི་ཤུ་ཚོར།། རེ། ་ཡང་དག་དྲང་བར་བྱ།། མཉམ་ཉིད་དྲང་ལ་མ་ཆད་པ།། ཇི་ལྟར་རིགས་པར་ཕན་ཚུན་གྱི།། པར་གྱི་ཚད་ནི་ནས་ཙོམ་སྟེ།། འོག་དང་སྟེང་ནི་ཅི་མཛེས་བྱ།། སྦོམ་པོར་བཀྱེ་ན་ནང་འབྱུང་ངོ་།། ཕྲ་མོ་ཡིས་ནི་ནོར་རྣམས ་ཉམས།། ཡོན་པོ་ཡིས་ནི་རྣམ་པར་སྡང་།། ཚོད་ན་བླ་མ་སློབ་མ་འཆི།། གཡས་བསྐོར་མིན་པར་བཀྱེ་ན་ནི།། ཚོན་རྣམས་ཕུར་པས་བཏབ་པར་འགྱུར།། ཕུར་པས་བཏབ་པས་ནི་དངོས་གྲུབ་ཀྱི་རྒྱུ་ཡང་མ་ཡིན་པའོ།། ཕན་ཚུན་འདྲེས ་ན་རིགས་འཆད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱི་ཉེས་པ་ཞི་བར་བྱ་བའི་ཕྱིར་གསུངས་པ། ཚོན་བཀྱེ་བ་ལ་ཉེས་པ་གང་།། དེ་ཉིད་བསམ་སྦྱོར་མེད་རྣམས་ལའོ།། དེ་ཉིད་བསམ་བཟང་སྦྱོར་རྣམས་ལ།། སུས་ཀྱང་བར་ཆད་པ་མི ་ནུས་དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན།། ཇི་སྲིད་དུ་ནི་བརྟགས་པ་ཡིན།། ཞེས་པའི་བར་དུའོ།། ཚོན་གྱི་རེ་ཁཱ་རྣམས་ལ་ཡང་།། རིན་པོ་ཆེ་དཀར་པོ་ལ་སོགས་པ་ལས་བྱས་པའི་ཐུར་མ་ལ་སོགས་པའི་ངོ་བོར་མོས་པར་བྱའོ།། འཇོག ་དང་འབྱུང་ལས་ཐིག་དང་ཚོན།། འགོམས་པའི་སྡིག་པས་འཇིགས་པ་ཡིས།། རྡོ་རྗེ་ཤུགས་ཀྱི་ཡེ་ཤེས་ཀྱི་ཚོན་གྱི་རེ་ཁཱ་ཡིད་ཀྱིས་ནཱ་མཁའ་ལ་བཏེག་ལ། ཨོཾ་བཛྲ་བེ་མ་ཀྲ་མ་ཧཱུཾ་ཞེས་བརྗོད་ཅིང་རྩ་བའི་ཐིག་གི་ནང་གི་དཀྱིལ ་འཁོར་དུ་བྲི་བའི་ཕྱིར་འཇུག་པ་འབྱུང་བར་འགྱུརརོ།། དེ་ལ་དང་པོར་ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་ཕྱི་དང་ནང་གི་དཀྱིལ་འཁོར་གྱི་སྤྱིའི་ཚོན་གྱི་ཁ་དོག་གི་རིམ་པ་བརྗོད་པར་བྱའོ།། ཤར་དང་ལྷོ་དང་། ནུབ་དང་བྱང་གི་ཕྱོགས ་ཀྱི་དེ་བཞིན་གཤེགས་པ་དང་། དབུས་ཀྱི་གཙོ་བོའི་ཁ་དོག་གི་གོ་རིམས་བཞིན་དུ་ཕྱིའི་རེ་ཁཱ་ནས་བརྩམས་ཏེ། ནང་གི་རེ་ཁཱའི་བར་དུ་ཚོན་ལྔའི་རྩིག་པའི་རེ་ཁཱའི་ཁ་དོག་གོ།། ཕྱོགས་དང་དབུསུ་ལྷ་གཞན་འགོད་པ་ནི་རྒྱས་འདེབས་ཀྱི་དེ ་བཞིན་གཤེགས་པའི་མདོག་གི་རིམ་པསོ།། བསྒོམས་བྱའི་དཀྱིལ་འཁོར་ལ་རྩིག་པ་ལྔ་པོ་འདི་དག་རིན་པོ་ཆེ་ཁ་དོག་ལྔ་ལས་གྲུབ་ཅིང་ནས་ཀྱི་བར་ཙམ་པའོ།། ཞེས་པ་ནི་ཁ་ཅིག། རྩིག་པ་འདི་ནི་གཅིག་པ་ཉིད་ཀྱི་རིམ་གྱིས་སྟེང་ནས ་སྟེང་དུ་ཁ་དོག་ལྔའི་རིན་པོ་ཆེ་ལས་བྱས་པའོ་ཞེས་པར་ནི་གཞན་དག་གོ། དེ་ལ་འདོད་པ་དང་པོ་ལ་ནི་རིན་པོ་ཆེའི་སྣམ་བུའི་ས་དམར་པོ་དང་། དོ་ཤལ་དང་དོ་ཤལ་ཕྱེད་པའི་ས་ནག་པོའོ།། འདོད་པ་གཉིས་པ་ལ་ནི་དང་པོའི་ཁ་དོག་གི ་རིན་པོ་ཆེའི་རང་བཞིན་གྱི་ཆ་ཉིད་རྣམ་པར་བཀྲ་བའི་རིན་པོ་ཆེའི་སྣམ་བུའོ།། ཡང་ན་དེ་ལ་ཁ་དོག་གཞན་གྱི་རིན་པོ་ཆེ་ལས་བྱས་པ། བཀོད་པའི་རིན་པོ་ཆེའི་སྣམ་བུའོ།། ལྔ་པའི་ཁ་དོག་གི་རིན་པོ་ཆེའི་རང་བཞིན་གྱི་ཆ་ཉིད་དྲ་བ་དང་དྲ་བ ་ཕྱེད་པ་སྣ་ཚོགས་པའི་སྣམ་བུ་འམ། ཡང་ན་དེ་ལ་མདོག་གཞན་གྱི་རིན་པོ་ཆེ་ལས་བྱས་པ་བཀོད་པའི་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའོ།། ཕྱོགས་གཞན་བརྗོད་པ་ནི་དེའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དྲ་བའི་སྣམ་བུ་ལྟ་བུའོ།། འདོད་པ ་གཉིས་ཀི་ལ་ཡང་སྟེགས་བུ་ནི་ཤེལ་ལམ་གསེར་གྱི་རང་བཞིན་ནམ་པདྨ་རཱ་གའི་རང་བཞིན་ནམ། རིན་པོ་ཆེ་གཞན་ཡང་རུང་སྟེ་ཇི་ལྟར་མཛེས་པའོ།། རིན་པོ་ཆེའི་ཤར་བུ་དང་མདའ་ཡབ་རྣམས་ནི་དཀར་པོའོ།། རིན་པ་ཆེའི་ཤར་བུ ་དུང་ར་མདའ་ཡ་བ་དང་། དར་སྦྱངས་ཀྱི་བར་གྱི་ས་གཞི་ནི་སྔོན་པོ་སྟེ། ན་མཁའི་ངོ་བོ་ཡིན་པའི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་བར་གྱི་སྣམ་དུ་ལ་མུན་པའི་སྣམ་བུ་ཞེས་བརྗོད་དོ།། གདུང་ནི་ཇི་ལྟར་མཛེས་པ་རིན་པོ ་ཆེ་ལས་བྱས་པ་སྟེ། རིན་པོ་ཆེ་སྣ་ཚོགས་པའི་པ་ཏྲ་འཕྲོ་བ་ལ་སོགས་པས་བརྒྱན་པའོ།། རྟ་བབས་ཀྱི་ཀ་བ་རྣམས་ནི་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གོ། སྐྱོག་པོའི་ནང་གི་བླ་རེས་ཀྱི་འོག་གིས་ཡང་སྟེ། དེ ་ནི་རང་གི་དེ་བཞིན་གཤེགས་པའི་ཁ་དོག་གི་འོད་ཀྱི་སྤྲས་པའི་ནམཁའི་རང་བཞིན་ནོ།། རྟ་རྨིག་དང་། བ་རན་དང་། ཆུ་སྲིན་གྱི་སྣམ་བུ་ནི་ཁ་དོག་ཇི་ལྟར་མཛེས་པར་རོ།། འཁོར་ལོ་རྣམས་ནི་གསེར་གྱི་ཁ་དོག་གོ།། ཁ་ཅིག་རིན་པོ་ཆེ ་གཞན་ལས་ཀྱང་བྱས་པའོ་ཞེས་སོ།། རི་དྭགས་དང་རི་དྲགས་མོ་ནི་གསེར་གྱི་རང་བཞིན་ཏེ། རིན་པོ་ཆེ་གཞན་གྱིས་སྤྲས་པའོ།། སྣ་ཚོགས་རྡོ་རྗེའི་ལྟེ་བ་ནི་ནག་པོའོ།། ཁ་ཅིག་ཏུ་གཙོ་བོའི་དེ་བཞིན་གཤེགས་པའི་མདོག་གོ།། ་དབུས་ཀྱི་རྭ་རྣམས་ནི་རང་རང་གི་ཕྱོགས་རྣམས་ཀྱི་དེ་བཞིན་གཤེགས་པའི་མདོག་གོ།། དེ་ལས་གཞན་པ་རྣམས་ནི་དེའི་གློ་དག་གི་དེ་བཞིན་གཤེགས་པའི་མདོག་གོ།། རྭ་ལྔ་པ་ལ་ནི་དེ་ལས་གཞན་པའི་ཕྱོགས་དང་དབུས་ཀྱི་དེ་བཞིན ་གཤེགས་པའི་མདོག་སྟེ། ཇི་ལྟར་རིགས་པར་རོ།། ཕྱོགས་གཅིག་གི་རྭ་ཐམས་ཅད་ཀྱང་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་ཀྱང་ཁ་ཅིག་ཏུའོ།། འཁོར་ལོའི་དབང་པོ་ཞལ་བཞི་པ་ཉིད་ལ་རང་རང་གི ་ཕྱོགས་ཀྱི་ཞལ་གྱི་མདོག་གོ། ཞེས་པ་ནི་ཕྱོགས་གཞན་ནོ།། བུམ་པ་བཟང་པོ་རྣམས་ནི་གསེར་ལས་བྱས་པའོ།། དཔག་བསམ་གྱི་ཤིང་རྣམས་ནི་དེ་ལས་གཞན་པའི་ཤིང་བཟང་པོ་ལྟ་བུའོ།། པདྨའི་ལྟ་བ་ནི་ལྗང་གུའོ།། གས་ར་ན ་སོར་པོའོ།། འདབ་མ་རྣམས་ནི་ཁ་དོག་སྣ་ཚོགས་པའོ།། དེའི་ས་གཞི་དམར་པོ་ཤས་ཆེ་བའི་དཀར་པོའོ།། ཆོས་འབྱུང་གི་ཆའི་རེ་ཁཱ་ནི་དཀར་པོའོ།། ཁོར་ཡུག་གི་ཕྱོགས་ལ་ཡང་ཤོལ་ཉིད་ཡིན་ན་རོ་ཁཱ་དཀར་པོ་འམ་གསེར་ཉིད ་ཡིན་ན་ནཱི་སེར་པོའོ།། རྡོ་རྗེ་རྣམས་དང་དེའི་རེ་ཁཱ་ནག་པོའོ།། གཞན་རྣམས་ནི་དཀར་པོ་འམ་སེར་པོའོ།། ཞེས་གསུངསོ།། རྡོ་རྗེའི་ས་གཞིའི་མདོག་ནི་ཇི་ལྟར་མཛེས་པ་སྟེ། བསྒོམ་བྱའི་དཀྱིལ་འཁོར་ལ་འོག་ཏུ་རླུང་གི་དཀྱིལ ་འཁོར་གྱི་མཐའ་ནས་སྟེང་དུ་འོག་མིན་གྱི་མཐའི་བར་དུ་རྡོ་རྗེའི་ར་བ་གནས་པའི་ཕྱིར་དང་རླུང་ལ་སོགས་པ་རྣམས་ནི་ཇི་ལྟར་རིགས་པར་ཁ་དོག་སྣ་ཚོགས་པའི་ཕྱིརརོ།། འོད་ཟེར་རྣམས་ནི་དེ་བཞིན་གཤེགས་པ་ལྔའི་ཁ་དོག ་སྐྱེ་འཕྲོ་བའི་ཚུལ་ལོ།། འཇམ་པའི་རྡོ་རྗེ་ནི་རྫོགས་སངས་སོ་ཤེས་སྐུ་ཡིན་ཕྱིར།། དོག་དབང་རྡོ་རྗེའི་རིགསུ་བརྗོད།། ཆོས་སྐུའི་རང་བཞིན་དག་པ་ལ།། འདི་ཡི་ཐུགས་ཀྱི་དཀྱིལ་འཁོར་རོ།། ཞེས་པའི་རིགས་པས། དཀར་པོ་སེར ་པོ་དེ་བཞིན་དམར།། ལྗང་གུ་དང་ནི་ནག་པོ་ཉིད།། རྩིག་པའི་ཚོན་ཞེས་གསུངསོ།། གང་གི་ཚེ་ཆེས་རྣམས་རང་བཞིན་གྱིས་ནི་དཀར།། དེས་ན་ངག་དབང་འདིར་དཀར་ཉིད།། ཅེས་གསུངས་པས། གསུང་རྡོ་རྗེ་དཀར་པོ་གཙོ་བོར ་གྱུར་པ་དེའི་ཆེན་ཚན་གྱི་རེ་ཁཱ་དཀར་པོ་དང་སེར་པོ་དང་ལྗང་གུ་དང་། དཀར་བའོ།། ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་དཀར་བ་ཉིད་ཡིན་ཡང་། མི་བསྐྱོད་པ་དང་ལྷན་ཅིག་ར་གཅིག་པ་ཉིད་དུ་བསྟན་པའི་ཕྱིར། ་ནང་གི་རྩིག་པ་ནག་པོ་ཉིད་དོ།། གཞན་དུ་ནི་དཀར་པོ་ཁོ་ན་ཡིན་ཏེ། ཇི་སྐད་དུ། གསུང་རྡོ་རྗེ་གཙོ་བོར་གྱུར་པ་ཁོ་ཅིག་ཏུ་དཀར་པོ་ཉིད་དུ་འགྱུར་བའོ་ཞེས་གསུངསོ།། རྩ་བའི་ཐིག་ནང་གི་དཀྱིལ་འཁོར་དུ་ཡང་ཟུར་ཐིག་གཉིས་གཉིས ་ཀྱིས་བཅད་པའི་ཕྱོགས་གཞིའི་ས་གཞི་རྣམས་རང་རང་གི་དེ་བཞིན་གཤེགས་པའི་མདོག་གོ།། བསྒོམ་བྱའི་དཀྱིལ་འཁོར་གྱི་ཕྱོགས་བཞིའི་ཐིག་རྣམས་དེ་བཞི་ནོ།། ཀ་བ་རྣམས་ཀྱང་དེ་བཞིན་ཏེ། རང་རང་གི་རེ་མིག་གི་དེ་བཞིན་གཤེགས ་པའི་མཚན་མའི་ཕྲེང་བས་མཚན་མའོ།། གཙོ་བོའི་ས་ནི་གཙོ་བོའི་མདོག་གོ། སྣ་ཚོགས་པདྨའི་འདབ་མ་ནི། བདེན་བྲལ་ལྗང་ལ་དབང་ལྡན་ནག། མེ་དང་རླུང་གི་མཚམས་ནི་སེར།། ཕྱོགས་རྣམས་ཀྱི་ནི་དམར་པོའོ།། གཙོ་བོའི་སྣམ་བུ ་ལ་ནི་གཙོ་བོའི་མཚན་མའི་ཕྲེང་བའོ།། རེ་ཁཱ་གཞན་ནི་མདོག་དང་སྦོམ་ཕྲ་ཇི་ལྟར་མཛེས་པའོ།། བདེ་མཆོག་གི་དཀྱིལ་འཁོར་ལ་ནི་ཐུགས་ཀྱི་འཁོར་ལོ་ནག་པོ།། དེའི་རྩིབས་ཀྱི་བར་རྣམས་ནི་དམར་པོ་སྟེ། གསུང་གི་འཁོར་ལོའི་ལྟེ་བ ་ཡིན་པའི་ཕྱིར་རོ།། གསུང་གི་འཁོར་ལོ་དམར་པོའོ།། དེའི་རྩིབས་པར་རྣམས་ནི་དཀར་པོ་སྟེ། སྐུའི་འཁོར་ལོའོ་ལྟེ་བ་ཡིན་པའི་ཕྱིརརོ།། སྐུའི་འཁོར་ལོ་ནི་དཀར་པོའོ།། དེའི་རྩིབས་རྣམས་ཀྱི་བར་ནི་ཤར་ལ་སོགས་པའི་ཕྱོགས ་རྣམསུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཁ་དོག་གོ།། མུ་ཁྱུད་གསུམ་ནི་གོ་རིམས་བཞིན་དུ་རྡོ་རྗེ་ནག་པོ་དང་། པདྨ་དམར་པོ་དང་། འཁོར་ལོ་དཀར་པོའི་ཕྲེང་བས་བསྐོར་བའོ།། ཕྱི་ངོས་ནས་བརྩམས་ཏེ་ནང ་གི་བར་དུ་ལྗང་གུ་དང་། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ནག་པོའི་ཁ་དོག་གི་རེ་ཁཱ་ལྔའོ།། ཤར་དང་། བྱང་དང་། ནུབ་དང་། ལྷོ་དང་། དབུས་ཀྱི་ས་རྣམས་དང་། ཐེག་རྣམས་ཀྱི་ཁ་དོག་དཀར་པོ་དང་། ལྗང་གུ་དང་། ་དམར་པོ་དང་། སེར་པོ་དང་། ནག་པོའོ།། གཞན་ནི་རེ་ཁཱ་ལྔ་དང་། ས་གཞི་དང་། ཐོག་རྣམས་ནག་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོ་དང་། དཀར་པོ་དང་། བསྲེས་པའི་སྔོན་པོའི་མདོགོ་ཞེས་ཟེ་རོ།། དེ་བཞིན་དུ ་སྔ་མ་དང་། ཕྱི་མར་ཁ་དོག་གི་རིམ་པ་ཡོངསུ་བསམས་ནས་རྡུལ་ཚོན་དགྱེ་བར་བྱའོ།། དེ་ཡང་བསྐལ་པ་དང་མི་ལྡན་པ་འདུས་པ་ན་མཚན་མ་དང་ཕྱག་རྒྱ་ཇི་ལྟར་རིག་པར་བྲིའོ།། སྐལ་བ་དང་མི་ལྡན་པ་མེད་ན་ནཱི། ལྷའི་སྐུ་བྲི ་བར་བྱ་ཞིང་། བྲིས་སྐུ་འམ། ལུགས་མ་འམ། འབུར་དུ་བཏོང་པ་འམ། ལེགས་པར་འདུས་བྱས་པ་གཞག་པར་བྱའོ།། དེ་ལྟར་ཀླུའི་བློའི་ཞབས་ཀྱིས་ཇི་ལྟོར་ནུས་པས་དཀྱིལ་འཁོར་དུ། ས་བོན་དགོད་བྱ་ཡང་ན་ནི།། མཚན་མ ་འམ་ལྷའི་གཟུགས་ཉིད་དེ། ལུགས་མ་འམ་བཟོ་བྱས་དགོད་པར་བྱ། ཞེས་གསུངསོ།། ཕྱག་རྒྱ་བྲི་བ་ནི་མངོན་པོར་བརྗོད་པའི་རྒྱུད་བླ་མ་ལས་གསུངས་ཏེ། མི་ནུས་ན་ནི་བྲིས་པ་ཡི།། ཕྱག་རྒྱ་འམ་མཚོན་མ་དགོད་པར་བྱའོ།། གང ་ཡང་གསུངས་པ། ཚོན་ནམ་ཡང་ན་པིར་རྣམས་ཀྱིས།། བྲིས་པ་རྣམས་ཀྱིས་རྣམ་པར་སྤྲས་ཞེསོ།། དཔལ་ཁ་སྦྱོར་གྱི་རྒྱུད་དུ་ཡང་། དེ་ལྟར་ལུགས་མ་དང་། འདུས་བྱས་པ་ལ་སོགས་པའི་གཟུགས་དང་། མཚན ་མའི་ཕྱག་རྒྱ་དང་ལྡན་པའོ།། ཞེས་གསུངསོ།། དེའི་ཕྱིར་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ། ལྟེ་བར་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་ཟླ་བ་ལ་རལ་གྲི་སྔོ་བསངསོ།། ཤར་དུ་ཟླ་བ་ལ་རྣམ་པར་སྣང་མཛད་ཀྱི་འཁོར་ལོ་དཀར་པོ ་རྩིབས་བརྒྱད་པའོ།། ལྷོར་ཉི་མ་ལ་རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེ་ལྗང་གུ་ཆ་དགུ་པའོ།། ནུབ་ཏུ་ཉི་མ་ལ་མགོན་པོ་འོད་དཔག་མེད་ཀྱི་པདྨ་དམར་པོ་འདབ་མ་བརྒྱད་པའོ།། བྱང་དུ་ཉི་མ་ལ་དོན་ཡོད་གྲུབ་པའི་རལ་གྲི་ལྗང་གུའོ།། མེར་ཟླ ་བ་ལ་སྤྱན་མའི་མིག་འབྲས་ནག་པོ་ཅན་གྱི་མིག་དཀར་པོ་གཉིས་སྤྲིན་ལ་གནས་པའོ།། བདེན་དྲལ་དུ་ཟླ་བ་ལ་མཱ་མ་ཀཱིའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་སྟེ། རྒྱུད་དུ་དེ་ལྟར་བཤད་པའི་ཕྱིརརོ།། རླུང་དུ་ཟླ་བ་ལ་སཽ་གོས་དཀར་མོའི་པདྨ་དམར་པོ ་བྱེ་བ་ཡུ་བ་དང་རྩ་བ་དང་བཅས་པའོ།། དབང་ལྡན་དུ་ཟླ་བ་ལ་སྒྲོན་མའི་ཨུཏྤ་ལ་མདོག་སྔོ་སེར་རོ།། མེ་ལ་སོགས་པའི་མཚམས་བཞི་དང་། ཤར་སྒོའི་གཡོན་དང་གཡ་སུཾ་ཆ་ཆུང་གཉིས་གཉིས་སྤངས་པའི་འགྲམ་དག་ཏུ་ཟླ་བ ་རྣམས་ལ་གོ་རིམ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཀྱི་མེ་ལོང་དཀར་པོ་དང་། དྲི་ཟའི་པི་ཝང་སྔོན་པོ་དང་། དྲི་སེར་པོའི་དུང་དང་། རོའི་སྣོད་དམར་པོ་དང་། རས ་སྣ་ཚོགས་དང་། ཆོས་འབྱུང་དཀར་པོའོ།། ཤར་ལ་སོགས་པའི་སྒོར་ཉི་མ་རྣམས་ལ་གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་ཀྱི་གོ་རིམས་བཞིན་དུ་རྡོ་རྗེ་ཐོ་བ་ནག་པོ་དང་རྡོ་རྗེས ་མཚན་པའི་དབྱུག་པ་དཀར་པོ་དང་། པདྨ་དམར་པོ་དང་། རྡོ་རྗེ་ཁ་གྱིས་པ་སྔོན་པོའོ།། འདིར་ཟླ་བ་དང་ཉི་མོ་བཅུ་དགུ་ནི་སྣ་ཚོགས་པདྨོ་ལ་གནས་པའོ།། མཚོན་མ་ཐམས་ཅད་ནི་འོད་ཟེར་དང་བཅས་པ་རང་རང་གི་ཕྱོགསུ་མགོ་བསྟན་པའོ།། ་འཁོར་ལོའི་དབང་ཕྱུག་ནི་མགོ་ནུབ་ཏུ་བསྟེན་པའོ།། དེ་ལྟར་ཕྱི་མ་རྣམསུ་ཡང་ངོ་།། རྡོ་རྗེ་སེམས་དཔའ་འཁོར་ལོའི་དབང་ཕྱུག་ཉིད་ལ་ནི་དབུསུ་ཆུ་སྐྱེས་དང་། ཟླ་བ་ལ་ཞི་བའི་རྡོ་རྗེ་སྔོན་པོའོ།། ཁ་ཅིག་ནི་སྣ་ཚོགས་རྡོ་རྗེའོ་ཞེས་སོ།། ་མཁས་པ་རྣམས་ནི་དབུས་ཀྱི་འོད་ཟེར་གྱི་ཐིག་ཟླུམ་པོ་ལ་ཚན་གྱི་རེ་ཁཱ་མི་བྱའོ་ཞེས།། ཟླུམ་པོའི་ཐིག་གི་ཕྱི་ངོསུ་ཚངས་པའི་ཐིག་གི་གླེ་ས་སར་ཚོ་ཆུང་བཞི་དོར་ནས་བུམ་པ་ཆ་ཆུང་བཞི་པ་སྟེ། བདུད་རྩིསི་བཀང་བའི་གསེར་གྱི ་བུམ་པ་ཆ་བརྒྱད་དོ་ཞེས་ཕྱོགས་གཅིག། གཞན་ནི་རིན་པོ་ཆེའི་རང་བཞིན་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་གོ་ཞེསོ།། འདི་དང་ཕྱི་མ་རྣམས་ལ་དབུསུ་དེ་བཞིན་གཤེགས་པ་གཞན་པའི་མཚན་མ་འགོད་པ ་ན། དེའི་གནསུ་དབུས་ཀྱི་མཚན་མ་བྲི་བར་བྱའོ།། བསྡུས་པའི་རིམ་པར་གསུངས་པོའི་དཀྱིལ་འཁོར་ལ། དབུསུ་ཉི་མ་ལ་མི་བསྐྱོད་པའི་རྡོ་རྗེ་ཁ་གྱོས་པ་རྩེ་ལྔ་པ་ཨིནྡྲ་ནཱི་ལ་ལྟ་བུ་དང་། རེག་བྱ་རྡོ་རྗེ་མའི་སྣ་ཚོགས་པའི་གོསོ།། ་རྣམ་པར་སྣང་མཛད་ལ་སོགས་པའི་རིམ་པ་དང་པོ་དང་གཉིས་པར་གནས་པ་བཅུ་གཉིས་པོ་རྣམས་ཀྱི་མཚན་མ་རྣམས་ནི་སྔ་མ་བཞིན།། རིམ་པ་གསུམ་པར་སྒྲའི་འགྲམ་གྱི་སྣམ་བུ་ལ་ཚངས་པའི་ཐིག ་ནས་ཆ་ཆུང་བཞི་དོར་བར་གཡོན་དུ་བྱམས་པའི་ཀླུ་ཤིང་གི་མེ་ཏོག་འཁོར་ལོ་དང་བཅས་པའོ།། གཡ་སུ་སའི་སྙིང་པོའི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའོ།། ལྷོར་དེ་བཞིན་དུ་ཕྱག་ན་རྡོ་རྗེའི་དང་ན་མཁའ་སྙིང་པོའི་རྡོ་རྗེ་དང་། རིན ་བོ་ཆེ་མར་གང་ཆ་དགུ་པའོ།། ནུབ་ཏུ་དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་དང་འཇམ་པའི་དབྱངས་ཀྱི་པདྨ་དམར་པོ་དང་རྡོ་རྗེའོ།། བྱང་དུ་དེ་བཞིན་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོའི་རལ་གྲི་དང་རྡོ་རྗེའོ།། ་ཤར་ལ་སོགས་པའི་སྒོ་རྣམསུ་རིམ་པ་བཞིན་དུ་གཤིན་རྗེ་གཤིང་ལ་སོགས་པ་རྣམས་ཀྱི་རྡོ་རྗེ་ཐོ་བ་དང་། རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་། པདྨ་དམར་པོ་དང་། སྣ་ཚོགས་རྡོ་རྗེའོ།། མེ་ལ་སོགས་པའི་མཚམ་སུ་གོ ་རིམས་བཞིན་དུ་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་དང་། རྡོ་རྗེ་དང་། རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་། རྡོ་རྗེས་མཚན་པས་དབྱུག་པ་ནག་པོའོ།། གཙུག་ཏོར ་འཁོར་ལོས་སྒྱུར་བའི་རྡོ་རྗེ་སྔོན་པོ་ནི་གཤིན་རྗེ་གཤེད་ཀྱི་མཚན་མ་ལས་ཕྱི་ངོ་སུའོ།། ཁ་ཅིག་ནི་འཁོར་ལོ་སེར་པོ་ཞེས་བྱའོ།། གནོད་མཛེས་རྒྱལ་པོའི་རྡོ་རྗེ་ནི་པདྨ་མཐར་བྱེད་ཀྱི་མཚན་མ་ལས་ཕྱི་ངོས་སུའོ།། བྱམས་པ་ལ ་སོགས་པ་བརྒྱད་རྣམས་ཀྱི་མཚན་མ་ནི་ཟླ་བ་གནས་པའོ།། གཤིན་རྗེ་གཤེད་ལ་སོགས་པའི་མཚན་མ་བཅུ་ནི་ཉི་མ་ལ་གནས་པའོ།། འདིར་ཉི་མ་དང་ཟླ་བ་སུམ་ཅུ་རྩ་གཅིག་ནི་སྣ་ཚོགས་པདྨ་ལ་གནས་པའོ།། བུམ་པ་བྲི་བ་ནི་སྟར ་བཞིན་ནོ།། ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་དབུསུ་ཟླ་བ་ལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་སྔོན་པོའོ།། ཤར་དུ་ཟླ་བ་ལ་རྣམ་པར་སྣང་མཛད་ཀྱི་འཁོར་ལོའོ།། ལྷོར་ཉི་མ་ལ་རིན་པོ་ཆེ་དབང་པོའི ་རིན་ཆེན་ནོ།། ནུབ་ཏུ་ཉི་མ་ལ་སྣང་བ་མཐའ་ཡས་ཀྱི་མངའོ།། བྱང་དུ་ཉི་མ་ལ་དོན་ཡོད་གྲུབ་པའི་སྣ་ཚོགས་རྡོ་རྗེའོ།། སྤྱན་མའི་སྤྲིན་ལ་གནས་པའི་མིག་གཉིས་སོ།། མཱ་མ་ཀཱིའི་མངའོ།། གོས་དཀར་མོའི་མངའོ།། སྒྲོལ་མའི ་ཨུཏྤ་ལ་དམར་པོའོ།། རིམ་པ་གཉིས་པར་ཤར་དུ་དྲག་མོའི་མདའོ།། ལྷོར་རྡོ་རྗེ་གཟུགས་མའི་རྡོ་རྗེའོ།། ནུབ་ཏུ་འདིད་ཆགས་རྡོ་རྗེ་མའི་རལ་གྲིའོ།། བྱང་དུ་རྡོ་རྗེ་ཞི་བ་མོའོ་ཏལ་པ་ཐུང་ངུའོ།། དབང་ལྡན་དུ་རྡོ་རྗེ་གནོད ་སྦྱིན་མའི་དབྱུག་པ་དཀར་སེར་རོ།། མེར་མཁའ་འགྲོ་མའི་པདྨ་དམར་སེར་རོ།། བདེན་བྲལ་དུ་སྒྲ་རྡོ་རྗེ་མའི་ཤག་ཏིའོ།། རླུང་དུ་ས་རྡོ་རྗེ་མའི་བུམ་པ་དཀར་ལྡེངངོ་།། རིམ་པ་གསུམ་བྱར་ཤར་གྱི་ཕྱོགསུ་གཞང་མའི་རྡོ་རྗེ་ཁ་དོག ་དམར་པོའོ།། ལྷོར་སྒེག་མའི་རྡོ་རྗེའོ།། ནུབ་ཏུ་གླུ་མའི་འཁར་རྔའོ།། བྱང་དུ་གར་མའི་རྡོ་རྗེ་རྩེ་གསུམ་པ་ལྗང་གུའོ།། དབང་ལྡན་དུ་གླིང་བུ་མའི་གླིང་བུའོ།། མེར་པི་ཝང་མའི་པི་ཝ་ངོ་།། བདེན་བྲལ་དུ་མུ་ཀུན་ཌ་མའི་མུ་ཀུང་ཌ ་རླུང་དུརྫརྣམ། བྷྱ་སྟེ་མྱུར་མེ་ཏོག་མའོ་མེ་ཏོག་པོ་བླང་བའོ།། བདན་བྲལ་དུ་བདུག་སྤོས་མའོ་སྨྲས་པར་རོ།། རླུང་དུ་མར་མའི་མྱུར་མའི་མཚང་སྣང་།། བ་ལྡན་དུ་དྲ་རྡུམ ་དུང་ཆོས་སོ།། ཤར་དུ་མེ་ལོང་མའི་མེ་ལོང་ངོ་།། ལྷོར་རོ་མེའི་རོའི་སྣོད་ངོ་།། ནུབ་ཏུ་རེག་བྱའི་མའི་གོས་སྣ་ཚོགསོ།། བྱང་དུ་ཆོས་མའི་ཆོས་འབྱུང་དཀར་པོའོ།། ཤར་ལ་སོགས་པའི་སྒོར་ནི་གོ་རིམས་བཞིན་དུ་རྡོ་རྗེ་ལྕགས་ཀྱུ ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོགས་མ་དང་། རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ཕྲེང་བའི་བདག་ཉིད་ཀྱི་རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་དྲིལ་བུ་མ་རྣམས་ཏེ། ཉི་མ་ལ་གནས ་པབཔའོ། འདིར་བརྗོད་པའི་ཉི་མའི་གདན་ལ་གནས་པའི་མཚན་མ་བདུན་ལས་མཚན་མ་གཞན་ནི་ཟླ་བ་ལ་གནས་པའོ།། ཉི་མ་དང་ཟླ་བ་སུམ་ཅུ་རྩ་བདུན་པོ་འདི་རྣམས་ནི་སྣ་ཚོགས་པདྨའི་སྟེང་དུ་ཐོང་བ་རྣམས་ལ་གནས་པའོ།། ་བུམ་པ་དྲི་བ་ནི་སྔ་མ་བཞིན་ཏེ། ཐིག་ཟླུམ་པོ་དྲུག་པ་ལས་ཕྱི་རོལ་ཏུ་ཞེས་པ་ནི་ཁྱད་པར་རོ།། ཡེ་ཤེས་ཀྱི་མཁའ་འགྲོ་མའི་དཀྱིལ་འཁོར་ལ་དབུས་དང་། ཤར་དང་བྱིང་དང་། ནུབ་དང་། ལྷོ་རྣམསུ་གོ་རིམས་བཞིན་དུ་ཡེ ་ཤེས་མཁའ་འགྲོ་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། མཁའ་འགྲོ་མ་མི་ཟད་མ་དང་། རོ་ལངས་མ་དང་། གཏུམ་མོ་རྣམས་ཀྱིས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་རྣམསོ།། དབང་ལྡན་དང་། མེ་དང་བདེན་བྲལ་དང་རླུང་རྣམསུ་སང ་གེ་མོ་དང་སྟག་མོ་དང་། ཅེ་སྤྱང་མ་དང་འུག་པ་མོ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་རྣམསོ།། ཤར་དང་། བྱང་དང་། ནུབ་དང་། ལྷོའི་སྒོ་རྣམས་སུ་རྒྱལ་པོའི་དབང་མོ་དང་། གསལ་བྱེད་མ་དང་། འཇིབ་བྱེད་མ་དང་། ཀ་པོ་ཛཱཾ་རྣམས་ཀྱི་གོ ་རིམས་བཞིན་དུ་ལག་པ་གཉིས་སྙིམ་པ་ཁ་བྱེ་བ་དང་། ཐལ་མོ་ཁ་སྦྱར་བ་དང་། སྙིམ་པ་ཁྲག་གིས་བཀང་བ་དང་། རྡོ་རྗེ་ཐལ་མོ་ཁ་སྦྱར་བའི་ཐེ་བོའི་རྩེ་མོ་གཉིས་སྦྱར་བའི་མཛུབ་མོ་གཉིས་སྦྱར་བའོ།། འདིར་མཚན་མ་དང ་ཕྱག་རྒྱ་རྣམས་ནི་སྣ་ཚོགས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའོ།། བསྒོམ་པར་བྱ་བའི་དཀྱིལ་འཁོར་ལ་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་སྣ་ཚོགས་པདྨ་ནི་རིམ་པ་བཞིན་དུ། སེང་གེ་དང་། མཆེ་བ་ཅན་དཀར་པོ ་དོང་རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་དང་། མི་ཧེ་དང་། སྦྲུལ་གྱི་དབང་པོ་བརྒྱད་ཀྱི་མཇུག་མ་དང་། རོ་བཞི་ལ་གནས་པ་སྟེ། དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི་བསྐལ་པ་དང་མི་ལྡན་པ་འདུས་པ་ན་བྲི་བར་མི་བྱའོ།། གཞན ་དུ་ནི་ངལ་བས་འཇིགས་དང་། ཡོན་བདག་བསྡུས་པ་ལ་དགའ་བས་སོ།། སྐལ་བ་དང་ལྡན་པ་རག་ཏུ་དང་བར་བྱ་བའི་དོན་དུ་ནི་ཡོན་བདག་གི་དབང་ལས་བྲི་བར་བྱའོ།། དེ་ལྟར་ཕྱི་མ་རྣམས་ལ་ཡང་ཇི་ལྟར་འབྱུང་བ་བྲི་བ་དང་མི་བྲི ་བབར་རིག་པར་བྱའོ།། ཕྱི་ངོས་ཀྱི་ཐིག་ཟླུམ་པོའི་ངོསུ་བུམ་པ་བྲིའོ།། བཅུ་བདུན་གྱི་བདག་ཉིད་ཀྱི་ཀྱེའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བ་ལ་ཁྲོ་བོའི་རྡོ་རྗེ་སྔོན་པོའོ།། ཤར་དང་ལྷོ་ལ་སོགས་པ་དང་། དབང ་ལྡན་དང་མེ་ལ་སོགས་པའི་འདབ་མ་རྣམས་ལ་ནི་རིམ་པ་བཞིན་དུ་རྡོ་རྗེ་དྲག་པོ་དང་། རྡོ་རྗེ་གཟུགས་མ་དང་། འདོད་ཆགས་རྡོ་རྗེ་མ་དང་། རྡོ་རྗེ་ཞི་བ་མོ་དང་། རྡོ་རྗེ་གནོད་སྦྱིན་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། སྒྲ ་རྡོ་རྗེ་མ་དང་། ས་རྡོ་རྗེ་མ་རྣམས་ཀྱི་མངའ་དང་། རྡོ་རྗེ་དང་། རལ་གྲི་དང་། ཏལ་བ་ཐུང་ངུ་དང་། དབྱུག་པ་སེར་པོ་དང་། པདྨ་དམར་སེར་དང་། ཤ་ཀ་ཏི་དང་། བུམ་པ་དཀར་ལྗང་ངོ་།། རིམ་པ་གཉིས་པར་དབང་ལྡན་དང་མེ་ལ་སོགས ་རྣམསུ་གླིང་བུ་མ་དང་། པི་ཝང་མ་དང་། མུ་ཀུཎྜ་མ་དང་། རྫ་རྔ་མ་རྣམས་ཀྱི་གླིང་བུ་དང་། པི་ཝང་དང་། རྔ་མུ་ཀུན་ཌ་དང་། རྫ་རྔ་རྣམསོ།། ཤར་ལ་སོགས་པའི་སྒོ་རྣམསུ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས ་སྒྲོགས་མ་དང་།། རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་དྲིལ་བུ་རྣམ་སོ།། མཚན་མ་བཅུ་བདུན་པོ་འདདི་རྣམས་ནི་ཐོད་པ་དང་ཉི་མ་ལ་གནས་པའོ།། གླིང་བུ་མ་ལ་སོགས་པ ་བརྒྱད་ཀྱི་ནི་ཐོད་པའི་འོག་ཏུ་སྣ་ཚོགས་པདྨའོ།། ཕྱག་གཉིས་པ་དང་བཞི་པ་ལ་ནི་ཐོད་པ་མེ་དོ།། ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བ་ཁྲོ་བོའི་རྡོ་རྗེ་སྔོན་པོའོ།། ཤར་ལ་སོགས་པ་དང་། དབང ་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་གཽ་རཱི་དང་། ཙཽ་རཱི་དང་། རོ་ལངས་མ་དང་། ཟ་བོད་མ་དང་།། སྤྲོས་མོ་དང་། རི་ཁྲོད་མ་དང་། གཏུམ་མོ་དང་། རབ་ཏུ་རྨོངས་བྱེད་མ་རྣམས་ཀྱི་རིམ་པ་བཞིན་དུ་མངའ་དང་། རྡོ་རྗེ་དང་། ་ཐོད་པ་ཁྲག་དང་བཅས་པ་ལ་གནས་པའི་རུས་སྦལ་དང་། ཚིལ་གྱི་རྐང་པ་ལ་གནས་པའི་སྦྲུལ་དང་། ཤེས་བྱཀང་བ་ལ་གནས་པའི་སེང་གེ་དང་། ཁུ་བ་དང་བཅས་པའི་ཐོད་པ་ལ་གནས་པའི་དགེ་སློང་དང་། ཁྲག་དང་བཅས་པའི ་ཐོད་པ་ལ་གནས་པའི་སྟག་དང་ཆང་གི་སྣོད་རྣམས་སོ།། རིམ་པ་གཉིས་པའི་མཚམས་རྣམསུ་གླིང་བུ་མ་ལ་སོགས་པའི་མཚན་མ་ནི་སྔ་མ་བཞི་ནོ།། ཤཱར་ལ་སོགས་པའི་སྒོར་སྟག་གདོང་མ་དང་། ཕག་གདོང་མ་དང་། ཁྱི ་གདོང་མ་དང་། སེང་གེའི་གདོང་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་དྲིལ་བུའོ།། མཚན་མ་བཅུ་བདུན་པོ་འདི་རྣམས་ཉི་མ་ལ་གནས་པའོ།། གླིང་བུ་མ་ལ་སོགས་པ་བརྒྱད་ཀྱི་ཉི་མའི ་འོག་ཏུ་སྣ་ཚོགས་པདྨ་རྣམསོ།། དབུས་ཀྱི་འོད་ཟེར་གྱི་ཕྱི་ངོས་སུ་སྔར་བཞིན་དུ་བུམ་པ་རྣམསོ།། བདག་མེད་པའི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བ་དང་། ཤར་ལ་སོགས་པའི་འདག་རྣམས་ལ་གོ་རིམས་བཞིན་དུ་བདག་མེད་མ ་དང་རྡོ་རྗེ་མ་དང་། དཀར་མོ་དང་། ནུ་མ་དང་། རྡོ་རྗེ་མཁའ་འགྲོ་མ་རྣམས་དང་། རིམ་པ་གཉིས་པར་ཕྱ་བཅུ་དྲུག་པའི་དཀྱིལ་འཁོར་དུ་བརྗོད་པའི་དཀར་མོ་ལ་སོགས་པ་རྣམས་ཀྱི་རྡོ་རྗེའོ།། གླིང་བུ་མ་ལ་སོགས་པའི་མཚན ་མ་ནི་སྔ་མ་བཞིན་ནོ།། རྟ་གདོང་མ་ལ་སོགས་པའི་གྲི་གུག་རྣམས་སོ།། མཁའ་སྤྱོད་མའི་རྡོ་རྗེ་ནི་རྟ་གདོང་མའི་ཕྱི་ངོས་སུའོ།། ས་སྐྱོད་མའི་རྡོ་རྗེ་ནི་ཁྱི་གདོང་མའི་ཕྱི་ངོས་སུའོ།། འདིར་གྲི་གུག་བཞི་ནི་ཉི་མ་ལ་གནས་པའོ།། མཚན ་གཞན་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ།། ཕྱིའི་དཀར་མོ་ལ་སོགས་པ་བཅོ་བརྒྱད་པོ་རྣམས་ཀྱི་ཟླ་བ་དང་། ཉི་མ་ནི་སྣ་ཚོགས་པདྨ་ལ་གནས་པའོ།། གླིང་བུ་མ་ལ་སོགས་པ་བརྒྱད་མེད་པ་ནི་ལྷག་མ་ལྷ་མོ ་བཅོ་ལྔ་པོ་རྣམས་ཀྱི་ཟླ་བ་ལ་གྲི་གུག་རྣམས་སོ།། མཁའ་སྤྱོད་མའི་མཆེ་ན་མ་ནཱི་དཀར་མོའི་ཕྱི་ངོས་སོ།། རོ་ལངས་མའི་ཕྱི་ངོས་སུ་ས་སྤྱོད་མའོ།། དེ་བཞིན་དུ་ཀུ་རུ་ཀུལླེའི་དཀྱིལ་འཁོར་ལ་ཡང་ཡིན་ཏེ། ཁྱད་པར་ནི་ཟླ་བ་ལ ་ཨུ་བ་དང་བཅས་པའི་ཨུཏྤ་ལ་དམར་པོ་ཁ་འབུས་པའི་མདོའ་ཡོད་པའོ།། འདིར་ལྷ་མོ་བཅོཾ་ལྔ་པོ་རྣམས་ཀྱང་ཀུ་རུ་ཀུལླེ་བཞིན་དུ་མདོག་དམར་པོའོ།། རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དང་པོ་ལ་སྣ་ཚོགས་པདྨའི་ལྟེ་བ་དང་། ་ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་གོ་རིམས་བཞིན་དུ་རྡོ་རྗེ་བདུད་རྩི་དང་། ཞི་བ་མོ་དང་། ཞི་གདོང་མ་དང་། ཟླ་ལྡན་མ་དང་། རི་བོང་ཅན་མ་དང་། ཟླ་དཀྱིལ་མ་དང་། ཟླ་ཚེས་མ་དང་། ཡང་འོང ་མ་དང་། ཡིད་ཚིམ་བྱེད་མ་རྣམས་ཀྱི་རྡོ་རྗེའོ།། ཁྱད་པར་ནི་ཟླ་ཚེས་མའི་ཟླ་བ་ཆུ་གཅིག་པའོ།། རིམ་པ་གཉིས་པར་དབང་ལྡན་ལ་སོགས་པ་རྣམསུ་མེ་ཏོག་མ་དང་། བདུག་སྤོས་མ་དང་། མར་མེ་མཱ་དང་། དྲི་ཆབ་མ་རྣམས ་ཀྱི་མེ་ཏོག་གི་ཟ་མ་ཏོག་དང་། སྤོས་ཕོར་དང་། མོར་མེའི་མཆོད་སྡོང་དང་། དྲིའི་དུང་ཆོས་རྣམསོ།། ཤར་ལ་སོགས་པའི་སྣམ་བུ་རྣམསུ་གླིང་བུ་མེ་ལ་སོགས་པ་བཞིའི་གླིང་བུ་ལ་སོགས་པ་བཞིའོ།། ཤར་ལ་སོགས་པའི ་སྒོ་རྣམསུ་ཁྲོ་གཉེར་རིམ་པར་ལྡན་དང་། འཇིགས་སྡིགས་དང་། རྟ་གཟུགས་དང་། ཚོགས་ཀྱི་གཙོ་བོ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམསོ།། མཚན་མ་ཉི་ཤུ་རྩཝ་གཅིག་པོ་འདི་རྣམས་ནི ་ཟླ་བ་ལ་གནས་པའོ།། མེ་ཏོག་མ་ལ་སོགས་པ་བཅུ་གཉིས་ཀྱི་ཟླ་བའི་འོག་ཏུ་སྣ་ཚོགས་པདྨའོ།། ཡང་ན་དཀྱིལ་འཁོར་པ་ཐམས་ཅད་ལ་ཆོས་འབྱུང་བྲི་བར་བྱའོ།། འདི་ཉིད་ཁོ་ན་བྲི་བར་བྱའོ་ཞེས་པ་ནི་གཞན་དག་གོ།། གཞན ་དག་གོ།། གཞན་རྡོ་རྗེ་བདུད་རྩི་གསུམ་གྱི་དཀྱིལ་འཁོར་གྱི་མཚན་མ་རྣམས་ནི་རྡོ་རྗེ་བདུད་རྩིའི་རྒྱུད་དུ་རིགས་པར་བྱའོ།། དགུའི་བདག་ཉིད་ཅན་ཀྱེའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་སྣ་ཚིགས་པདྨའི་ལྟེ་བར་ཉི་མ་ལ་རྡོ་རྗེ ་སྔོན་པོ་ཁ་དགྱེས་པའོ།། ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པའི་འདབ་མར་ཟླ་བ་རྣམས་ལ་གོ་རིམས་བཞིན་དུ་དཀར་མོ་དང་། ཚམ་རྐུན་མ་དང་། རོ་ལངས་མ་དང་། ཟ་ཕོདཱ་མ་དང་། སྤྲོས་མོ་དང་། རི་ཁྲོད་མ་དག ་གཏུམ་མོ་དང་། གཡུང་མོ་རྣམས་ཀྱི་གྲི་གུག་དང་། ཅང་ཏེའུ་དང་། རུས་སྦལ་དང་། སྦྲུལ་དང་། སེང་གེ་དང་། དགེ་སློང་དང་། འཁོར་ལོ་དང་། རྡོ་རྗེ་རྣམསོ།། ཕྱོགས་བཅུ་དྲུག་པའི་ཉི་མ་ལ་སྣ་ཚོགས་རྡོ་རྗེས་མཚན ་བའི་ཐོད་པ་དཀར་པོ་ཞེས་པ་ནི་ཁྱད་པར་རོ།། ཕྱི་ངོས་ཀྱི་ཟླུམ་པོ་ལས་ཕྱི་ངོསུ་བུམ་པ་རྣམས།། སྒྱུ་མ་ཆེན་མོའི་དཀྱིལ་འཁོར་ལ་པདྨ་དམར་པོའི་ལྟེ་བར་ཉ་མ་ལ་བོ་ཙམ་ལྡན་འདས་མ་སྒྱུ་མ་ཆེན་པོའི་པདྨའི་སྣོད་དོ།། ཤར ་ལ་སོགས་པའི་འདབ་མའི་ཟླ་བ་རྣམས་ལ་གཡས་བསྐོར་དུ་རྡོ་རྗེ་མཁའ་འགྲོ་མ་དང་། རན་ཆེན་མཁའ་འགྲོ་མ་དང་། པདྨ་མཁའ་འགྲོ་མ་དང་། སྣ་ཆགས་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེ་དང་། ་བཆེའི་སྙེ་མ་དང་། སྐུ་ཚུགས་ཆུ་སྐྱེས་དང་། རུལ་ཟླའོ།། སངས་རྒྱས་མཁའ་འགྲོ་ལ་ནི་རྡོ་རྗེ་སེམས་དཔའ་ལ་འཁྱུད་ནས་གནས་པས་དེའི་མཚན་མ་ཐ་དད་དུ་མི་དགོད་དོ།། དགུའི་བདག་ཉིད་སངས་རྒྱས་ཐོང་པའི་དཀྱིལ་ལས ་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཉི་མ་ལ་ཅང་ཏེའུའོ།། ཤྭར་དང་། བྱང་དང་། ནུབ་དང་། ལྷོ་དང་། དབང་ལྡན་དང་། མེ་དང་། བདེན་བྲལ་དང་། རླུང་གི་འདབ་མར་ཉི་མ་རྣམས་ལ་སྣ་ཚོགས་སྡེ་མ་དང་། འདོད་མ་དང་། ས ་ལྐོག་ནཱི་གནས་མ་དང་། ལེགས་བཟུངས་མྦྷ་དང་། རླུང་འཚང་མ་ད་།། འབྱུང་མི་དང་། ཕྱུག་བནྟི་མ་དང་། ནཱམ་ཁ་ལ་གནས་མ་རྣམས་ཀྱི་བློ་གྲུག་རྣམ་སོ།། རྡོ་རྗེ་ཧཱུཾ་མཛད་དཀྱིལ་འཁོར་ལ་དབུས་སུ་རྡོ་རྗེ་དྷ་མཛད ་ཀྱི་རྡོ་རྗེ།། ཤཱར་ལ་སོགས་པར་གམན་སྐོར་དུ་རྡོ་རྗེ་དབྱུག་པ་དང་། ཉིམ་མི་དང་། རྡོ་རྗེ་གཙུག་དྷོར་དང་། རྡོ་རྗེ་འཁྱིལ་པ་རྣམས་དང་། མེ་ལ་སོགས་པར་གཡོསོ་སྦྱོར་དུ་རྡོ་རྗེ་གནོད་སྦྱིན་དང་། ཛརྗེ་དུས་དང་། མིག ་ཆེན་པོ་དང་། རྡོ་རྗེ་བསྡིགས་པ་དང་། གཙུག་ཏོར་དང་། རྡོ་རྗེ་ས་འོག་རྣམས་ཀྱི་རྡོ་རྗེ་ཐོ་བ་དང་། རྡོ་རྗེ་དབྱུག་པ་དང་། ཆུ་སྐྱེས་དམར་པོ་དང་། སྣ་ཚོགས་རྡོ་རྗེ་དང་། ལྕགས་ཀྱུ་དང་། དགྲོ་སྟ་དང་། རྩེ་གསུམ་དང་། ་རལ་གྲི་དང་། འཁོར་ལོ་དང་། རྡོ་རྗེའི་གཏུན་ཤིང་རྣམས་ཏེ། མཚན་མ་ཐམས་ཅད་ནི་སྣ་ཚོགས་མུ་སྐྱེས་དང་ཉི་མ་ལ་གནས་པའོ།། ཡང་ན་ཤར་ལ་སོགས་པའི་ཕྱོགསུ་གཡས་སྐོར་དུ་གཤིན་རྗེ་མཐར་བྱེད་དང་། ཤེས་རབ ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ཀྱི་རྡོ་རྗེའི་ཐེ་བ་དང་། རྡོ་རྗེ་མཚན་པའི་དབྱུག་པ་དཀར་པོ་དང་། པདྨ་དམར་པོ་དང་། སྣ་ཚོགས་རྡོ་རྗེའོ།། མེ་ལ་སོགས་པའི་མཚམ་སུ་མི་གཡོ་བ་དང་། འདོད ་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་དང་། རྡོ་རྗེ་དང་། རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་། རྡོ་རྗེས་མཚན་པའི་དབྱུག་པ་ནག་པོའོ།། གཤིན་རྗེ་གཤེད་ཀྱི་མཆེན་མ་ལས་ཕྱི་ངོས་སུ ་གཙུག་ཏོར་འཁོར་ལོ་ཅན་གྱི་རྡོ་རྗེའོ།། པདྨ་མཐར་བྱེད་ཀྱི་མཚན་མ་ལས་ཕྱི་ངོས་སུ་གནོད་མཛེས་ཀྱི་རྡོ་རྗེའོ།། མཚན་མ་བཅུ་གཅིག་པོ་འདི་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའོ།། ཡང་ན་བགེགས་དགྲའི་རྡོ་རྗེ་ཁ ་གྱེས་པའོ།། མྱེ་ལ་སོགས་པ་རྣམས་སུ་འདོད་པོའི་རྒྱལ་པོ་དང་། དབྱུག་པ་སྟོན་པོ་དང་། སྟོབས་པོ་ཆེ་དང་། མི་གཡོ་བ་རྣམས་ཀྱི་ལྕགས་ཀྱུ་དང་། རྡོ་རྗེས་མཆིན་པའི་དབྱུག་པ་སྔོན་པོ་དང་། རྩེ་གསུམ་པ་དང་། རལ ་གྲིའོ། གཙུག་ཏོར་འཁོར་ལོ་ཅན་གྱི་འཁོར་ལོ་སེར་པོ་ཆེན་པོའོ།། གཞན་རྣམས་ཀྱི་བཤད་མ་ཐག་པ་སྔ་མ་བཞིན་ནོ།། ཡང་ན་གཤིན་རྗེ་གཤེད་ལ་སོགས་པ་བཞི་པོ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ ་དང་ར་རྡོ་རྗེ་ལྕགས་སྒྲོགས་དང་། རྡོ་རྗེ་དྲིལ་བུ་རྣམས་ཏེ། གཞན་གྱི་ནི་བཤད་མ་ཐག་པ་སྔ་མ་བཞིན་ནོ།། བདེ་མཆོག་གི་དཀྱིལ་འཁོར་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་གནས་པའི་ཉི་མ་ལ་དཔལ་བདེ ་མཆོག་གི་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་ཁ་གྱེས་པའོ།། ཕྱོགས་བཞིའི་འདབ་མ་ལ་མཁའ་འགྲོ་མ་དང་། ལཱ་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ཀྱི་གྲི་གུག་རྣམས་སོ།། མཚེ་མོས་ཀྱི་འདབ་མ་རྣམས་ལ་པདྨའི་སྣོད་རྣམས་སོ།། ་ཐུགས་ཀྱི་འཁོར་ལོ་ལ་སོགས་པའི་རྩིབས་ཉི་ཤུ་རྩ་བཞི་ལ་རབ་ཏུ་གཏུ་མོ་དང་། གཏུམ་མིག་མ་དང་འོད་ལྡན་མ་དང་སྣ་ཆེན་མ་དང་དཔའ་བོའི་བློ་ཅན་མ་དང་། མིའུ་ཐུང་མ་དང་ལང་ཀའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་དང་ས ་བསྲུངས་མ་དང་། འཇིགས་བྱེད་ཆེན་མོ་དང་། རླུང་གི་ཤུགས་ཅན་མ་དང་། ཆང་འཐུང་མ་དང་། ལྷ་མོ་སྔོ་སངས་མ་དང་། རབ་ཏུ་བཟང་མོ་དང་། རྟ་རྣ་མོ་དང་། བྱ་གདོང་མ་དང་། འཁོར་ལོའི་ཤུགས་ཅན་མ་དང་། དུམ་སྐྱེས ་མ་དང་། ཆང་འཚེང་མ་དང་། འཁོར་ལོའི་གོ་ཆ་མ་དང་། རབ་ཏུ་དཔའ་མོ་དང་། སྟོབས་ཆེན་མོ་དང་། འཁོར་ལོ་སྒྱུར་མ་དང་། བརྩོན་འགྲུས་ཆེན་མོ་རྣམས་ཀྱི་གྲྀ་གུག་གོ།། གཙོ་བོ་མ་ཡིན་པའི་ཕྱིར་དཔའ་བོ་རྣམས་ཀྱི་མཚནོ་མ་མི ་བྲིའོ།། ར་སྒོ་རྣམསུ་ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་རྣམས་དང་། མཚམ་སུ་གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་མཆེ་བ་མོ་དང་། གཤིན་རྗེ་འཇོམས་མ་མོ ་རྣམས་ཀྱི་སྣ་ཚོགས་ཆུ་སྐྱེས་མ། ཉི་མ་རྣམས་ལ་གྲི་གུག་གོ།། འདྲིར་ཤར་ལ་སོགས་པའི་ཕྱོགསུ་གཡོན་སྐོར་དུ་དང་། མེ་ལ་སོགས་པའི་མཚམས་རྣམསུ་གཡས་སྐོར་དུ་མཆེན་མ་དགོད་དོ།། ཕྱི་ངོས་སུ་ཟླུམ་པོའི་ཐིག་ལས་ཕྱི ་རོལ་གྱི་མཆིམས་ཀྱི་ཆར་བུམ་པ་རྣམས་བྲིའོ།། དེ་ལས་གཞན་པའི་འཁོར་ལོ་སྡོམ་པ་དང་། རྡོ་རྗེ་ཕག་མོའི་དཀྱིལ་འཁོར་རྣམས་ཀྱི་མཚན་མ་རྣམས་ནི་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བར་བརྗོད་དོ།། ཉི་ཤུ་རྩ་ལྔའི་བདག་ཉིད ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་ཆུ་སྐྱེས་ལ་ཉི་མར་ཅིང་ཏིའུའོ།། ལྷ་མོ་ཉི་ཤུ་རྩ་བཞི་རྣམས་ཀྱི་གྲི་གུས་རྣམས་ཏེ། ཤར་ལ་སོགས་པའི་ཕྱོགསུ་གཡོན་བསྐོར་དང་། མེ་ལ་སོགས་པའི་མཚམ་སུ ་གཡས་བསྐོར་རོ།། དེ་ལ་འཁོར་ལོ་ནག་པོའི་རྩབྲིས་ཀྱི་སྟེང་དུ་ཕྱོགས་ཀྱི་འདབ་མ་རྣམས་ལ་ལེགས་ཕྲེང་ཅན་མ་དང་། ཐོད་པ་ཅན་མ་དང་། འཇིགས་མ་དང་། མི་ཐུབ་མ་རྣམས་ཀྱིའོ།། མཚམས་ཀྱི་འདབ་མ་རྣམས་ལ ་ཐོད་པ་རྣམསོ།། དེ་ནས་རྡོ་རྗེ་སྔོན་པོའི་ཕྲེང་བའོ།། རིམ་པ་གཉིས་པོ་ལ་རྩིབས་བརྒྱད་དམར་པོ་ལ་གནས་པའི་ཆུ་སྐྱེས་བརྒྱད་རྣམས་ལ་ཕྱོགས་རྣམས་སུ་དགེ་བའི་སྐ་རགས་མ་དང་། གཟུགས་ཅན་མ་དང་། རྣམ་རྒྱལ་མ་དང་། ་འོད་ཅན་མ་རྣམས་ཀྱིའོ།། མཚམས་རྣམས་སུ་དུས་ཅན་མོ་དང་། མཚོ་ཆེན་མོ་དང་། བྱེད་མ་དང་། བསོད་མ་རྣམས་ཀྱིའོ།། དེ་ནས་རྡོ་རྗེ་ཕྲེང་བ་དམར་པོའོ།། རིམ་པ་གསུམ་པར་རྩིབས་བརྒྱད་དཀར་པོ་ལ་གནས་པའི་པདྨ་བརྒྱད ་ལ་ཕྱོགསུ་སྒྲོལ་མ་དང་། འཇིགས་མཐོང་མ་དང་། ལེགས་མཐོང་མ་དང་། ཐུབ་དཀའ་མ་རྣམས་ཀྱིའོ།། མཚམས་རྣམས་སུ་དགེ་མ་དང་། གྲིབ་གནོན་མ་དང་། དུས་མཚན་མོ་དང་། གྲགས་ཆེན་མ་རྣམས་ཀྱིའོ།། ་དེ་ནས་རྡོ་རྗེ་ཕྲེང་བ་དཀར་པོའོ།། སྒོའི་པདྨ་རྣམས་ལ་མཛེས་མ་དང་། ནོར་འཛིན་མ་དང་། སྐལ་བཟང་མོ་དང་། མཐོང་བ་ཡིད་འོང་མ་རྣམས་ཀྱིའོ།། པདྨ་ཉི་ཤུའི་སྟེང་དུ་ཉི་མ་རྣམས་ལ་གྲི་གུག་རྣམསོ་ཞེས་གདམ་སོ།། རྣལ་འབྱོར ་ནམ་མཁའི་དཀྱིལ་འཁོར་གྱི་དབང་ཕྱུག་གི་སྣ་ཚོགས་པདྨ་དང་། རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ།། ཤར་དང་། བྱང་དང་། ནུབ་དང་། ལྷོའི་རེ་མིག་རྣམས་ལ་པདྨ་དང་ཉི་མ་ལ་གནས་པའི་ཁ་ཊྭཱཾ་ག་རྣམསོ།། དབང་ལྡན་དང་མེ་ལ་སོགས་པའི ་རེ་མིག་རྣམས་ལ་ཁ་ཊྭཱཾ་ག་དང་། ལྕགས་ཀྱུ་དང་། དགྲ་སྟི་དང་། དབྱུག་པའོ།། ཤྭར་ལ་སོགས་པའི་རེ་མིག་རྣམས་ལ་ཁ་ཊྭཱཾ་ག་རྣམས་ཀྱི་ཕྱི་ངོས་སུ་རིམ་པ་བཞིན་དུ་ཁར་བསྡུས་པའི་ལག་པ་གཉིས་དང་། སྙིམ་པ་སྦྱར་བ་དང་ཁྲག ་གི་སྙིམ་པ་དང་གཏུན་ཤིང་ངོ་།། ཁ་ཊྭཱཾ་ག་ལ་སོགས་པའི་མཚན་མ་རྣམས་པདྨ་དང་ཉི་མར་གནས་པའོ།། འོད་ཟེར་གྱི་ཁོར་ཡུག་གི་ཕྱི་རོལ་གྱི་ཤར་ཕྱོགསུ་བདུད་རྩིའི་ཐོད་པ་གསུམོ།། བྱང་དུ་སྒྲོན་མའི་ཐོད་པ་གསུམ་དང་། ནུབ ་དུ་གཏོར་མའི་ཐོད་པ་གསུམ་དང་། ལྷོར་བཏུང་བའི་ཐོད་པ་གསུམ་དང་། དབང་ལྡན་དུ་སྙོམས་པའི་ལག་པ་དང་། དྲིའི་སྣོད་དོ།། མཽར་ནི་པི་ཝང་དང་། མེ་ཏོག་གི་ཟ་མ་ཏོག། བདེན་བྲལ་དུ་སྡིགས་མཛུབ་ཀྱི་ལག་པ་དང་སྤོས་སྣོད།། ་རླུང་དུ་ཐལ་མོ་དང་མར་མེའོ།། དེ་ནས་རྡོ་རྗེ་ཕྲེང་བའི་ཁོར་ཡུག་གི་ཕྱིའི་ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་སོ་སོར་བཞི་བཞི་དང་སྒོ་དང་མཚམ་སུ་བརྒྱད་ཏེ། ཁ་ཊྭཱཾ་ག་ཉེར་བཞིའོ།། བདུད་རྩིའི་ཐོད་པ་ལ་སོགས་པ་ནི་མཚོ་སྐྱེས་མ་ཉི་མ་ལ ་གནས་པའོ།། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཁ་གྱེས་པའོ།། ཤར་དང་ལྷོ་ལ་སོགས་པའི་རྭའི་རྩ་བ་རྣམསུ་རྟག་པོ་དང་། རིན་ཆེན ་དབང་པོ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང་། རིན་པོ་ཆེ་ལྡེང་གུ་ཆ་དགུ་པ་དང་། པདྨ་དམར་པོ་འདབ་མ་བརྒྱད་པ་དང་། རལ་གྲི་ལྗང་གུ་རྣམསོ།། སྣ་ཚོགས་རྡོ་རྗེའི་མེ་དང་། ་བདེན་བྲལ་ལ་སོགས་པའི་གྲཝར་རྡོ་རྗེ་ཙ་ར་ཙི་ཀ་དང་རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབྱངས་ཅན་མ་དང་། དཀར་མོ་རྣམས་ཀྱི་འཁོར་ལྷོ་དང་། རྡོ་རྗེ་དང་། པདྨ་དང་། རལ་གྲིའོ།། དེ་ནས་རྡོ་རྗེ་འཕྲེང་བའོ།། དེ་ནས་སྣ་ཚོགས་རྡོ་རྗེའི་ཕྱོགས་སོ་སོར་རྭ་ལྔའོ། ་ཤར་དང་ལྷོ་ལ་སོགས་པའི་སྒོ་རྣམསུ་ཐོ་བ་གཤིན་རྗེ་གཤེད་དང་། དབྱུག་པ་གཤིན་རྗེ་གཤེད་དང་། པདྨ་གཤིན་རྗེ་གཤེད་དང་། རལ་གྲི་གཤིན་རྗེ་གཤེད་རྣམས་ཀྱི་རྡོ་རྗེ་རྩེ་མོ་ཉི་ཤུ་བས་མཚན་པོའི་ཐོ་བ་དང་། དབྱུག ་པ་དཀར་པོ་དང་། པདྨ་དམར་པོ་དང་། རལ་གྲིའོ།། འདིར་རྟག་པ་དང་། ལྷ་མོ་རྣམས་ཀྱི་མཚན་མ་ནི་ཟླ་བ་ལ་གནས་པའོ།། གཞན་གྱི་ནི་ཉི་མ་ལ་གནས་པའོ།། ཉི་མ་དང་ཟླ་བའི་འོག་ཏུ་ནི་སྣ་ཚོགས་པདྨའོ།། དཀྱིལ་འཁོར་གྱི་མཚམ་སྟེ། ་རྣམས་སུ་པདྨ་ལ་གནས་པའི་ཐོད་པ་བཞིའོ།། རའི་གློ་རྣམས་སུ་བུམ་པ་རྣམསོ།། རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་ལ་རྡོ་རྗེ་རྩ་དགུ་པ་གསེར་གྱི་མདོག་ཅན་ནོ།། ཤར་དང་ལྷོ ་ལ་སོགས་པའི་འདབ་མར་ཟླ་བ་རྣམས་ལ་མེ་ཏོག་སྒྲོལ་མ་དང་། བདུག་སེཾས་སྩོལ་མ་འག་མ་མའི་སྒྲལས་དྲིའི་སྒྲོལ་མ་རྣམས་ཀྱི་མེ་ཏོག་གི་ཕྲེང་བ་དང་། སྤོས་ཕོར་དང་། མར་མེའི་སྐོང་བུ་དང་། དྲིའི་དུང་ཆོས་རྣམསོ།། མེ་ལ་སོགས་པའི་འདབ ་མར་རྟག་པ་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམ་པར་དག་པའི་འཁོར་ལོ་དང་། རྡོ་རྗེ་དང་། པདྨ་དང་། རལ་གྲི་རྣམསོ།། ཤར་དང་ལྷོ་ལ་སོགས་པའི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ ་ཞགས་པ་མོ་དང་། རྡོ་རྗེ་ལྕགས་སྒྲོག་མི་དང་། རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་ལྕགས་ཀྱུ་ལ་སོགས་པ་སྔ་མ་བཞིན་ཏེ། སྣ་ཚོགས་པདྨ་དང་ཉི་མ་ལའོ།། རྡོ་རྗེ་ལྕགས་ཀྱུ་མའི་ཕྱི་ངོསུ་གཙུག་ཏོར་རྣམ་པར་རྒྱལ་བའི་འཁོར་ལོ་སྣ་ཚོགས ་པདྨ་དང་ཉི་མ་ལའོ།། རྡོ་རྗེ་ལྕགས་སྒྲོག་མའི་ཕྱི་ངོསུ་རྡོ་རྗེ་གནོད་མཛེས་མའི་སྦྲུལ་གྱི་ཞགས་པ་སྟེ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལའོ།། མེ་ལ་སོགས་པའི་མཚམ་སུཾ་པདྨ་ལས་སྤྱན་མ་དང་མཱ་མ་ཀཱི་དང་། གྲོས་དཀར་མི་སྒྲོལ ་མ་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་ཀྱི་བུམ་པ་དང་། རིར་བ་དང་། མེ་ཐབ་དང་རྒྱལ་མཚན་ཆེན་པོའོ།། པདྨའི་ཕྱི་ངོསུ་བུམ་པ་རྣམ་སོ།། འོད་ཟེར་ཅན་གྱི་དཀྱིལ་འཁོར་གྱི་དབུས་ཀྱི་སྣ་ཚོགས་པདྨར་ཉི་མ་འམ། ཟླ་བ་ལ ་མདའ་སྟེ་མཚན་མོ་ཟླ་བ་ལ་གནས་ཤིང་ཉིན་པར་ཉི་མ་ལ་གནས་ཏེ་ལྷ་མོ་རྣམ་པར་རྒྱུའོ།། ཤར་དང་ལྷོ་ལ་སོགས་པའི་ཕྱོགསུ་ཨརྐ་མ་སི་དང་། མགམ་སི་ང། ཨན་རང་དྷན་མ་སི་དང་། ཏེ་ཛོ་མ་སཱིའི་ལྷ་མོ་རྣམས་ཀྱི་གོ་རིམས་བཞིན་དུ་ཁབ་དང་སྐུད་པ ་བཅས་པའི་ཁབ་དང་། ཨ་ཤོ་ཀའི་ཡལ་ག་དང་མདའ་རྣམསོ།། མེ་དང་སྲིན་པོ་ལ་སོགས་པའི་མཚམས་རྣམསུ་ཨུ་དཱ་ཡ་མ་སིས་དང་། གུལ་མ་མ་སི་དང་། བཱ་ན་མ་སི་དང་། ཙྪ་བ་ར་མ་སི་རྣམས་ཀྱི་མཚན་མ་ནི་གོ་རིམས་བཞིན་དུ ་ཨརྐ་མ་སི་ལ་སོགས་པའི་མཚན་མ་བཞིན་ནོ།། ཕྱིའི་ཕོ་བྲང་གི་སྣམ་བུའི་ཤར་དུ་མ་ཧཱ་ཙཱི་བ་ར་མ་སི་དང་། བ་རཱ་ཧ་མུ་ཁིའི་ལྷ་མོ་དག་གི་རྡོ་རྗེ་དང་ལྕགས་ཀྱུ་གཉིསོ།། ལྷོ་ཕྱོགསུ་ལྷ་མོ་པ་དཱ་ཀྲ་མ་སི་དང་། བ་ར་ལི་དག་གི་ཨ་ཤོ ་ཀའི་འདབ་མ་གཉིས།། ནུབ་ཏུ་ལྷ་མོ་པ་ར་ཀྲ་མ་སི་དཽང་། བ་དེ་ལི་དག་གི་མདའ་གཉིས་སོ།། བྱང་དུ་ལྷ་མོ་ཨུརྨ་མ་སི་དང་བ་རཱ་ལི་དག་གི་ཁབ་གཉིས།། མེ་ལ་སོགས་པའི་མཚམས་སུ་པ་ཏཱ་ལི་དང་བ་ཏཱ་ལི་དང་། བ་རཱ་ལ་དང་བ་རཱ ་ཧ་མུ་ཁི་རྣམས་ཀྱི་ཁབ་དང་སྐུད་པ་དང་བཅས་པའི་ཨ་ཁཱ་བ་དང་ཨ་ཤོ་ཀའི་ལོ་མ་དང་མདའ་རྣམས་སོ།། ཤཱར་སྒོར་ལྷ་མོ་ཨ་ལོའི་རྡོ་རྗེ་ལྕགས་ཀྱུའོ།། ལྷོར་ལྷ་མོ་ཏ་ལོའི་རྡོ་རྗེ་ཞགས་པའོ།། ནུག་ཏུ་ལྷ་མོ་ཀ་ལོའི་རྡོ་རྗེ་ལྕགས ་སྒེག་གོ། བྱང་དུ་ལྷོ་མོ་སངས་ལོ་སཾ་བ་མཱ་ར་དྷ་ཊིའི་རྡོ་རྗེ་དྲིལ་བུའོ།། འདིར་སྒོ་སྐྱོང་མའི་མཚོན་མ་རྣམས་ནི་པདྨ་དང་ཉི་མ་ལ་གནས་པའོ།། གཞན་དག་གི་ནི་པདྨ་དང་ཟླ་བ་ལའོ།། བསྲུང་བ་ལྔའི་དཀྱིལ་འཁོར་ལ་དབུས་སུ་སྣ ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཟླ་བ་ལ་སོ་སོར་འབྲང་མ་ཆེན་མོའི་རིན་པོ་ཆེའི་ཆུན་པོའོ།། ཤར་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་འཁོར་ལོའོ།། ལྷོར་སྣ་ཚོགས་པདྨ་དང་ཉི་མ་ལ ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་པའི་རྡོ་རྗེའོ།། ནུབ་ཏུ་སྣ་ཚོགས་པདྨ་དང་། ཉི་མ་ལ་བསིལ་བའི་ཚལ་ཆེན་མོའི་པདྨའོ།། བྱང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་རྨ་བྱ་ཆེན་མོའི་རྨ་བྱའི་མཇུག་སྒོའོ།། རིམ་པ་གཉིས་པ་རི་མེ་ལ་སོགས ་པའི་མཚམ་སུ་ནག་མོ་དང་། དུས་མཚན་མོ་དང་། རྣ་བ་ནག་མོ་དང་། དཀར་མོ་རྣམས་ཀྱི་དུང་དང་། རྡོ་རྗེས་མཚན་པའི་རྒྱལ་མཚན་དང་། དགྲ་སྟ་དང་། རྩེ་གསུམ་རྣམསོ།། སྣོམ་བུ་རྣམས་ལ་བུམ་པ་རྣམསོ།། ཤར་ལ་སོགས ་པའི་སྒོར་སྣ་ཚོགས་པདྨ་དང་ཉི་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞིའོ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་རྡོ་རྗེ་རྩེ ་ལྔ་པ་དཀར་པོའོ།། ལྟེ་བའི་ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མར་ཟླ་བ་རྣམས་ལ་གོ་རིམས་བཞིན་དུ་གཡས་སྐོར་དུ་སེམས་མ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་རྣམས་ཀྱི་རྡོ་རྗེ ་དམར་པོ་རྩེ་ལྔ་པ་དང་། རྡོ་རྗེ་རྩེ་ལྔ་པའི་རྩེ་མོ་ཅན་གྱི་རིན་པོ་ཆེ་དང་། རྡོ་རྗེ་རྩེ་ལྔ་པས་མཚན་པའི་པདྨ་འདབ་བརྒྱད་དཀར་དམར་དང་། དེ་བཞིན་གཤེགས་པ་ལྔའི་ཁ་དོག་གི་སྣ་ཚོགས་རྡོ་རྗེའོ།། ཤར་ལ་སོགས་པའི་པདྨའི་ལྟེ ་བར་ཟླ་བའི་དཀྱིལ་འཁོར་རྣམས་ལ་གོ་རིམས་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་དང་། རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ ་རྗེ་རྣམས་སོ།། མི་བསྐྱོད་པའི་པདྨའི་ཤར་ལ་སོགས་པོའི་ཕྱོགས་ཀྱི་འདབ་མྱུར་ཟླ་བ་རྣམསྡེ་ལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པ་རྣམས་ཀྱི་རིམ་པ་བཞིན་དུ་རྡོ་རྗེ་རྗེ་ལྔ་པ ་དཔ་རྡོ་རྗེ་ལྕགས་ཀྱུ་དང་། མངའི་དང་། རྡོ་རྗེའོ།། རིན་ཚོན་འབྱུང་ལྡན་གྱི་པདྨ་ལ་རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་ཏོག་དང་། རྡོ་རྗེ་བཞད་པ་རྣམས་ཀྱི་རིམ་པ་བཞིན་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གཉིས་ཀྱིས ་མཚན་པའི་རིན་པོ་ཆེའི་ཕྲེང་བ་དང་། ཉི་མ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། སོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེའོ།། སྣང་བ་མཐའ་ཡས་ཀྱི་རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རྒྱུ་དང་། རྡོ་རྗེ་བསྲུང ་པ་རྣམས་ཀྱི་པདྨ་དམར་པྲྀ་དང་། རལ་གྲི་དང་། འཁོར་ལྷོ་རྩིབས་བརྒྱད་པ་དང་། རྡོ་རྗེ་རྩེ་གཅིག་པའི་ལྕེའོ།། དོན་ཡོད་གྲུབ་པའི་རྡོ་རྗེ་ལས་དང་། རྡོ་རྗེ་བསྲུང་བ་དྲང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་རྣམས་ཀྱི ་སྣ་ཚོགས་རྡོ་རྗེ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེས་མཚན་པའི་མཆེ་བ་དང་། རྡོ་རྗེ་རྩེ་ལྔ་པའོ།། མི་བསྐྱེད་པ་ལ་སོགས་པ་སོ་སོའི་བྱང་ཆུབ་སེམས་དཔའ་གསུམ་པའི་མཚན་མ་ནི་བྱང་གི་འདབ་མར་དང་། བཞི་པའི ་མཚན་མ་ནི་ནུབ་ཀྱི་འདབ་མ་ལ་བྲི་བར་བྱའོ།། མེ་ལ་སོགས་པའི་པདྨའི་ལྟེ་བའི་ཟླ་བ་རྣམས་རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་འཕྲེང་བ་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་གར་མ་རྣམས་ཀྱི་རྡོ་རྗེ་དང་། རིན་པོ་ཆེའི་ཕྲེང་བ་དང་། ་པིབི་ཝང་དང་། རྡོ་རྗེའོ།། དབུས་ཀྱི་གཞལ་ཡས་ཁང་ལས་ཕྱི་རོལ་གྱི་སྣམ་བུའི་ཤར་དུ་བྱམས་པ་དང་། མཐོང་བ་དོན་ཡིད་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་རྣམས་ཀྱི་པདྨ་དང་ཟླ་བ ་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་རྣམས།། ལྷོ་ཕྱོགསུ་སྤོས་ཀྱི་གླང་པོ་དང་། དཔའ་བར་འགྲོ་བ་དང་། ན་མཁའ་མཛོད་དང་། ཡེ་ཤྱེ་ས་ཏོག་རྣམས་ཀྱི་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་རིན་པོ་ཆེ་རྣམསོ།། ནུབ་ཏུ་འོད་དཔག་མེད་དང་། ཟླ་འོད་དང་། བཟང ་སྤྱོད་དང་། དྲ་བནྡན་གྱི་འོད་རྣམས་ཀྱི་ཆུ་སྐྱེས་དང་། ཟླ་བ་རྣམས་ལ་རྡོ་རྗེ་པདྨ་རྣམསོ།། བྱང་དུ་རྡོ་རྗེ་སྙིང་པོ་དང་། བློ་གྲོས་མི་ཟད་པ་དང་། སྤོབས་པ་རྩེགས་པ་དང་། ཀུན་ཏུ་བཟང་པོ་རྣམས་ཀྱི་པདྨ་དང་ཟླ་བ་རྣམས་ལ་སྣ་ཚོགས ་རྡོ་རྗེ་རྣམསོ།། ཕྱིའི་དཀྱིལ་འཁོར་གྱི་མོ་ལ་སོགས་པའི་གྲཝ་རྣམས་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་བདུག་སྤོས་མ་དང་། རྡོ་རྗེ་མེ་ཏོག་མ་དང་། རྡོ་རྗེ་མར་མེ་མ་དང་། རྡོ་རྗེ་དྲི་ཆབ་མ་རྣམས་ཀྱི་མཚན་མི་ནི་སྔ་མ་བཞི་ནོ།། ཤར་ལ ་སོགས་པའི་སྒོར་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་འབེབས་པ་རྣམས་ཀྱི་མཚན་མ་རྣམསོ།། སྣམ་བུ་རྣམས་ལ་བུམ་པ་རྣམསོ།། བཞི་བཅུ་རྩ་གསུམ་གྱི་བདག་ཉིད ་ཅན་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་ཕྱིའི་དཀྱིལ་འཁོར་གྱི་རྩིག་པ་ལྔ་ནི་སྔོན་པོ་དང་། དམར་པོ་དང་། དཀར་བ་དང་། ལྗང་གུ་དང་། སེར་པོ་སྟེ། ཤར་ལ་སོགས་པའི་ཕྱོགས་དང་། དབུས་ཀྱི་ས་ཐམས་ཅད་ཀྱང་ངོ་།། དཀྱིལ ་འཁོར་གཉིས་པ་ལ་རྩིག་པ་གསུམ་སྟེ། སྔོན་པོ་དང་། དཀར་པོ་དང་། སེར་པོའོ།། འཁོར་ལོ་གསུམ་པ་ལ་རྩིག་པ་དཀར་པོ་གཅིག། དེ་ལ་དབུས་ཀྱི་ས་གཞི་སེར་པོ་ལོ་སྣ་ཚོགས་པདྨ་དང་ཟླ་བ་ལ་འཇམ་དཔལ་གྱི་རལ་གྲི་ཡུ ་བ་སེར་པོ་ཅན་ནོ།། ཤཱ་ར་ལ་སོགས་པའི་རེ་མིག་གི་ཉི་མ་རྣམས་ལ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་རྡོ་རྗེ་སྔོན་པོ་དང་། རིན་པོ་ཆེ་དང་། པདྨ་དཀར་པོ་དང་། རལ་གྲི ་དབང་ལྡན་ལ་སོགས་པའི་རེ་མིག་གི་ཟླ་བ་རྣམས་ལ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ཀྱི་རྡོ་རྗེ་སེར་པོ་དང་། རྡོ་རྗེ་སྔོན་པོ་དང་། རྡོ་རྗེ་དཀར་པོ་དང་། རྡོ་རྗེ་ལྗང་གུའོ།། རིམ་པ་གཉིས་པའི་དཀྱིལ་འཁོར ་ལ་ཤར་ལ་སོགས་པའི་ཕྱོགསུ་ཟླ་བ་རྣམས་ལ་སེམས་མ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་རྣམས་ཀྱི་མཚན་མ་ནི་མི་བསྐྱོད་པ་ལ་སོགས་པ་བཞིནོ།། དབང་ལྡན་ལ་སོགས་པའི ་མཚམསུ་ཟླ་བ་རྣམས་ལ་ཙུན་དྷ་དང་། རིན་ཆེན་དཀར་མདའ་དང་། ཁྲོ་གཉེར་ཅན་དང་། རྡོ་རྗེ་ལྕགས་སྒྲོག་མེ་རྣམས་ཀྱི་རལ་གྲི་དང་། རིན་པོ་ཆེ་སེར་པོ་དང་། རྡོ་རྗེ་དཀར་པོ་དང་། རྡོ་རྗེ་ལྕགས་སྒྲོག་ལྗང་གུ་རྣམསོ།། རིམ ་པ་གསུམ་པའི་དཀྱིལ་འཁོར་ལ་ཤར་གྱི་ཟླ་བ་རྣམས་ལ་བྱམས་པ་དང་། འཇམ་དཔལ་དང་། སྤོས་ཀྱི་གླང་པོ་དང་། ཡེ་ཤེས་ཏོག་རྣམས་ཀྱི་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་དང་། རལ་གྲི་དང་། ་ལག་ལྡན་གྱི་སྣམ་བུ་ལ་གནས་པ་དང་། ཡིད་བཞིན་གྱི་ནོར་བུ་སེར་པོའོ།། ལྷོའི་ཟླ་བ་རྣམས་ལ་བཟང་སྐྱོང་དང་། བློ་གྲོས་རྒྱ་མཚོ་དང་། བློ་གྲོས་མི་ཟད་པ་དང་། སྤོབས་པ་བརྩེགས་པ་རྣམས་ཀྱི་མདའ་དམར་པོ་དང་། དཀར་པོ་དང་། ་སེར་པོ་དང་། ལྗང་གུའོ།། ནུབ་ཀྱི་ཟླ་བ་རྣམས་ལ་མཐུ་ཆེན་ཐོབ་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་། དྲ་བ་ཅན་གྱི་འོད་རྣམས་ཀྱི་པདྨ་དཀར་པོ་དང་། མངར་དཀར ་པོ་དང་། མདའ་སེར་པོ་དང་། ཨུཏྤ་ལ་དམར་པོ་ལ་གནས་པའི་ཉི་མའོ།། བྱང་ཕྱོགས་ཀྱི་ཟླ་བ་རྣམས་ལ་ཟླ་འོད་དང་། འོད་དཔག་མེད་དང་། ན་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམས་ཀྱི་ཨུཏྤ་ལ་ལ ་གནས་པའི་ཟླ་བ་དང་། བུམ་པ་དམར་པོ་དང་། མངའ་སེར་པོ་དང་། མདའ་སྔོན་པོའོ།། འདོར་གོ་རིམས་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་ཀྱི་ལོགས་གཉིས་ཀྱི་སྣམ་བུ་ལ་མཚན་མ་གཉིས་གཉིས་སོ།། ཤར་ལ་སོགས ་པབའི་སྒོར་ཉི་མ་རྣམས་ལ་གཤིན་རྗེ་མཐར་བྱེད་དང་། གཞན་གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་རྣམས་ཀྱི་རལ་གྲི་ཡུ་བ་ནག་པོ་ཅན་དང་། རྡོ་རྗེ་སེར་པོ་དང་། རྡོ་རྗེ་དབྱུག་པ་དམར་པོ་དང་། རལ་གྲི་ཡུ་པ ་སྔོན་པོ་ཅན་དང་། དབང་ལྡན་ལ་སོགས་པའི་མཚམས་ཀྱི་ཉི་མ་རྣམས་ལ་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་སྔོན་པོ་དང་། རྡོ་རྗེ་སྔོན་པོ་དང་། རྡོ་རྗེ་དབྱུག་པ་སྔོན་པོ ་དང་། རྡོ་རྗེ་དབྱུག་པ་སྔོན་པོའོ།། གཤིན་རྗེ་གཤེད་ཀྱི་མཚན་མའི་ཕྱི་རོལ་དུ་ཉི་མ་ལ་གནོད་མཛེས་ཀྱི་རལ་གྲིའོ།། རྟ་མགྲིན་གྱི་མཚན་མའི་ཕྱི་ངོས་སུ་ཉི་མ་ལ་རྡོ་རྗེ་ས་འག་གི་རྡོ་རྗེ་ལྕགས་ཀྱུའོ།། ཟླ་བ་དང་ཉི་མ་ཐམས་ཅད ་ཀྱི་འོག་ཏུ་སྣ་ཚོགས་ཆུ་སྐྱེསོ།། སྣམ་བུ་རྣམས་ལ་བུམ་པ་རྣམསོ།། ཁ་ཅིག་ཏུ་ནི་གཤིན་རྗེ་གཤེད་ཀྱི་མཚན་མའི་ཕྱི་ངོས་སུ་ཉི་མ་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའི་འཁོར་ལོ་དང་ངོའི་ཕྱི་ངོས་སུ་གནོད་མཛེས་ཀྱི་རལ ་གྲིའོ་ཞེས་གསུངསོ།། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ལ་ནང་གི་འཁོར་ལོ་ཚོན་དཀར་པོས་དགང་བར་བྱའོ།། གཞན་ན་སྔ་མ་བཞིན་ནོ།། དབུས་ཀྱི་དཀྱིལ་འཁོར་གྱི་དབུསུཾ་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ ་ལ་འཇམ་པའི་དབྱངས་ཀྱི་རལ་གྲི་ཡུ་བ་སེར་བ་ཅན་ནོ།། ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པའི་འདབ་མའི་ཟླ་བ་རྣམས་ལ་གོ་རིམས་བཞིན་གཡས་བསྐོར་དུ་གཙུག་ཏོར་ཆེན་པོ་དང་། གདུགས་དཀར་པོ་དང་། གརྠི ་བརྗིད་ཕུང་པོ་དང་། རྣམ་པར་རྒྱལ་བའི་གཙུག་ཏོར་དང་། འོད་ཟེར་རྣམ་པར་འཕྲོ་བ་དང་། འཕགས་པ་དང་། ཆེར་འཕགས་པ་དང་། རྒྱལ་བ་སྟེ་གཙུག་ཏོར་བརྒྱད་པོ་རྣམས་ཀྱི་འཁོར་ལོ་སེར་པོ་རྣམསོ།། ཤར་གྱི་རེ་མིག་གི ་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་མི་བསྐྱོད་པའི་རྡོ་རྗེ་སྟོན་པོའོ།། དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལྔ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ ་དང་རརྡོ་རྗེ་ལེགས་པ་རྣམས་ཀྱི་རྡོ་རྗེ་དང་། རྡོ་རྗེ་ལྕགས་ཀྱུ་དང་། མངའ་དང་། རྡོ་རྗེའོ།། ལྕེའི་རེ་མིག་གི་དབུས་སུ་སྣ་ཚོགས་པདྨ་དང་། ཉི་མ་ལ་རིན་ཆེན་འབྱུང་ལྡན་གྱི་ཡིད་བཞིན་གྱི་ནོར་བུ་སེར་པོའི་རྒྱལ་མཚོན་ནོ།། དབང་ལྡན་ལ་སོགས ་བའི་མཚམས་ཀྱི་སྣ་ཚོགས་ཆུ་སྐྱེས་དང་། ཟླ་བ་ལ་རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཉི་མ་དང་། རྡོ་རྗེ་ཏོག་དང་། རྡོ་རྗེ་བཞང་པ་རྣམས་ཀྱི་རྡོ་རྗེ་རྩེ་ལྔ་པ་གཉིས་ཀྱི་མཚན་པའི་རིན་པོ་ཆེའི་ཕྲེང་བ་དང་། ཉི་མའི་དཀྱིལ་འཁོར་དང་། ཡིད་བཞིན་གྱི་ནོར་བུའི ་རྒྱལ་མཚན་དང་། སོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེའོ།། ནུབ་ཀྱི་རེ་མིག་གི་དབུསུ་སྣ་ཚོགས་པདྨར་ཉི་མ་ལ་སྣང་བ་མཐའ་ཡས་ཀྱི་པདྨ་དམར་པོའོ།། དབང་ལྡན་ལ་སོགས་པའི་མཚམ་སུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་རྡོ་རྗེ་ཆོས་དང་། ་རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རྒྱུ་དང་། རྡོ་རྗེ་བསྲུང་བ་རྣམས་ཀྱི་པདྨ་དང་། རལ་གྲི་དང་། ཆོས་ཀྱི་འཁོར་ལོ་དང་། རྡོ་རྗེ་རྩེ་གཅིག་པའི་ལྕེའོ།། བྱང་ཕྱོགས་ཀྱི་རེ་མིག་གི་དབུས་སུ་སྣ་ཚོགས་པདྨར་ཉི་མ་ལ་དོན་ཡོད་གྲུབ་པའི་རལ་གྲིའོ།། དབང་ལྡན ་ལ་སོགས་པའི་མཚམས་སུ་སྣ་ཚོགས་པདྨར་ཟླ་བ་རྣམས་ལ་རྡོ་རྗེ་ལས་དང་། རྡོ་རྗེ་བསྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུ་རོ་རྣམོས་ཀྱི་རྡོ་རྗེ་རྩེ་གསུམ་པ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེས་མཚན་པའི་མཆེ་བ་དང་། རྡོ་རྗེ་རྩེ་ལྔ་པའོ།། ་དབང་ལྡན་ལ་སོགས་པའི་མཚམས་ཀྱི་རེ་མིག་གི་པདྨ་དང་ཟླ་བ་རྣམས་ལ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ཀྱི་མཚན་མ་རྣམས་ནི་འཇམ་པའི་དབྱངས་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད ་གྲུབ་པའི་མཚན་བཞིན་ནོ།། ཤར་ལ་སོགས་པའི་སྒོར་སྣ་ཚོགས་པདྨ་དོང་ཉི་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་འབེབས་པ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ།། ནང་གི་དཀྱིལ་འཁོར ་འདི་ལས་དཀྱིལ་འཁོར་གཉིས་པར་ཤར་ཕྱོགསུ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་ས་བཅུ་གཉིས་སོ།། མོས་པ་སྤྱོད་པ་དང་། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་འབྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དང་། ཀུན་ཏུ་འོད་ཀྱི་ས་རྣམས་ཀྱི་གོ་རིམས་བཞིན་དུ་གཡས་སྐོར་དུ་པདྨ་དམར་པོ་དང་། ཡིད་བཞིན་གྱི་ནོར་བུ་དང་། པདྨ་དཀར་པོ་དང་། སྣ ་ཚོགས་པདྨ་ལ་གནས་པའི་ཉི་མ་དང་། ཨུཏྤ་ལ་དང་། ནོར་བུ་མ་རཱ་ག་ཏ་དང་། པདྨ་ལྔ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། སྣ་ཚོགས་ཆུ་སྐྱེས་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཡུ་བ་དང་བཅས་པའི་པདྨ་དང་། ཟླ་བ་ལ ་གནས་པའི་རྡོ་རྗེ་རྩེ་ལྔ་པ་དམར་པོ་དང་། ཨུཏྤ་ལའི་སྟེང་དུ་རལ་གྲི་དང་། ཆོས་ཀྱི་སྤྲིན་གྱིས་ཡོངས་སུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། པདྨ་ལ་བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི ་སྐུའོ།། ལྷོར་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་རིན་པོ་ཆེ་པདྨའི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཱཏན་དང་། ཤེས་རབ་དང་། ཐབས་དང་། ་སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་རྣམས་ཀྱི་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་འབྲུ་སྣ་ཚོགས་པའི་རིན་པོ་ཆེའི་སྙེ་མ་དང་། ལོ་མ་དང་བཅས་པའི་ཨ ་ཤོ་ཀའི་མེ་ཏོག་གི་ཆུན་པོ་དང་། པདྨ་དཀར་པོ་དང་། ཨུཏྤ་ལ་སྔོན་པོ་དང་། པདྨ་དཀར་པོ་དང་། པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། ཆུ་སྐྱེས་སེར་པོ་ལ་གནས་པའི་རྡོ་རྗེ་དང་། ཨུཏྤ་ལ་ལ་གནས་པའི་རལ ་གྲི་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། རིན་པོ་ཆེ་སྣ་ཚོགས་པའི་འབྲས་བུས་བརྒྱན་པའི་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་དང་། ཨུཏྤ་ལ་ལ་གནས་པའི་སྣ་ཚོགས་རྡོ་རྗེའོ།། ནུབ་ཏུ་སྣ་ཚོགས་ཆུ་སྐྱེས་དང་། ཟླ་བ་རྣམས་ལ ་སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། རྫུ་འཕྲུལ་དང་། མོས་པ་དང་། སྨོན་ལོམ་དང་། ཡེ་ཤེས་དང་། ཆོས་ལ་དབང་བ་རྣམས་དང་། དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་བྱང་ཆུབ་སྟེ། དབང་བཅུ་གཉིས་རྣམས ་ཀྱི་ནོར་བུ་པདྨ་རཱ་ག་ལ་གནས་པའི་ཏིང་འཛིན་གྱི་ཕྱོག་རྒྱ་དང་ལྡན་པའི་ཚེ་དཔག་མེད་པའི་སངས་རྒྱས་ཀྱི་གཟུགས་དང་། རྡོ་རྗེ་དམར་པོ་རྩེ་ལྔ་པ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། སྣ་ཚོགས་རྡོ་རྗེ་དང་། མེ་ཏོག་ཛཱ་ཏི ་ཁ་དོག་སྣ་ཚོགས་པའི་ཡལ་འདབ་དང་། པདྨ་ལ་གནས་པའི་ཉི་ཟླའི་དཀྱིལ་འཁོར་དང་། པྲི་ཡང་ཀུའི་མེ་ཏོག་གི་སྙེ་མ་དང་། ཨུཏྤ་ལ་སྔོན་པོ་དང་། ཨུཏྤ་ལ་ལ་གནས་པའི་རལ་གྲི་དང་། པདྨ་ལ་གནས་པའི་བུམ་པ་བཟང་པོ་དང་། འདམ ་སྐྱེས་དཀར་པོ་དང་། ཆུ་སྐྱེས་སེར་པོ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པའོ།། བྱང་ཕྱོགས་སུ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་དབྱིག་གི་བློ་གྲོས་མ་དང་། རིན་པོ་ཆེའི་སྐར་མདའ་དང་། གཙུག་ཏོར་རྣམ་པར་རྒྱལ་མ་དང་། འོད་ཟེར་ཅན་དང་རི ་ཁྲོད་ལོ་མ་ཅན་དང་། ཛཾ་གུ་ལཱི་དང་། སྒོ་མཐའ་ཡས་མ་དང་། སྐུལ་བྱེད་མོ་དང་། ཤེས་རབ་འཕེལ་མ་དང་། ལས་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་མ་དང་། ཡེ་ཤེས་མི་ཟད་པའི་ཟ་མ་ཏོག་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད ་ཀྱི་མཛོད་ལྡན་མ་རྣམས་ཏེ། གཟུངས་བཅུ་གཉིས་རྣམས་ཀྱི་འབྲས་ཀྱི་སྙེ་མ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། ནོར་བུ་ཟླ་བ་ཆུ་ཤེལ་གྱི་བུམ་པ་དང་། སྐུད་པ་དང་བཅས་པའི་ཁ་བ་དང་། རྨ་བྱའི་མཇུག་སྒྲོ་དང་། དུག་གི ་མེ་ཏོག་གི་ཆུན་པོ་དང་། པདྨ་དམར་པོ་ལ་གནས་པའི་མི་ཟད་པའི་གཏེར་ཆེན་པོའི་བུམ་པ་དང་། རིལ་པ་སྱཻ་བླུགས་ལ་ཕྲེང་བ་དཔྱངས་པ་དང་། ཨུཏྤ་ལ་སྔོན་པོ་ལ་གནས་པའི་རལ་གྲི་དང་། རྡོ་རྗེ་རྩེ་གསུམ་པས་མཚོན་པའི་པདྨ་དཀར ་དམར་དང་། རིན་པོ་ཆེའི་ཟ་མ་ཏོག་དང་།། པདྨ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་པའི་དཔེ་སྒོམ་མོ།། ཤར་ལ་སོགས་པའི་སྒོར་ཆུ་སྐྱེས་དང་། ཉི་མ་རྣམས་ལ་ཆོས་སོ་སོར་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ ་དང་དུ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོངས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། རཱིན་པ་ལཱི་ཞུགས་པ་དང་། མཐའ་གཉིས་སུ་པདྨས་མཚན་པའི་ལྕགས་སྒྲོག་དང་། ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དྲིལ་བུའོ།། མེ་ལ་སོགས་པའི་མཚམས་སུ་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་རྣམས་ཀྱི་རྡོ་རྗེ་དང་། རིན་པོ་ཆེའི་ཕྲེང་བ་དང་། པི་ཝང་དང་། རྡོ་རྗེའོ།། དཀྱིལ་འཁོར་གསུམ་པར་པདྨ་དང ་ཟླ་བ་རྣམས་ལ་ཤར་ཕྱོགས་སུ་ཀུན་ཏུ་བཟང་པོའི་ཨུཏྤ་ལ་ལ་གནས་པའི་རལ་གྲི་དང་། བློ་གྲོས་མི་ཟད་པའི་རལ་གྲི་དང་། སའི་སྙིང་པོའི་པདྨ་ལ་གནས་པའི་དཔག་བསམ་གྱི་ཤིང་དང་། ན་མཁའི་སྙིང་པོའི་རིན་པོ་ཆེའོ།། ལྷོ་ཕྱོགས ་སུ་ན་མཁའ་མཛོད་ཀྱི་ཡོད་བཞིན་གྱི་ནོར་བུ་དང་། ཕྱུག་ནཱ་རིན་ཆེན་གྱི་རིན་པོ་ཆེ་དང་། བློ་གྲོས་རྒྱ་མཚོའི་དུང་དང་། རྡོ་རྗེ་སྙིང་པོའི་རྡོ་རྗེའོ།། ནུབ་ཏུ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་དང་། མཐུ་ཆེན་ཐོབ་ཀྱི་རལ་གྲི་དང་། ཟླའོ ་ཀྱི་རྡོ་རྗེ་དང་བཅས་པའི་འཁོར་ལོ་དང་། དྲ་བ་ཅན་གྱི་འོད་ཀྱི་རལ་གྲིའོ།། བྱང་དུ་པདྨ་དང་ཉ་མ་རྣམས་ལ་འོད་དཔག་མེད་དང་། སྤོབས་པ་རྩེགས་པ་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་། སྒྲིབ་པ ་ཐམས་ཅད་རྣམ་པར་སེལ་བ་རྣམས་ཀྱི་སྣ་ཚོགས་པདྨ་དང་པདྨ་ལ་གནས་པའི་རལ་གྲི་དང་། རྡོ་རྗེ་རྩེ་ལྔ་པ་དང་། རལ་གྲིའོ།། ཤར་ལ་སོགས་པའི་སྒོར་པདྨ་དང་ཟླ་ཉི་མ་རྣམས་ལ་གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར ་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ཀྱི་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྱོགས་དང་། དྲིལ་བུ་རྣམ་སོ།། དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བ་དང་། རྡོ་རྗེ་ཉི་མ་མེ་ལྟར་འབོར་བ་དང་། ཧེ་རུ་ཀ་རྡོ་རྗེ་དང་། རྟ་མཆོག་རྣམས་ཀྱི་རལ་གྲི་དང་། རྡོ་རྗེ་དང་། རྡོ་རྗེ་རྩེ་ལྔ་པ་དང་། སྣ་ཚོགས་རྡོ་རྗེ་རྣམ་སོ།། ག་ཤིན་རྗེ་མཐར་བྱེད་ཀྱི་མཚན་མའི་ཕྱིར་གཙུག་ཏོར་འཁོར ་ལོས་སྒྱུར་བའི་འཁོར་ལོ་སེར་པོའོ།། པདྨ་མཐར་བྱེད་ཀྱི་མཚན་མའི་ཕྱིར་གནོད་མཛེས་ཀྱི་རྡོ་རྗེའོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་མཚན་མ་བཞིའི་ཕྱི་ངོས་སུ་དཀྱིལ་འཁོར་གསུམ་པོ་ཁོ་ནའི་ཟུར་གྱི་ནང་དུ ་རེ་ཁཱ་བྱའོ།། དེའི་ཕྱི་ངོས་ཀྱི་གནས་ཀྱི་མེ་ལ་སོགས་པའི་ཟུར་ཐིག་རྣམས་ཀྱི་གཡས་ལོགས་སུ་གནས་པའི་པདྨ་དང་ཟླ་བ་རྣམས་ལ་མེ་ཏོག་མ་དང་། བདུག་སྤོས་མ་དང་། མར་མེ་མ་དང་། དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་སྣོད་དང་། ་སྤྲོས་པོར་དང་། རིན་པོ་ཆེའི་སྒྲོལ་མའི་མཆོད་སྟོང་དང་དུང་ངོ་།། གཡོན་ལོག་སུ་གནས་པའི་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་གཟུགས་མ་དང་། རྡོ་རྗེ་སྒྱུ་མ་དང་། རྡོ་རྗེ་རོ་མ་དང་། རྡོ་རྗེ་རེག་བྱ་མ་རྣམས་ཀྱི་མྱེ་ལོང་དང་། པི་ཝང་དང ་སྣོད་དང་། གོས་སྣ་ཚོགསོ།། ཕྱི་རོལ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ལ་པདྨ་རྣམས་ལ་ཤ་རི་ལ་སོགས་པའི་ཕྱོགས་སུ་དབང་པོ་དང་། གཤིན་རྗེ་དང་། ཆུ་བདག་དང་། ལུས་ངན་པོ་རྣམས་ཀྱི་རྡོ་རྗེ་དང་། དབྱུག་པ་དང་། ཀླུའི ་ཞགས་པ་དང་། ལྕགས་ཀྱུའོ།། དབང་ལྡན་ལ་སོགས་པའི་མཚམས་སུ་དབང་ལྡན་དང་། མེ་ལྷ་དང་། སྲིན་པོའི་བདག་པོ་དང་། རླུང་ལྷ་རྣམས་ཀྱི་རྩེ་གསུམ་པ་དང་། བླུགས་གཟར་དང་། རལ་གྲི་དང་། ་རླུང་རས་སོ།། དེ་ནས་དབང་ལྡན་གྱི་ཕྱི་ངོས་དང་ཉེ་བར་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། མཚན་མ་རྣམས་རིམས་ཀྱིས་བར་བྱའོ།། དེ་ལ་ཚངས་པའྀ་བགྲང་ཕྲེང་ངོ་།། ཁྱབ་འཇུག་གི་འཁོར་ལོའོ།། དབང་ཕྱུག་ཆེན་པོའི ་རྩེ་གསུམ་པ་དང་། གདོང་དྲུག་གི་ཤག་ཏི་དང་། ཚངས་མོའི་ཕྲེང་བ་དང་། དྲག་མོའི་རྩེ་གསུམ་དང་། ཁྱབ་འཇུག་མའི་འཁོར་ལོ་དང་། གཞོན་ནུ་མའི་ཤག་ཏི་དང་། དབང་མོའི་རྡོ་རྗེ་དང་། ཕག་མོའི་ཉ་རོ་ཧི་ཏ་དང་། ཙ་མུན་ཌའི ་གྲི་གུག་དང་། འབྲིང་གི་རི་ཏིའི་ཕྲེང་བ་དང་། ཚོགས་བདག་གི་དགྲ་སྟ་དང་། ནག་པོ་ཆེན་པོའི་རྩེ་གསུམ་དང་། དགའ་བྱེད་དབང་ཕྱུག་གི་རྫ་རྔ་དང་། ཉི་མའི་པདྨ་ལ་གནས་པའི་དཀྱིལ་འཁོར་དང་། ཟླ་བའི་ཀུན་ཏ་མ་ལ ་གནས་པའི་ཟླ་བའི་དཀྱིལ་འཁོར་དང་། མིག་དམར་གྱི་གྲི་སྐུར་དང་། ལག་པའི་མདའ་དང་། ཕུར་བུའི་ཕྲེང་བ་དང་། པཱ་ཝ་སྤངས་ཀྱི་ཕྲེང་བ་དང་། སྤེན་པའི་དབྱུག་པ་ནག་པོ་དང་། སྒྲ་གཅན་གྱི་ཟླ་བ་དང་། མཇུག ་རིངས་ཀྱི་ཀླུའི་ཞགས་པ་དང་། སྟོབས་བཟངས་ཀྱི་གཤོལ་དང་། རྒྱལ་བར་བྱེད་པའི་མེ་ཏོག་གི་ཕྲད་བ་དང་། སྦྲང་རྩིར་བྱེད་པའི་ཆུ་སྲིན་གྱི་རྒྱལ་མཚན་དང་། དཔྱིད་ཀྱི་ཟླ་དང་། མཐའ་ཡས་དང་། ནོར་རྒྱས་དང་། འཛེག ་པོ་དང་། སྟོབས་ཀྱི་རྒྱུ་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་སྤྱོད་དང་། རིགས་ལྡན་རྣམས་ཀྱི་ཐལ་མོ་སྦྱར་བ་འམ། ཡང་ན་རང་རང་གི་ཕའི་མཚན་མ་དང་འདྲ་བའི་མཚན་མའོ།། དེ་ལ་མཐའ་ཡས་དང་རིག་ལྡན་ནི་བྲམ་ཟེ་སྟེ ་མེ་ལྷའི་བུའོ།། ནོར་རྒྱས་དང་དུང་སྐྱོང་ནི་རྒྱལ་རིགས་ཏེ་དབང་པོའིའོ།། འཇོག་པོ་དང་། པདྨ་ཆེན་པོ་ནི་རྗེའུའི་རིགས་ཏེ་རླུང་ལྷའོ།། སྟོབས་ཀྱི་རྒྱུ་དང་པདྨ་ནི་དམངས་རིགས་ཏེ་ཆུ་ལྷའི་འོ།། ཐག་བཟངས་རིས་དང་། སྟོབས ་ལྡན་དང་། རབ་ཏུ་ཚིམ་བྱེད་དང་། རྣམ་པར་སྣང་བྱེད་ལ་སོགས་པ་ལྷ་མ་ཡིན་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་རལ་གྲི་ལ་སོགས་པའི་མཚན་ཆ་སྣ་ཚོགས་པའོ།། ནམ་མཁའ་ལྡིང་གི་དབང་པོའི་ཐལ་མོ་སྦྱར་བའོ།། མི་འམ་ཅིའི ་རྒྱལ་པོ་ལྗོན་པའི་པི་ཝང་ངོ་།། དྲི་ཟླའི་རྒྱལ་པོ་ཟུར་ཕུད་ལྟ་བའི་པི་ཝང་ངོ་།། རིག་པ་འཛིན་པའི་རྒྱལ་པོ་དོན་ཀུན་གྲུབ་པའི་མེ་ཏོག་གཱི་ཕྲེང་བའོ།། གང་བ་བཟང་ཕོ་དང་། ནོར་བུ་བཟང་པོ་དང་། ནོར་སྦྱིན་དང་། རྣམ་ཐོས ་ཀྱི་བུ་དང་། ཙཾ་བི་ཀུཏྟཱ་ལི་དང་། ཀི་ལི་མཱ་ལི་དང་། སྒོའི་དབང་པོ་དང་། སྤྱོད་པའི་དབང་པོ་སྟེ། གནོད་སྦྱིན་གྱི་དབང་པོ་རྣམས་ཀྱི་ཤིང་ཏོག་ཛི་པཱུར་རྣམས་སོ།། འཕྲོག་མའི་ཆང་བུ་གཉིས་སོ།། ཐ་སྐར་དང་། བླ་ཉེ་དང་། ་སྨིན་དྲུག་དང་། སྣར་མ་དང་། མགོ་དང་། ལག་དང་། ནབས་སོ་དང་། རྒྱལ་དང་། སྐག་དང་། མཆུ་དང་། གྲེ་དང་། དབོ་དང་། མེ་བཞི་དང་། ནག་པ་དང་། ས་རི་དང་། ས་ག་དང་། ལྷ་མཚམས་དང་། སྣརོན་དང་། ་སྣརུབས་དང་། ཆུ་སྦྱོང་དང་། ཆུ་སྐད་དང་། ཟོ་བཞིན་དང་། མོན་ཐ་དང་། མོན་གྲུ་དང་། ཁྲུམས་སྤྱོད་དང་། ཁྱམས་སྤྱད་དང་། ནམ་གྲུ་དང་། བྱི་བཞིན་རྣམས་ཀྱི་ནི་ལག་པ་ཐལ་མོ་སྦྱར་བའི་ཕྱག་རྒྱུ་རྣམས་སོ།། ་འདིར་ཡང་སྒྲོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ།། དཀྱིལ་འཁོར་བཞི་པ་ལ་བུམ་པ་རྣམསོ།། ངན་སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ལ་རྡོ་རྗེ་ཕྲེང་བ་སྔོན་པོའི་ནང་དུ་འཁོར་ལོ་རྩིབས་བརྒྱད་པོའི་དབུས་སུ་ཆོས་ཀྱི ་འཁོར་ལོའི་ཕྱག་རྒྱ་སར་བྲིའོ།། ཤར་ལ་སོགས་པའི་རྩིབསྡུ་རྣམས་ལ་ས་གནོན་གྱི་ཕག་རྒྱ་དཀར་པོ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ་སྐྱོན་བྷྱོ་དང་། བསམ་གཏན་གྱི་ཕྱག་རྒྱ་དམར་པོ་དང་། མི་འཇིགས་པའི་ཕྱག་རྒྱ་ལྗང་གུ་རྣམ ་སོ། མེ་ལ་སོགས་པའི་རྩིབས་རྣམས་ལ་ཉི་མ་དང་། ཡིད་བཞིན་ནོར་བུའི་རྒྱལ་མཚན་དང་། རལ་གྲི་དང་། གདུག་སོ།། རྡོ་རྗེ་ཕྲེང་བའི་ཕྱིའི་མེ་ལ་སོགས་པའི་མཚམས་སུ་སྒེག་མོ་ལ་སོགས་པའི་མཚན་མའོ།། ཤིར་ལ ་སོགས་པའི་སྣམ་བུ་ལ་སྒོའི་གཡོན་དུ་མཚན་མ་གཉིས་ཏེ། གཡས་སུ་ཡང་ངོ་།། དེར་ཀླུ་ཤིང་གི་མེ་ཏོག་དང་། སྤྱན་དང་བཅས་པའི་ཆུ་སྐྱེས་དང་། ལྕགས་ཀྱུ་དང་། དབྱུག་པ་དང་། དུང་དང་། རལ་གྲི་དང་། པདྨ་ལ ་གནས་པའི་ཆོས་ཀྱི་སྒྲོམ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། བདུད་རྩིའི་བུམ་པ་དང་། པདྨ་ལ་གནས་པོའི་ཟླ་བའི་གཟུགས་དང་། རིན་པོ་ཆེ་དང་། རྡོ་རྗེ་གུར་དང་། རྡོ་རྗེ་དང་བཅས་པའི་ཨུཏྤ་ལ་དང་། བདུད ་རྩིའི་བུམ་པ་དང་། མུ་སྐྱེས་ལ་གནས་པའི་རིན་པོ་ཆེ་དང་། རིན་པོ་ཆེའི་སྣ་མའོ།། མེ་ལ་སོགས་པའི་མཚམས་རྣམས་ལ་མེ་ཏོག་ལ་སོགས་པའི་མཚན་མ་རྣམས།། སྒྲ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་སོ།། ་མཚན་མ་སུམ་ཅུ་རྩ་བདུན་པོ་རྣམས་སྣ་ཚོགས་པདྨ་དང་། ཟླ་བ་ལ་གནས་པའོ།། མགྲིན་པ་སྔོན་པོ་ལ་སོགས་པ་རྣམས་ཀྱི་མཚན་མ་ནི་བྲི་བ་ཡང་ངོ་།། འབྱུང་བ་འདུལ་བྱེད་ཀྱི་དཀྱིལ་འཁོར་ལ་རྩིག་པ་ལྔ་དང་། ཤར ་ལ་སོགས་པའི་ས་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོའོ།། ཐིག་གི་རེ་ཁཱ་གསུམ་ནི་དཀར་པོ་དང་། དམར་པོ་དང་། ནག་པོའོ།། ཐིག་གཽ་རི། པཱུ་གཅིག་དང་། རྡོ་རྗེ་ཕྲེང་བའི་རེ་ཁཱ་གཉིས ་ནི་ནག་པོའོ།། ནང་གི་ཕོ་བྲང་གི་དབུས་ཀྱི་རེ་མིག་ལ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་རྡོ་རྗེ་རྩེ་ལྔ་པ་སྔོན་པོའོ།། ཤར་དུ་ཉི་མ་ལ་དབང་ཕྱུག་ཆེན་པོའི་རྩེ་གསུམ་པའོ།། ལྷོར་ཉི་མ ་ལ་ཁྱབ་འཇུག་གི་འཁོར་ལོའོ།། ནུབ་ཏུ་ཟླ་བ་ལ་ཚངས་པའི་ཕྲེང་བའོ།། བྱང་དུ་ཉི་མ་ལ་སྨིན་དྲུག་གི་བུའི་ཤིག་ཏྲཱྀའོ།། དབང་ལྡན་དུ་ཟླ་བ་ལ་ཚོགས་བདག་གི་དགྲ་སྟའོ།། མེར་ཉི་མ་ལ་ཉི་མའོ་པདྨ་ལ་གནས་པའི ་ཉི་མའི་དཀྱིལ་འཁོར་རོ།། བདེན་བྲལ་དུ་ཉི་མ་ལ་སྒྲ་གཅན་གྱི་ཟླ་བའི་དཀྱིལ་འཁོར་རོ།། རླུང་དུ་ཟླ་བ་ལ་དགའ་བྱེད་དབང་ཕྱུག་གོ་ཅང་ཏིའུའོ།། རིམས་པ་གཉིས་པར་ཤར་ལ་སོགས་པའི་ཕྱོགསུ་དབང་པོ་དང་། ་ཐོག་ལ་མཆོགས་དང་། ཟླ་བ་མོ་དང་། དའ་བ་ཟློག་མ་རྣམས་ཀྱི་ཟླ་བ་ལ་བདྨད་གར་བ་དང་། སྤྲོས་པར་དང་། མངམ་མཚད་སྲུང་དང་། གངངས་ཀའི་རྣམ་པའི་ལག་པའོ།། མ་ལ་སོགས་པར་རིན་ཆན ་དཔལ་མོ་དང་། དབྱངས་ཅན་མ་དང་། ལྷ་མཛྙཱ་ས་མ་དང་། ཀུན་ཏུ་འབྱོར་མ་རྣམས་ཀྱི་ཟླ་བ་རྣམས་ལ་རིམ་པ་བཞིན་དུ་དྲིའི་དུང་ཆོས་དང་། པི་ཝང་དང་། རིན་པོ་ཆེའི་ཕྲེང་བ་དང་། རྡོ་རྗེ་རྩེ་གསུམ་པའོ།། རིམ་པ་གསུམ་པར་ཤར ་ལ་སོགས་པའི་ཕྱོགས་སུ་དབང་པོ་དང་། གཤིན་རྗེ་དང་། ཆུ་བདག་དང་། ལུས་ངན་རྣམས་ཀྱི་ཟླ་བ་ལ་གནས་པའི་རྡོ་རྗེ་དང་། ཉི་མ་ལ་གནས་པའི་ཐོད་པས་མཚན་པའི་དབྱུག་པ་དང་། ཟླ་བ་ལ་གནས་པའི་ཀླུའི་ཞགས་པ་དང་། ་ཟླ་བ་ལ་གནས་པའི་དབྱུག་ཏོའོ།། མེ་ལ་སོགས་པའི་མཚམ་སུ་མེ་ལྷ་དང་། བདེན་བྲལ་དང་། རླུང་ལྷ་དང་། ཟླ་བ་རྣམས་ཀྱི་ཉི་མ་ལ་གནས་པའི་ཕྲེང་བ་དང་། ཉི་མ་ལ་གནས་པའི་རལ་གྲི་དང་། ཟླ་བ་ལ་གནས་པའི་རླུང ་རས་དང་། ཟླ་བ་དང་། ཀུ་མུ་ཏ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་རོ།། ཟླ་བའི་མཚན་མ་དང་ཉེ་བར་དབང་ལྡན་གྱི་ཉི་མ་ལ་རྩེ་གསུམ་མོ།། རིམྦྷ་པ་བཞི་པར་ཤར་ལ་སོགས་པའི་ཕྱོགས་སུ་སེང་གེའི་རྒྱལ་མཚན་འཛིནམ ་རྣམ་རྒྱས་པ་དང་། བང་ཆེན་མ་དང་། རྒྱང་འཕྱོག་མ་རྣམས་ཀྱི་ཟླ་བ་ལ་སེང་གེའི་རྒྱལ་མཚན་དང་། ལྕགས་ཀྱུ་དང་། མངའི་དང་། ཡིང་བཞིན་གྱི་ནོར་བུའོ།། དབང་ལྡན་ལོ་སོགས་པར་མཆོག་འཕྲོག་མ་བྱང ་ཆེན་དབང་ཕྱུག་མ་དང་། རྒྱལ་མ་དང་། འགྲོ་སྐྱེང་མ་རྣམས་ཀྱི་ཟླ་བ་ལ་མེ་ཏོག་གི་སྣོད་དང་། སྤོས་ཕོར་དང་། དྲིའི་དུང་ཆོས་དང་། མར་མེའི་མཆོད་སྡོང་ངོ་།། འདིར་ཉི་མ་དང་། ཟླ་བ་ཐམས་ཅད་ནི་སྣ་ཚོགས་པདྨ་ལ་གནས་པའོ།། ་རིམ་པ་བཞི་པར་བུམ་པ་རྣམས་སོ།། མཁའ་འགྲོ་ལྔའི་དཀྱིལ་འཁོར་ལ་དབུས་ཀྱི་གཞལ་ཡས་ཁང་གི་དབུས་སུ་ཤེས་རབ་དང་བཅས་པའི་ཀྱེའི་རྡོ་རྗེའི་གྲི་གུག་དང་ཐོད་པའོ།། ཤར་ལ་སོགས་པའི་སྒོར་དཀར་མོ་དང་། ཆོམ ་རྐུན་མ་དང་། རོ་ལངས་མ་དང་། ཟ་ཕོད་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་སོ།། དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་སྦོས་མོ་དང་། རི་ཁྲོད་མ་དང་། གཏུམ་མོ ་དང་གཡུང་མོ་རྣམས་ཀྱི་བྱང་ཆུབ་སེམས་ཀྱི་བུམ་པ་དང་། རི་རབ་དང་། མེ་ཁབ་དང་། རྒྱལ་མཚན་ཆེན་པོའི་བ་དན་ནོ།། དེ་ལས་ཤར་གྱི་གཞལ་ཡས་ཁང་གི་དབུས་སུ་རྟག་པའི་ཐོད་པའི་ལ་གནས་པའི་རྨ་བྱའོ།། ཤར་ལ ་སོགས་པའི་སྒོར་སྐམ་པ་མོ་དང་། ཞགས་པ་མ་དང་། རོལ་ཟླུམ་མ་དང་། ལྕགས་ཀྱུ་འཛིན་མ་རྣམས་ཀྱི་སྐམ་པ་དང་། ཞགས་པ་དང་། ཉ་རྒྱུ་ཟླུམ་པོ་དང་། ལྕགས་ཀྱུའོ།། དབང་ལྡན་ལ་སོགས་པར་མེ་ཏོག་མ་དང་། ་བདུག་སྤོས་མ་དང་། མར་མེ་མ་དང་། དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་སྣོད་དང་། སྤོས་ཕོར་དང་། མར་མེའི་མཆོད་སྡོང་དང་། དྲི་སེར་པོ་གང་བའི་དུང་ངོ་།། ལྷོའི་གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་ཉི་མའི་ཐོད་པ་ལ་གནས ་པའི་བྱཱཀྵ་རཱན་ད་ཀ་དང་། ཤར་ལ་སོགས་པའི་སྒོར་ཉི་ལག་མ་དང་། མར་མེ་མ་དང་། རིན་ཆེན་སྐར་མདའ་མ་དང་། ཕྱགྷ་ན་གློག་ཐོགས་མ་རྣམས་ཀྱི་ཉི་མའི་དཀྱིལ་འཁོར་དང་། མར་མ ་མཆེད་སྡོང་དང་། རིན་པོ་ཆེ་དང་། གློག་གི་ཕྲེང་བའོ།། དབང་ལྡན་ལ་སོགས་པར་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་རྣམས་ཀྱི་རྡོ་རྗེ་དང་། རིན་པོ་ཆེའི་ཕྲེང་བ་དང་། མཁར་རྔ་དང་། རྡོ་རྗེའོ།། ནུབ་ཀྱི་གཞལ་ཡས ་ཁང་གི་དབུས་སུ་པདྨ་གར་གྱི་དབང་ཕྱུག་གི་ཐོད་པ་ལ་གནས་པའི་དོམ་དང་། ཤར་ལ་སོགས་པའི་སྒོར་པདྨ་མ་དང་། ཆོས་འབྱུང་མ་དང་། སྒྲོག་མ་དང་། རང་མཁྱུད་མ་རྣམས་ཀྱི་པདྨ་དང་། ཆོས་འབྱུང་དང་། སྒྲོག་དང་། ་རྗེའོ། དབང་ལྡན་ལ་སོགས་པར་གླིང་བུམ་དང་། པི་ཝང་མ་དང་། རྔ་མུ་ཀུཎྜ་མ་དང་། རྫ་རྔ་མ་རྣམས་ཀྱི་རང་རང་གི་རོལ་ཆ་རྣམསོ།། བྱང་གི་གཞལ་ཡས་ཁང་གི་དབུས་སུ་རྟ་མཆོག་གི་ཐོད་པ་ལ་གནས་པའི་གཟའ་ལྷག ་དང་ཤར་ལ་སོགས་པའི་སྒོར་སྒོ་ལྕགས་མ་དང་། ལྡེ་སྒྲོག་མ་དང་། སྐེ་གླགས་མ་དང་། ཡོལ་བ་འཛིན་མ་རྣམས་ཀྱི་སྒོ་ལྕགས་དང་། ལྡེ་སྐྱོག་དང་། སྒོ་གླེགས་དང་། ཡོལ་བའོ།། དབང་ལྡན་ལ་སོགས་པར་སྤྱ ་ད་མཱ་མ་ཀཱི་དང་། གོས་དཀར་མི་དང་། སྒྲོལ་མ་རྣམས་ཀྱི་འཁོར་ལོ་དང་། རྡོ་རྗེ་དང་། པདྨ་དང་། ཡུཏྤ་ལའོ།། ཕྱིའི་དཀྱིལ་འཁོར་ཆེན་པོའི་སྒོ་རྣམས་སུ་དཀར་མོ་ལ་སོགས་པའི་མཚན་མ་རྣམདང་། ད ་ལ་སོགས་པར་སྤོས་མོ་ལ་སོགས་པའི་མཚན་མ་རྣམས་སོ།། མཚན་མ་འདི་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའོ།། རྟག་པ་ཁོ་ནའི་ཟླ་བ་ལ་གནས་པའོ།། དཀྱིལ་འཁོར་སོ་སོ་ལ་བདུད་རྩིའི་བུམ་པ་རྣམས་སོ།། ཁ ་ཅིག་ནི་དཀྱིལ་འཁོར་ཆེན་པོ་ཁོ་ན་ལའོ་ཞེས་སོ།། འཁོར་ལོ་སྒྱུར་བ་དྲུག་གི་དཀྱིལ་འཁོར་ལ་མཚན་མ་རྣམས་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ་སྟེ། སངས་རྒྱས་མཁའ་འགྲོ་ཁོ་ནའི་ཟླ་བ་ལ་གནས་པའོ།། གཞལ ་ཡས་ཁང་དྲུག་པོ་རྣམས་ཀྱི་གྲཝ་རྣམས་སུ་སྣ་ཚོགས་པདྨ་ལ་གནས་པའི་ཐོད་པ་རྣམས་སོ།། དེ་ལ་དབུས་ཀྱི་དཀྱིལ་འཁོར་གྱི་དབུས་ཀྱི་པདྨ་ལ་རྡོ་རྗེ་སེམས་དཔའི་རྡོ་རྗེའོ།། མཚམས་ཀྱི་པདྨ་རྣམས་ལ་མཁའ་འགྲོ་མ་དང་། ལཱ ་མ་དང་། དུམཾ་སྐྱེས་མ་དང་། གཟུགས་ཅ་ན་མ་རྣམས་ཀྱི་རླུང་ཏི་རུ་རྣམས་སོ།། འདིར་དགོད་པའི་རིམ་པནྟི་ཤར་ལ་སོགས་པའི་སྒོ་རྣམས་སུ་གཡོན་སྐོར་དང་། མེ་ལ་སོགས་པའི་མཚམས་རྣམས་སུ་གཡས་སྐོར་རོ།། ་པདྨ་རྣམས་ལ་ཐོད་པའི་དུམ་བུ་དང་། རབ་ཏུ་གཏུམ་མོ་དག་དང་། ཀེང་རུས་ཆེན་པོ་དང་། གཏུམ་པའི་མིག་ཅན་མ་དག་དང་། ཀེང་རུས་དང་། འོད་ལྡན་མ་ངག་དང་། མཆེ་བ་རྣམ་པར་གཙིགས་མ་དང་། སྣ་ཆེན་མ ་དག་གི་རྡོ་རྗེ་བཞིའོ།། ཁོར་ཡུག་གི་དབུས་སུ་རྡོ་རྗེའི་ཕྲེང་བའོ།། སངས་རྒྱས་མཁའ་འགྲོའི་དཀྱིལ་འཁོར་དུ་དབུས་སུ་པདྨ་ལ་འཁོར་ལོ་དང་། སྒོའི་པདྨ་རྣམས་ལ་ལྷ་དགྲ་དང་། དཔའ་བོའི་བློ་མ་དག་དང་། འོད་དཔག་མེད ་དང་མི་ཐུང་མ་དག་དང་། རྡོ་རྗེ་འོད་དང་། ལང་ཀའི་དབང་ཕྱུག་མ་དག་དང་། རྡོ་རྗེ་ལུས་དང་། ཤིང་གྲིབ་མ་དག་གི་འཁོར་ལོ་རྣམསོ།། ཁོར་ཡུག་གི་དབུས་སུ་འཁོར་ལོའི་ཕྲེང་བའོ།། རིན་ཆེན་མཁའ་འགྲོའི ་དཀྱིལ་འཁོར་ལ་དབུས་སུ་རིན་པོ་ཆེའོ།། སྒྲའི་ཆུ་སྐྱེས་རྣམས་ལ་ཉུ་གུ་ཅནྡ་དང་། ཨེ་ར་པ་ཏི་དག་དང་། རྡོ་རྗེ་རལ་པ་ཅན་དང་། འཇིགས་བྱེད་ཆེན་མོ་དག་དང་། དཔའ་བོ་ཆེན་པོ་དང་། རླུང་ཤུགས་མ་དག་དང་། རྡོ་རྗེ་ཧཱུཾ་མཛད་དང་། ་ཆང་ཐུང་མ་དག་གི་རིན་པོ་ཆེ་རྣམས་སོ།། ཁོར་ཡུག་གི་དབུས་སུ་རིན་པོ་ཆེའི་ཕྲེང་བའོ།། པདྨ་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་པདྨའོ།། སྒོའི་པདྨ་རྣམས་ལྔ་ཤིན་ཏུ་བཟང་པོ་དང་། ལྷ་མོ་སྔོ་སངས་མ་དག་དང་། རྡོ་རྗེ་བཟང་པོ ་དང་ཤིན་ཏུ་བཟང་མོ་དག་དང་། འཇིགས་བྱེད་ཆེན་པོ་དང་། རྟ་སྣ་མ་དག་དང་། མིག་མི་བཟང་དང་། བྱ་གདོང་མ་རྣམས་ཀྱི་པདྨ་རྣམས་སོ།། ཁོར་ཡུག་གི་དབུས་སུ་པདྨའི་ཕྲེང་བའོ།། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ལ ་དབུས་སུ་སྣ་ཚོགས་རྡོ་རྗེའོ།། སྒོའི་པདྨ་རྣམས་ལ་སྟོབས་པོ་ཆེ་དང་། འཁོར་ལོའི་ཤུགས་ཅན་མ་དག་དང་། རིན་ཆེན་རྡོ་རྗེ་དང་། དུམ་སྐྱེས་མ་དག་དང་། རྟ་མགྲིན་དང་། ཆང་ཚོང་མ་དགཱ་དང་། ན་མཁའི་སྙིང་པོ་དང་། འཁོར ་མོའི་གོ་ཆ་མི་དག་གི་རྡོ་རྗེ་རྣམསོ།། ཁོར་ཡུག་གི་དབུས་སུ་རྡོ་རྗེའི་ཕྲེང་བའོ།། སྣ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་ལོ་དབུས་སུ་སྣ་ཚོགས་རྡོ་རྗེའོ།། སྒོའི་པདྨ་རྣམས་ལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་དག་དང་། པདྨ་གར ་གྱི་དབང་ཕྱུག་དང་། སྟོབས་ཆེན་མོ་དག་དང་། རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མ་དག་དང་། རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ཆེན་མོ་དག་གི་སྣ་ཚོགས་རྡོ་རྗེ་རྣམསོ།། ཁོར་ཡུག་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ཕྲེང ་བའོ། གཞལ་ཡས་ཁང་ཆེན་པོའི་སྒོ་རྣམས་ལ་ཁ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུའོ།། མཚམས་རྣམས་སུ་གཤིན ་གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མ་རྣམས་ཀྱི་མེ་ལོང་དང་། པི་ཝང་དང་། དྲིའི་དུང་དང་། རོའི་སྣོད་རྣམས་སོ།། བུམ་པ་རྣམས་ནི་ཇི་ལྟར་རིག་པར་རོ།། དེ་ལྟར་བརྗོད་པའི ་རྗེས་སུ་འབྲངས་ཏེ་དཀྱིལ་འཁོར་གཞན་རྣམས་ལ་རྡུལ་ཚོན་དགྱེ་བ་ཡང་ཤེས་པར་བྱ་སྟེ། གཞུང་མངས་པས་འཇིགས་པས་མ་བསྟན་ཏོ།། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་ནི་ཚོན་གྱི་ཁ་དོག་གི་རིམ་པ་བཤད་པ་དག་དང་ཕལ་ཆེར་མི ་མཐུན་པས། རྡུལ་ཚོན་གྱི་ཁ་དོག་གི་རིམ་པ་བརྗོད་པར་བྱའོ།། ཐུགས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེའི་ཕྲེང་བ་གཉིས་པའི་བར་གྱི་ནང་གི་ས་ཐམས་ཅད་ནི་ནག་པོའོ།། ཐུགས་དང་། གསུང་དང་སྐུའི་དཀྱིལ་འཁོར་རྣམས་ཀྱི་ཤར་གྱིས་ཐམས་ཅད ་ནི་ནག་པོའོ།། ལྷོ་ནི་དམར་པོའོ།། ནུབ་ནི་སེར་པོའོ།། བྱེང་ནི་དཀར་པོའོ།། སྟེགས་བུ་ནི་དཀར་པོའོ།། རིན་ཆེན་སྣམ་བུ་ནི་དམར་པོ་སྟེ། དེ་ལ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའོ།། དྲ་བ་དང་དྲ་བ་ཕྱེད་པའི་ས་ནི་ནག་པོ་སྟེ། དེ་ལ་དྲ་བ་དང ་དྲ་བ་ཕྱེད་ནི་དཀར་པོའོ།། ས་ནག་པོ་ལ་རིན་ཆེན་ཤར་བུ་དཀར་པོའོ།། ས་ནག་པོ་ལ་མངའ་ཡབ་རྣམས་དཀར་པོའོ།། རྟ་བབས་ཀྱི་ཀ་བ་རྣམས་སེར་པོའོ།། ཐུགས་ཀྱི་དཀྱིལ་འཁོར་ལ་ནི་གཙོ་མོའི་པདྨ་ལྗང་གུའོ།། ཞི ་བ་ལ་སོགས་པ་ནི་ཁ་དོག་དཀར་པོ་ལ་སོགས་པར་འགྱུ་རོ།། རྡོ་རྗེ་ཕྲེང་བ་དང་། ཀ་བ་བཅུ་དྲུག་ནི་ནག་པོ་སྟེ། ཤར་དུ་རལ་གྲི་ནག་པོ་དང་། ལྷོར་རིན་པོ་ཆེ་དམར་པོ་དང་། ནུབ་ཏུ་འཁོར་ལ་སེར་པོ་དང་། བྱང་དུ་པདྨ་དཀར་བ་རྣམས་དང་ལྡན་པའོ།། ་བུམ་པ་བརྒྱད་ནི་པདྨ་ལ་གནས་ཤིང་དཀར་པོ་སྟེ། པདྨས་ཁ་བརྒྱན་པའོ།། ཐམས་ཅད་དུ་པདྨའི་གདན་གྱི་སུམ་ཆ་ནི་ལྟེ་བའོ།། རྡོ་རྗེ་ཕྲེང་བ་གཉིས་པ་ནི་ལྗང་གུའོ།། ལྷ་སྣུམ་ནི་དཀར་པོའོ།། རྩིག་པའི་རྀ་ཁཱ་གསུམ་ནི་ནང་ནས ་བརྩམས་ནས་དཀར་པོ་དང་དམར་པོ་དང་ནག་པོའོ།། དེ་རྣམས་ཀྱི་ས་ནི་ཆ་དགུར་བྱས་ཏེ། དེ་ལ་ཆེ་རེ་དོར་ནས་ཆ་གཉིས་ལ་རེ་ཁཱ་སོ་སོ་བྱའོ།། སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་རྡོ་རྗེ་དང་རིན་པོ་ཆེས་སྤྲས་པའོ།། རྟ་བབས་བཅུ་གཉིས་ནི་ཁ ་དོག་སྣ་ཚོགས་པའོ།། གསུང་གི་དཀྱིལ་འཁོར་གྱི་ལྷ་རྣམས་དཀར་པོའོ།། དེའི་པདྨ་བརྒྱད་ནི་ཟླ་བ་དང་ཉི་མ་དང་བྲལ་བ་སྟེ། ཕྱོགས་རྣམསུ་དམར་པོ་དང་། མཚམས་རྣམསུ་དཀར་པོའོ།། རེ་ཁཱ་ལྔའི་ཁ་དོག་ནི་ནང་ནས་བརྩམས་ཏེ། ་ལྗང་གུ་དང་། ནག་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོ་རྣམས་སོ།། དེ་རྣམས་ཀྱིས་ཆ་བཅོ་ལྔར་བྱས་ཏེ་དེར་སྡོ་མ་བཞིན་རེ་ཁཱ་བྱའོ།། སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ནི་དཀར་པོའོ།། དེའི་པདྨ་རྣམས་ནི་ཟླ་བ་དང་ཉི་མ་དང ་བྲལ་བའོ།། རེ་ཁཱ་ལྔ་ནི་གསུང་གི་དཀྱིལ་འཁོར་བཞི་ནོ།། རྟ་བབས་ཀྱི་ཀ་བ་རྣམས་ཀྱི་འོག་གི་སྟེགས་བུའི་གནས་རྣམས་སུ་སྦྲུལ་གྱི་གདན་རྣམས་ཏེ། སོ་སོར་ཆ་ཆུང་བཅུ་གཉིས་སོ།། དེ་ལ་ཤར་གྱི་ཕྱོགསུ་ནག་པོ་ཟླུམ་པོ་གཉིས་ཀྱི་སྟེང་དུ ་རྒྱལ་མཚན་གཉིས་སོ།། ལྕེར་གྲུ་གསུམ་དམར་པོ་གཉིས་ལ་བཀྲ་ཤིས་ཀྱིས་མཚན་པའོ།། ནུབ་ཏུ་གྲུ་བཞི་སེར་པོ་གཉིས་ལ་རྡོ་རྗེས་མཚན་པའོ།། བྱང་དུ་ཟླ་བ་ཕྱེད་པའོ་རྣམ་པར་དཀར་པོ་གཉིས་པ་ལ་པདྨས་མཚན་པའོ།། ཤར ་གྱི་གཡས་ཀྱི་ཟླུམ་པོའི་གཡས་སུ་ཀླུའི་རྒྱལ་པོ་རྒྱལ་བ་ཞེས་པའི་བདུད་རྩིའི་བུམ་པའོ།། ནུབ་ཀྱི་གཡོན་གྱི་གྲུ་བཞི་པའི་གཡོན་དུ་རྣམ་པར་རྒྱལ་བ་ཞེས་པའི་བདུད་རྩིའི་བུམ་པའོ།། ཤར་གྱི་རྟ་བབས་ཀྱི་རིམ་པ་དང་པོའི་མྱོས་པ ་སྲུང་བའི་སྟེང་གི་དབུས་ཀྱི་གྲུ་བཞི་པ་ལ་ཆོས་ཀྱི་འཁོར་ལོ་ནག་པོ།། དེའི་གཡས་དང་གཡོན་དུ་རི་དྭགས་དང་རི་དྭགས་མོ་ནག་པོའོ།། ལྷོར་བུམ་པ་བཟང་པོ་དམར་པོའོ།། དེའི་གཡས་དང་གཡོན་དུ་དུང་དང་། པདྨ་དམར་པོའོ།། ནུབ་ཏུ ་བྱང་ཆུབ་ཀྱི་ཤིང་སེར་པོའོ།། དེའི་གཡས་དང་གཡོན་རག་ཏུ་མི་འམ་ཅི་དང་མི་འམ་ཅི་མོ་སེར་པོའོ།། བྱང་དུ་རྔའོ་ཆེ་དཀར་པོ་སྟེ་དྲིའི་གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བ་དཀར་པོའོ།། མདའ་ཡ་བ་དང་སའི་ཁོར་ཡུག་གི་དབུས་ཀྱི་ས་ནཽ ་ནོག་པོའོ།། དེར་ཇི་ལྟར་མཛེས་པར་མཆོད་པའི་ཡོ་བྱད་རྣམས་བྲི་བར་བྱའོ།། སའི་ཁོར་ཡུག་ནི་སེར་པོའོ།། དེར་དབང་ལྡན་གྱི་མཚམས་སུ་ཟླ་བ་ཉ་བའི་དཀྱིལ་འཁོར་འཆར་བ་ཆ་ཆུང་བཅུ་གཉིས་པ་དང་། བདེན་བྲལ་དུ་ནུབ་བཞིན ་པའི་ཉི་མ་ཆ་ཆུང་བཅུ་གཉིས་པའོ།། ཆུའི་ཁོར་ཡུག་དཀར་པོའོ།། མེའི་ཁོར་ཡུག་དམར་པོའོ།། རླུང་གི་ཁོར་ཡུག་ནག་པོའོ།། མེ་དང་རླུང་གི་ཁོར་ཡུག་དེ་དག་གི་དབུས་སུ་ས་སོར་ཆ་ཆུང་བཅུ་གཉིས་པའི ་རྩིབས་བརྒྱུད་པའི་དུར་ཁྲོད་ཀྱི་འཁོར་ལོ་བརྒྱད་དེ། ཕྱོགས་སུ་དམར་པོ་རྣམས་དང་། མཚམས་སུ་དཀར་པོ་རྣམས་སོ།། ཤར་གྱི་འཁོར་ལོའི་ཕྱི་ངོས་སུ་སྟོང་པའི་དཀྱིལ་འཁོར་རོ།། ནུབ་ཀྱི་འཁོར་ལོའི་ཕྱི་ངོས་སུ་ཡང་སྟོང་པའི ་དཀྱིལ་འཁོར་རོ།། སྟོང་པའི་དཀྱིལ་འཁོར་གཉིས་འདྲ་བ་ནི་སྒྲུབ་ཐབས་ཀྱི་ལེའུར་གསུང་བའི་ཚུལ་གྱིས་སོ།། བཅུ་ཆར་ལ་ཡང་མཚན་མ་ནི་གྲི་གུག་གོ།། རླུང་གི་ཁོར་ཡུག་ལ་མཚན་མ་སྣ་ཚོགས་པ་བྲི་བར་བྱ་སྟེ། འདིར་འདོད་པ ་སྤྱོད་པ་ནི་མ་ཡིན་ནོ།། ན་མཁའི་ཁོར་ཡུག་ནི་ནག་པོའོ།། དེའི་ལོགས་གཉིས་སུ་ཆ་ཆུང་གསུམ་གསུམ་དེར་བ་དེར་རི་ཁཱ་ཟླུམ་སྐོར་གཉིས་སོ།། དབུས་ཀྱི་ཆ་ཆུང་དྲུག་ལ་ནི་རྡོ་རྗེ་ཕྲེང་བ་ལྗང་གུ་བྱཱའོ།། འོད་ཟེར་འབོར་བ་རྣམས་ནི་ཁ་དོག ་རྣམ་པ་ལྔའོ།། ཡང་ནང་གི་དཀྱིལ་འཁོར་དུ་ཤར་ཕྱོགས་ཀྱི་ཚེ་ན་ནག་པོའི་དཔངས་སུ་ནས་ཀྱི་བཞི་ཆ་གཅིག་ནོ།། ལྷོའི་དམར་པོ་ནི་གཉིས་སོ།། ནུབ་ཀྱི་སེར་པོ་ནི་བཞིའོ།། བྱང་གི་དཀར་པོ་ནི་གསུམ་མོ།། རྩིག་པའི་རེ་ཁཱ་རྣམས་ཀྱི ་དཔངས་སུ་རྡུལ་ཚོན་སེར་པོ་སུམ་འགྱུར་རོ།། རྡོ་རྗེ་ཕྲེང་བ་རྣམས་ཀྱང་ངོ་།། རེ་ཁཱ་གཞན་ནི་ཚོན་སེར་པོ་ལས་ཉིས་འགྱུར་རོ།། པདྨ་རྣམས་ནི་སྣམ་བུ་ལས་ཉིས་འགྱུར་གྱིས་སོ།། ཉི་ཟླ་དག་ནི་ཆུ་སྐྱེས་ཀྱི་རེ་ཁཱ་ལས་སོ།། དེ ་ལྟར་བརྗོད་པའི་དཔངས་ལས་གསུང་གི་དཀྱིལ་འཁོར་ལ་དཔངས་ནི་ཉིས་འགྱུར་རོ།། དེ་རྣམས་ལས་ཉིས་འགྱུར་ནི་སྐུའི་དཀྱིལ་འཁོར་ལྔའོ།། མདའ་ཡབ་ལས་ཀྱིའི་མཆོད་པའི་ས་ལ་ནི་ནས་གཅིག་གོ།། ས་ལ་སོགས་པའི་ཁོར་ཡུག་དང་རེ་ཁཱ་ཟླུམ་སྐོར ་གཉིས་ཀྱི་དཔངས་ནི་སྐུའི་དཀྱིལ་འཁོར་གྱི་རྩིག་པའི་རེ་ཁཱའི་ཚད་དུའོ།། ས་ཐམས་ཅད་དུ་རྡུལ་ཚོན་གཞན་གྱེས་པ་ཐམས་ཅད་ནི་ཉིས་འགྱུར་གྱི་དབྱེ་བས་མཉམ་པའོ།། དེ་ལ་གཙོ་བོའི་ལྟེ་བར་ལྟེ་བ་དང་མཉམ་པའི་དཀར་པོ་དང་དམར་པོ་དང་ནས ་པོཔོ་དང་དམར་པོའི་ཟླ་བ་དང་ཉི་མ་དང་། སྒྲ་ཅན་དང་དུས་ཀྱི་མེའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྡོ་རྗེ་སྟེན་པ་རྩེ་གསུལ་པའོ།། ཤར་གྱི་འདབ་མ་ལ་སྤོས་ཕོར་ནག་པོའོ།། ལྷོར་མར་མེ་དམར་པོའོ།། ནུག་ཏུ ་དུང་སེར་པོའོ།། བྱང་དུ་ལྷ་བ་ཤོས་དཀར་པོའོ།། མེ་ལ་སོགས་པར་རྟ་ཡ་བ་ནག་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོའོ།། དེའི་ཕྱི་ངོས་སུ་དབང་ལྡན་དུ་ཆོས་ཀྱི་དུང་དཀའ་པོའོ།། མར་ཡིད་བཞིན་གྱི་ནོར་བུ་ནག་པོའོ།། བདེན ་བྲལ་དུ་ཆོས་ཀྱི་གནྟི་དམར་པོའོ།། རླུང་དུ་དཔག་བསམ་གྱི་ཤིང་སེར་པོའོ།། རིམ་པ་གཉིས་པར་ཤར་དུ་པདྨ་དཀར་པོར་ཉི་མ་ལ་རལ་གྲི་ནག་པོའོ།། མེར་པདྨ་དམར་པོར་ཟླ་བ་ལ་ཨུཏྤ་ལ་སྔོན་པོའོ།། ལྷོར་པདྨ་དཀར་པོར་ཉི་མ་ལ ་རིན་པོ་ཆེ་ཆ་དགུ་པ་དམར་པོའོ།། བདེན་བྲལ་དུ་པདྨ་དམར་པོར་ཟླ་བ་ལ་པདྨ་དམར་པོའོ།། ནུབ་ཏུ་པདྨ་དཀར་པོར་ཉི་མ་ལ་འཁོར་ལོ་སེར་པོའོ།། རླུང་དུ་པདྨ་དམར་པོར་རྨཱ་ལེ་འཁོར་ཨོཾ་སེར་པོའོ།། བྱང་དུ་པདྨ་དཀར་པོར་ཉི་མ་ལ ་པདྨ་དཀར་པོའོ།། དབང་ལྡན་དུ་པདྨ་དམར་པོར་བྷཱ་བ་ལ་ཨུཏྤལ་དཀར་བའོ།། རིམ་པ་གསུམ་པའི་སྣམ་བུལ་སྙོམ་སའི་ལོགས་གཉིས་སུ་གཉིས་ཏེ་དེ་ལྟར་པདྨ་བརྒྱུད་དོ།། དེ་ལ་དྲུག་རྣམས་ཉི་མ་ལའོ།། ནུབ་དང ་བྱང་གི་སྒོའི་གཡོན་དག་ཏུ་ཟླ་བ་གཉིས་སོ།། མཚམས་རྣམས་སུ་པདྨ་དང་ཟླ་བ་བཞི་སྟེ་དེ་རྣམས་སུ་དབང་ལྡན་ནས་བརྩམས་ཏེ་མེ་ལོང་དང་། རྡོ་རྗེ་དང་། རལ་གྲི་དང་། གོས་དང་རྡོ་རྗེ་དང་། རིན་པོ་ཆེ་དང་རྡོ་རྗེ་དང་རོའི་སྣོད་དང་། ཆོས་འབྱུང་དང་། ་འཁོར་ལོ་དང་། དྲིའི་དུང་དང་པི་ཝང་དང་། པདྨ་རྣམས་ཏེ། དཀོར་པོ་དང་། སྔོན་པོ་དང་། ནག་པོ་དང་། ནག་པོ་དང་། ལྗང་གུ་དང་། དམར་པོ་དང་། དམར་པོ་དང་། ལྗང་གུ་དང་། སེར་པོ་དང་། སེར་པོ་དང་། སྔོན་པོ་དང་། དཀར་པོའོ།། ་ཤར་སྒོའི་པདྨ་དང་ཉི་མ་ལ་རལ་གྲི་ནག་པོ་དང་། ལྷོར་དབྱུག་པ་དམར་པོ་དང་། ནུབ་ཏུ་པདྨ་སེར་པོ་དང་། བྱུང་དུ་ཐོ་བ་དཀར་པོའོ།། འདིར་ཉི་མའི་དཀྱིལ་འཁོར་རྣམས་ནི་པདྨ་དཀར་པོ་ལ་གནས་ཤིང་ཟླ་བའི་དཀྱིལ་འཁོར་རྣམས་ནི་པདྨ་དམར་ལའོ།། ་ཤར་གྱི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་རྩ་བའི་གཡོན་དུ་དུང་ནག་པོ་དང་། གཡས་སུ་མེ་ཏོག་སྔོན་པོའི་ཕྲེང་བའོ།། ལྷོར་སྤོས་ཕོར་དམར་པོ་དང་། མར་མེའོ།། ནུབ་ཏུ་ཅོད་པན་སེར་པོ་དང་། དོ་ཤལ་སེར་པོའོ།། བྱང་དུ་འབྲས་བུ་དཀར ་པོ་དང་བདུད་རྩི་དཀར་པོས་གང་བའི་སྣོད་དོ།། སྟེགས་བུ་ཐམས་ཅད་ལ་ནི་རྣམ་པ་སྣ་ཚོགས་པ་འཛིན་པའི་མཆོད་པའི་ལྷ་མོ་རྣམས་སོ།། ཤར་གྱི་རྟ་བབས་ཀྱི་མཆོད་པའི་ལྷ་མོའི་གནས་ལ་དབུས་སུ་གོས་སོ།། ལྷོར་པདྨའོ།། ་ནུབ་ཏུ་རྔ་པ་ཊ་ཧའོ།། བྱང་དུ་རྡོ་རྗེའོ།། གསུང་གི་དཀྱིལ་འཁོར་ལ་ནི་ཤར་གྱི་པདྨའི་ལྟེ་བ་དང་། འདབ་མ་རྣམས་ལ་གྲི་གུག་ནག་པོ་རྣམསོ།། མེར་འཁོར་ལོ་ནག་པོ་རྣམསོ།། གཤིན་རྗེར་དབྱུག་པ་དམར་པོ་རྣམསོ།། བདེན་བྲལ་དུ་ཤག ་ཏེ་དམར་པོ་རྣམས་སོ།། ནུབ་ཏུ་རྡོ་རྗེ་སེར་པོ་རྣམས་སོ།། རླུང་དུ་ཚངས་པའི་དབྱུག་གུ་རྩེ་མོ་སེར་པོ་ཅན་རྣམས་སོ།། བྱང་དུ་རྩེ་གསུམ་དཀར་པོ་རྣམས་སོ།། དབང་ལྡན་དུ་པདྨ་དཀར་པོ་རྣམསོ།། སྐུའི་དཀྱིལ་འཁོར་གྱི་སྣམ་བུ་ལ་པདྨའི་ལྟེ་བ ་དང་འདབ་མ་རྣམས་ལ་མཚན་མ་རྣམས་སོ།། དེ་ལ་ཤར་གྱི་སྒོའི་གཡས་སུ་རལ་གྲི་རྣམས་སོ།། མེར་དཔག་བསམ་གྷོ་ཤིང་རྣམསོ།། ལྷོའི་སྒོའི་གཡོན་དུ་རྡོ་རྗེས་མཚན་པོའི་དབྱུག་པ་རྣམས་སོ།། གཡས་སུ་ཤག་ཏི་རྣམས་སོ།། བདེན་བྲལ ་དུ་ཤག་ཏི་འམ་ཡང་ན་མདུང་རྣམས་སོ།། ནུབ་ཀྱི་སྒོའི་གཡོན་དུ་རིན་པོ་ཆེ་འམ། དབྱུག་ཏོ་རྣམས་སོ།། གཡས་སུ་རྡོ་རྗེ་རྣམས་སོ།། རླུང་དུ་ཁབ་རྣམས་སོ།། བྱང་སྒོའི་གཡོན་དུ་རྩེ་གསུམ་རྣམས་སོ།། གཡས་སུ་ཞགས་པ་རྣམས་སོ།། དབང ་ལྡན་དུ་དགྲ་སྟ་རྣམས་སོ།། ཤར་སྒོའི་གཡོན་དུ་འཁོར་ལོ་རྣམས་སོ།། ཤྭར་སྒོར་དབྱུག་པའོ།། དེའི་ཕྱི་རོལ་ཏུ་རྡོ་རྗེ་ལྗང་གུའོ།། ལྷོ་སྒོར་མདའ་དམར་པོའོ།། ནུབ་སྒོར་དབྱུག་ཏེ་སེར་པོའོ།། དེའི་ཕྱི་ངོས་སུ་རྩེ་གསུམ་སྔོན་པོའོ།། ་བྱང་སྒོར་གཏུན་ཤིང་དཀར་པོའོ།། དབྱུག་པ་ལ་སོགས་པའི་མཚན་མ་འདི་རྣམས་པདྨ་དང་ཉི་མ་ལ་གནས་པའོ།། གསུང་དང་སྐུའི་དཀྱིལ་འཁོར་དག་གི་ཕྱོགས་ཀྱི་པདྨ་རྣམས་ནི་དམར་པོའོ།། མཚམས་ཀྱི་པདྨ་རྣམས་ནི་དཀར་པོའོ།། ་འདིར་གསུང་གི་དཀྱིལ་འཁོར་གྱི་སྟེགས་དུ་ལ་ཤར་དུ་སྒོའི་གཡས་སུ་ཨུཏྤ་ལ་དང་། གོས་དང་། གྲི་གུག་དང་། འཁོར་ལོ་དང་། ཁ་ཊྭཱཾ་ག་རྣམས་ནག་པོའོ།། གཡོན་དུ་གྲི་གུག་དང་། རལ་གྲི་དང་། གྲི་གུག ་རྣམས་ནག་པོའོ།། ལྷོའི་སྟེགས་བུ་ལ་སྒོའི་གཡས་སུ་པདྨ་དང་། རོའི་སྣོད་དང་། དབྱུག་པ་དང་། ཤོག་ཏི་དང་། པདྨ་རྣམས་དམར་པོའོ།། གཡོན་དུ་མདའ་དང་། དགྲ་སྟ་དང་། གྲི་གུག་དང་། གྲི་གུག་རྣམས་དམར་པོའོ།། ནུབ་སྒ ་གཡས་སུ་འཁོར་ལོ་དང་། དྲིའི་དུང་ཚེས་དང་། རྡོ་རྗེ་དང་། ཁབ་དང་། འཁོར་ལོ་རྣམས་སེར་པོའོ།། གཡོན་དུ་ཆོས་འབྱུང་ལྗང་གུ་དང་། འཁོར་ལོ་དང་། གྲི་གུག་དང་། གྲི་གུག་རྣམས་སེར་པོའོ།། བྱང་དུ་སྒྲོའི་གཡ་སུ་ཨུཏྤ་ལ་དང་། ་མེ་ལོང་དང་། རྩེ་གསུམ་དང་། པདྨ་དང་། ཨུཏྤ་ལ་རྣམས་དཀར་པོའོ།། གཡོན་དུ་པི་ཝང་སྔོན་པོ་དང་། ཐོ་བ་དང་། གྲི་གུག་དང་། གྲི་གུག་རྣམས་དཀར་པོའོ།། དེ་ལྟར་མཚན་མ་སུམ་ཅུ་སོ་དྲུག་པོ་རྣམས་ནི་སྐུའི་དཀྱིལ་འཁོར་གྱི ་སྟེགས་བུ་རྣམས་ལ་ཡང་ངོ་།། དེ་ནས་འཇམ་པའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་བྲིས་ལ་རྣམ་པ་ཐམས་ཅད་དུ་བསལ་བར་གྱུར་པར་ཤེས་ནས། ཡི་གེ་ཧཱུཾ་དང་། འཁྱིལ་པ་འདས་པའི་བདུད་རྩི་ལྔ་དང་། བཅས་པའི ་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་ངོས་སུ་བྱུགས་ལ་དེ་བཟླས་པའི་ཆུས་འཁོར་ལོ་བསངས་ཏེ་རྡུལ་ཆེན་ལྷག་མ་རྣམས་ལ། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཚོན་གཽ་ཤེགས་སུ་གསོལ་ཏེ། སྣོད་ན་གནས་པའི་ཚོན་རྣམས ་དབེན་པར་གཞག་པར་བྱའོ།། ཚེ་ན་དགྱེ་བའི་ཆོ་གའོ།། །། དེ་ནས་སྔར་ལྷག་པར་གནས་པར་བྱས་པའི་བུམ་པ་རྣམས་གཡས་སྐོར་དུ་དགོད་པར་བྱའོ།། དེ་ལ་འཁོར་ལོའི་དབང་པོའི་རྣམ་པར ་རྒྱལ་བའི་བུམ་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གཡས་སྐོར་བྱས་ནས་རྡོ་རྗེ་ར་བའི་བདག་ཉིད་ཀྱི་ཁོར་ཡུག་དང་། འབར་བའི་ཕྲེང་བའི་སའི་ཕྱི་ངོས་སུ་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀའི་གནས་ལས་ཅུང་ཟད་གཡས་སུ་གཞག་པར་བྱའོ།། ་གཡོན་ལོགས་སུ་གོ་རིམས་བཞིན་གཡས་སྐོར་དུ་རྣམ་པར་སྣང་མཛད་དང་། སྤྱན་མ་དང་། ལས་ཐམས་ཅད་པའི་བུམ་པ་རྣམས་སོ།། གཡས་སུ་གཟུགས་རྡོ་རྗེ་མ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང་། གཤིན་རྗེ་གཤེད་མ་རྣམས ་ཀྱིའོ།། དལྷོའི་གཡོན་དུ་རིན་ཆེན་འབྱུང་ལྡན་དང་། མཱ་མ་ཀཱི་དག་གི་དང་། གཽཡས་སུ་སྒྲ་རྡོ་རྗེ་མ་དང་། ཤེས་རབ་མཐར་བྱེད་དག་གིའོ།། ནུབ་ཀྱི་གཡོན་དུ་སྣང་བ་མཐའ་ཡས་དང་། གོས་དཀར་མོ་དག་གི་དང་། གཡསུ་དྲི་རྔོ ་རྗེ་མ་དང་། པདྨ་མཐར་བྱེད་མ་ངག་གིའོ།། བྱང་གི་གཡོན་དུ་དོན་ཡོད་གྲུབ་པ་དང་། སྒྲོལ་མ་དག་གི་དང་། གཡས་སུ་རོ་རྡོ་རྗེ་མ་དང་། རེག་བྱ་རྡོ་རྗེ་མ་དང་། བགེགས་མཐར་བྱེད་རྣམས་ཀྱིའོ།། ཁ་ཅིག་ནི་གཤིན་རྗེ་གཤེད་ལ་སཾག ་པ་ཁྲོ་བོ་རྣམས་ཀྱི་ནི། མཽ་ལ་སོགས་པའི་མཚོམས་རྣམས་སུའོ།། ཞེས་སོ།། གཞན་ནི་དེ་བཞིན་གཤེགས་པའི་དེ་མ་ཐག་ཏུ་ཁྲོ་བོ་རྣམས་ཀྱི་རིགས་ཀྱི་ཡུམ་རྣམས་ཀྱི་ནི་སྒོའི་གཡས་ཕྱོགས་རྣམས་སུའོ།། ཞེས་སོ།། འདིའི་རྗེསུ ་འབྲངས་ཏེ་ཕྱོགས་གཞན་རྣམས་སུ་ཡང་དགོད་པ་ཤེས་པར་བྱའོ།། བཞེད་པ་གཞན་ཡང་ཡོད་དོ་དེས་ཅི་ཞིག་བྱ། དེ་ལྟ་བུ་དེ་ནི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་བུམ་པ་དགོད་པའི་ཚུལ་ལོ།། བསྡུས་པའི ་རིམ་པའི་དཀྱིལ་འཁོར་ལ་གཡོན་དུ་རིགས་ཀྱི་ཡུམ་གྱི་དེ་མ་ཐག་ཏུ་དང་། གཡས་སུ་ཡང་དང་པོར་བྱང་ཆུབ་སེམས་དཔའ་བརྒྱད་པ་རྣམས་ཀྱིའོ།། ཟུར་གྱི་ཁྲོ་བོ་རྣམས་ཀྱི་ཟུར་རྣམས་སུའོ།། གཤིན་རྗེ་གཤེད་ཀྱི་རྗེས་ལ་གཙུག་ཏོར ་འཁོར་ལོས་སྒྱུར་བའི་འོ།། པདྨ་མཐར་བྱེད་ཀྱི་རྗེས་ལ་གནོད་མཛེས་ཀྱི་ཞེས་པ། ཁྱད་པར་རོ།། འདིའི་རྗེས་སུ་འབྲེངས་ཏེ་དཀྱིལ་འཁོར་གཞན་རྣམས་ལ་བུམ་པ་དགོད་པ་རྟོགས་སླ་བས་མ་སྤྲོས་སོ།། གྲཝའི་བུམ་པ་རྣམས་ལ་སྒྲོ་དང ་བཅས་པའི་མདའ་བཞི་སྟེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པའི་སྔགས་ཀྱིས་དགོད་དོ།། དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི་ཕྱི་ངོས་སུ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་བུམ་པ་བཞིའོ།། རྒྱལ་བའི་བུམ་པ་ཡང་ཤར ་དུ་སྟེ་ལྔ་པའོ།། དེའི་སྟེང་གི་རྣམ་པར་རྒྱལ་བའི་བུམ་པའི་དུང་ཆོས་ནི་དྲུག་པའོ།། དེ་ལྟ་བུ་ནི་བུམ་པ་ལྔ་པའི་ཕྱོགས་ལའོ།། བུམ་པ་བཅུ་པའི་ཕྱོགས་ལ་ནི་ཕྱོགས་བརྒྱད་དུ་བུམ་པ་བརྒྱད་ངོ་།། ནུབ་ཀྱི་བུམ་པ་ལས་ཕྱི་ངོས་སུ ་སར་གཉིས་སྤངས་པར་རྣམ་པར་རྒྱལ་བའི་བུམ་པའོ།། ཤར་གྱི་བུམ་པ་ལ་ཕྱི་ངོས་སུ་སོར་གཉིས་སྤངས་པར་རྒྱལ་བའི་བུམ་པའོ།། དེའི་སྟེང་དུ་རྣམ་པར་རྒྱལ་པོ་ཆེན་པོའི་བུམ་པ་དུང་ཆོས་སྟེ་བཅུ་གཅིག་པའོ།། དེ་ལྟར ་བུམ་པ་སྟོང་དང་བརྒྱ་རྣམས་སུ་ཡང་ཞི་བ་དང་རྒྱས་པ་དང་། ལས་ཐམས་ཅད་པ་ལ་རྣམ་པར་རྒྱལ་བ་ཆེན་པོ་དུང་ཆོས་ཡིན་ནོ།། བུམ་པ་དགོད་པའི་ཆ་གའོ།། ། དེ་ནས་དཀྱིལ་འཁོར་ལ་ཕྱོངས་སུ ་ཕྱོགས་བཞིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དམ་པའི་ཆོས་བཞི་ཀློག་ཏུ་གཞུག་པར་བྱའོ།། ག་པུར་དང་། ཨ་ཀ་རུ་དང་། དུ་རུ་ཀ་ལ་སོགས་པའི་སྤོས་ཕོར་བརྒྱད་གཞག་པར་བྱའོ།། མ་བཟའ་སྣ་ཚོགས་པ་སྟེང་ལ ་སོགས་པ་འམ། ལྷོ་སོ་སོ་ལ་རེ་རེ་འམ། ཇི་ལྟར་ནུས་པ་གང་ཡང་རུང་སྟེ། སློབ་མཱ་ལ་སོགས་པར་གཞག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་དང་། རྟ་བབས་དང་། གོས་བཟང་པོ་དང་། དྲིལ་བུ་དང་བཅཝ། ་པའི་རྔ་ཡབ་དང་། བུམ་པ་གང་བ་དང་། ལོ་མ་དང་བཅས་པའི་ཆུ་ཤིང་གི་སྡོང་པོའི་ཀ་པ་རྣམས་ལ་ཡི་གེ་ཧཱུཾ་དང་། བདག་པའི་སྔགས་ཀྱི་བཟླས་པ། ཨོཾ་བཛྲ་སྥ་ར་ཎ་ཁམ་ཞེས་པས་ཕུལ་ཏེ། གནས་ཇི་ལྟ་བ་བཞིན་གཤེག་པར ་བྱའོ། དེ་ནས་ཁྲུས་བྱས་ཏེ་དྲི་ཞིམ་པོའི་ལུས་སྟོང་གཡོགས་དང་གཙུག་ཏོར་དང་རྒྱུན་དང་། བཅས་པ་ཡོས་འཁྱིལ་པ་བཟླས་པའི་ཆུས་དཀྱིལ་འཁོར་བསྡངས་ཏེ། ཡི་གེ་གསུམ་དང་འཁྱིལ་པའི་སྔགས་ཀྱི་བསྲུངས་ནས་རྡོ་རྗེ ་དང་དྲིལ་བུ་བཟུང་སྟེ། ཤར་གྱི་སྒོ་དང་། ཉེ་བར་ནུབ་ཏུ་ཁ་བལྟས་ཏེ་འདུག་ལ་འཁོར་ལོའི་དབང་པོའི་རྣལ་འབྱོར་དང་ལྡན་པས་བྲིས་པའི་དཀྱིལ་འཁོར་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་བསྲུང་བའི་འཁོར་ལོ་དང་། བགེགས ་ལ་ཕུར་བུས་གདབ་པ་ལ་སོགས་པའི་ཆོ་ག་འཁོར་དང་བཅས་པས་བསྒོམ་པར་བྱ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་ངེས་པར་བརྟགས་ནས། བཙུན་མོ་མཛེས་ཤིང་མདངས་བཟང་བ། ལོ་གྲངས་བཅུ་དྲུག་ལོན་རྙེད་ནས། ་དྲི་དང་མེ་ཏོག་རྒྱན་བྱས་ཏེ།། དེ་ཡི་དབུས་སུ་འདོད་པ་བྱ།། ཡོན་ཏན་སྐ་རགས་མཱ་མ་ཀཱི། ཤེས་རབ་ཅོན་གྱིས་དེ་བྱིན་རླབས།། ཞི་བ་སྤྲོས་བྱས་སངས་རྒྱས་ནས།། ན་མཁའི་དབྱིངས་ནི་རབ་ཏུ་བརྒྱན།། ཅེས་གསུངས་པས་བསྒྲུབས་པའི་ཕྱི ་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་སམ། དེ་མེད་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཀྱོང་རུང་སྟེ། ཡང་དག་པར་བསྐྱོད་པའི་དགའ་བའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་ཞབས་བསིལ་དང་། མཆོད་ཡོན ་ཕུལ་བ་སྔོན་དུ་འགྲོ་བས་རང་གི་ནང་དུ་བཅུག་ནས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ། རྡོ་རྗེའི་ལམ་ནས་པདྨར་ཕྱུང་བའི་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་སྤྲོས་ཏེ་དམ་ཚིག་གི་འཁོར་ལོ་ལ་གནས་ཇི་ལྟ་བར་ཞུགས་པར་བསམས་ནས ་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་དེ་མ་ཐག་ཏུ་རང་གི་སྙིང་གའི་ས་བློན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་། ལྷ་མོ་རྣམས་ཀྱིས་དབང་བསྐུར་ནས་ཇི་ལྟར་རིགས་པར་རྒྱས་གདབ་པོ།། རིགས་མི་ཤེས་པ ་རྣམས་ལ་ནི་མི་བསྐྱོད་པ་འོ་མ་རྡོ་རྗེ་སེམས་དཔ་སོ།། དེ་ནས་ལྷ་མོ་སྤྲོས་པ་རྣམས་ཀྱིས་ཡིད་ཀྱི་རང་བཞིན་གྱི་མཆོད་པས་མཆོད། བསིལ་བའི་གོས་དང་། གོས་ཟུང་དང་། བླ་རེས་ལ་སོགས་དར་དཔྱངས་པ་དང་། ཡི་གེ་གསུམ་གྱི ་བསྔགས་པའི་བཟའ་བ་དང་བཅའ་བ་དང་བལྡག་པ་དང་འཇིབ་པ་དང་བཏུང་བའི་ཉེ་བར་སྤྱོད་པ་ལ་སོགས་པ་དང་། གསེར་དང་། བུ་མོ་དང་། གླང་པོ་ཆེ་དང་། རྟ་དང་། བ་ལང་ལ་སོགས་པ་ཕུལ་ནས་ཕྱི་རོལ་གྱི་རྣལ་འབྱོར་མ་བཅུ ་དྲུག་གམ་བརྒྱད་དམ་བཞི་པ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ངོ་བོ་རྣམས་ཀྱི་རང་རང་གི་མཆོད་པས་མཆེད་ནས་དྲིལ་བུ་དཀྲོལ་ཞིང་མི་བསྐྱེད་རྡོ་རྗེ་ཞེས་པ་ལ་སོགས་པས་བསྟོད་དེ། རང་དང་ཤེས་རབ་ཀྱི་མེ་ཏོག་དང་བཅས་པའི ་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བཅུག་ནས་བདུད་རྩི་རུ་བྱས་པ་ཕུལ་ཏེ། དེ་རྣམས་བདུད་རྩི་མྱང་བས་ཚིམ་པར་བྱས་ནས་བདེ་བ་ཆེན་པོའི་རང་བཞིན་དུ་མོས་པར་བྱས་ལ་འཁོར་ལོའི་དབང་པོའི་སྔགས་བརྒྱ་རྩ་བརྒྱད་དང་དེ་ལས་གཞན ་དཀྱིལ་འཁོར་བའི་སྔགས་ཉི་ཤུ་རྩ་གཅིག་དང་ཡི་གོ་བརྒྱ་པ་བཟླས་པར་བྱའོ།། འཆད་པར་འགྱུར་བའི་ཆོ་གོས་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཡང་སྦྱིན་པར་བྱའོ།། ཡོད་ན་སྒྲུབ་པའི་གྲོགས་པོ་དཀྱིལ་འཁོར་དུ་གཞག་ལ། ་ཕྱིར་བྱུང་ནས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་འཆང་པར་འགྱུར་བའི་འབྱུང་པོ་ཐམས་ཅད་པའི་གཏོར་མཱའི་ཚོགས་རང་གི་འདོད་པའི་ལྷ་དང་དབང་པོ་ལ་སོགས་པ་ལཱ་གཏོར་མོ་དབུལ་ལྕེ།། དེ་ནས་ལག་པ་གཡས་པ་གན ་རྒྱལ་དུ་བྱས་ནས་གུང་མོ་དང་མིང་མོང་ཅུང་ཟད་བཀུག་ལ་ཁ་ལ་མངོན་དུ་ཕྱོགས་པར་གཟུང་བར་བྱའོ།། དེའི་རྩེ་མོས་ལག་པ་གཉིས་པུས་མོས་ནང་དུ་བྱས་ནས་ཙོག་ཙོག་པོར་འདུག་ཅིང་མི་སྨྲ་བར་ལག་པའི་ཟེ་འབྲུའི་ཆས ་ཁ་ལ་ལན་མང་དུ་བྱབ་ཅིང་ལན་གཉིས་དང་ལན་གསུམ་དུ་རྣ་བའི་བུག་པ་གཉིས་དང་། མིག་ངག་དང་ཁྭ་དང་ལག་པ་དག་དང་། ལྟེ་བ་དང་མགོ་རྣམས་ལ་རེག་པར་བྱའོ།། ཞེས་ཉ་ར ་གི་ཆོ་ག་བྱའོ།། དེ་ནས་གྲུབ་ན་ལྷག་པ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་ཞི་བ་དང་། དཀྱིལ་འཁོར་ཚིམ་པར་བྱ་བའི་ཕྱིར་རྒྱས་པའི་སྦྱིན་བསྲེག་བྱས་ནས་ཁམས་གསུམ་ལས་རྣམ་པར་རྒྱལ་པོའི་རྣལ་འབྱོར་དང ་ལྡན་པ་སོ་མེ་ཏོག་གི་ཕྲེང་བ་བླངས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཨཱ་ན་ཡ་ཧཽ་བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་དཔལ་ཁཱ་སྦྱོར་དུ་གསུང ་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ཟླས་ཤིང་རྡོ་རྗེའི་ཤུགས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་གསོར་ཞིང་། དྲིལ་བུ་དཀྲོལ་ཏེ་རྡོ་རྗེའི་རྐང་པས་དེ་ཁོ་ན་བཞིན་དུ་ཨོཾ་ཧཱུཾ་ཕཊ་ཅེས་པ་དང་། ཨོཾ་ཧཱུཾ་ཨཱ~ཾཿཔཊ ་ཅེས་པ་དང་། ཨོཾ་ཧཱུཾ་ཨཱཿཱཿཿཕཊ་ཅེས་པ་དང་། ཨོཾ་ཧཱུཾ་ཧ་ན་མཱ་རཱ་ཡ་དུཥྚཱན་གྷཱ་ཏ་ཡ་གྷཱ་ཏཱ་ཡ་ཨཱཿཿཧཱུཾ་ཧྲཱི་ཕཊ་ཅེས་བྱ་བའི་སྔགས་བཞི་གོ་རིམས་བཞིན་ཟློས་པའི་ཤར་དང་ལྷོ་ལ་སོགས་པའི་སྒོའི་སློབ ་དཔོན་རྣམས་དང་ལྷན་ཅིག་ཏུ་བསྐོར་བ་གསུམ་བྱས་ནས་ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར། འཁོར་ལོ་ལ་བལྟས་ཏེ། ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ནས་བསྐོར་བའི་གྲངས་བཞིན་དུ་ནུབ་སྒོ་ལ ་སོགས་པ་བཞིར་གནས་པས་ཤར་སྒོ་ལ་སོགས་པ་བཞི་ཨོཾ་བཛྲོད་གྷ་རྫ་ས་མ་ཡ་པྲ་བེ་ཥ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱི་ཕྱེ་བར་བསམས་ཏེ། ཨོཾ་ས་མ་ཡ་པྲ་བེ་ཥ་མི་ཞེས་བརྗོད་ནས་སླར་ཕྲེང་བ་གར་བྱེད་ཅིང་བླངས་ལ་རང་གི ་མགོ་བོ་ལ་བཅིངས་ཏེ་འཁོར་ལོ་ལ་ཕྱག་འཚལ་ནས། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀོའ་དྲིན་སྩོལ་ཅིག་ཅེས་གསོལ་བ་བཏབ་ནས། བསྒོམ་པ་དང་བཟླས་པ་བྱའོ།། འདིར་དཀྱིལ་འཁོར་གྱི་ཁང་པ ་ལས་ཕྱི་རོལ་དབང་པོ་ལ་སོགས་པ་རྣམས་སུ་གོ་རིམས་བཞིན་དུ་དཀར་པོ་དང་སེར་སྐྱ་དང་ནག་པོ་དང་དུང་ཁ་དང་དམར་པོ་དང་ཁྲ་བོ་དང་སེར་པོ་དང་ལྗང་གུའི་བ་ངན་བརྒྱུད་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕུལ་ནས་ཤར་ལ་སོགས་པར ་གཟུགས་པར་བྱའོ་ཞེས་ནི་ཤེས་རབ་སྦྱངས་ཀྱིས་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་སངས་རྒྱས་ཐོད་བའི་རྒྱུད་དུ། གྲུ་བཞི་པ་ལ་སྒོ་བཞི་པ།། བ་ངན་བརྒྱད་ཀྱིས་རྣམ་པར་བརྒྱན། ཅེས་གསུངས་སོ།། རྣམ་པར་སྣང་མཛད་དང་། ་དེའི་རིགས་ཀྱི་ལྷ་རྣམས་ཀྱི་བ་ངན་ནི་མོར་དགོད་པར་བྱའོ།། རིན་ཆེན་དབང་པོ་དང་། དེའི་རིགས་ཅན་རྣམས་ཀྱི་བདེན་བྲལ་དུའོ།། སྣང་བ་མཐའ་ཡས་དང་དེའི་རིགས་ལས་བྱུང་བ་རྣམས་ཀྱི་རླུང་དུའོ།། དོན་ཡོད་གྲུབ་པ་དང་དེའི་རིགས ་ཀྱི་ལྷ་རྣམས་ཀྱི་དབང་ལྡན་དུའོ།། འཁོར་ལོའི་དབང་པོའི་ཤར་དུའོ།། དེའི་རིགས་ཀྱི་ལྷ་རྣམས་ཀྱི་ནི་རང་རང་གི་ཕྱོགས་སུའོ་ཞེས་པ་ནི་ཁ་ཅིག། དབང་པོའི་སེར་པོ་དང་། ཁྱབ་འཇུག་གི་ནག་པོ་དང་། ཟླ་བའི་དཀར་པོ་དང་། ཉི་མའི ་དམར་པོ་དང་། མེས་པོའི་སེར་པོ་སྟེ་དབང་པོར་རོ།། མེ་ལྷའི་དམར་པོ་དང་། གཤིན་རྗེའི་ནག་པོ་དང་། བདེན་བྲལ་གྱི་དུང་ཁ་རྣམས་ནི་རང་རང་གི་ཕྱོགས་སུའོ།། ནུབ་དུ་ཆུ་ལྷའི་དཀར་པོ་དང་། སའི་ལྷ ་སེར་པོ་དང་། ཐས་བཟངས་རིགས་ཀྱི་ནའཔོའོ།། རླུང་དུ་རླུང་ལྷའི་ལྗང་གུའོ།། བྱང་དུ་ལུས་ངན་པོའི་སེར་པོ་དང་། ཚོགས་བདག་གི་དཀར་པོའོ།། དབང་ལྡན་དུ་དབང་ལྡན་གྱི་དཀར་པོའོ།། དེ་ལྟར་བ་ངན་བཅོ་ལྔ་ནི་ཕྱོགས་ཀྱི ་བ་ང་རྣམས་ལ་མཉེས་པར་བྱ་བའི་ཕྱེད་དུའོ།། མི་འབྱོར་ན་ནུས་པ་ཇི་ལྟ་བར་བ་ངན་རྣམས་དབུལ་བར་བྱའོ།། དཀྱིལ་འཁོར་སྒྲུབ་པའི་ཆོ་ག་འཁོར་དང་བཅས་པའོ།། ། ་དེ་ནས་དེ་རྡུལ་ཚན་གྱི་དཀྱིལ་འཁོར་རོམ~ཾ། རས་བྲིས་ལ་སོགས་པའི་དཀྱིལ་འཁོར་རམ། ཡིད་ཀྱི་དཀྱིལ་འཁོར་མངོན་དུ་བྱས་པ་དེར་ཇི་ལྟར་བརྗོད་པའི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྐུ་གཟུགས་ལ་སོགས་པའི་རབ ་གནས་སླེ་མ་རབ་ཏུ་གནས་པ་བཞིན་བྱའོ།། དེ་ལ་དཀྱིལ་འཁོར་གཞན་དུ་ཡང་སྟར་བརྗོད་པའི་ཆོ་གས་དང་པོ་བུམ་པ་ལྷག་པར་གནས་པ་དང་། དགོད་པ་དག་བྱས་ནས་སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་དུ་བསམས་པའི ་རྗེས་ལ་ས་བོན་ལ་སོགས་པ་ལས་རྫོགས་པོའམ། སྐད་ཅིག་གིས་ཀྱང་རུང་སྟེ་དམ་ཚིག་སེམས་དཔའི་ངོ་བོ་སྙིང་གའི་ས་བོན་དང་བཅས་པ་བསམས་ནས་གོས་གསེར་པ་དམར་པོ་ལ་སོགས་པ་གཡོག་ཅིང་མེ་ཏོག་དང་ལྡན་པར ་བྱས་ནས་དེའི་མེ་ཏོག་གི་ཕྲེང་བ་བླངས་ཏེ་སྐུ་གཟུགས་ལ་སོགས་པ་དང་། ལྷན་ཅིག་ཡོན་བདག་སློབ་མ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སོགས་པ་རྣམས་ཀྱང་གང་ཡང་རུང་བའི་དཀྱིལ་འཁོར་དུ་གཞུག་པར་བྱའོ།། སློབ་དཔོན ་གྱིས་ཀྱང་སྐུ་གཟུགས་ལ་སོགས་པའི་ལྷག་པའི་ལྷའི་མཚན་མ་འམ་དེའི་རིགས་ཀྱི་བདག་པོའི་མཚན་མ་ལ་མེ་ཏོག་དབུལ་དུ་གཞུག་གོ།། ཡང་ན་མེ་ཏོག་དོར་བ་མེད་པ་ཉིད་དུ་སྐུ་གཟུགས་ལ་སོགས་པ་དཀྱིལ་འཁོར་མཐོང་བ་ཉིད ་ཀྱི་གཞུག་པོའོ།། དེ་ནས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་ངོས་ཤར་གྱི་ཕྱོགསུ་འམ་དེར་སྐབས་མེད་ན་དབང་ལྡན་དུ་ཧ་ཅང་མི་རིང་བའི་ཡིད་དུ་འོང་བའི་གནས་སུ་ཁྲུས་ཀྱི་སྟེགས་བུ་གྲུ་བཞི་པ་དཔངས་སུ་ཁྲུ་གཉིས་པའོ།། ཡང་ན ་སྲིད་དུ་ཁྲུ་བརྒྱད་པ་དེའི་ཕྱེད་དུ་མཐོ་བ་དང་ཡང་ན་སྲིད་དུ་ཁྲུ་གཉིས་པ་དེའི་ཕྱེད་དུ་མཐོ་བ་སྟེ། ས་སེལ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ས་ལས་བྱས་པ་འམ་སོ་ཕེག་ལ་སོགས་པས་བྱས་པ་འམ་དེ་མེད་ན་ནི་ཇི་ལྟར་རྙེད་པ ་འམ་ཇི་ལྟར་གནས་པའི་ས་གཞི་ཡང་རུང་སྟེ། འབྲས་བཏགས་པའི་ཁུ་བ་ལ་སོགས་པས་བྲིས་པའི་སྟེགས་བུ་ཕྱོགས་དང་མཚམ་སུ་བུམ་པ་བརྒྱད་བཞག་པ་ཤིན་ཏུ་འཇམ་པ་བདུད་རྩི་དང་བཅས་པའི་རྣམ་ལྔ་ལ་སོགས ་པས་བྱུགས་པ་བླ་རེས་དང་། གདུགས་དཀར་པོ་དང་། རྒྱལ་མཚན་དང་། བ་དན་དང་། བུམ་པ་གང་བ་དང་། མེ་ཏོག་དང་། གར་དང་། གླུ་དང་། རོལ་མོའི་སྒྲ་ལ་སོགས་པས་སམ། ཇི་ལྟར་རྙེད་པས་ཀྱང་རུང་སྟེ་ཡིད་དུ ་འོང་བར་བྱས་ནས། ཚེས་ལ་གཟའ་དང་རྒྱུ་སྐར་དང་ཡུད་ཙམ་ལ་སོགས་པ་བཟང་བ་ལ་ཁྲུས་བྱས་ཤིང་། དོ་ཤལ་དང་། རྐང་གདུབ་དང་། དཔུང་རྒྱན་དང་། སྭཱ་རྒྱུན་དང་། བདུ་བུ་དང་། སོར་གདུང་ལ ་སོགས་པས་བརྒྱན་པ་འམ། ཇི་ལྟར་རྙེད་པས་བརྒྱན་པའི་སློབ་དཔོན་རྡོ་རྗེ་སེམས་དཔའི་སྐུ་རིག་མ་དང་ལྡན་པས་སྟེགས་བུ་དེའི་དབུས་སུ་སྒོ་ནུབ་ཏུ་བསྟན་པའི་རེ་ཁཱ་གྲུ་བཞི་པ་གཅིག་གིས་བསྐོར་བའི་སྣ་ཚོགས་པདྨ་རྡུལ་ཆེན་ནཱམ ་འབྲས་བཏགས་པའི་ཁུ་བ་ལ་སོགས་པས་བྲི་བར་བྱའོ།། ཡང་ན་རྟ་བབས་མེད་པའི་སྒོ་ནུབ་ཏུ་བསྟན་པའི་གྲུ་བཞི་པའི་དབུས་སུ་ཆུད་པ་འམ། ཡང་ན་ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་གྲུ་བཞི་པ། སྒོ་བཞི་པ། རིམ་པ་གཉིས་པ། ་རྟ་བབས་མེད་པ་སྟེ། ཤར་ལ་སོགས་པའི་སྣམ་བུ་ལ་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་རྣམས་དང་། མཚམས་རྣམསུ་ཡུམ་བཞིའི་མཚན་མ་དང་། དབུས་སུ་ས་ཚོགས་པདྨ་འདབ་མ་བརྒྱད་པ་བྲི་བར་བྱའོ ་ཞེས་པ་ནི་བསྡུས་པ་དང་། འབྲིང་དང་རྒྱུས་པའི་དབྱེ་བས་ཁྲུས་ཀྱི་དཀྱིལ་འཁོར་གསུམ་ཡིན་ནོ།། དེའི་སྟེང་དུ་པདྨ་འདབ་བརྒྱད་བྲིས་པའི་ཤིང་སྟན་ནམ་ཟླ་བའི་དཀྱིལ་འཁོ་བྲིས་པའི་རས་ལི་སོགས་པ་ཡས་གཡོགས ་བའི་སེང་གེའི་གདན་ཁྲུས་ཀྱི་དཀྱིལ་འཁོར་གྱི་པདྨའི་སྟེང་དུ་འཇོག་པར་མོས་པས་བཞག་ནས་སམ། ཁྲུས་ཀྱི་དཀྱིལ་འཁོར་མེད་པར་ཡང་དེ་ལྟར་དང་། གཞན་དུ་ཤིང་སྟར་ལ་སོགས་པར་དཀྱིལ་འཁོར་དེ་བསྒོམས་པར ་སྐུ་གཟུགས་དང་ཐང་ཀ་དང་པོ་ཏི་དང་མཆོད་རྟེན་ལ་སོགས་པ་ཤར་དུ་ཕྱོགས་པའམ་གཞན་དུ་ཡང་རུང་སྟེ་གཞག་པར་བྱའོ།། གང་ཞིག་གནས་གཞན་དུ་བསྐྱོད་པར་མི་རུང་བ་གཙུག་ལག་ཁང་དང་། མཆོད་རྟེན་དང་། གཙང་ཁང ་ཕྱུར་བུ་དང་། སྐུ་གཟུགས་ལ་སོགས་པ་དེ་ལ་ནི་སྔ་མ་བཞིན་དུ་དམ་ཚིག་སེམས་དཔའི་གཟུགསུ་བསྒོམས་ལ་དཀྱིལ་འཁོར་བསྟན་པར་མོས་པར་བྱའོ།། དེར་ནི་ཁྲུས་ཀྱི་སྟེགས་བུ་དགོས་པ་མེད་དོ།། གཉིས་ཀར་ཡང་ཐོ་རངས་ཀྱི་དུས་སུ ་སྐུ་གཟུགས་ལ་སོགས་པ་མདུན་དུ་བྱས་ཏེ། དེ་ལ་མངོན་དུ་ཕྱོགས་པ་ཞབས་བསིལ་དང་མཚང་ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་སམ། མཚང་ཡོན་ལ་སོགས་པ་མ་ཕུལ་ཡང་རུང་སྟེ་སྦྱང་བར་བྱའོ།། དེ་ལ་ཨོཾ ་ཨཿབིགྷ་ནཱནྟ་ཀྲྀད་ཧཱུཾ་ཞེས་པ་འཁྱིལ་བའི་སྔགས་དང་། ཡི་གེ་ཧཱུ~ཾ་ལན་བདུན་བཟླས་པའི་དོན་གྲུབ་གཡས་པ་དང་། ཅིག་ཤོས་ཀྱི་ཁུ་ཚུར་གྱིས་བཟུང་ནས། རེ་རེ་ཞིང་གཡོན་སྐོར་དུ་ལན་གཉིས་སུ་ཨོཾ་སརྦཾ་པཱ་པ་ད་ཧཱ་ན་བཛྲ ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱུ~ཾ། ཞེས་བརྗོད་ཅིང་བྱབས་ལ་དོན་གྲུབ་མེར་ངོར་རོ།། དེ་བཞིན་དུ་གཡས་སྐོར་དུའོ།། དེ་བཞིན་དུ་གཡོན་དང་གཡས་སུ་ཆུས་བྱའོ།། དེ་བཞིན་དུ་ཁམ་ཕོར་དཀུར་པོ་རྣམས་ཀྱི་དང་། དེ་བཞིན་དུ་རྩཝ ་ངུདུར་བའི་མྱུ་གུ་དང་བཅས་པའི་བ་ལྕེའི་ཆང་བུ་རྣམས་ཀྱིས་དང་། དེ་བཞིན་དུ་ཟན་ཆངས་རྣམས་ཀྱིས་དང་། དེ་བཞིན་དུ་སང་རས་ཀྱིས་ཀྱང་ངོ་།། འོན་ཀྱང་ཁོམ་ཕོར་ལ་སོགས་པ་ནི་མེར་མི་དོར་རོ།། དེ་ནསོ་ལག་པ་དག་གིས ་སྐུ་གཟུགས་ལ་ཉེ་རེག་བྱའོ།། འཁོར་མའི་ས་རྩེ་བའི་སྔགས་ཀྱིས་ཇི་ལྟར་རིགས་པར་སྒྲ་གཟུགས་ལ་སོགས་པ་ལ་དྭངོས་སུ་འམ། མོ་ལོང་ལ་གཟུགས་བརྙན་ཤྭར་བྱ་ལ་ཐཱགསྟྱ་ཀར་དུས་བྱུག་པ་དང་། ་ཏོག་གི་ཕྲེང་བ་དབུ་ལ་བཅིང་བ་དང་། མདུན་དུ་མཆོད་ཡོན་དབུལ་བ་བྱས་ནས་མར་མེས་ཡོངས་སུ་བསྐོར་ཏེ། འཁྱིལ་པ་དང་ཡི་གེ་ཧཱུཾ་གིས་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱི་བདུག་པས་བདུག་པར ་བྱའོ་ཞེས་པ་སྦྱང་བའི་རིམ་པའོ།། དེའི་རྗེས་ལ་འཁྱིལ་པ་བཟླས་པའི་དུར་བའི་ཆུན་པོས་ཟངས་སྣོད་ན་གནས་པའི་ཞོ་དང་འོ་མ་དང་། མར་དང་། སྦྲང་རྩི་དང་། བྱེ་མ་ཀ་ར་བསྲེས་པའི་ངོ་བོའི་ཕྱིའི་བདུད་རྩི་ལྔ་རྣམས་དང་། དེ་ནས ་འོ་མ་དང་། ཞོ་དང་། མར་དང་། བའི་ལྕི་བ་དང་། ཆུ་སྟེ། བའི་རྣམ་པ་ལྔས་སྐུ་གཟུགས་བཀྲུར་རུང་བ། ཨཽ་ཧཱུཾ་ཏྲཱཾ་ཧྲཱིཿཿཞེས་པའི་སྔགས་ཀྱིས་བྱུག་པར་བྱའོ།། རེས་བྲིས་དང་། པོ་ཏཱི་དང་། ས་ལས་བྱས་པ་ལ་སོགས ་པ་དང་བྲིས་པའི་སྐུ་གཟུགས་ལ་སོགས་པ་ནི་མེ་ལོང་ལ་གཟུགས་བརྙན་ཤར་བ་ལའོ།། དེ་ནས་འཁྱིལ་པ་བཟླས་པཱའི་དྲི་ཞིམ་པོའི་ཆུ་གཙང་མས་བཀྲུས་ནས་འཁར་བའི་སྣོད་དུ་བླུགས་པའི་ནྱ་གྲོ་དྷ་དང་། ཨུ་དུམ་པར ་དང་པླཀྵ་དང་། པིཔྶ་ལ་དང་། གནྡྷ་མུནྣ་སྟེ་འོ་མ་ཅན་གྱི་ཤིང་ལྔའི་ཤུན་པའི་ཕྱེ་མས་རྣམ་པར་མཉེས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡཱ་བི་ཤོ་དྷ་ནེ་སྭཱ་ཧཱ་ཞེས་པའི་སྔགས་སམ། ཨོཾ་ཧཱུཾ་ཧཱུཾ་ཧྲཱིཿཁཾ་ཁཿཞེས་པ ་བཟློས་ཤིང་འཁར་བའི་སྣོད་ན་གནས་པའི་དྲི་ཞིམ་པོའི་འབྲུ་མར་གྱིས་བྱུགས་ཏེ་མཉེས་ལ། འཁར་བའི་སྣོད་ན་གནས་པའི་སྐྱུ་རུ་རས་བྱུགས་ཏེ། དེ་ལྟར་བཀྲུས་ནས་འཁར་བའི་སྣོད་ན་གནས་པའི་ཡུང་བས་བྱུགས་ཏེ་སྐུས་ལ། ཤྲཱི ་ཁརྒྷ་དང་། ཙན་ངན་དམར་པོ་དང་། གུར་ཀུམ་དང་། གྲན་ཐཾ་ཀ་དང་། ཨ་ཀ་རུ་རྣམས་སམ། གུ་ར་ཀུ་དང་། ཨ་ཀ་རུ་དང་གླ་རྩི་དང་། ག་པུརྱ་ལ་སོགས་པ་ཇི་ལྟར་རྙེད་པས་ཀྱང་རུང་སྟེ་བྱུགས་ལ། སྙིང་གའི་ས་བོན་གྱི་འོད་ཟེར ་གྱི་བཀུག་པའི་དེ་བཞིན་གཤེགས་པ་དང་། ལྷ་མོ་རྣམས་ཀྱི་བུམ་པ་རྣམས་ཀྱིས་འཁྲུས་བཞིན་པ་དང་། བཀྲ་ཤིས་ཀྱི་གླུ་དང་། རོལ་མོའི་སྒྲ་སྣ་ཚོགས་པ་སྔོན་དུ་འགྲོ་བས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུ་དུང་ཆོས ་སམ་གཞན་དུ་ཡང་བླུགས་པ་རྣམས་ཀྱིས་ཇི་ལྟར་བལྟམས་པ་ཙམ་གྱིས་ཞེས་པ་ལ་སོགས་པ་འཆང་པར་འགྱུར་བ་བརྗོད་ཅིང་ཁྲུས་གསོལ་ལོ།། དེ་ལ་གོས་པའི་ཆུན་བཟའ་འཇམ་པོས་ཕྱིས་ནས་ཇི་ལྟར་ནུས་པས་ན་བཟའ་ལ ་སོགས་པས་བརྒྱན་པར་བྱའོ།། དེ་ནས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས་རབ་ཏུ་གནས་པར་བྱ་བའི་ཡེ་ཤེས་སེམས་དཔའ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་མདུན་གྱི་ན་མཁར་སྤྱན་དྲངས་ལ ་ཞབས་བསིལ་དོང་ཞལ་བསིལ་དང་། མཆོད་ཡོན་དང་། མཆོད་པ་སྔོན་དུ་འགྲོ་བས་པུས་མོ་གཡས་པ་ས་ལ་གཙུགས་ཏེ་གཡོན་པས་དྲིལ་བུ་དཀྲོལ་བ་དང་། གཡས་པས་སྤོས་དབུལ་ཞིང་། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བྱས་ལ ་བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག། རིག་པའི་རྒྱལ་པོ་ཁྱོད་ལ་འདུད།། སློབ་མ་རྣམས་ལ་རྩེ་དོན་དང་།། ཁྱེད་རྣམས་ལ་ཡང་མཆོད་ཕྱིར་དང་།། སེམས་ཅན་བསོད་ནམས་སྤེལ་དོན་དང་།། བྱང་ཆུབ་སེམས་ནི་བསྐྱེད་པའི ་ཕྱིརརང་མགོན་པོ་ཐུགས་རྗེས་བདག་ཉིད་ཅན།། ཁྱེད་ཀྱི་རབ་གནས་བགྱིད་པར་འཚལ།། དེར་ནི་བཅོམ་ལྡན་བདག་གུས་པས།། བཀའ་དྲིན་གནང་བར་མཛད་པར་རིགས།། སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལོ།། བྱང་ཆུབ་སེམས་དཔའ ་འབྲས་གནས་དང་།། གཞན་ཡང་གང་དག་གསང་སྔགས་ལྷ།། ལྷ་དང་འཇིག་རྟེན་སྐྱོང་བ་དང་།། འབྱུང་པོ་བྱང་ཆུབ་བསྟན་གནས་དང་།། སེམས་ཅན་བསྟན་ལ་མངོན་དགའ་དག། གང་གཞན་རྡོ་རྗེའི་སྤྱན་ལྡན་རྣམས།། བདག་ལ་ཡང་དག། ་དགོངས་སུ་གསོལ།། ཆེ་གེ་བདག་ནི་རྡོ་རྗེ་ཅན།། ཆེ་གེའི་རབ་ཏུ་གནས་པ་ནི།། བགྱིའོ་དེ་ནས་ཁྱེད་རྣམས་ཀྱིས།། ཉེ་བར་གནས་པར་མཛད་པར་འོས།། ཞེས་ལན་གསུམ་བརྗོད་པར་བྱའོ།། དེ་ལྟར་འདིར་རིགས་ཞེས་པའི་བར་གྱིས་རབ་ཏུ ་ནས་པའི་དོན་དུ་ལྷག་པར་གནས་པ་དང་། ལྷག་མས་ནི་ཉེ་བར་གནས་པར་གསོལ་བ་བཏབ་ནས་ནམཁའ་གནས་པའི་ལྷའི་འཁོར་ལོ་མཆོད་ཕྱག་འཚལ་ནས་བསྟོང་ལ། ཨོཾ་བཛྲ་པུ་ན་རཱ་ག་མ་ནཱ་ཡ་མུཿཞེས་པས་གཤེགས་སུ ་གསོལ་བར་བྱའོ།། ཁྲུས་བྱས་པའི་སྐུ་གཟུགས་ལ་སོགས་པའི་ཐུགས་ཀ་དང་། དབུ་དང་མགུར་དང་ཕྱག་དང་སྤྱི་གཙུག་རྣམས་ཡང་དག་པར་བྱུགས་ལ་མཆོད་དེ་འཁྱིལ་བའི་སྔགས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས ་ལན་གསུམ་རེག་ལ་རང་ཉིད་ཇི་ལྟ་བའི་སྔགས་སམ་འཁྱིལ་པའི་སྔགས་བཟླ་བར་བྱའོ།། ཕྱོགས་ཀྱི་གཏོར་མ་ཡང་དབུལ་ལོ།། གང་དུ་ལྷ་ལྷག་པར་གནས་པར་མ་བྱས་པར་རབ་ཏུ་གནས་བྱེད་པ་ལ་མོས་པ་བརྟན་པ་དེས་ནི་ལྷག་པར ་ས་པར་མ་བྱས་པ་ཉིད་ལྷག་པར་གནས་པའི་དོན་དུ་བརྗེད་པ་དང་། རབ་ཏུ་གནས་པའི་དོན་དུ་འཆད་པར་འགྱུར་བའི་ཆོ་ག་ཐམས་ཅད་ཉམ་གཅིག་ལ་བྱའོ།། འོན་ཀྱང་སྣང་བ་ལ་སོགས་པའི་ཆོ་ག་འཐུན་པ་ནི་ལན་ཅིག་གི་མོ་ཉིང ་བྱའི་སླར་མ་ཡིན་ནོ།། དེ་ཡང་ཡོན་བདག་ལ་ནུས་པ་ཡང་ན་མ་ཡིན་ཏེ། བསོད་ནམས་བསགས་པའི་དོན་དུ་ལྷག་པར་གནས་པར་བྱ་བ་ཁོ་ནའོ་ཞེས་པ་ལྷ་ལྷག་པར་གནས་པའི་ཆོ་གའོ།། ། ་དེའི་རྗེས་ལ་སྔ་བར་ཁྲུས་ཀྱི་སྟེགས་བུ་ཡིད་དུ་འོང་བ་དེ་ལྟར་བྱེད་དུ་བཙུགས་ན། ཡུད་ཙམ་ལ་སོགས་པ་བཟང་བ་ལ་དེ་བཞིན་དུ་རྒྱན་གྱིས་བརྒྱན་པའི་སློབ་དཔོན་རྡོ་རྗེ་འཆང་གི་ངོ་བོ་ཤེས་རབ་དང་བཅས་པ་འདུག་ལ་གཏོར་མ ་མཆོད་པ་སྔོན་དུ་འགྲོ་བའི་སྐུའི་གཟུགས་དེ་ལྟར་བཞག་པ་དང་། ལྷ་ཁང་ལ་སོགས་པ་ཇི་ལྟར་གནས་པ་སླར་དམ་ཚིག་སེམས་དཔའི་གཟུགས་སུ་བསྐྱེད་པར་བྱའོ།། དེ་ལ་རྒྱུང་དང་། མངོན་པར་རྟོགས་པ་དང་། སྨྲ་བ་ཐབས ་ལ་སོགས་པར་ལྷའོ་ཁྱད་པར་བསྐྱེད་པའི་རིམ་པ་རིག་པས་ལྷའི་ཁྱད་པར་གང་གི་གཟུགས་བརྙན་གང་ཡིན་པ་དེ་སྟོང་པ་ཉིད་ཀྱི་རྗེས་ལ་རིམ་གྱིས་སམ། ཅོག་ཅར་ཡང་རུང་སྟེ། དེ་ལྟ་བུའི་དམ་ཚིག་སེམས་དཔའི་གཟུགསུ་བསྒོམ་པར ་བྱའོ།། དཔོ་ཏི་ནི་ཡི་གེའི་ཚོགས་མ་ལུས་པ་སྟོང་པ་ཉིད་ཀྱི་རྗེས་ལ་པདྨ་དམར་པོ་དང་། ཉི་མར་ཡི་གེ་ཧྲཱིཿདམར་པོ་ལས་བྱུང་བའི་ཆུ་སྐྱེས་དང་། ཧྲཱིཿཡོངསུ་གྱུར་པ་ལས་གོས་དཀར་མོས་མཁྱུད་བའི ་སྣང་བ་མཐའ་ཡས་ཡོངས་སུ་གྱུར་པ་ལས་ཡང་དག་པར་བྱུང་བའི་ཡི་གེའི་རྣམ་པ་སྣང་བ་མཐའི་ཡས་ཀྱི་གཟུགས་བརྙན་ཤར་བའི་དམ་ཚིག་སེམས་དཔར་གན་སོ་ཞེས་བསམ་པར་བྱའོ།། མར་མེ་མཛད་གཙུག་ལག་ཁང་ལ ་སོགས་པ་ནི་སྟོང་པ་ཉིད་ཀྱི་རྗེས་ལ་པདྨ་དང་ཟླ་བར་བྲུཾ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ་དང་། ལས་བྱུང་བའི་རྣམ་པར་སྣང་མཛད་སྨན་མས་འབྱུང་པ་ཡོངས་སུ་གྱུར་པ་ལས་མར་མེ་མཛད་ཀྱི་རྣམ་པ་འམ། ་གཙུག་ལག་ཁང་གིས་གཟུགས་སམི། གཙང་ཁང་ཕྱུར་བུའི་གཟུགས་སམ། མཆོད་རྟེན་གྱི་གཟུགས་སུའོ།། འོན་ཀྱང་གཙུག་ལག་ཁང་ནི་རྣམ་པར་སྣང་མཛད་ཤེས་རབ་དང་བཅས་པའི་གཟུགས་བརྙན་ཤར་བའི ་དམ་ཚིག་སེམས་དཔའ་གནས་པར་བྱའོ།། དེ་ལྟར་གཅིང་ཁང་ཕྱུར་བུ་དང་། མཆོད་རྟེན་ཡང་བསྒོམ་པར་བྱའོ།། དེ་ལྟར་དམ་ཚིག་སེམས་དཔའ་སྐྱེད་ནས་ཞབས་བསིལ་དང་། མཆོད་ཡོན་ལ་སྲོགས་པ་དབུལ་བ ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་སྦྱོང་བར་བྱའོ།། དེ་ནས་དེ་མ་ཐག་ཏུ་བརྗོད་པའི་ཚོ་གས་བདུད་རྩི་ལྔས་བྱུགས་པ་ལ་སོགས་པ་དང་གུར་ཀུམ་ལ་སོགས་པ་བྱུག་པ་བཀྲུ་བ་དང་གོས་པའི་ཆུ་ཕྱི་བའི་བར་དུ་བྱས་ནས ་དཀྱིལ་འཁོར་གྱི་ཁང་པར་བཅུག་སྟེ། དཀྱིལ་འཁོར་གྱི་དབང་ལྡན་གྱི་མཚམས་སམ་གཞན་ཡང་རུང་སྟེ། ཧ་ཅང་མི་རིང་བར་དཀྱིལ་འཁོར་ལས་མངན་དུ་ཕྱོགས་པར་སྐུ་གཟུགས་ལ་སོགས་པ་བཞག་པར་བྱའོ།། གཙུག་ལག ་ཁང་ལ་སོགས་པ་བསྐྱོད་པར་མི་ནུས་པ་ནི་རང་གི་གནས་ལ་གནས་པ་ཁོ་ནའོ།། ཇི་ལྟར་རིགས་པར་དེ་དག་གི་ཐུགས་ཀའི་ས་བོན་དང་། མིག་ལ་སོགས་པ་དང་། སྐུ་ལ་སོ་ཤེས་པ་བྱིན་གྱིས་བརླབས་པ་རྣམས་བསྒོམ་པ་སྔོན་དུ་འགྲོ ་བས་རང་གི་སྙིང་ཀའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་བདག་ཉིད་ཇི་ལྟ་བར་ཡེ་ཤེས་སེམས་དཔའ་ལ་སོགས་པ་སྤྱན་དྲངས་པ་ལ་སོགས་པ་དེ་མ་ཐག་ཏུ་པར་བརྗོད་པ་དག་བྱ་སྟེ། བཅོམ་ལྡན་ཞེས་པ་ནས། འོས་ཞེས་པའི་བར་ལན་གསུ ་བརྗོད་ནས། སྙིང་གའི་འོད་ཟེར་རམ། ལྷ་རྣམས་ཀྱིས་སམ། ཇི་ལྟར་རིགས་པར་ཡེ་ཤེས་སེམས་དཔར་བཀུག་སྟེ། རང་ཉིད་ཇི་ལྟ་བའི་དམ་ཚིག་སེམས་དཔའ་ལོ་བཅུག་ནས་རོ་གཅིག་ཏུ་བྱས་ཏེ་དབང་དུ་བྱའོ།། གཞན་དག ་ནི་སྐུ་གཟུགས་ཀྱི་ཐུགས་ཀར་དམ་ཚིག་གི་འཁོར་ལོ་བསྐྱེད་ནས། དེ་ཉིད་དུ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་ལ་སོགས་པ་བྱའོ་ཞེས་སོ།། དེ་ནས་རང་གི་སྙིང་གགི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན ་གཤེགས་པ་དང་། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་མདུན་གྱི་ན་མཁར་སྤྱན་དྲངས་ཏེ་མཆོད་ནས། སྐུ་གཟུགས་ལ་སོགས་པ་ལ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ།། འགྲོ་བ་བསྒྲུབ་པའི་ཆེད་དུ་དབང་།། ་ཡོན་ཏན་འབྱུང་གནས་ཇི་ལྟར་སྤྲུལ།། དེ་ལྟར་འདི་ལ་སྤྲུལ་དུ་གསོལ། ཞེས་པའི་ཚིགས་སུ་བཅད་པས་གསལ་བ་གདབ་བོ།། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཀྱང་ཤེས་རབ་དང་སྙོམས ་པར་ཞུགས་ཏེ། ཆགས་པ་ཆེན་པོས་ཞུ་བར་གྱུར་ནས་རང་གི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་ཕྱུང་བའི་ཁུ་བ་དེ་རྣམས་ཀྱིས་སྐུ་གཟུགས་ལ་སོགས་པ་ལྷ་མེའི་ཁ་ནས་པདྨར་ཞུགས་པ་ལ་དབང་སྐུར་ཏེ། ་སླར་ཞལ་ཕྱག་ལ་སོགས་པའི་གཟུགས་ཀྱིས་པདྨ་ལས་བྱུང་སྟེ། ཕྱི་རོལ་གྱི་ན་མཁའ་ཡོངས་སུ་བཀང་ནས་གནས་པ་སྤྱན་མ་ལ་སོགས་པའི་རིག་མ་དང་ལྷན་ཅིག་པ་རྣམས་ཀྱི་གདུགས་དང་། རྒྱལ་མཚན་དང་། གར་དང་། ་གླུ་དང་། རོལ་མོའི་སྒྲ་དང་། མེ་ཏོག་དང་། གུར་ཀུམ་ལ་སོགས་པའི་ཆར་དང་ལྡན་པའི་ཕྱག་གིས། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བདུད་རྩིས་བཀང་བའི་བུམ་པ་དཀར་པོ་ཅུང་ཟད་ཡཾ་བར་བཟུང་བས་སྐུ་གཟུགས་ལ་སོགས ་པ་པདྨ་ལས་ཕྱིར་ཕྱུང་བ་དེ་ལ་དབང་བསྐུར་བཞིན་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས།། ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག། སེམས་ཅན་མ ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག། ཅེས་པའི་བཀྲ་ཤིས་ཀྱི་གླུ་འམ། འཆང་བར་འགྱུར་བའི་གླུས་ཀྱང་རུང་སྟེ། བཀྲ་ཤིས་ལེན་བཞིན་པ་དང་། བདག་ཉིད་ཀྱིས ་ཀྱང་དེ་འམ་དེ་རྣམས་བླངས་ཏེ་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུ་གཅིག་ཏུ་བྱས་ཏེ། དུང་ཆོས་སུ་བླུགས་པས་སམ་རིམ་པ་བཞིན་རེ་རེས་ཀྱང་རུང་སྟེ། རིམ་པ་ཇི་ལྟ་བར་ལག་པས་འདབ་མ་དང་བཅས་པའི་རྡོ་རྗེ ་གཟུང་སྟེ་འདབ་མ་དང་བཅས་པའི་རྡོ་རྗེའི་རྩེ་མོ་ལས་འབབ་པའི་བྱང་ཆུབ་ཀྱི་སེམས་བདུད་རྩིའི་ངོ་བོས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག ་གིས་ཁྲུས་གསོལ་གྱིས།། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་པ་དང་། ཨོཾ་བཛྲོད་ཀཱ་བྷི་ཥིཉྫ་ཧཱུཾ་ཞེས་པ་བརྗོད་ཅིང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་བླ་མ་དམ་པ་དཀྱིལ་འཁོར ་གྱི་གཙོ་བོའི་གཟུགས་ཀྱི་ཁྲུར་འཇུག་པ་དང་། ཁྲུས་གསོལ་བར་བརྟན་པར་མོས་པས་དབང་བསྐུར་བར་བྱའོ་ཞེས་པ་ཆུའི་དབང་ངོ་།། དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་གོས་སམ། རིན་པོ་ཆེ་ལ་སོགས་པ ་ལས་བྱས་པའི་དབུ་རྒྱན་ཨི་ཨཱཿབཛྲ་ཨ་བྷི་འིཉྩ་ཧཱུཾ་ཞེས་པ་འམ། ཨོཾ་བཛྲ་རཏྣ་ཨཾ་ཞེས་པ་འམ། ཨོཾ་ཧཱུ~ཾ་ཧཱུཾ་ཧྲཱིཿཿཞེས་པ་འདོན་ཅིང་། དཀྱིལ་འཁོར་གྱི་བདག་པོའི་གཟུགས་རྡོ་རྗེ་འཆང་བླ་མ་ཉིད་ཀྱིས་བཀོན་པར་མ་ཛ་དོ ་ཞེས་བརྟན་པར་ལྷག་པར་མོས་ལ་སྐུ་གཟུགས་ལ་སོགས་པ་ལྷའི་སྐུའི་དབུ་ལ་བཀོན་པར་བྱའོ་ཞེས་པ་ཅད་པན་གྱི་དབང་ངོ་།། དབང་པོ་ལ་ནི་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཿཞེས་པའི་སྔགས་ཀྱི་དཔྲལ་བར་དར་དཔྱངས་བཅིང་བར་བྱའོ།། ་སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཡིས།། དབང་གིས་དེ་རིང་ཁྱོད་ལ་བསྐུར།། འདི་དེ་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུང་། ཞེས་བརྗོད་ཅིང་རྡོ་རྗེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས ་གཏད་པར་ལྷག་པར་མོས་པས་གཏད་པར་བྱའོ།། དེར་ཡང་སྐུ་གཟུགས་ལ་སོགས་པ་ལྷའི་གཟུགས་ཀྱིས་གཟུང་བར་ལྷག་པར་མོས་པར་བྱའོ།། རྡོ་རྗེའི་དཔུང་ངོ་།། ཨོཾ་བཛྲ་དྷི་པ་ཏི་ཏཱཾ་ཨ་བྷི་ཥིཉྩ་མོཾ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས ་བརྗོད་ཅིང་དེ་ལྟར་ལྷག་པར་མོས་པས་དྲིལ་བུ་གཏང་བར་བྱའོ།། དེ་ཡང་སྐུ་གཟུགས་ལ་སོགས་པའི་ལྷས་གཟུང་བར་མོས་པར་བྱའོ།། དྲིལ་བུའི་དབང་ངོ་།། ཨོཾ་བཛྲ་ས་ཏྭ་ཏཱཾ་ཨཾ་བཽ་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿོཾ་ཆེ་གེ་མོ་བཛྲ ་ཏཱཾ་ཞེས་བརྗོད་ཅིང་། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཉིད་སྐུ་གཟུགས་ལ་སོགས་པའི་ལྷ་ལ་རབ་ཉིད་ཇི་ལྟ་བ་བཞིན་དུ་མིང་འདོགས་པར་མོས་པ་བཞིན་པས་བརྗོད་པར་བྱའོ།། མིང་གི་དབང་ངོ་།། སྐུ་གཟུགས་ལ་སོགས་པའི་ལྷ ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་བཅས་པོའི་ཕྱག་གིས་ལྕེ་ཤེས་ཀྱི་ཕྱག་རྒྱ་ལ་འཁྱུད་བའི་ཚུལ་བྱས་པར་བསྒྲིམས་ལ། དེ་མ་ཐག་ཏུ་བརྗོད་པའི་ཆུའི་དབང་གིས་ཚོགས་མངོན་པར་བཀྲུས་ཏེ། རང་རིང་གི་རིགས་ཀྱི་བདག་པོས་དབུ ་ལ་རྒྱུས་གངབ་བོ།། རིགས་མི་ཤེས་པ་ལ་ནི་མི་བསྐྱོད་པ་འོ་མ། རྡོ་རྗེ་སེམས་དཔས་སོ།། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་མོ་གཞན་རྣམས་ནི་དེ་ཉིད་དུ་ཡེ་ཤེས་སེམས་དཔའི་ངོ་བོ་ཉིད་དུ ་བཅུག་ནས། ཨོཾ་སུ་པྲ་ཏིཥྛ་ཏ་བཛྲེ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པོ།། གཙུག་ལག་ཁང་དང་མཆོད་རྟེན་ལ་ཨོཾ་ཧཱུཾ་ཧྲཱིཿབྷྲཱུཾ་ཁཾ་བཛྲ་བྷ་བ་དི་ཌྷ་ཏིཥྛ་བྷྲཱུཾ་ཁཾ་ཞེས་པའི་སྔགས་ཀྱིས་ཀྱང་ངོ་།། པེ་ཏི་ལ་ནི་ཨོཾ་སུ་པྲ་ཏིཥྛ ་བཛྲེ་སྭཱ་ཧཱ། ཞེས་པ་དང་། ཨོཾ་ཧཱུཾ་ཧྲཱིཿཏྲཱཾ་ཞེས་པའི་སྔགས་དབུ་གིསོ།། སློབ་དཔོན་གྱི་དབང་ངོ་།། དེ་ནས་འཁོར་ལོའི་དབང་པོའི་སྐུ་རྡོ་རྗེ་སེམས་དཔས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྣམ་པར་སྣང་མཛད་ལ་སོགས་པར ་བཞིན་གཤེགས་པའི་ཚོགས་རིག་མ་དང་བཅས་པ་བཀུག་སྟེ། རྣམ་པར་སྣང་མཛད་ཀྱི་སྒོ་ནས་བཅུག་པ་ཞུ་བར་གྱུར་ཏེ་བདེ་བ་ཆེན་པོ་ཉམས་སུ་མྱོང་ནས། རྡོ་རྗེ་པདྨ་དག་གིས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྤྲོས་པས་སྐུ ་གཟུགས་ལ་སོགས་པའི་ལྷའི་ཞལ་དུ་རབ་ཏུ་འབེབས་པར་བསམ་པར་བྱའོ།། གསང་བའི་དབང་ངོ་།། དེ་ནས་རྡོ་རྗེ་སེམས་དཔའ་དེས་གཏད་པའི་ལྷ་མོ་དང་སྙོམས་པ་རི་ཞུགས་པའི་སྐུ་གཟུགས་ལ་སོགས་པའི་ལྷ་ལྷན་ཅིག ་སྐྱེས་པའི་དགའ་བའི་རང་བཞིན་དུ་མོས་པར་བྱའོ།། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་།། དེའི་རྗེས་ལ་རྡོ་རྗེ་འཆང་དེས་རབ་ཏུ་བརྟན་པའི་དབང་བཞི་པའི་རང་བཞིན་སྐུ་གཟུགས་ལ་སོགས་པའི་ལྷ་བག་ཆགས་དང་བཙས ་པའི་སྒྲིབ་པ་སྤངས་པའི་བདེ་བ་ཆེན་པོའི་རང་བཞིན་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པར་མོས་པ་བྱའོ།། དབང་བཞི་པའོ།། གང་གི་ཕྱིར་ཕྱེད་བཅས་བཞི་བརྒྱ་པ་ལས། རབ་གནས་ཀྱི་ནི་ཆོ་ག་འདི།། སྔོན་དུ་འཁོར་ལོ ་ཡང་དག་བྲི།། སྐུ་གཟུགས་གླེགས་བ་མ་ལ་སོགས་ལ།། སྐྱེས་བུ་ཅན་མཐས་དབང་བསྐུར་རོ།། ཆུ་དང་ཅོད་པན་རྒྱུ་འཐུན་ཏེ།། རྡོ་རྗེ་བདག་པོ་མིང་རྣམ་སྨིན།། རྒྱལ་དབང་གིས་འདིར་སྐྱེས་བུ་ཅན།། ་གསང་བ་སྦྱོར་བས་དྲི་བྲལ་ལོ་ཞེས་གསུངསོ།། དེ་ལ་སྐྱེས་བུ་ཅན་ནི་སློབ་དཔོན་གྱི་དབང་ངོ་།། ཐབས་སྐྱེས་བུ་ཅན་དེའི་ཐབས་ལ་བྱུང་བ་འདི་ཡིན་ཞིང་སྐྱེས་བུ་ཅན་ནི་དྲི་མ་དང་བྲལ་བའི་དབང་སྟེ། གསང་བ་དང་། ཤེས་རབ་ཡེ་རཤྭེ ་སོ།། དབ་དེ་བཞི་པའི་བདག་ཉིད་ནི་འདིའི་མཐར་ཐུག་ཡིན་པས། སྐྱེས་བུ་ཅན་གྱི་མཐའི་དབང་གི་ཆོ་ག་ཞེས་པའི་དོན་ཏོ།། དགེ་བ་ལ་སྤྲོ་བ་ཕུལ་དུ་བྱུང་བའི་ངོ་བོ་སྐྱེས་བུ་བྱེད་པ་ཁོ་ན་ལས་ཅིག་ཤོས་ཀྱི་འབྲས་བུ་གསུམ་གསལ ་བར་འགྱུརརོ་སྙམ་དུ་དགོངས་པས་སྐྱེས་བུ་ཅན་གྱི་མཐའ་ཞེས་གསུངས་སོ།། སྦྱོར་བ་ནི་འདིར་ཀུན་རྫོབ་ཀྱི་ཤེས་རབ་དང་། དོན་དམ་པའི་ཤེས་རབ་དང་སྦྱོར་བ་དགོངསོ་ཞེས་པ་གསུམ་གྱི་བདག་ཉིད་ནི་དྲི་མ་བྲལ་བའོ།། གཞན ་ཡང་སྐུ་གཟུགས་ལ་སོགས་པའི་གཟུགས་སུ་གསལ་བར་བསྒོམས་པའི་ལྷོའི་སྐུ་རྣམ་པར་དག་པ་ནི་སློབ་དཔོན་གྱི་དབང་གིས་བསྟན་ཏོ།། གསུང་དང་ཐུགས་དག་པའི་དོན་དུ་གསང་བ་ལ་སོགས་པ་སྦྱིན་པར་བྱ་བ་ཉིད་དོ།། བྱང ་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་འདི་རྣམས་སྟེར་ཏེ། ཇི་སྐད་དུ་གསུངས་པ། རྡོ་རྗེ་སྙིང་པོ་ལ་ནི་དབང་སྦྱིན་ཕྱིར་ཐིག་ལེ་མཆོག་མ་བཀུག་ཅེས་པ་དང་། བཅོམ་ལྡན་འདས་དོན་གྲུབ་བྱང་ཆུབ་ཤིང་གཽ་རྩ་བར་འདུག་པ ་ལ་ན་མཁར་བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མི་གཡོ་བའི་ཏིང་ངེ་འཛིན་འདུས་བྱས་པ་གསལ་ནས་མཚན་ཕྱེད་ན་བླ་ན་མེད་པའི་ཤེས་རབ་གཏད་དེ། ཤེས་རབ་དང་དབང་བཞི་པ་དག་བྱིན་ནོ་ཞེས་སོ།། དེ ་ལྟར་དགོངས་པ་ཁོ་ནས་སློབ་མའི་རབ་གནས་བཞིན་དུ་སྐུ་གཟུགས་ལ་སོགས་པའི་རབ་གནས་བྱའོ།། ཞེས་ཤིང་རྟ་ཆེན་པོ་རྣམས་ཀྱི་ཁྱད་མེད་པར་གསུངས་སོ།། དེ་ནས་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ལ་རང་རང་གི ་པོའི་སྔགས་ཀྱིས་ན་བཟའ་ལ་སོགས་དབུལ་བར་བྱའོ།། ཡང་ན་ཨོཾ་ཨཱཿབཛྲ་བཱ་ས་སེ་ཧཱུཾ་སྭཱ་ཧཱུ~ཾ། ཨོཾ་ཨཱཿབཛྲ་པུལླེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱི་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དཱི་བི་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ནེ་བི་དྱ་ཧཱུཾ་སྭཱ་ཧཱ། ་ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། ཨོཾ་སརྦ་ཨ་བ་ར་ཎཱ་བི་བྷུཥྚཱ་ཎེ་སྭཱ་ཧཱ། ཞེས་པའི་སྔགས་འདི་རྣམས་ཀྱིས་སོ།། ཨོཾ་ཨཱཿསརྦ་ཤྲོ་དྷ་ནི་ཧཱུཾ་ཕེཊ། འབྲས་བུ་དང་མེ་ཏོག་ལ་སོགས་པ་དངོས་པ་སྣ་ཚོགས་པ་གསང་བའི་སྔགས ་ཨོཾ་བཛྲི་སྭཱ་ཧཱ། འབྲས་བུ་དབུལ་བའི་སྔགས་སོ།། དམ་ཚིག་རྫས་དང་གྷི་ཧཾ་ཡང་ཕུལ་ཏེ། ཨོཾ་བཛྲ་སཏྭ་ཨ་ཞེས་པའི་སྔགས་ཀྱི་མེ་ལོང་བསྟན་ཏོ།། དེའི་རྗེས་ལ་འམ་སྦྱིན་བསྲེག་ཡོད་ན་སྦྱིན་བསྲེག་གིས་ཚིམ་པར་བྱས ་པའི་རྗེས་ལ་ཡོན་བདག་ལ་སོགས་པ་ཞི་བ་ལ་སོགས་པ་ནས། སངས་རྒྱས་ཀྱི་མཐར་ཐུག་པའི་དོན་མངོན་པར་འདོད་པས་སྐུ་གཟུགས་ལ་སོགས་པ་དང་རྗེ་སུ་འཐུན་ཞིང་། ཡོན་བདག་གི་བསམ་པ་དང་བཏུན་ནས་དྲུག་གམ། ་གཅིག་ལས་མི་ཉུང་བའི་གསེར་གྱི་ཐུར་མ་དངུལ་གྱི་སྐོང་བུར་བཞག་པའི་མར་དང་སྦྲང་རྩི་བསྐུས་པས། ཨོཾ་ཙཀྵུ་ཙམྦྷཿས་མནྟ་ཙཀྵ་ཎཱ་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་མིག་སྨན་གྱི་སྐུ་གཟུགས་ཀྱི་སྤྱན ་དབྱེ་བར་བྱའོ།། པོ་ཏི་ལ་སོགས་པའི་ལྷ་ལ་ནི་མེ་ལོང་ལ་གཟུགས་བརྙན་བསྒོམས་པ་ལའོ།། ཞི་བ་ལ་སོགས་པའི་དོན་དུ་ཡོན་བདོག་ལ་སོགས་པ་ལ་གཟིགས་པ་ལྷུར་བྱེད་པའི་ལྷག་པའི་ལྷ་མོས་པར་བྱའོ།། དེའི་རྗེ་སུ་ཐོབ ་ཁུང་གི་མཽ་ཨ་འཛིའི་སྟེང་དུ་གནས་པའི་སྣོད་དུ་དགང་གཟར་དང་བླུགས་གཟར་གྱིས་སམ། དེ་མེད་ན་ཤིང་པིཔྤ་ལའི་འདབ་མས་འབྲས་མ་བཀྲུགས་པ་དང་། མར་དང་། སྦྲང་རྩི་དང་ཤཱ་ཁ་ར་རྣམས་དང་བསྲེས་པའི་འོ་མ་བླུགས་ལ ་རང་གི་བདག་པོའི་སྔགས་འགྱིང་བ་དང་བཅས་པས་ཟློས་ཤིང་འི་ཐུག་བསྒྲུབ་པར་བྱའོ།། སྦྱིན་བསྲེག་གི་ཐབ་ཁུང་མེདྲ་ན་མེ་གཞན་ལའོ།། འོ་ཐུག་ད་ལ། ཨོཾ་དི་བྱཱནྟོ་ས་མཱ་དྷི་དྷུ་ན་པྲི་ཎ་ནེ་སྭཱ་ཧཱ། ཞེས་སྔགས་ནས་བརྗོད་ཅིང་།། སྐུ ་གཟུགས་དང་པོ་ཏི་ལ་སྩོགས་པ་ལ་བསྒོམས་པའི་གཟུགས་བརྙན་ཤ་རི་བའི་ལྷོ་ལ་གསོལ་དུ་གཞུག། ཞབས་བསིལ་དང་ཙཱན་དན་ལ་སོགས་པ་དང་། སོ་རྩེ་རྣམས་ཀྱིས་དབུལ་ལོ།། དེ་ནས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཿཞེས་པས་དམ ་ཚིག་བསྒྲགས་པར་བྱའོ།། དེ་ནས་པོ་ཏི་ལ་སྣང་བ་མཐའ་ཡས་ཤེས་རབ་དང་བཅས་པ་ཡི་གེ་རྣམས་ལ་བཅུག་ནས་ཡི་གེའི་གཟུགས་སུ་དང་། རྣམ་པར་སྣང་མཛད་རིག་མ་དང་བཅས་པ་ནི་གཙུག་ལག་ཁང་ངམ་མཆོད་རྟེན ་ལ་བཅུག་ནས་གཙུག་ལག་ཁང་གི་གཟུགས་རྫོགས་པའི་སངས་རྒྱས་ཐམས་ཅད་དང་། དེའི་ཆོས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པའི་རྟེན་དང་། ཏིང་ངེ་འཛིན་སྣ་ཚོགས་པའི་བཞི་དང་། མཆོད་རྟེན་གྱི་གཟུགས ་ནི་འཁོར་བ་ཇི་སྲིད་དུ་འགྲོ་བའི་དོན་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་པར་བསམ་པར་བྱའོ།། དེ་ནས་མེ་ཏོག་ལ་སོགས་པ་ཕུལ་ནས་ཐལ་མོ་སྦྱར་ཏེ། ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན།། དགའ་ལྡན་དུ ་ནི་རབ་བཞུགས་རྣམས།། ལྷ་མོ་སྐྱོ་འཕྲུལ་ལྷུམས་ཞུགས་ལྟར།། དེ་བཞིན་སྐུ་གཟུགས་འདིར་བཞུགས་མཛོད།། མགོན་པོ་རྟག་ཏུ་འདིར་བཞུགས་ནས།། མེ་ཏོག་མཆོད་པ་ལ་སོགས་འདིར།། བྱང་ཆུབ་སེམས་ན་རྣམ་འཕེལ་ཕྱིར།། ་ཆེ་གེའི་དོན་དུ་བཞེས་སུ་གསོལ། ཞེས་པ་འོངས་ཡུན་རིང་དུ་གནས་པའི་དོན་དུ་གསོལ་བ་བཏབ་ནས། འཁྱིལ་པའི་སྔགས་ཟློས་ཤིང་སྐུ་གཟུགས་ལ་སོགས་པའི་འོག་དད་པར་དང་སྟེང་གི་ཆ་རྣམས་ལ་ལག་པ་གཡས་པས་རྡོ་རྗེ་སྙིང ་དུ་གསོར་བས་ལན་གསུམ་བསྐོར་ནས་བརྟན་པར་བྱ་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།། རྡོ་རྗེ་དབྱིངས་ནི་མཽ་ཁསྭ་བ་ཆེ།། རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ།། རྡོ་རྗེ་དབྱིངས་ཁྱོད་ཕྱག་འཚལ་ལོ།། རྣམ་པར་སྣང་མཛད་དག ་པ་ཆེད་རརྡོ་རྗེ་ནི་བ་དགའ་བ་ཆེ།། རང་བཞིན་འོད་གསོལ་མཆོག་གི་མཆོག། སྟོན་པ་རྡོ་རྗེ་ཁྱོད་ཕྱོག་འཚལ།། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ།། རྡོ་རྗེ་ན་མཁའ་དྲི་མང་མཁའ།། རང་བཞོན་དོག་པ་གོས་པ་མེད།། རྡོ་རྗེ་སྐུ་ཁྱོད་ཕྱག ་འཚལ་ལོ།། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ།། མི་རྟོག་ན་མཁའ་རྡོ་རྗེ་འཛིན།། འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས།། རྡོ་རྗེ་གསུང་ཁྱོད་ཕྱག་འཚལོ།། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས།། བསམ་པ་ཐམས ་ཅད་ཡོངས་རྫོགས་མཛད།། དག་པ་ངོ་བོ་ཉིད་ལ་བྱུང་།། རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ།། ཞེས་པའི་ཚིགས་སུ་བཅད་པ་དག་གིས་བསྟོད་ནས། ཆོ་ག་མ་ཚང་བ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཚོད་དུ། ཨོཾ་བཛྲ་སཏྭ་ས་མ ་ཡ་མ་ནུ་པཱ་ལ་ཡ། བཛྲ་སྱཱཏྭ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེད་བྷ་བ། སུ་ཏོ་ཥྱོ་མཱཾ་བྷྲྀ་བ། སུ་པོ་ཥྱོ་མེ་བྷ་བ། ཨཱ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམྨ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧཽ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐཱ ་ག་ཏཱ་བཛྲ་མཱ་མེ་མུཉྫུ་བིཛྲཱི་བྷཱ་བ་མེ་ཧཱ་ས་མ་ཡ་སིཏྭཱ་ཨོཾ། ཞེས་པའི་ཡི་གེ་བརྒྱ་པ་ལནི་གསུམ་བརྗོད་ནས། མ་རྙེད་ཡོངས་སུ་མྀ་ཤེས་དང་།། མ་ནུས་པ་ཡིས་ཆད་པ་དང་།། གཞན་ཡང་གང་བགྱིས་དེ་ཀུན་ནི།། ཐུགས་རྗེའི ་བཞིན་བཟང་མ་ད་གས།། རྣཾས་བརྗེད་པར་མཔལ་ཏེ། རྫོགས་སངས་རྒྱས་ལྡ་མ་རྣམས།། དེའི་སྲས་རྣམས་དང་ཆིངས་ལ་སོགས།། ལྷྭཀྴ་རྣམས་ཀྱི་ཆོག་གང་།། མཚངས་ལ་སྔགས་བཐོང་ས་རྗོད་རིགས།། མེ་དངས་ཆུ ་རླུང་རྣམས་ལས།། སྒྲ་གཟུགས་ཡུན་རིངས་བསྲུང་དུ་གསོལ།། ཡོན་བདག་དང་ནི་དྲི་སྲས་སོགས།། སྒྲུབ་མ་རྣམས་དང་བདག་ལ་ཡང་།། ཀུན་ནས་ཞི་དང་རྒྱས་པ་དང་།། རྟག་ཏུ་བཀྲ་ཤིས་མཛད་དུ་གསོལ།། སངས་རྒྱས་ཡུམ ་དུ་གཤེགས་ནས་སླར།། འདིར་ནི་བྱོན་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་ནས། ཕྱོགས་ཀྱི་གཏོར་མ་རྣམས་དང་། འབྱུང་པོ་ཐམས་ཅད་པའི་གཏོར་མ་དབུལ་ལོ།། ཡོན་བདག་གིས་ཀྱང་སྐུ་གཟུགས་ལ ་སོགས་པ་ལ་བསྐོར་བ་དང་མཆོད་པོ་དང་ཕྱག་བྱས་ནས།། སློབ་དཔོན་ལ་ཡང་དག་པའི་ཡོན་དབུལ་བ་རྣམསོ་ཀྱིས་ཡོངས་སུ་མཉེས་པར་བྱའོ།། འདིར་གཙོ་བོ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་དུ་བེ་ཏི་རབ་གི་ནས་བྱའོ།། ་གཙོ་བོ་རྣམ་པར་སྣང་མཛད་ལྔ་གཙུག་ལོག་ཁོང་ལ་སོགས་པའོ།། མི་བསྐྱོད་པའི་གཙེ་བོ་འམ། རྡོ་རྗེ་སེམས་དཔའ་འམ་གཙོ་བོ་ལ་ནི་སྐུ་གཟུགས་ཐམས་ཅད་དང་རིགས་མི་ཤེས་པ་རྣམས་ཀྱང་རབ་ཏུ་གནས་པར་བྱའོ།། ཡང ་ན་སྐུ་གཟུགས་ཀྱི་ལྷ་གང་གི་རིགས་གང་ཡིན་ཤེས་པཱ་ན་རིགས་དེའི་དེ་བཞིན་གཤེགས་པ་གཙོ་བོའི་དཀྱིལ་འཁོར་དུའོ།། ཁ་ཅིག་ཏུ་ནི་སྐུ་གང་རབ་ཏུ་གནས་བྱ་བ།། རྒྱུད་གང་ལ་ནི་རྣམ་གནས་པ།། དེ་ལ་དེ་ཡི་དཀྱིལ་འཁྲུ ་བྱ་དྭ། ཡང་ན་རང་གི་ལྷག་པའི་ལྷ།། སློབ་དབེན་རང་གི་གང་ཡིན་པ།། དེ་ནི་དབྱེ་བ་མཐོང་བས་བྱ།། ཞེས་སོ།། འདིར་དྲིའོ་ཞེས་པ་ནི་སྐུ་གཟུགས་ཀྱི་སྟེ། དེ་ཉིད་དེའི་དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིསོ།། རང་གི་ལྷག་པའི ་ལྷོ་ནི་སྤུ་དེའི་རིགས་ཀྱི་བདག་པོ་དེ་བཞིན་གཤེགས་པ་སྟེ། དེའི་དཀྱིལ་འཁོར་བྱའོ།། ཡང་ན་སློབ་དབེན་རང་གི་བདག་གི་བའི་དཀྱིལ་འ་ཁོར་བྱ་སྟེ། འདིས་གང་སྒོམ་པ་དེ་ཉིད་ནི་འདིའོ།། དེ་ལྟར་ཕྱོགས་གསུམ་དུ་བརྗོད་དོ།། ་འདི་ནི་རྒྱུད་གཞན་གང་ཡང་རུང་བར་བརྗོད་པའི་ཚུལ་དེ་ལྟ་བུའི་དཀྱིལ་འཁོར་དུ་ཡང་རྒྱུད་གཞན་དུ་བཤད་པའི་ལྷ་རྣམས་ཀྱི་རབ་ཏུ་གནས་པའི་རིགས་ཏེ་ཇི་སྐད་དུ་བཤད་པའི་གཙོ་བོའི་དཀྱིལ་འཁོར ་ཉིད་ཀྱིས་དེའི་རིགས་ཀྱི་དཀྱིལ་འཁོར་རྣམས་བསྡུས་པའི་ཕྱིར།། མདོར་བསྡུས་པའི་རབ་ཏུ་གནས་པ་ལ་ནི་སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱི་རྗེས་ལ། སྐད་ཅིག་གིས་དེ་དང་དེའི་དམ་ཚིག་སེམས་དཔའ་སྤྱན་དང་། ་ལ་སོགས་པ་བྱིན་གྱི་བརླབས་པ་བསྐྱེད་ནས། དེ་ལ་ངོ་ར་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པ་བཅུག་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་ལ ་སོགས་པ་རྣམས་དང་། རང་གིས་ཀྱང་བུམ་པའི་ཆུས་དབང་བསྐུར་ཏེ། མཆོད་ནས་དེའི་སྔགས་བརྒྱ་རྩ་བརྒྱད་བཟླསོ་ཞེས་པ་ནི་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པར་འགྱུར་རོ།། གང་གི་ཚེ་དེ་བཞིན་གཤེགས་པའི ་སྐུ་གདུང་ལ་བཀུར་སྟིའི་ཁྱད་པར་བྱ་བར་འདོད་ན། དེའི་ཚེ་སྒྲུབ་པའི་དུས་ཉིད་དུ་སྐུ་གཟུགས་ཀྱི་དབུའམ་རྒྱབ་དང་མཆོད་རྟེན་གྱི་དབུས་སྟོང་པར་བྱའོ།། གྲུབ་པ་ན་གྲེ་ག་ལ་གུར་ཀུམ་དང་གྷི་ཧཾ་དག་གིས། ན་མོ་བྷ་ག་བ་སྟེ ་ཤཱཀྱ་མུ་ནེ་ཡེ་ཏ་ཐཱ་ག་ཏཱ་ཡཽ། ཨརྷ་ཏེ་ས་མྱཀ་སཾ་བུདྡྷ་ཡ། ཨཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཡེ་དྷརྨྨ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏྲནྟེ་ཥཱཉ་ཏ་ཐཱ་ཡ་ཏེ་ཏྱ་བ་དཏྟེ་ཥཱཉྩ་ཡོ་ནི་རོ་བྷ་ཨེ་པཾ་བཱཾ་དཱ་མ་ཧཱ་ཤྲ་མ་ཎཿཞེས་པ་དང་། གཟུངས ་ཀྱི་ཁྱད་པར་ཡང་བྲིས་ནས། དེ་ཁྲུས་བྱས་པའི་གདུང་ལ་བཀྲིང་ཏཾ། ཨོཾ་མནྟ་དྷཱ་ཏུ་གརྦྷ་ཡ་སྭཱ་ཧཱ། ཞེས་པ་བརྗོད་ཅིང་སྟོང་པར་གདུག་གོ། དེ་ནས་ཨོཾ་བཛྲ་དྷ་ཏུ་གནྡྷ་ལ་སྭཱ་ཧཱ། ཞེས་པ་བརྗོད་ཅིང་རྡོ་རྗེའི་འདག་པས་སྟོང་པའི་སྒོ ་བཀག་ནས་སྔ་མ་བཞོན་དུ་དེ་རབ་ཏུ་གནས་པར་བྱའོ།། གཞན་དག་ནི་བདེ་མཆོག་དང་དགྱེས་པ་རྡོ་རྗེ་ལ་སོགས་པའི་སྐུ་གཟུགས་ལ་ཡང་འདུས་པའི་དམ་ཚིག་སེམས་དཔའི་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པ ་དང་དེ་དབང་བསྐུར་བས་རབ་ཏུ་གནས་པར་འགྱུར་བ་ཉིད་དེ་འདུས་པ་ནི་བླ་ན་མེད་པའི་ཕྱིར་རོ།། དེའི་རྗེས་ཉིད་ལ་ནི་འདུས་པའི་དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་དབང་ཕྱུག་ནི་བདེ་མཆོག་ལ་སོགས་པའི་གཟུགས་སུ་གསལ ་བར་བསྒོམ་པར་བྱ་ཞིང་། དེའི་སྐུ་གཟུགས་ཀྱང་དེའི་གཟུགས་ཉིད་དོ་ཞེས་པས་ཇི་ལྟར་འགལ་ཞེས་གསུངས་སོ།། རིག་པ་རབ་ཏུ་གནས་པ་ལ་ནི་སློབ་དཔོན་རྡོ་རྗེ་འཆང་གི་གཟུགས་སུ་འམ་རིག་པའི་བདག་པོའི་གཟུགསུ་བྱ་སྟེ། རིག ་པ་ལ་རིག་པའི་བདོག་པོ་དང་། དེར་ཡེ་ཤེས་སེམས་དཔའ་གཞུག་པ་ཆོ་ག་བཞིན་བསྒོམ་པར་བྱའོ།། དེ་བཞིན་དུ་ཇི་ལྟར་རིགས་པར་བསྒྲུབ་པར་བྱ་བའི་ཁྱད་པར་ཡང་ངོ་།། དེ་ནས་རིགས་པའི་བདག་པོ་ནི་སྔགས་རྣམས་ལ་དང་། ་བསྒྲུབ་བྱ་ནི་རང་གི་མིང་ལ་བཅུག་ནས་རིག་པ་སྤྱི་བོའི་བུ་ག་ནས། ཁ་ནས་བཅུག་སྟེ། རྡོ་རྗེའི་ལོ་མ་ནས་བྱུང་བ་ལྷ་མེའི་པདྨར་ཞུགས་པ་ལོ་རང་གི་སྙིང་གའི་ས་བོན་གྱིས་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དེ་ལྟར ་བཞུགས་པས་དབང་བསྐུར་ཏེ། ཕྱིར་བྱུང་བ་རྣམས་ཀྱིས་ཕྱིར་བྱུང་བ་རྣམས་ལ་དབང་བསྐུར་བའི་ཚེ་བུམ་པའི་ཆུས་གཏེར་རོ།། ཡང་དག་པར་མཆོད་པའི་རིག་པའི་བདག་པོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས།། ་རིག་པའི་ཁྱད་པར་ལ་ནི་ཁ་ཅིག་ཏུ་བསྒོམ་པའི་ཁྱད་པར་ཉུང་ངུ་ནི་མན་ངག་གི་སྙེ་མར་རྟོགས་པར་བྱའོ།། རིག་པ་རབ་ཏུ་གནས་པའོ།། སློབ་དཔོན་རྡོ་རྗེ་འཆང་གི་གཟུགས་སུ་རང་གི་ལག་པ་གཡས་པའི་སོར་མོ་རྣམས་རྡོ་རྗེ་རྩེ་ལྔ་པའི ་ངོ་བོར་སྐད་ཅིག་གིས་བསྒོམས་པ་ལ་ཡི་གེ་ཨཱིཾཿལས་སྐྱེས་པའི་ཉི་མ་ཨཿས་བྱིན་གྱིས་བརླབས་པ་དང་། ལག་པ་གཡོན་པའི་སོར་མོ་རྣམས་པདྨའི་འདབ་མའི་རྣམ་པར་སྐད་ཅིག་གིས་བསམ་པ་ལ་ཨ་ལས་སྐྱེས་པའི་ཟླ་བ་དེས ་བྱིན་གྱིས་བརླབས་པ་བསྒོམས་ནས། དེ་དག་གི་དབུས་སུ་བཟུང་བའི་ཕྲེང་བའི་ཐག་པའི་དབུས་ཀྱི་སྐུད་པ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་དང་། ཕྱོགས་དང་མཚམས་ཀྱི་སྐུད་པ་བརྒྱད་ཕྱག་ན་པདྨ་དང་། བྱམས་པོ་དང་། ན་མཁའ ་མཛོད་དང་། ཀུན་ཏུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། སའི་སྙིང་པོའི་བདག་ཉིད་དུ་དང་། ཕྲེང་རྡེག་རྣམས་རྣམ་པར་སྣོང་མཛད་ལ་སོགས་པའི་རང་བཞིན་དང་། ་མདོ་འཛིན་ན་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་ཀྱི་ཕུང་པོའི་མཆེད་རྟེན་དུ་སྐད་ཅིག་གིས་བསམས་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་རང་ཉིད་ཇི་ལྟ་བ་ལ་བཅུག ་སྟེ་ཨཀྲ་རུ་ཀཱ་རུ་ཏུ་རུ་ཨ་སོ་ཧི་ས་མནྟ་བི་སཱ་རུ་ག་ཎི་ཨ། ཨ་ཨཾ་ཁུ་ཨ་ལིག་ཀུ་སི་ཛྙཱ་ཨི་ཏཏྟ་བི་སྐཱ་རུ། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ན་སརྦ་བུདྡྷ་མ་ཧཾ་བྷ་བེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཿཁཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པོ།། ་བུམ་པའི་ཆུས་དབང་བསྐུར་ཞིང་མཆོད་པར་བྱའོ།། ཕྲེང་བ་རབ་ཏུ་གནས་པའོ།། མདོར་བསྡུས་པ་ནི་ཕྲེང་བ་ལ་གསུང་རྡོ་རྗེ་བསྒོམས་ནས་ཡེ་ཤེས་སེམས་དཔའི་དང་། གཅིག་ཏུ་བྱས་ཏེ་དེའི་གཟུགས་ཡོངས་སུ་གྱུར་པ་ལས་ཕྲེང ་བའི་རྣམ་པར་བསམས་ལ། བུམ་པའི་ཆུས་དབང་བསྐུར་ཏེ་མཆོད་ནས་གསུང་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། ཕྲེང་བ་རབ་ཏུ་གནས་པར་བྱའོ།། འདི་ནི་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའོ།། ་ཡོན་བདག་ལ་ནུས་པ་ཡོད་ན་ཆུ་འགྲམ་དུ་གཙོ་ལོ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བྲིས་ཏེ་དེའི་འགྲམ་དུ་འཁོར་ལོའི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས་གཏོར་མ་རྣམས་རྫིང་ལ་སོགས་པའི་ཕྱོགསུ་བཏང་ནས་ཆུ་སྟོང ་པར་གྱུར་པར་བསམས་ཏེ། བྷྲཱུཾ་ལས་སྐྱེས་པའི་འཁོར་ལོ་དང་བྷྲཱུཾ་ལས་གྲུབ་པའི་རྣམ་པར་སྣང་མཛད་སྤྱན་མ་དང་སྙོམས་པར་ཞུགས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཆུ་ལྷ་དཀར་པེ་མིའི་གདོང་པ་ལ་གཽདེངས་ཀ་བདུན་པ། ལག ་པ་གཡོན་པས་ཀླུའི་ཞགས་པ་བཟུང་པོས་མཛེས་མ་ལ་འཁྱུད་པ། གཡས་པ་འགྱིང་བ་དང་བཅས་པས་ཨུཏྤ་ལ་སྔོན་པོ་བསྣམས་པ། ལྟེ་བའི་འོག་ན་སྦྲུལ་གྱི་རྣམ་པའི་དམ་ཚིག་སེམས་དཔའ་བསྒོམས་ནས་དེ་ལ་རང་གི ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་རྣམ་པར་སྣང་མཛད་ཞབས་བསིལ་དང་ཞལ་བསིལ་དང་། མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ནས་བཅུག་སྟེ་དབང་བསྐུར་ལ ་མེ་ཏོག་ལ་སོགས་པས་མཆོད་ནས། དེ་ཡོངས་སུ་གྱུར་ཅིང་གཟུགས་བརྙན་དང་ལྡན་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དྲི་ཞིམ་པ་དང་། རོ་ཞིམ་པ་དང་། ཡང་བ་དང་། དང་བ་དང་། འཇམ་པ་དང་། བསིལ་བ་དང་། གྲེ་བ་དང་། ལྟོ ་ལ་མི་གནོད་པ་སྟེ། ཡན་ལག་བརྒྱང་དང་ལྡན་པའི་ཆུང་བང་ཆེན་གྱི་གཏིང་ལ་ཐུག་པར་ཀླུ་རིགས་བརྒྱད་ཀྱི་གནས་རླབས་ཀྱི་ཕྲེང་བ་དང་ལྡན་པ་ཀུན་ནས་བསྒོམ་པར་བྱའོ།། དེ་ལ་ཡང་ཆུའི་མཐིལ་དུ་བཟོ་བྱས་པའི་ཀླུ་བརྒྱད་སྐད་ཅིག ་གིས་དམ་ཚིག་སེམས་དཔའི་ངོ་བོ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་སྙེམས་དཔའ་དང་། དབྱེར་མེད་པ་རྣམས་གཞག་པར་བྱ་སྟེ། རྫིང་དེརོ་དབུས་སུ་མཆོད་སྡོང་གི་ཤིང་ཟབས་ལས་ཚང་ཉེས་འགྱུར་རོ།། ་དཔངས་དང་མཉམ་པ་ཡང་རུང་སྟེ། དེ་ལྟར་སེམས་དཔའ་གཉིས་ཀྱི་བདག་ཉིད་ཅན་ཆུ་ལྷའི་གཟུགས་བརྙན་དང་ལྗོན་པའི་རྩེ་མོ་ཅན་བཙུགས་པའི་དྲུང་དུའོ།། མཆོད་སྡོང་གི་ཤིང་དང་བྲལ་བའི་ཆུའི་རྟེན་གྱི་དབུས་སུ་ཡང་ངོ་།། ་དེ་ལ་ཤར་དུ་མཐའ་ཡས་གསེརཾ་ལས་བྱས་པ་དང་། ལྷོར་ར་གན་ལས་བྱས་པའི་པདྨ་དང་། ནུབ་ཏུ་ཟངས་ཀྱི་རང་བཞིན་འཇོག་པོ་དང་། བྱང་དུ་དངུལ་དག་པའི་རང་བཞིན་ལས་ནོར་རྒྱས་དང་། དབང་ལྡན་དུ་ནི་ཞ་ཉེ་དཀར་པོ ་ལས་བསྒྲུབས་པའི་པདྨ་ཆེན་པོ་དང་། མར་ན་ཉེའི་རང་བཞིན་གྱི་དུང་སྐྱོང་དང་། བདེན་བྲལ་དུ་འཁར་བ་ལས་བྱས་པའི་ཀར་ཀོ་ཊ་དང་། རླུང་དུ་ལྕགས་ལས་བྱས་པའི་རིགས་ལྡན་ནོ།། མཆོད་སྡོང་མེད་ན་ནི་དབུས་སུ་རྡོ་རྗེ་ཆུ་ལྷ་ཤེལ་ལས ་བྱས་པའི།། དེ་ནས་བདུད་རྩི་ལྔ་དང་འོ་མ་དང་ག་པུར་ལ་སོགས་པ་ཆུ་ལྷོ་ལ་སོགས་པ་ལ་གཏོར་ཏེ་དེ་རྣམས་ལ་མེ་ཏོག་ལ་སོགས་པས་མཆོད་ལ་འབྱོར་ན་རྒྱས་པའི་དོན་དུ་སྦྱིན་བསྲེགས་བྱས་ནས་པ་ལང་གི་ལྕི་བ་བྱུགས་པར་འདུག ་སྟི་དྲི་དཀར་པོས་མཎྜལ་བྱས་ནས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་མཎྜལ་ལ་གནས་པའི་པདྨའི་ལྟེ་བ་ལ་རྡོ་རྗེ་ཆུ་ལྷ་དང་། ཤར་གྱི་འདབ་མ་ལ་མཐའ་ཡོས་དང་། ལྷོར་པདྨ་དང་། ནུབ་ཏུ་འཇོག་པོ་དང་། བྱང ་དུ་ནོར་རྒྱས་དང་། དབང་ལྡན་དུ་པདྨ་ཆེན་པོ་དང་། མེར་དུང་སྐྱོང་དང། བདེན་བྲལ་དུ་ཀ་ར་ཀོ་ཊ་དང་། རླུང་དུ་རིགས་ལྡན་དང་། ཕྱི་རོལ་ཀུན་ཏུ་ཀླུ་ཐམས་ཅད་བསམས་ནས། ཨོཾ་ཨཱཿབཛྲི་བ་རུ་ཏཱ་ཡ་ཧཱུ~ཾ་སྭཱ་ཧཱ། ཨོཾ་ཨོཾཿ ་ཨ་ནན་ཏཱ་ཡ་ཧཱུཾ་སྭཱ་ཧཱ། དེ་ལྟར་རིང་གི་མིང་བཅུག་པའི་སྔགས་རྣམས་ཀྱིས་མེ་ཏོག་དཀར་པོས་མཆོད་དེ་ལག་པ་གཡོན་པ་གདོངས་ཀའོ་ཚུལ་དུ་ལག་པ་གཡས་པ་བརྐྱང་སྟེ། ཨོཾ་ཨ་ནནྟ་བཱ་སུ་ཀི་ཏཱ་ཀྵཾ་ཀཾ་ཀེརྐོ་ཊ་ཀཱ་པདྨ་མ ་མ་ཧཱ་བདྨ་ཤཾ་ཁཱ་པཱ་ལ་ཀུ་ལི་ཀ་དེ་བ་ཏི་མ་ཧཱ་དེ་བ་ཏི། སོ་མ་ཤི་ཁི་མ་ཧཱ་ཤི་ཁི། དཏྟ་དྷ་ར་མ་ཧཱ་དདྷ་དྷ་རཱ་བ་ལཱ་ལ་ཙུ་ལུ་ཎ་ཌན་ནྡོ་བ་ཙནྡ་སཱ་ག་ར་མ་ཧཱ་སཱ་ག་ར་མ་ཧཱ་སཱ་ག་རོ་ཏ་པ་ཏ་མ་ཧཱ་དྷ་བ་དྷ། ཤྲཱི་ཀཱིནྡྷི། མ་བཱ་ཀཱནྟི། ་ཀཱནྟི། སུ་རཱུ་པ་མ་ཧཱ་སུ་རུ་བ། བྷ་དྲ་ཧི་ཀ་མ་ཧེ་དདྷ་ན་ལ་ལི་མ་ཧཱ་ནཱ་མྲ་ཝཾ་ཨོཾ་བྷུཀྵཱ་བྷུཀྵཱ། ཨ་གནྡྷ་གནྡྷ་མ་ཧཱ་ནཱ་གཱ་དྷ་པ་ཏི་སརྦ་བྷུདྷཱུ་བཔྤ། ཕུ་ཕུཾ་སྭཱ་ཧཱ། ཞེས་པ་ཀླུའི་གཏོར་མའི་སྔགས་འདོན་ནིང ་མའི་གཏོར་མ་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ཡུན་རིང་དུ་གནས་པར་བྱའི་དོན་དུ་གསོལ་བ་བཏབ་སྟེ། ཡི་གེ་བརྒྱ་པ་བཏོན་ནས་བཟོད་པར་གསོལ་ཏེ། བྱིན་གྱིས་རླབས་པའི་འོ་མའི་གཏོར་མ་རེ་ཁམ་པོར་རྣམསུ་ཕྱོགས ་བརྒྱད་རྣམས་སུ་དབུལ་ལོ།། དེའི་ཕྱི་ངོས་སུའང་གཏོར་རོ།། བཞོན་ནུ་མ་རྣམས་ཀྱང་ཚིམ་པར་བྱའོ།། རྫིང་དང་རྫིང་བུ་དང་། ཁྲོན་པ་རབ་ཏུ་གནས་པའི་ཆོ་གའོ།། ་ཨ་མྲའི་ཚལ་དང་སྐྱེད་མོས་ཚལ་ལོ་སོགས་པ་རབ་ཏུ་གནས་པའི་ཚི་གེ་ལ། ཕྱོགས་སུ་གཏོར་མོ་བྱིན་ནས་བདག་ཉིད་ལ་རྣམ་པར་སྣང་མཛད་ཀྱིས་ཤིང་གི་གཙོ་བོ་སྤྱོད་པ་ཉིད་ཀྱི་རྗེས་ལྷ་རྣམ་པར་སྣང་མཛད་ཀྱི་ངོ་བོར་བསམས་ནས ་དེར་རྣམ་པར་སྣང་མཛད་ཀྱི་ཤེས་སེམས་དཔའ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་བཅུག་ནས། བུམ་པའི་ཆུས་དབང་བསྐུར་ཏེ་དེ་ཡོངས་སུ་གྱུར་པའི་ཤིང་དེ་དང་དེ་ཉིད་ཀྱི་ཚེ་ཤིང་གཞན་རྣམས་ཀྱང་དེ་ཡོངས་སུ ་གྱུར་པར་མོས་ཏེ། གཙོ་བོ་དེ་དང་དེ་ལ་བྱིན་གྱིས་བརླབ་པ་པོའི་ལྷ་ལ་མེ་ཏོག་ལ་སོགས་པས་མཆོད་དེ། འབྲས་བུ་ལ་སོགས་པས་མཆོག་ཏུ་ཕན་འདོགས་པའི་སྐྱེད་མོས་ཚལ་ལ་སོགས་པ་ཡུན་རིང་དུ་གནས་པའི ་ཕྱིར་གསོལ་བ་བཏབ་ནས་ཕྱོགས་ཀྱི་གཏོར་མ་རྣམས་དབུལ།། སྐྱེད་མོས་ཚལ་ལ་སོགས་པ་རག་ཏུ་གནས་པའི་ཆོ་གའོ།། ། བརྗོད་པའི་ཆོ་ག་འདི་དག་ཉིད་ལ་ཐམས་ཅད་དུ་ལས་གང་ལ་བསྔགས ་མ་བརྗོད་པ་དེར་ནི་ལས་ཐམས་ཅད་པའི་སྔགས་ཟླས་སོ་ཞེས་པ་ནི་ཁ་སྐང་བར་བྱའོ།། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་དཀྱིལ་འཁོར་གཞན་ཡང་རུང་སྟེ། སྔར་བརྗོད་པའི་ཆོ་གས་དང་པོ་བུམ་པ་ལྷག་པར་གནས་པ་དང་། ་དགོད་པ་དང་། ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་མཆོད་པ་བྱས་ནས། ལྷག་གནས་བྱ་བའི་སློབ་མ་རྣམས་ལས་ལེགས་པར་བརྟགས་པ་ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་བ། དགེ་བསྙེན་ལ་སོགས་པའི་བསླབ་པ་ལ་གནས་པ ་ལེགས་པར་ཐོས་པ་ལ་སོགས་པས་ཡོངསུ་སྦྱངས་པ། གུས་པ་དང་ལྡན་པ། རྡོ་རྗེ་སེམས་དཔའི་སྡོམ་པ་བཟུང་བའི་ནུས་པ་དང་ལྡན་ན་རིགས་དང་ཡོན་ཏན་དང་། གཟུགས་དང་བྲལ་བ་རྣམས་ཀྱང་ལྷག་པར་གནས་པར་བྱ་སྟེ། གལ ་ཏེ་དེ་དག་ཀྱང་དད་པས་རྡོ་རྗེ་སེམས་དཔའི་སྡོམ་པ་ཤིན་ཏུ་དོན་དུ་གཉེར་ཞིང་རྡོ་རྗེ་ཐེག་པ་ལ་སྟོན་པ་གཞན་མི་ཚལ་བར་གྱུར་ནའོ།། དེ་སྐད་དུ་བཅོམ་ལྡན་འདས་ཀྱི་གསུངས་ཤིང་ཕྱེད་དང་བཞི་བརྒྱ་པར་ཡང་། གཟུགས་ངན་ཡོངས ་སུ་མེད་པ་དང་།། དམན་པའང་ལྷག་པར་གནས་བྱ་སྟེ།། འཁོར་ནི་བཞི་པོ་རྣམས་ལ་ཡང་།། དཀྱིལ་འཁོར་དག་ཏུ་ཆོ་ག་གནང་།། རང་རང་བསླབ་པ་ལེགས་པར་ལྡན།། ཐེག་ཆེན་ལོ་དགའི་བདག་ཉིད་ཅན་ཞེས་གསུངསོ།། འཁོར ་བཞི་ནི་དགེ་སློང་དང་། དགེ་སློང་མ་དང་། དབྱེ་བསྙེན་དང་། དགེ་བསྙེན་མ་རྣམས་སོ།། ཆོ་ག་ནི་འཇུག་པ་ལ་སོགས་པའོ།། ལྡན་པ་ནི་དེ་ལྷུར་བྱང་བའོ།། ཕག་ཆེན་ལ་དགའི་བདག་ཉིད་ཅན་ཞེས་པ་འདིས་ནི་འགལ་བ་སྤང ་པའི་དོན་དུ་ཐོག་པ་འདི་ལ་ཡིད་ཀྱི་ལས་གཙོ་བོ་ཉིད་དུ་སྟོན་པར་བྱེད་དོ།། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱི་ཁ་ན་མ་ཐོ་བའི་ལས་ཉིད་ལ་ཡང་། ཀུན་སློང་གི་ཁྱོད་པར་ལས་ལྟུང་བྱར་མི་འགྱུར་བར་མང་དུ་གསུངས་སོ།། ཁོ་བོས་ཀྱང ་མན་ངག་གི་སྙེ་མ་ལ་སོགས་པ་རྣམ་པར་བཀྲོལ་ལོ།། གཞན་དུ་སྙིང་བརྩེར་ལྡན་ཞིང་བྱམས་ཕྱིར་དང་། སེམས་དགེ་བ་ལ་ལྟུང་བ་མེད། ཅེས་པ་དང་། སྙིང་རྗེ་ལྡན་ཞིང་དོན་མཐོང་བས།། བཀག་པ་ཡང་ནི་གནང་བ་ཡིན་ཞེས།། གང ་ཞིག་ཡང་བསོད་ནམས་བསགས་པ་མང་དུ་ཐོས་པ་ལ་སོགས་པས། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་ལྟ་བུ་དང་སྟོང་པ་ཉིད་དུ་རོ་གཅིག་པར་ཤིན་ཏུ་བརྟན་པར་ལྷག་པར་མོས་པར་བྱེད་པ་དེ་ལ་ནི་དགེ་སློང་དང་། རྡོ་རྗེ་འཛིན་པའི ་པ་དག་དང་འགལ་བའི་དྲི་མ་ཡང་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱི་དགེ་སློང་རྡོ་རྗེ་འཛིན་པ་ཞེས་གསུངས་ཏེ། འདི་ནི་ངེས་པར་ཁས་བླངས་དགོས་སོ།། གཞན་དུ་ན་དུས་མཚུངས་པར་གཉིས་ཀ་ཇི་ལྟར་འགྱུར ་དགེ་སློང་གི་ཉམས་སུ་མྱོང་བ་དེའི་སྦྱོར་བའི་བདེ་བའི་བག་ཆགོས་སད་པས་རྨི་ལམ་དུ་མཐོང་ན་རྨི་ལམ་དུ་མཐོང་བའི་ཕྱི་རོལ་གྱི་ཕྱག་རྒྱ་ལ་དབང་པོ་གཉིས་ཀྱི་བདེ་བའི་མཐར་ཐུག་པར་ཉམས་སུ་མྱོང་ན་ཡང་ལྟུང་བ་མེད་དོ་ཞེས ་འདུལ་བར་བསྟན་པ་དེ་རྟོགས་པར་བྱའོ།། གལ་ཏེ་ཕྱོགས་ཀྱི་བྱེ་བྲག་སྐྱེ་བོ་ངན་པའི་སྤྱོད་ཡུལ་དུ་གྱུར་ན། དེའི་ཚེ་དེ་ལ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱས་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་སྦྱིན་པར་བྱའོ།། སྐྱེ་བོ་ངན་པ་མེད་ན་ནི་ལས་ཀྱི་ཕྱག་རྒྱ ་ཁོ་ནས་སོ།། དེ་ཁོ་ན་ཉིད་ལ་མོས་པ་མི་བརྟན་པའི་དགེ་སློང་ལ་ནི་དང་པ་དང་ལྡན་ཡོད་ཕྱིའི་ཤེས་རབ་མའི་དབང་བཟུང་བ་བཀག་སྟེ། གཞན་དུ་སྡོམ་པ་སྔ་མ་ཉམས་པས་དེ་དོན་མེད་པ་ཆེན་པོར་འགྱུར་རོ།། གལ་ཏེ་ཡང་བླ་མ་བསྒོམ་པ ་ལ་བརྟན་པར་གྱུར་ན་དེའི་ཚེ་དེ་ལ་ཡང་དེས་གཏད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་མེས་ཤེསོ་རབ་ཡེ་ཤེས་ཀྱི་དབང་སྦྱིན་ནོ།། བླངས་པ་ལ་ཡང་ཚངས་པར་སྤྱོད་བ་དང་བྲལ་བའི་དོགས་པ་ཡང་མེད། ལུས་ཀྱི་ལས་མེད་པའི་ཕྱི་རོ།། དེ་ཡིད ་སྔར་ཁྱིམ་པ་ཡིན་ན་ཉམས་སུ་མྱོང་བའི་བདེ་བ་དྲན་དུ་བཅུག་པས་དགའ་བ་ལ་སོགས་པའི་དབྱེ་བ་བསྟན་པར་བྱའོ།། བླ་མ་ཡང་དགེ་སློང་དུ་གྱུར་པ་ནི་གསང་བའི་དབང་ལ་སོགས་པ་སྟེར་བའི་ཚེ། བརྗོད་པ་ཐམས་ཅད་མཚམས་སྦྱར ་བར་བྱའོ།། ཧ་ཅང་སྤྲོས་པས་ཆོག་གོ།། སྐབསུ་བབཱ་པ་བརྗོད་པར་བྱ་སྟེ། དེ་ལ་སློབ་མ་གཅིག་གམ་གཉིས་སམ་མང་པོ་མཎྜལ་བྱས་ནས་པུས་མོ་ས་ལ་བཙུགས་ཏེ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བ་རྣམས་ལ་འཇིག་རྟེན ་འདི་ཉིད་ཀྱི་མངོན་པར་མཐོ་བ་དོན་དུ་གཉེར་བས་མ་ཡིན། འཇིག་རྟེན་ཕ་རོལ་ཏུ་མངོན་པར་མཐོ་བའི་ཆེད་དུ། ཡང་མ་ཡིན་གྱི། འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་ཕུན་སུམ་ཚོགསོ་བ་ཐོབ་པར་བྱ་བའི་ཕྱིར ་དཀྱིལ་འཁོར་དུ་འཇུག་པར་བྱའོ།། དེ་ལྟ་ན་ནི་མངོན་པར་མཐོ་བ་གཉིས་ཀྱང་ཐོབ་པར་འགྱུར་རོ།། ཞེས་བསྒྲགས་ནས། ཁཱ་ནས་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེའི་ལམ་ནས་འཐོན་ནས་ཤེས་རབ་ཀྱི་བདུ ་ལམ་ལ་གནས་པ་རྣམས་ལ་སྙིང་ཀའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཤེས་རབ་དང་བཅས་པའི་དེ་བཞིན་གཤེགས་པ་ཁ་ནས་ཞུགས་ཤིང་ཞུ་བར་གྱུར་པ་རྣམས་ཀྱི་དབང་བསྐུར་བར་བསྒོམས་ནས། དཀྱིལ་འཁོར་གྱི་ཤར ་སྒོར་བཞག་སྟེ། འཇུག་པར་གསོལ་བ་འདེབས་སུ་གཞུག་བྱར་བྱ་སྟེ། སྐྱེ་རྒ་འཆི་བ་ན་ཀྲ་ཡི།། ཆུ་སྲིན་ལ་སོགས་འཇིགས་རུང་བ། སྲོང་པའི་མཚོ་ལས་བདག་སྒྲོལ་མཛོད།། དགའ་ཆེན་སྦྱིན་པ་ཁྱོད་གཅིག་པུ།། བྱང་ཆུབ ་ཆེན་པོའི་ཚུལ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལ་ལོ།། དམ་ཚིགོ་དེ་ཉིད་བདག་ལ་སྩོལ།། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ།། ་ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་གཞུག་དུ་གསོལ། ཞེས་བརྗོད་དུ་གཞུག་ཅིང་ངོ་།། དགའ་ཆེན་ཞེས་རྡོ་རྗེ་འཆང་དང་མཚུངས་པའོ།། ཚུལ་ནི་ལམ་མོ།། དམ་ཚིག་ནི་སྔགས་དང་། རྒྱུ་དང་། ཕྱག་རྒྱ་ལ་སོགས ་པའོ། ཁ་ཅིག་ནི་དང་པོར་གསོ་སྦྱོང་བཟུང་བ་རྣམས་ལ་ཞེས་སོ།། དེ་ནས་སློབ་མ་གཅིག་གཙོ་བོར་བྱ་སྟེ། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ།། གསང་སྔགས་སྤྱོད་ཚུལ་ཆོ་ག་ནི།། ཁྱོད་ལ་ཡང་དག་བསྟོན་པར་བྱ།། ཁྱོད ་ནི་ཚུལ་ཆེན་སྣོད་ཡིན་ཏེ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས།། རྡོ་རྗེ་སྔགས་ཀྱི་མཐུ་རྣམས་ཀྱི།། ཡེ་ཤེས་མཉམ་མེད་ཡང་དག་རྙེས།། གསང་སྔགས་སྦྱོར་བ་མཉམ་མེང་པ།། གདུ་གིས་ཤཱཀྱ ་སེང་གེ་སོགས།། མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྟེ།། མི་བཟང་ཆེན་པོ་སྟོབས་ཆེན་བཅོམ།། འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི།། འཁོར་ལོ་བསྐོར་ནས་མྱ་ངན་འདས།། དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བློ་གྲོས་འདི་ནི་གྱིས ་ཤིག་བུ། ཞེས་བྱ་བ་བརྗོད་ཅིང་ཡང་དག་པར་འཛིན་དུ་གཞུག་གོ། འདི་ནི་ཞེས་པ་ནི་སྔགས་ཀྱི་ཚུལ་ལ་གནལ་བའོ།། དེ་ནས་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སྡིག་པོ་ཐམས་ཅང་སོ་སོར་བཤགས།། འགྲོ། ་བའི་ངགེ་ལ་རྗེས་ཡོཾ་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱི་བཟུང་།། ཞེས་ལན་གསུམ་བརྗོད་དུ་གཞུག་གོ། དེ་ལྟར་ཐུན་མོང་གི་སྡོམ་པ་ཅན་གྱིས་སློབ་དཔོན་གྱི་སྡོམ་པ་བཟུང་བའི་ཕྱིར།། འཁོར་ལོའི་ཕྱིར་མི་ལྡོག་པའི་དབང་།། ་དམ་པ་བདག་ལ་སྩལ་ནས་ནི།། མགོན་པོ་འཁོར་ལོ་ལྷ་དག་གི། དེ་ཉིད་སློབ་དཔོན་ཕྲིན་ལས་དང་།། སངས་རྒྱས་ཀུན་གྱི་དམ་ཚིག་དང་།། སྡོམ་པ་གསང་མཆོག་བཤང་དུ་གསོལ།། སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར།། རྟག་ཏུ ་བདག་ནི་སློབ་དཔོན་བགྱིད།། ཅེས་ཁྱད་པར་དུ་གསོལ་བ་འདེགས་སུ་བཅུག་ནས། བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ།། བདག ་མིང་ཆག་མོ་ཟླས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུང་སྙིང་པོ་ལ་མཆིས་ཀྱི་བར་དུ།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཏུ་ནི་དེས་མཛད་ལྟར།། བྱང་ཆུབ་སེམས་ནི་བླན ་མེད། དམ་པ་བདག་གིས་བསྐྱེད་པར་བགྱི།། ཚུལ་ཁྱམས་བསླབ་པ་རྣམ་པ་གསུམ།། དགེ་བ་དང་ནི་ཆོས་བསྡུས་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི།། བདག་གིས་སོ་སོར་བརྟན་པོར་བཟུང་།། སངས་རྒྱས་ཆོས ་དང་དགེ་འདུན་ཏེ།། དཀོན་མཆོག་གསུམ་མཆོག་བླ་ན་མེད་།། སྡོམ་པ་སངས་རྒྱས་རྣལ་འབྱོར་བྱུང་།། དང་ནས་བརྩམས་ཏེ་བཟུང་བར་བགྱི།། རྡོ་རྗེ་ཆེན་པོའི་རིགས་བསྡུས་པ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་།། དེ་ཉིད་ཀྱིས་ནི ་རབ་ཏུ་བཟུང་།། སློབ་དཔོན་དག་ཀྱང་བཟུང་བར་བགྱི།། རིན་ཆེན་ཆེན་པོའི་རིགས་མཆོག་གི། དམ་ཚིག་སྲིད་དུ་འོང་བ་ལ།། ཉིན་རེ་བཞིན་དུ་ལན་དྲུག་ཏུ།། སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན།། པདྨོ་ཆེན་པོའི་རིགས་དག་པ།། ་བྱང་ཆུབ་ཆེན་པོར་འབྱུང་བྱ་ལ།། ཕྱི་དང་གླུསང་བ་ཐེག་པ་གསུམ།། དམ་ཆོས་སོ་སོར་གཟུང་བར་བགྱི།། ལས་ཆེན་རིགས་ནི་བསྡུས་པ་ལ།། སྟོམྦྷ་པཱ་ཐམས་ཅད་ཡང་དག་ལྡན།། མཆོད་པའི་ལས་ནི་ཅི་ནུས ་བཞི་ནི།། ཀུན་ནས་སོ་སོར་བཟུང་བར་བགྱི།། སེམས་ཅན་ཀུན་གྱི་དོན་བགྱིང་ཕྱིར།། བྱང་ཆུབ་སེམས་ནི་བླ་མེད་པ།། དམ་པ་ཡང་དག་བསྐྱེད་བགྱི་ཞིང་།། སྡོམ་པ་མ་ལུས་བཟུང་བགྱིས་ནས།། མ་བསྒྲལ་བ ་རྣམས་བསྒྲལ་བར་བགྱི།། མ་གྲོལ་བ་རྣམས་བདག་གིས་དགྲོལ།། དབུགས་མ་ཕྱིན་པ་དབུལ་དབྱུང་ཞིང་།། སེམས་ཅན་མྱ་ངན་འདས་ལ་དཔྱོད།། ཅེས་ལན་གསུམ་བརྗོད་དུ་གཞུག་ཅིང་ངོ་།། འདི་ནི་མན་ངག་གི་སྙེ་མར་རྣམ་པར་ཕྱེའོ།། ་དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས། དེ་རྣམས་ཀྱི་སྙིང་ག་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ཉི་མ་དང་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་ཨཱཿོཾ་ནག་པོ་དང་དམར་པོ་དང་། དཀར ་པོ་བསམས་ནས། དེ་རྣམས་བརྗོད་སྙིང་ག་དང་། མགྲིན་པ་དང་། མགོ་བོ་རྣམས་ལ་དྲི་ཆུ་རྡོ་རྗེ་དང་། བཅས་པའི་ཁུ་ཚུ་ར་གཡས་པས་བྱུགས་ཏེ་མགོ་བོ་ལ་མེ་ཏོག་དང་། མདུན་དུ་བདུག་སྤོས་དང་། མར་མེ། སྙིང་གར་སླར ་དྲི་སྦྱིན་ནོ།། དེའི་རྗེས་ལ་ཨ་ཤཱང་བ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་དང་ཞིང་སྲོག་ཆགས་མེད་པ་མ་གས་པ་རྨ་མེད་པ་དྲི་བཟངས་ཀྱིས་བཀྲུས་པ་རྩེ་མོར་མེ་ཏོག་བཅིངས་པ་བྱང་དུ་ཕྱོགས་པའི་སློབ་མ་རྣམས་ལ ་སྦྱིན་ནོ།། དེ་རྣམས་ཀྱིས་ཀྱང་ཁྲུ་བཞི་པ་གྲུ་བཞི་པའི་དཀྱིལ་འཁོར་བའི་ལྕི་བ་ལ་སོགས་པས་བྱུགས་པར་ཤར་རམ་བྱང་དུ་ཕྱོགས་པས་སོ་ཤིང་། ཨོཾ་བཛྲ་ཧཱ་ས་ཧ་ཞེས་བརྗོད་ནས་རྩེ་མོ་ནས་འཆོས་ཏེ་མ་གས་པ་སྟེང་དུ ་བལྟ་ཞིང་། ལྟོས་པ་མེད་པར་མདུན་དུ་འདོར་རོ།། དེ་རྣམས་ལ་སོ་ཤིང་ལྷུང་བའི་རྗེས་སུ་འབྲངས་ཏེ་འབྱུང་བར་འགྱུར་བའི་དངོས་གྲུབ་བཤད་བར་བྱའོ།། ཤར་དང་། བྱང་དང་། ནུབ་དང་། ལྷོ་དང་། སྟེང་དང་། འོག་ཏུ ་ཕྱོགས་པར་ལྷུང་ན་རིམ་པ་བཞིན་དུ་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། རིག་པ་འཛིན་པ་དང་། ས་འོག་གི་དངོས་གྲུབ་རྣམས་སོ།། དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྟུང་ན་ནི་དངོས་གྲུབ ་མེད་དོ།། དེ་ནས་བཱཾ་ལས་སྨྱོས་པའི་ཆུ་དེས་བཟླས་པཱ་ཁ་བཀྲུ་བའི་ཕྱིར་བྱིན་ནས། འཁྱིལ་པ་ལན་བདུན་བཟླས་པའི་དྲི་ཞིམ་པོའི་ཆུ་ཁྱོར་བ་གསུམ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨ་སརྦ་པཱ་པ་ནི་ཙཱ་སྱ་ཤོ་དྷ་ཡ། སརྦ་བི་ཀཱ་ཝ་ན་པ ་ནཱ་ཡ་ཧཱུཾ་ཞེས་བརྗོད་ཅིང་བླུང་།། དེ་ནས་དེ་རྣམས་ཕྱི་རོལ་ཏུ་གཞག་ལཱྀ་ཧཱུ~ཾ་ལས་བྱུང་ཞིང་དེ་བཟླས་པ་འམ། འཁྱིལ་པ་བཟླས་པའི་ཀུ་ཤ་མ་པ་རྩེ་མོ་མ་ཉམས་པ་སྟནྡ་དུ་གདྲིང་བའི་དོན་དུ་དང་། དེ་བཞིན་དུ་སྔགས་ཀྱི་དོན་དུ ་ཡི་གེ་ཛྷཻཿལས་སྐྱེས་ཤོང་དེ་དང་འཁྱིལ་པ་བཟླས་པའི་ཀུ་ཤཱ། ཨཾ་བིཛྲ་ཏཱིཀྵ་བ་ཞེས་པའི་སྔགས་ཀྱིས་སྦྱིན་ནོ།། དེ་ནས་ཧཱུཾ་ལས་བྱུང་བྱའི་སྐུད་པཱ་དམར་པོ་སློབ་མའི་ལུས་ཀྱི་ཚད་སུམ་བལྟ་བ་བྱས་ཏེ་དེ་དང་འཁྱིལ་པ་ལ་ནི ་བདུན་བཟླས་ལ་མདུད་པ་གསུམ་མམོ་དྲུག་བྱ་ས་པ་དེ་རྣམས་ཀྱི་དཔུང་པ་གཡས་པ་འམ་གཡོན་པར་རྒྱུད་གཞན་དུ་གསུངསཽ་ཏེ། ཨོཾ་བུདྡྷ་མཱཾ་ཏཱི་རཱཀྵ་རཀྵ་སརྦ་ན་སྭཱ་ཧཱ་ཞེས་བརྗོད་ཅིང་། རང་ཉིད་ཀྱིས་བཙོངས་ལ ་ཡང་དག་པར་བསྲུངས་ནས་སྤྲོ་བ་བསྐྱེད་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས།། རེས་འགའ་འབྱུང་དེམ་མི་འབྱུང་སྲིང་།། ཨུ་དུམ་པ་རའི་མེ་ཏོགེ་བཞིན།། བརྒྱ་ལམ་ན་ནི་རས་འགའ་འབྱུང་།། གང་གིས་སེམས་ཅན། ་མཉམ་མེད་དོན།། མྱ་ངན་མི་འདའ་བྱེད་པར་ནུས།། གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ།། དེ་བས་ཀྱང་ནི་ཤིན་ཏུ་དཀོན།། བསྐལ་པ་བྱེ་བ་དུ་མ་རུ།། སྡིག་པ་གང་ཞིག་སྔོན་བྱས་པ།། དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས།། ་དེ་དག་ཐམས་ཅད་ཟད་གྱུར་ན།། གྲོགས་པ་མཐའ་ཡས་སྔགས་སྤྱོད་པའི།། ཚུལ་ལ་གནས་པ་སྨོས་ཅི་དགོས།། སྐྱོབས་པའི་གསང་སྔགས་བཟླས་ནས་ནོ།། གོ་འཕང་བླ་ནི་མེད་པར་འགྱུར།། སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། ་བློ་གྲོས་ཤིན་ཏུ་དྲི་མ་མེད།། དེ་རྣམས་ཀྱིས་ནི་སྡུག་བསྔལ་ཀུན།། འབྱུང་བའི་ངན་འགྲོ་ཡང་དག་ཞི།། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱི།། དེ་རོང་རྙེད་པ་མཉམ་མེད་རྙེད།། གང་གིས་ཁྱེད་རྣམས་རྒྱལ་བ་ཀུན།། བདག་ཉིད ་པོ་སྲས་བཅས་ཀྱི།། བསྟན་འདི་ཀུན་ལ་ཡོངས་སུ་བཟུང་།། གནས་པ་སྐྱེ་བར་འགྱུར་བ་ནི།། དེ་ཡོས་བྱེད་རྣམས་ཐེག་ཚོན་ལ།། ལེགས་པར་སྐྱེས་པ་ཉིད་དུ་འགྱུར།། ཐེག་པ་ཆེན་པོ་ཆེར་འབྱུང་བའི།། ལམ་མཆོག ་འདི་ནི་དཔལ་དང་ལྡན།། གང་གིས་ཁྱེད་རྣམས་འགྲོ་འགྱུར་བས།། དེ་བཞིན་གཤེགས་པར་འགྱུར་པ་ཡིན།། ཞེས་པ་ཉན་དུ་བཅུག་ནས་སོ།། སྐྱེ་བ་ཉིད་དུ་འགྱུར་པ་ནི་དཀྱིལ་འཁོར་དུ་ཞུགས་པས་སོ།། ཐེགས་པ ་ཆེན་པོ་ཉིད་རྒྱུད་ནས་མཆོག་ཏུ་ཆེར་འབྱུང་བ་མངའ་བ་གང་ཡིན་པའོ།། དེ་ནས་དེ་རྣམས་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་བཟླས་པའི་དོན་དུ་འཁྱིལ་པའི་སྔགས་བྱིན་ཏེ། ནང་པར་བདག་ལ་རྨི་ལམ་སྨོས་ཤིག ་ཅེས་བརྗོད་ལ་དཀྱིལ་འཁོར་གྱི་ཁང་པའི་ནང་ངམ། དཀྱིལ་འཁོར་གྱི་སའི་མཐར་རམ། ཡོལ་བ་ལ་སོགས་པས་བཅང་བར་རམ། གཞན་དུ་ཡང་རུང་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་དུ་གཞུག་གོ།། ་རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་བསྲུང་བའི་དོན་དུ་འཁྱིལ་པའི་སྔགས་བཟླས་པར་བྱའོ།། འདིར་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་པ་ལ་ཡང་སྟེར་བ་དེ་ནི་ཐུན་མོང་སྟེ། སྐྱབསུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད ་པཙམ་གྱིས་མཚན་ཉིད་དོ།། གང་ཡང་སློབ་དཔོན་དུ་བྱེད་པ་ལ་སྦྱིན་པོ་དེ་ནི་སློབ་དཔོན་གྱི་སྡོམ་པ་སྷོ།། རིགས་ལྔསྟེ་བསྡུས་པའོ།། དེ་བས་ན་འོདི་ནི་སྡོམ་པ་གཉིས་སྦྱིན་པ་སྔོན་དུ་འགྲོ་བ་ཙམ་གྱི་སློབ་མ་ལྷག་པར་གནས་པའི་ཆོ་ག ་དེའི་རྗེས་སུ་བླ་མས་ནང་པར་གཏོར་མ་བཏང་སྟེ། དཀྱིལ་འཁོར་གྱི་ཁང་པ་ནས་འཐོན་ལ། སློབ་མ་རྣམས་ལ་རྨི་ལམ~ཾ་དྲི་སྟེ། རི་ལ་ལྷུང་བ་ལ་སོགས་པས་མཚོན་པའི་རྨི་ལམྱ་ངན་པ་རྣམས་ནི་འཁྱིལ་པའི་སྔགས་ཀྱིས་བསྲུང ་ལདཀྱིལ་འཁོར་གྱི་ཁང་པར་འཇུག་པའི་ཚེ། སློབ་མ་རྣམས་ཀྱི། ཨོཾ་པྲ་བི་ཤ་བྷཱ་ག་ཝཱན་མ་ཧཱ་སུ་ཁ་མོཀྵ་པུ་རཾ་སརྦ་སིདྡྷི་སཱུ་པྲཱ་དི་པ་ར་མ་ཁོ་ཏ་མ་སིདྡྷ་ཛྲཿཧཱུཾ་བཾ་ཧོཿཔྲ་སིདྡྷ་སྭ་ཞེས་སྤྱོ་བ་བསྐྱོད་པ་བཞུགས་ནས། གཡས། ་སྐོར་དུ་འཁོར་ལོའི་དབང་ཕྱུག་གི་གཟུགས་ཀྱིས་ནུབ་ལ་སོགས་པའི་སྒོར་གནས་ཏེ། དཀྱིལ་འཁོར་གྱི་ཤར་སྒོ་ལ་སོགས་པ་ཨོཾ་བིཛྲརྨཱ་ཊ་ཡ་ས་མ་ཡ་པྲ་བཻ་ཤ་ཡ་ཧཱུཾ་ཞེས་འདོན་ཞིང་སྒོ་ཕྱེན་མོ་མེ་ཏོག་གི་ཕྲེང་བ། ཨོཾ་པ ་རམ་སུ་ཁཱ་ཤ་ཡ་སུ་ལ་ལ་ཏ་བི་ལཱ་ས་ནཱ་མ་ཏེ་ར་ན་མཱ་མཾ་བྷ་ག་ཝཱན། ཏཿཛྫཿཧྲཱི་བྷྱཱཾཿཔྲ་ཏཱིརྦྷ་ཀུ་སུ་མྦྷཉྫ་ལིནྡྷཙྪནྡ། ཞེས་པའི་སྔགས་ཀྱུས་དཀྱིལ་འཁོར་དུ་ནས་སླར་བཟུང་སྟེ། ཕྲེང་བའི་དབངག་བསམ་པས ་རང་གི་མགོ་བོར་བཅིངས་ལ། འཁོར་ལོའི་དབང་ཕྱུག་ནི་བླ་མ་མངོན་སུམ་དུ་གྱུར་པར་མོས་པར་བྱ་སྟེ། དེ་སྟེར་བཞིན་པའི་ཕྲེང་བའི་དབང་བཟུང་བ་ལ་སོགས་པ་འཆད་པར་འགྱུར་བའི་དབང་མ་ལུས་པ་དང་། ཆོ་ག་བཞིན་སློང ་དཔོན་གྱི་ལས་ཐམས་ཅད་ལ་རྗེས་སུ་གནང་བ་ཐོབ་པར་བྱས་ལ། སློབ་མ་གཞུག་པའི་ཆེད་དུ་བདེ་བོ་ཆེན་པོའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དངོས་གྲུབ་མངོན ་བར་ཞུ་ཞིང་བདེན་པའི་བྱིན་བརླབས་བྱ་སྟེ། ན་མཁའ་སྐྱེ་བ་མཚན་མའི་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན།། མི་བསྐྱོད་རྡོ་རྗེ་དེང་བདག་བསྒྲུབས།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང ་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད།། ཉེས་པ་མེད་པ་རྟག་པ་ཁྱོད།། འདོད་ཆགས་ཀུན་གྱིས་རྗེས་ཆགས་པ།། བཅོམ་ལྡན་ཆགས་ཆེན་དགའ་བ་ཆེ།། དེ་ཁོ་ན་ཉིད་བདག ་གྲུབ་མཛོད།། ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས་དཔར་བདང་གྲུབ་མཛོད།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཆེན ་མཆོག་གི་ཕྱག་རྒྱ་ཡིས།། རྡོ་རྗེ་ཆེན་པོ་གསོར་བ་ལས།། རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད།། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ།། སེམས་ཅན་ཀུན་གྱི་སྙིང་ལ་གནས།། སེམས་ཅན་ཀུན་གྱི་ཡབ ་ཀྱང་ཡིན།། དམ་ཚིག་མཆོག་གིས་འདོད་པོ་མཆོག། བདེན་པ་གང་གིས་ཡེ་ཤེས་མཆོག། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི།། བདེན་པ་དེ་ཡིས་མགོན་པོ་ཁྱོད།། འདོད་པ་བདག་ལ་ཡོངས་རྫོགས་མཛོད།། ཆོས ་རྣམས་གཟུགས་བརྙན་ལྟ་བུ་སྟེ།། གསལ་ཞིང་དག་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལས་ཡང་དག་འབྱུང་།། དེ་ཉིད་དེ་བཞིན་ཉིད་ངེས་བྱུང་།། བདེན་པ་དེ་ཡིས་དཀྱིལ་འཁོར་ནི།། གཟུགས ་བརྙན་གསལ་བར་སློབ་མ་རྣམས།། ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག། ཅེས་བརྗོད་པར་བྱའོ།། གང་གི་སྐྱེ་བ་ལ་ན་མཁའི་མཚན་མ་སྟེ། དཔེ་ཡོད་པ་དེ་ནི་དེ་བཞི་ནི་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དྲང་སྙིང་རྗེའི་རང་བཞིན་རྡོ་རྗེ ་སེམས་དཔའ་ཞེས་པའི་དོན་ཏོ།། རྡོ་རྗེ་འཛིན་པ་ཀུན་ནི་རྡོ་རྗེ་ལ་སོགས་པའོ།། འདོད་ཆགས་ཀུན་ནརྀ་འདོད་པ་ཐམས་ཅད་ཀྱིས་སེམསཱ་ཅན་རྣམས་ལ་རྗེསུ་ཆགས་པའོ།། ཆགས་ཆེན་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ།། ་རང་བཞིན་གྱི་ཡོངས་སུ་དག་པའི་ཕྱིར་གདོད་མ་ནས་གྲོལ་པའོ།། ཀུན་བདག་ཉིད་ནི་ཆོས་ཉིད་ཀྱིས་སོ།། བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའོ།། དམ་ཚིག་མཆོག་གི་སྟེ་ཡང་དག་པའི་ཡེ་ཤེས་དང ་ལྡན་པ་རྣམས་ཀྱིའོ།། འདོད་པར་བྱ་བས་ན་འདོད་པ་སྟེ་འདི་ནི་མཆོག་ཀྱང་ཡིན་ནོ།། ཉོན་མོངས་པ་དང་། ཤེས་བྱ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བ་དང་། རང་བཞིན་མེད་པ་དང་། སྒྲའི་ཡུལ་མ་ཡིན་པ་ཉིད་ཀྱིས་བསལ ་བ་ལ་སོགས་པའི་ཚིག་ལྔའོ།། སྒྲིབ་པ་མེད་ན་བདེན་པའི་བྱིན་གྱིས་བརླབས་དང་། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ལས་སོ།། འདི་ནི་སློབ་དཔེར་འཇུག་པའི་ཆོ་གའོ།། ། ་དེ་ནས་སྒོའི་སློབ་དཔོན་རྣམས་མི་འདོད་ན་གཞན་དང་། འདོད་ན་ནི་དེ་རྣམས་དང་། སློབ་མ་གཞན་ལྷག་པར་གནས་པར་བྱས་པ་སྡོམ་པ་གཉིས་དང་ལྡན་པ་རྣམས་ཁྲུས་བྱེད་དུ་བཅུག་སྟེ། དྲི་ཞིམ་པོ་ལ་སོགས་པས་དག་པར ་བྱས་ལ་ཡོལ་བའི་ཕྱི་རོལ་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་སམ། འཁོར་ལོའི་དབང་ཕྱུག་གི་གཟུགས་སུ་དམིགས་ལ་འཁྱིལ་པ་བཟླས་པའི་གོས་དམར་པོ་འམོཾ། གཞན་གང་ཡང་རུང་བ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་པོ ་དྷྲྀ་ལཾ་ཀཱ་ར་ཝཱསྟ་པུ་ཛོ་མེ་གྷ་ས་མུ་དྲ་སཱ་ར་ཎི་ས་མ་ཡ་ཧཱུཾ་ཞེས་པས་སྨད་གཡོགས་བྱས་ཤིང་། ཨཱ~ཾ་བཛྲ་རཀྵ་ཧཱུཾ་ཞེས་པས་སྟོང་གཡོགས་ཅན་དང་། ཨོཾ་བཛྲོཥྞཱི་ཥ་ཧཱུཾ་ཕཊ་ཅེས་པསྣ་གཙུག་ཏོར་བྱས་ལ། བདུད་རྩི་འཁྱིལ ་པ་བཟླས་པའི་གོས་དམར་པོ་འམ་སེར་པོ། ཨོཾ་ཙཀྵུ་རྦོནྟཾ་བ་ར་མཱ་ན་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་མིག་རས་བཅིངས་ལ། ཨོཾ་ཁཾ་བཱི་ར་ཧཱུཾ་ཞེས་པ་བརྗོད་ནས་མེ་ཏིག་གི་ཕྲེང་བཟུང་ཞིང་། ཡོན་ཕུལ་བ་ལས་ཐམས་ཅད་པོའི ་ཆུ་ཡིས་བསངས་ཏེ། སྙིང་ག་དང་། མགྲིན་པ་དང་། སྤྱི་བོར་གནས་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོ་ལ་བཀོད་པའི་ཉི་མ་དང་། ཉི་མ་དང་ཟླ་བའི་སྟེང་དུ་ཧཱུཾ་ནག་པོ་དང་། ཨཱཿདམར་པོ་དང་། ཨོཾ་དཀར ་པོའི་འོད་ཟེར་གྱིས་ལུས་འོད་གསལ་བར་བྱས་ཤིང་། ཧཱུཾ་ཞེས་བརྗོད་ནས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་སྟེ། ལས་ཀྱི་རྡོ་རྗེ་ཅན་གྱིས་བཟུང་བ་ལ་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་བྲི་བར་བྱའོ།། ཀྱེ་དགའ་བ་ལ ་གའ་ཁོང་སུ་ཡིན། དེས་པ་བདེ་ཆེན་བདག་ནི་བསྐལ་བཟང་ལགས། ཞེས་བརྗོད་པར་བྱའོ།། དེ་ནས་ཨོཾ་སརྦ་ཡོ་གཙཏྠ་ཏན་རླུང་ཡཱ་མི་ཞེས་བརྗོད་དུ་གཞུག་ཅིང་། བྱང་ཆུབ་ཀྱི་སེམས་བསྟིང་དུ་བཅུག་ལ་སྙིང་གར ་རྡོ་རྗེ་མེ་ཏོག་དང་བཅས་པ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བཛྲོད་ཅིང་བཟུང་སྟེ། དེང་ཁྱོད་ལ་དེ་བཞིནརྀ་ག་ཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས།། ཁྱོད་ཀྱིས་ཀྱང་དེ ་བཞིན་ག་ཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འད་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། མ་དད་པར་ཡང་མི་བྱའོ་ཞེས་བརྗོད་དོ།། ཨོཾ་ཡ་མནྟ་ཀྲྀ་ཧཱུཾ་ཞེས ་བརྗོད་ཅིང་ཁྲིང་ལ། ཨཱཿཁཾ་བཱི་ར་ཧཱུཾ་ཞེས་པ་འདིས་ཡོལ་བའི་ནང་དུ་བཅུག་ནས། མ་ཧཱ་ར་སུ་དྷི་ཌྷ་སུ་ཏོ་ཏོ་ཥྱ་སུ་རུ་ཁོ་བཛྲ་སཏྭཱ་ཨོཾ་དྷྱ་སིདྡྷ་མཾ་ཞེས་པ་འདོན་པས་སྐོར་བ་བྱེད་ཅིང་ཐལ་མོ་སྦྱར་བས་དཀྱིལ་འཁོར ་གྱི་ཤར་གྱི་སྒོར་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་བསྠཱ་ནཱ་ཡཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭཱ་ཏྲི་ཏིཥྛ་མཱཾ། ཨོཾ་སརྦ་བུདྡྷ་པཱུ་ཛོ་བསྠ་ནཱ་ཡཱངྒ་ནཾ་ནཱིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ནཱ་དྷི་ཏིཥྛ་སོ་མཱཾ་ཞེས་པ་དང་། ལྷོར། ཨོཾ་སརྦ་ཏ ་ཐཱ་ག་ཏཱ་པཱུ་ཛཱཾ་བྷཾ་ཤེ་ཀཱ་ཡཱཏྨ་ནི་ནིརྱཱ་ཏ་ཡ་མི་སརྦ་ཏ་ཐཱ་གཱ་ཏ་བཛྲ་རཏྣ་བྷི་ཥིཉྩ་མཱཾ། ནུབ་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲཱ་བཱརྟ་ནཱ་ཡཱདྻཱ་ནཾ་ནིརྱཱ་ཏཱཾ་ཡཱ་མི་སརྦ་ཏཱ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མཱཾ། བྱུང་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཾ་ཀརྨྨ་ཎ་ཨཱཏྨ་ནཾ་ནིརྱ ་ཏ་ཡཱ་མི། སརྦ་ཏ་ཐཱ་གྲ་ཏ་བཛྲ་ཀརྨ་ཀུ་རུ་མཾ། ཞེས་པའི་སྔགས་ལྔས་རིམ་པ་བཞིན་དཀྱིལ་འཁོར་ན་བཞུགས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱེང་དུ་བཅུག་ནས། ཡང་ཤོར་སྒོར། ཨ~ཾ་གུ་རུ ་ཙ་ར་ཎོ་བསྠ་ནཱ་ཡཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། ཨོཾ་སརྦ་སཏྭ་བ་རི་ཏྲཱ་ན། ཨར་ཐ་མཱངྒ་ནཾ་ནཱིརྱཱ་ཏ་ཡཱ་མི། ཞེས་པའི་དོན་གོ་བ་སྔོན་དུ་འགྲོ་བས་འདོན་དུ་གཞུག་གོ།། ཁ་ཅིག་གིས་འདིའི་སྙིང་གོར་སྙོམས་འཇུག་གི་བདེ་བ་ཆེན་པོ་དང་སྙིང་ག་ལ་སོགས ་པར་དགོད་པར་གཞན་ཡང་བཤད་པ་ནི་སྐབས་འདིར་བསྒོམ་པར་མི་བྱ་སྟེ། དེ་ནི་ཚིག་གཞན་ཡིནོ།། དེ་ནས་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེས་ན་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱི་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྤྲོ་བར་མི ་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་ནས་མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང་། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི།། གལ་ཏེ་ཁྱོད་ཀྱི་འགའ་ཞིག་ལ།། འདི་སྨྲས་ན་ནི་སྤྱི་བོ་འགེམས། ་ཞེས་སྒྲགས་ལ་སྙིང་གར་རྡོ་རྗེ་གཟུང་སྟེ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་དང་།། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་བྲལ་ཏེ་གཤེགས།། ཞེས་བཀའ་བསྒོས་ནས།། རྣམ་པར་རྒྱལ ་བའི་བུམ་པའི་སྟེང་ན་གནས་པའི་ཆུ་མིང་མེད་དང་། མཐེ་བོང་གི་གཟུང་བའི་སྣོད་ཀྱི་ཁས་དེའི་ཁར་བླུག་ཅིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ།། རྡོ་རྗེ་བདུད ་རྩིའི་ཆུ་ཐུང་ཞིག། ཨོཾ་པཉྩ་མྲྀ་ཏོ་ཏ་ཀ་ཐཿཞེས་བརྗོད་ཅིང་མནའི་བཏུང་བབི་བྱེད་དུ་བཅུག་ནས།། དེང་ནས་བརྩམས་ནས་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས།། ངས་འདི་གྱིས་ཤིག་ཅེས་གླང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས།། ་ཁྱོད་ཀྱིས་དཱ་ལ་བརྙས་པར་ཡིད་མི་བྱ་སྟེ། ཁྱོད་ཡང་བ་མ་སྤངས་པར་ཤི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཐ~ཾས་བརྗོད་དོ།། ཁྱོད་ཀྱི་ཞེས་པ་ནི་ཁྱོད་ལའོ།། དམྱལ་བ་ཞེས་པ་ནི་བརྒལ་དཀའ་བའི་ཆུ་ལྟ་བུའོ།། ་རྡོ་རྗེ་བདུད་རྩིའི་ཆུ་ཞེས་པ་ལ་རྡོ་རྗེ་མཚོར་གཅོང་བར་བྱེད་པས་སོ།། བདུད་རྩི་སྟེ་རྗེས་སུ་འཛིན་པོའི་ཕྱི་རོ།། དམ་ཚིག་གི་ཆུ་སྦྱིན་པའི་ཆོ་གའོ།། ་དེའི་རྗེས་སུ་སྒྲུབ་པའི་དུས་ལས་སྔོན་དུ་དངོས་གྲུབ་ལ་སོགས་པ་ངེས་པའི་དོན་དུ་སློབ་མའི་སྣོད་ལ་ལྷ་དབབ་པར་བྱའོ།། དེ་ལ་དང་པོར་རི་ལ་སོགས་པ་ཡིད་དང་རྗེསུ་འཐུན་པའི་གནས་སུ་སྟོན་བསྙེན་པ་བྱས་ཤིང་སེམས་བརྟན་པ་རྡོ་རྗེ ་སེམས་དཔའི་རྣལ་འབྱོར་ཤིན་ཏུ་བརྟན་པར་དམིགས་ནས་དབབ་པའི་ནུས་པ་ཐོབ་པ་ཡིས། མཚན་ཉིད་ཐམས་ཅད་དང་ལྡན་པའི་སློབ་མ་ལྷག་ནས་བྱུགས་པ་མདུན་དུ་བྱས་ཏེ། སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་ཡི་གེ་ཨཿ ་ལས་བྱུང་བའི་སྣང་བ་མཐའ་ཡས་ཀྱི་གཟུགས་སུ་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་དུ་གསོལ།། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་བརྗོད་དུ་བཅུག་ལ། དེའི་སྙིང་ག་རཱ་ལཾ ་ལས་སྐྱེས་པའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པ་ཉི་མ་ལ་ཧཱུཾ་སྔོན་པོ་དང་། མགོ་བོ་རོ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་ཞིང་ཟླུམ་པ་བུམ་པས་མཚན་པར་ཟླ་བ་ལ་ཡི་གེ་ཧཾ་དཀར་པོ་དང་། མགྲིན ་པར་ཡོཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གིཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཿདམར་པོ་བསྒོམས་ནས། རང་གི་སྙིང་གིའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཐུགས་དང་སྐུ་དང་གསུང་རྡོ་རྗེ ་རྣམས་སྤྱན་དྲངས་ལ། གོ་རིམས་བཞིན་དུ་དེ་རྣམས་ཀྱི་རང་བཞིན་ཧཱུཾ་ཧཿཿའི་ཡི་གེ་རྣམས་ལ་བསྟིམ་ལ། རྐང་པ་དག་གི་འོག་ནས་རླུང་གི་དཀྱིལ་འཁོར་གྱི་སྦར་བའི་རཾ་ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་དམར ་པོ་གྲུ་གསུམ་པ་ཡི་གེ་རས་མཚན་པ་འོད་ཟེར་འཕྲོ་བ་ལ་གནས་པའི་ཡི་གེ་ཛྷཻཿདམར་པོས་སློབ་མ་འདེགས་ཤིང་། ཡི་གེ་ཛྷཻཿའི་འོད་ཟེར་གྱི་ཚོགས་རྐང་པའི་བུ་ག་ནས་ཞུགས་པ་རྣམས་དང་ཡི་གེ་ཧཱུཾ་ལ ་སོགས་པའི་འོད་ཟེར་རྣམས་ཀྱིས་ལུས་མཐའ་དག་ཀུན་ནས་བཀང་བར་སྒོམ་ཞིང་སྨོས་ཕོར་འདེགས་པ་མངོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཞིང་། ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧཿཱཿདྡྷོཿཞེས་པའི་སྔགས་རྣམ ་པ་བརྒྱར་འདོན་ཞིང་། བསམ་གཏན་ལ་གཞོལ་བས་དབབ་པར་བྱའོ།། གལ་ཏེ་ཕེབས་པ་རིང་དུ་འཕར་ན་དེའི་ཚེ་དེའི་སྟེང་དུ་རི་རབ་རྡོ་རྗེའི་རང་བཞིན་དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར། དེའི་སྟེང་དུ་རྡོ་རྗེ་སེར་མོ་རྩེ་ལྔ་པ། དེའི ་སྟེང་དུ་ཡི་གེ་ཡ། དེའི་སྟེང་དུ་རྣམ་པར་སྣང་མཛད་བསྒོམས་ཏེ་དོ་བཟློག་པར་བྱའོ།། དེ་ལྟར་ཕེབྱས་པར་གྱུར་པ་ལ་སློབ་མའི་ཐུགས་རྡོ་རྗེའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་གསུང་རྡོ་རྗེའི་ས་བོན་གྱི་བདག་ཉིད་ཅན་བསྐུལ་ཞིང ་ལྕེ་ལ་ཟླ་བ་ལ་གནས་པའི་ཨཿདམར་པོ་འོད་ཟེར་གྱི་ཕྲེང་བ་འཁྲུག་པ་བསྒོམས་ནས། རྡོ་རྗེ་སྨྲོས་ཤིག་ཅེས་བརྗོད་པར་བྱའོ།། དེ་ལྟར་ན་འདིར་ངམ་རད་གཞན་གྱི་དགེ་བའམ། མི་དགེ་བའི་བྱ་བ་བདེན་པར་སྨྲའོ།། དེ་ནས ་ཞུགས་པའི་ལྷ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ནས་རང་གི་སྙིང་གའི་ས་བོན་ལ་བསྟིམ་ཞིང་། སློབ་མའི་མགོ་བོའི་རྡོ་རྗེ་བཟུང་ལ། ཨོཾ་ཁྱོད་ཀྱི་སེམས་ཅན་ཞེས་པ་ལ་སྔོན་དུ་འགྲོ་བའི་ཧཱུ~ཾ་ཧྲཿཿཛྙེཿམུཿཞེས ་བྱས་གཤེགས་སུ་གསོལ་ལོ།། ཡང་དྲིལ་བུ་པའི་ཞབས་ཀྱིས་བྲིས་པ་ཡིས།། བཤང་གཅི་ལ་སོགས་ཡང་དག་བྱུགས།། བུད་མེད་རས་ནི་རྡུལ་དང་ལྡན།། གཏུབས་ལ་བྱི་ལའི་བླུན་གྱིས་བྱུག། གུ་གུལ་དང་ནི་རྣམ་པར་བསྲེས།། རོ་ཡཾ ་མེ་ནི་ཡང་དག་བླངས།། དེ་ནི་པདྨའི་སྣོད་བཞག་ནས།། དེར་ནི་དེ་ཀུན་བཅུག་ནས་ནི།། གཡས་བརྐྱང་ཞབས་གནས་ཁྲོ་བོ་ནི།། རྡོ་རྗེ་བདག་ཉིད་རྡོ་རྗེ་ཅན།། འཁོར་ལོ་གསུམ་བདག་དེ་ལ་དབབ།། དེ་ནས་སྤོས་ཀྱིས་བདུག་པར་བྱ།། ཕེབས ་པར་འགྱུར་ཏེ་ཐེ་ཚོམ་མེད།། ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཧཱུཾ་ཤྲཱི་ཧེ་རུ་ཀཱ་ཡ་བ་ཌ་མ་ཧེའི་བི་དྱཱ་རཱ་ཛཱ་ཡ་དྷཱི་མ་ཧེ་སྭཱ་ཧཱ། ཞེས་པ་འདིས་དཔའ་བོ་རབ་ཏུ་བསྐུལ་བར་བྱའོ་ཞེས་བུམ་པ་མངོན་པར་བརྗོད་པའི་རྒྱུད་དུ་གསུངས་པོའི་ཆོ་གས ་གདབ་པར་བྱའོ།། གཤང་གཅི་ལ་སོགས་ཞེས་པ་ནི་བདུད་རྩི་དང་སྒྲོན་མ་བཅུས་བྱུགས་པའོ།། བླ་མ་བདེ་མཆོག་གི་གཟུགས་ཅན་གཡས་རྐྱང་དུ་གནས་པའི་བདེ་མཆོག་གི་བདག་ཉིད་ཀྱི་སློབ་མ་གཡས་བརྐྱང་དུ་གནས་ཤིང་སྙིང ་གར་ཐལ་མོ་སྦྱར་བ་ལ་ལག་པ་གཡོན་གྱི་དྲིལ་བུ་དཀྲོལ་ཞིང་ཏིཥྛ་ཞེས་པ་ལ་སོགས་པའི་སྔགས་བརྗིད་བག་དང་བཅས་པར་བཟློས་ཤིང་ལག་པ་གཡས་ཀྱིས་བདུག་པར་བྱའོ།། དེ་ནས་གལ་ཏེ་ཕེབས་པ་ཞེས་བྱ་བ་སོགས་པར ་རིག་པར་བྱའོ།། གལ་ཏེ་རྒྱུད་ཁ་ཅིག་ཏུ་བུ་མོ་ལོ་བཅུ་གཉིས་ལོན་པ་སྐྱེས་གནས་མ་ཉམས་པ། ཡན་ལག་དང་ཉིང་ལག་མ་ཉམས་པ་དང་། གཞོན་ནུ་དེ་སྙེད་ལོན་པ་བུད་མེད་ཀྱི་ཡུལ་མི་ཤེས་པ། ཡན་ལོག་དང་ཉིང་ལག ་མ་ཆེང་བ་མེད་པའི་སྣོད་མདུན་དུ་བཞག་ནས་ལྷ་དབབ་པར་བྱའོ་ཞེས་གསུངས་སོ།། དེ་ལྟར་ན་ཡང་བླ་མ་དུས་རྒྱུན་དུ་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་ཅིང་། བསོད་ནམས་བསགས་པ་སྐད་ཅིག་གིས་བརྟན ་པར་བསྒོམ་ནུས་པས་ཡན་ལག་མ་ཚང་ཡང་རུང་། ན་ཚོང་མང་དུ་ལོན་ཞིང་འཁྲིག་པ་ཉམས་སུ་མྱོང་བའི་སྣོད་ལ་ཡང་ལྷ་དབབ་པར་བྱའོ།། ཞེས་རྒྱུད་གཞན་རྣམས་སུ་ཡང་མང་དུ་བསྟན་པའི་ཕྱིར་སློབ་མ་ལ་དབབ་པའི་དོན་དུ་འབད་བར ་བྱའོའདི་ནི་དབབ་པའི་ཆོ་གའོ།། ། དེ་ནས་སློང་མ་དཀྱིལ་འཁོར་ལ་ཕྱོགས་པ་ལ་ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་ཞེས་དྲིས་ནས། དེ་ན་རེ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ ་སྟོང་ངོ་ཞེས་ཟེར་ན་རིམ་པ་བཞིན་དུ་འདི་ནི་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་དངོས་གྲུབ་ལ་སྐལ་པོ་དང་ལྡན་པར་གོ་བར་བྱས་ནས། འདི་འོ་མཐེ་བོང་གཉིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་གཟུང་སྟེ་རྡོ་རྗེའི་རྐང ་སྟབས་ཀྱི་གར་གྱི་ཚུལ་གྱི་འཁྱིལ་པའི་བརྗོད་ཅིང་བསྐོར་བ་གསུམ་བྱེད་དུ་བཅུག་ནས་བདོན་པའི་བྱིན་གྱིས་བརླབས་འདིས་བྱའོ།། ཡང་དག་པོ་ཡི་དཀྱིལ་འཁོར་འདིར།། བདག་གི་སློབ་མ་གཞུག་པ་འདིའི།། ལྷ་རྣམས་རིགས་ཀྱི་རིམ ་བ་ནི། བསོད་ནམས་ཇི་ལྟ་དེ་ལྟར་ཤོག། འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར།། རིགས་ནི་གང་གི་སྣོད་དུ་འགྱུར།། བསོད་ནམས་མཐུ་ཡང་ཅི་འདྲ་བ།། དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག་ཅེས་པའོ།། དཀྱིལ་འཁོར་དུ་སློབ་མ་གདོང ་གཡོགས་དང་བཅས་པ་གཞུག་པའི་ཆོ་གའོ།། །། དེ་ནས་སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ་ཡི་གེ་ཏྲཾ་གིས་བསྔགས་པ་ལས་ཡང་ཞིང་མ་རྙིངས་པའི་མེ་ཏོག་གཅིག་བཏོན་ལ་དེ་ལག་པ་ཐལ་མོ་སྦྱར་བར ་སྦྱིན་པར་བྱའོ།། དེས་དེའི་ཚེ་མེ་ཏོག་གི་ཕྲེང་བར་མོས་པར་བྱ་སྟེ། རང་ཉིད་ཀྱང་ཡི་གེ་གསུམ་གྱི་འོད་གསལ་ཞིང་སྡིག་པ་བཀྲུས་པར་མོས་ཤིང་བླ་མས་དེ་ལྟར་བྱིན་གྱིས་བརླབས་པས་གུས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་པ་དང་བཅས ་འི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་ན་གནས་པ་བཞིན་དུ་དམིགས་ལ་དཀྱིལ་འཁོར་དེར་ཡིད་ཀྱི་ཞུགས་ཏེ་དེའི་དབུ་ལ་ཨོཾ་ཏཥྚ་བཛྲ་ཌཾ་ཌྷོ་མ་བྷ་བཱ་ཤཱ་ཤྭ་ཏོ་བ་ཧྲི་ང་ཡཾ་མེ་ཨ་དྷིམྦྷ་སརྦ་སཾཛྫ་མེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ་ཁཾ་བཱི་ར་ཧཱུཾ་པྲ ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོཿཞེས་བརྗོད་ཅིང་མེ་ཏོག་གཏོར་བར་བྱའོ།། རེ་ཁཱ་ལྔའི་ནང་དུ་མེ་ཏོག་ལྟུང་བ་དང་བསྟུན་ཏེ། འདི་ལ་རིགས་བསྟན་པར་བྱའོ།། དེའི་རྣལ་འབྱོར་ཡང་སྦྱིན་ནོ།། དངོས་གྲུབ་ཀྱང་མཚོན་པར་བྱའོ།། གལ་ཏེ ་སངས་རྒྱས་རྣམས་ཀྱི་མཛོད་སྤུའམ་དབུའི་གཙུག་ཏོར་ལ་མེ་ཏོག་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ།། སྤྱན་ནམ་ཞལ་ལ་ནི་སྔགས་ཀྱི་དངོས་གྲུབ་པོ།། ལུས་ཀྱི་སྟོ་ལ་ནི་མཆོག་གོ།། དབུས་ལ་ནི་འབྲིང་ངོ་།། འོག་གི་ཆ་ལ་དམན ་པའོ།། སྐུ་ལ་ཧ་ཅང་རིང་བ་ལ་ཡུན་རིང་པོས་སོ།། ཉེ་བ་ལ་དངོས་གྲུབ་མྱུར་རོ།། ལྷ་རྣམས་ཀྱི་རང་གི་གནས་ནཻ་རྀ་མིག་ལ་སོགས་པ་རྣམ་པར་བཅད་པ་ལས་ཤེས་པར་བྱའོ།། གལ་ཏེ་ལྷ་གཉིས་ཀྱི་བར་དུ་ལྷུང་ན་དེའི་ཚེ་མེ་ཏོག་གང ་ལ་ཉེ་བ་དེའི་རིགས་སུ་འགྱུར་རོ།། མཉམ་པ་ཉིད་ལ་ནི་གཉིས་ཀའི་དངོས་གྲུབ་པོ།། དེའི་ཚེ་ཡང་ལ་ངང་པ་དེའི་རིགས་ཡིན་ནོ།། རེ་ཁཱ་ལྔའི་ཕྱི་ངོས་སུ་ལྷུང་བ་ན་ལན་གསུམ་གྱི་བར་དུ་སླར་ཡང་དོར་བར་བྱའོ།། ་དེ་ལ་ཡང་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་ཕྲ་མོའོ།། ཕྱིའི་རེ་ཁཱ་ཟླུམ་པོ་རྣམས་དང་། ཕྱིའི་རྡོ་རྗེ་ར་བའི་ཕྱི་རོལ་ལ་ནི་དངོས་གྲུབ་མེད་དོ།། དཀྱིལ་འཁོར་ཡང་འདི་ལ་མི་བསྟན་ནོ།། སྔགས་བཟླས་པ་ལ་སོགས་པའི་སྐལ་བ་དང་ལྡན་པོ ་ཉི་བོས་ནས་སྐབས་གཞན་དུ་དེ་བཞུག་པར་བྱའོ།། ཕྱིའི་རྡོ་རྗེ་ཕྲེང་བའི་ནང་དུ་ལྷུང་ན་ཚེ་གོས་ཆེན་པོས།། དེ་ནས་མེ་ཏཾ་གཱ་དེ་བཟུང་ནས་ཕྲེང་བ་ལ་བཅིངས་ཏེ་ཕྲེང་བ་དེ། ཨོཾ་པྲ་ཏི་གྲིཧྞ་ཏཱཾ་ཨི་མཾ་སཏྭཱ་མ་ཧཱ་བ་ལ། དེ་རྗེད་ཅིང ་སློབ་མོའི་མགོ་བོར་བཙང་ངོ་།། ཕྲེང་བའི་དབང་གི་ཆོ་གའོ།། ། འདིར་རྡུལ་ཚོན་གྱི་རང་བཞིན་གྱི་ལྷ་རྣམས་ལ་གང་གི་མེ་ཏོག་པར་གྱུར་ཀྱང་སྐྱོན་ཅུང་ཟད་མེད་དེ། སེམས་དགེ་བ་ལ་ཉེས་པ ་མེད་ཅེས་པའོ།། དེ་ལྟར་མི་ཤེས་པ་ལ་ནི་དྲི་མ་མེད་པའི་འོད་ལས་རྡུལ་ཆེན་གྱི་དཀྱིལ་འཁོར་དུ་མེ་ཏོག་དོར་ན་རྡུལ་ཚོན་ཉམས་པའི་ཕྱིར་བསོད་ནམས་མ་ཡིན་པར་འགྱུརརོ།། ངོ་བས་ན་རྣམ་པར་རྒྱལ་བའི་བུམ་པ་ལ་གནས་པའི ་བུམ་པ་ལ་གནས་པའི་མཚན་མ་ལ་མེ་ཏོག་དོར་བར་བྱའོ་ཞེས་གསུངས་སོ།། འདིར་ཕེབས་པར་གྱུར་པ་ན་དགེ་བ་ལ་སོགས་པ་སྨྲས་པའི་རྗེས་ལ། ཨོཾ་ཏིཥྛ་བཛྲ་ཞེས་པ་འདིས་ཕེབས་པ་བརྟན་པར་བྱས་ནས་མིག་གི་སྣང་བ ་དྲི་བ་ནས་བརྩམས་ཏེ་མགོ་བོར་བཅིངས་པའི་མཐར་ཐུག་པར་བྱས་ནས་བབས་པའི་ལྷ་གཤེགས་སུ་གསོལ་བར་བྱའོ།། མི་ནུས་པས་ནི་འབབས་པའི་ཆོ་ག་མ་བྱས་པར་དམ་ཚིག་གི་ཆུ་སྦྱིན་པའི་མཇུག་ཐོག་སུ་མིག་གི་སྣང་བ་དྲི་བ་ལ་སོགས ་པ་ཐམས་ཅད་བྱའོ་ཞེས་འཆང་ངོ་།། དེའི་རྗེས་སུ་སློབ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང་། དཔྲལ་བར་རཾ་དང་། མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་གཉིས་བསྒོམས་ནས། ཨོཾ་དོ་རང་རྡོ་རྗེ་སེམས་དཔའ་དང་།། ཁྱེད་ཀྱི་མིག་ནི་འབྱེད ་པར་རྩོན།། རྡོ་རྗེའི་མིག་ནི་བླ་མེད་པ།། ཐམས་ཅད་མི་གཱ་ནི་དབྱེ་བར་མཛོད།། ཨོཾ་ཛྙཱ་ན་ཙཱརྨཱཿཧཱུཾ་ཨོཾ་སྭཱ་ཧཱ། ཞེས་བརྗོད་ཅིང་གདོང་གཡོགས་བསལྔ་བར་བྱའོ།། རྡོ་རྗེའི་མིག་ནི་གཟུགས་ཅན་ཐམས་ཅད་ལ་ཐོགས་པ་མེད་པ་མིག་གོ།། བླ་ན་མེད ་པ་ནི་སངས་རྒྱས་རྣམས་ཀྱི་བཞིན་དུ་སྒྲིབ་པ་སྤངས་པའི་ཕྱིར་རོ།། ཐམས་ཅད་མིག་ནི་ཐམས་ཅད་གཟིགས་པའི་ཕྱིར་རོ།། དེ་ནས་ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་སྨྲའོ།། ལྷ་རྣམས་ཀྱི་མང་བརྗོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་བདག་པོ་ནས ་བརྩམས་ཏེ། བྱང་གི་སྒོ་སྐྱོང་ངམ་ཇི་ལྟར་སྤྱོད་པར་གནོད་མཛེས་ཀྱི་བར་དུ་བསྟན་ནས། ད་ནི་ངང་པའི་ཤུགས་ཀྱིས་སུ།། དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས།། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས།། ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས ་དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས།། དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས།། རྡོ་རྗེ་པདྨ་རྩེ་རོལ་པ།། གསང་སྔགས་རྣམས་ལ་བསྒྲུབ་པ་བགྱིས།། ཞེས་བརྗོད་དེ། རྡོ་རྗེ་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ།། རྣལ ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར་ཞེས་བརྗོད་དུ་བཅུས་ལ་དམ་ཚིག་བརྗོད་དུ་གཞུག་གོ།། ཧོཿཧོཿཧོཿཞེས་བྱའོ།། ་དཀྱིལ་འཁོར་དུ་སློབ་མ་མཐོང་བའི་བདག་ཉིད་ཅན་དུ་གཞུག་པའི་ཆོ་གའོ།། ། དེའི་རྗེས་སུ་ཆུའི་དབང་གི་དོན་དུ་བླ་མ་ལ་ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས་པུས་མེ་བཙུགས་ཏེ་ཐལ་མོ་སྦྱར་བས། བྱང་ཆུབ་རྡོ་རྗེ་སང ་རྒྱས་ལ།། མཆོད་ཆེན་ཇི་ལྟར་སྩལ་བ་ལྟར།། བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར།། ན་མཁའི་རྡོ་རྗེ་དང་བདག་སྩོལ། ཞེས་བརྗོད་ཅིང་གསོལ་བ་གདབ་བོ།། དེ་ནས་བླ་མས་རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་ཇི་ལྟར་ཁྲུས་ཀྱི་ཆུས་དེ་ལ་མི་རེག་པར ་ཤར་གྱི་ཕྱོགས་སུ་འཇུག་པའི་སྒོ་ལ་ཕྱོགས་པར་སྒོ་ནུབ་ཏུ་བསྟན་པའི་རེ་ཁཱ་གྲུ་བཞི་པ་ཅིག་གིས་བསྐོར་བའི་སྣ་ཚོགས་པདྨ་ཞེས་པ་ནས་བརྩམས་ཏེ། ཤིང་སྟན་ལ་སོགས་པར་དཀྱིལ་འཁོར་དེ་སྒོམ་པར་བྱ་ཞེས་པའི་མཐར་ཐུག་པ་སྐུ ་གཟུགས་ཀྱི་ཁྲུས་ཀྱི་དོན་དུ་སྔར་བསྟན་པར་སློབ་མ་རྡོ་རྗེ་འཆང་གི་གཟུགས་སུ་བསྒོམས་ཤིང་དཀྱིལ་འཁོར་ལི་མངོན་པར་ཕྱོགས་པ་ལ། ཨོཾ་ཨཱཿབིགྷྣཱན་ཞེས་པ་ལ་སོགས་པ་སྦྱང་བའི་རིམ་པ་ལྔར་བརྗོད་པོས་སྦྱང་བར་བྱའོ།། དེ་ནས ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་མཐའ་ཡས་པ་ན་བཞུག་པོའི་དེ་བཞིན་གཤེགས་པ་དང་། རིག་པའི་ལྷ་མ་རྣམསོ་ལ་མཆོད་དེ། སློབ་མ་དབང་བསྐུར་བའི་དོན་དུ།། རྡོ་རྗེ་ཅན་གྱི་སངས་རྒྱས་ལ།། འགྲོ་བ་སྐྱབ་པའི་ཆེང་དུ་དབང ་ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ།། དེ་ལྟར་འདི་ལ་སྩལ་དུ་གསོལ། ཞེས་པའི་ཚོགས་སུ་བཅད་པས་གསོལ་བ་གདབ་པས་དེ་བཞིན་གཤེགས་པ་ཤེས་རབ་དང་སྙོམས་པར་ཞུགས་པ་དེ་རྣམས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས། ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ནང་དུ་ཞུགས་ཏེ་རྡོ་རྗེའི་ལམ་ནས་བྱུང་བའི་ཁུ་བ་དེས་ཁ་ནས་ལྷ་མོའི་པདྨར་ཞུགས་པའི་སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད་པའི་གཟུགས་ཤེས་རབ་དང་བཅས་པའི ་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་དབང་བསྐུར་ནས་སླར་ཕྱག་དང་ཞབས་ལ་སོགས་པའི་སྐུ་རྣམས་ཀྱི་པདྨ་ནས་ཕྱུང་སྟེ། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་རྣམས་ཀྱིས་གདུགས་དང་། ་རྒྱལ་མཚན་དང་། བ་དན་དང་། ན་བཟའ་དང་། རོལ་མོའི་སྒྲ་དང་། གླུ་དང་། གར་དང་། མེ་ཏོག་དང་། གུར་ཀུམ་ལ་སོགས་པའི་ཆར་རྣམས་དང་། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད ་རྩིས་བཀང་བ་རྣམས་ཀྱིས་པདྨ་ལས་ཕྱུང་བའི་སློབ་མ་དབང་བསྐུར་བཞིན་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། བཀྲུ་ཤོས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས།། ཀུན་གྱི་བདག་ཉིད་རིགས་ཀུན ་གྱི་ནི་བདག་པོ་མཆོག། སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། དེ་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ།། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ ་སྤངས་པ།། སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ།། དེ་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ།། འཇིག་རྟེན་གསུམ་ན་གྲགས ་ཤིང་ལྷ་དང་མི་ཡིས་མཆོད།། ཆོས་མཆོག་སྐྱེ་དགུ་རྣམས་ལ་རྟག་ཏུ་ཞི་བྱེད་པ།། དེ་ནི་ངོ་རོང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག། དམ་ཆོས་ལྡན་པ་ཐོས་དང་བཀྲ་ཤིས་ཀྱིས་ཕྱུག་ཅིང་།། དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གན།། ་ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་ཤིང་དཔལ་གྱི་གཞི།། དེ་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག། ཅེས་པའི་བཀྲ་ཤིས་ཀྱི་གླུ་རྣམས་ཀྱིས་བཀྲ་ཤིས་ཉེ་བར་སྦྱོར་བཞིན་པ་ལ། རང་གིས་ཀྱང་དེ་རྣམས་གླུར་བླངས་ལ་རྣམ ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུ་ཅུང་ཟད་བཅུས་ཏེ། པདྨའི་སྣོང་དམ་དྲོང་ཆོས་སུ་བླུགས་པས་སམ། ཡང་ནི་རྣམ་པར་རྒྱལ་བའི་བུམ་པའི་ཆུ། ཨོཾ་མ་ཧཱུ~ཾ་སུ་ཁ་བཛྲ་སཏྭ་ཨ་བྷི་ཁེ་ཀཱི་ན་ཏྲཾ་ཨ་བྷི་ཥིཉྩཱ་མ~ཾ་སརྦྦ་ཏ་ཐཱ་ག ་ཏ་ཨ་བྷི་པྲཱ་ཏྲི་ཏཱི་ན་ཌི་ཌྷོ་བྷ་བ་ཞེས་བརྗོད་ནས་སམ། བསྡུས་པ་ལྀ་དགའ་བསམ་བརྗོད་ཀྱང་རུ་སྟེ། ཡལ་འདབ་དང་བཅས་པའི་རྡོ་རྗེ་ལག་པ་གཡས་པས་བཟུང་བ་ཡིན་ཏཱཾ། དེ་ནས་དེ་བཞིན་གཤེགས་པ་བཞིའི་བུམ་པ ་རྣམས་ཀྱིའོ།། དེ་ནས་ལྷ་མོ་བཞིའི་བུམ་པ་རྣམས་ཀྱིའོ།། དེ་ནས་ཇི་ལྟར་རིགས་པར་དཀྱིལ་འཁོར་བའི་བུམ་པ་རྣམས་ཀྱིའོ།། མེད་ན་ནི་རྣམ་པར་རྒྱལ་བའི་དུམ་པའི་ཆུ་མི་བསྐྱོང་བའི་བདག་ཉིད་ཅན།། བྱང་ཆུབ་ཀྱི་སེམས་ཀྱི ་བདུད་རྩིའི་ཇོ་བོ་ཡལ་འང་བ་དང་བཅས་པའི་རྡོ་རྗེའི་རྩེ་མོས་བླུགས་པ་སུ། དབང་སྒྱུར་རྡོ་རྗེ་ཆེན་པོ་ནི།། ཁྱམས་གསུམ་པ་ཡིས་ཕྱག་བྱས་པ།། རྡོ་རྗེ་གསང་བ་གསུམ་བྱུང་བ།། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ།། ཨོཾ་ཨཱཿབཛྲང་ཀ་ཨ་ཏྨ ་བིཉྩ་ཧཱུཾ་སུ་ར་ཏ་སྟེ་ཨ་ཧཾ། ཞེས་བརྗོད་ཅིང་དབང་བསྐུར་བར་བྱའོ།། དེའི་ཚེ་དེ་བདེ་བ་ཆེན་པོ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་བསམ་དུ་གཞུག་པར་བྱའོ།། ཆུའི་དབང་གི་ཆོ་གའོ།། ་དེ་ནས་བྱང་ཆུབ་རྡོ་རྗེ་ཞེས་པ་ལ་སོགས་པས་བླ་མ་ལ་གསོལ་བ་བཏབ་པར་གྱུར་པ་སྟེ། ཨོཾ་དང་རིན་པོ་ཆེ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པ་ལ་ན་མཁའ་ལ་གནས་པའི་དེ ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་བུམ་པས་དབང་བསྐུར་བཞིན་པ་དང་། གཟུགས་རྡོ་རྗེ་ལ་སོགས་པས་བཀྲ་ཤིས་ཀྱི་གླུ་ལེན་པར་བསྒོམ་པར་བྱ་སྟེ། རྡོ་རྗེ་དང་། བདག་པོ་དང་། མིང་གོ་ང་དང་རྣམས་ལ་ཡང་དེ་བཞིན་ནོ།། དེ ་ནས་གསེར་དང་རས་ལ་སོགས་པ་ལས་བྱས་པའི་རིན་ཆེན་འབྱུང་ལྡན་ལས་སྐྱེས་ཤིང་དེའི་རང་བཞིན་ཡེ་ཤེས་སེམས་དཔའི་ངོ་བོ་སློབ་མའི་རིགས་ཀྱི་བདག་པོ་དབུས་ན་གནས་པའི་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས ་དབུ་རྒྱན་དེའི་མགོ་བོའི་དབུས་སུ་དཔྲལ་པོ་དང་ལོགས་གཉིས་སུ་དང་སྤྱི་བོ་དང་རྒྱབ་རྣམས་སུ་རིམ་པ་བཞིན་དུ་ཨོཾ་བཛྲ་དྷཱ་ཏཱཾ་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སཏྭ་བཛྲི་ཨ་བྷི་ཥིཉྩ་བྷྲཱུཾ། ཨོཾ་རཏྣ་བཛྲེ་ཨ་བྷི་ཥིཉྩ་ཨཱཿོཾ་དྷརྨ་བཛྲ་ཨ་བྷི ་2བྷྱཿ། ཨོཾ་ཀརྨ་བཛྲ་ས་བྷཱཥ་ཙྪཏྨཞེས་པའི་སྔགས་ལྔས་བཞག་ནས་མགོལ་བནམ་ང་། དབང་བསྐུར་རྡོ་རྗེ་ཆན་པ་མནས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དང་། ཨ་ཨཿབཛྲ་མུ་གུ་རྦ་ཨ་བྷྱཱཿ ་ཧཱུཾ། སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་བརྗོད་པ་བཛྲ་ཏུཥྚ་ཧོཿཞེས་བརྗོད་པས་དགྱེས་པར་བྱའོ།། ཅོད་པན་གྱི་དབང་གི་ཆོ་གའོ།། ། དེ་ནས་ཨོཾ་ཙྪ་ཏྲཱཾ་དྷཱིཿཿཞེས་པའི་སྔགས་ཀྱིས་དཔྲལ་བར་དར་དབྱངས ་བཅིང་བར་བྱའོ།། དེ་ནས་དེ་ལྟར་གསོལ་པ་བཏབ་པར་གྱུར་པའི་སློབ་མ། ཧྲིཾཿདང་པདྨ་ཡོངས་སུ་གྱུར་པའི་སྣང་བ་མཐའ་ཡས་ཀྱི་གཟུགས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་དང་། རྡོ་རྗེ་ཡང་སྣང་བ་མཐའ་ཡས་ཀྱི་བདག ་ཉིད་དུ་བསམས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ་སོགས་པའི་ཚིགས་བཅང་སྟོན་ཏེ། སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཡི།། དབང་གི་དེ་རིང་ཁྱོད་དབང་བསྐུར།། འདི་དེ་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་རིབ་ཏུ་གྲུབ་ཕྱིར་ཟུང་། ཞེས ་བརྗོད་ཅིང་སླེབ་མའི་སྙིང་ག་དང་། མགྲིན་པ་དང་། མགོ་བོ་རྣམས་ལ་རྡོ་རྗེས་རེག་ནས་རྡོ་རྗེ་ལག་པོ་གཡས་སུ་སྦྱིན་པར་བྱའོ།། རྡོ་རྗེའི་དང་གི་ཆོ་གའོ།། ། དེ་ནས་དེ་འི་ནོན་དུ་གསོལ ་བཏའ་བར་གྱུར་པ་དེ། ཁ་དང་རལ་གྲི་ལས་སྐྱེས་པའི་ཛིན་ཡོང་གྲུབ་པའི་གཟུགས་ཡེ་རིཤེས་སེམས་དཔའ་དེང་དབྱེར་མོང་བ་དང་། དྲིལ་བུ་ཡང་ངན་ཡང་གྲུབ་པ་ཡོངས་སུ་གྱུར་པར་བྱས་ནས་དེའི་ལག་པ་གཡོན་དུ་བྱིན་ལ་ལག ་བརྡོ་རྗེ་དྲིལ་བུ་དང་ལྡན་པ་དག་གི་ཕྱག་རྒྱལ་ལ་ཁྱུང་བའི་ཚུལ་བྱེད་དུ་བཅུག་སྟེ། དབང་བསྐུར་ཤེས་པའི་ཚིགས་སུ་བཅད་བྱ་བརྗོད་པ་སྐྱོན་དུ་འགྲོ་བས། ཨོཾ་བདྡྷ་སཱ་དྦྷ་བྷཱ་མྦྷ་ས་བྷི་ཆུ་མ་ཏིནྡ་བཛྲ་ས་མ་ཡ་སྭཱ་ཥྚས་བརྗོད་ལྔ། ཨོཾ་བཛྲཱི་དྷཱདྡྷེ། ་ཨཿཿབཅོམ་ལྡན་གཟུང་ངོ་བདག་ལ་ནི།། ཡང་དག་ཉེ་བར་གྱུར་པར་མཛད།། ཅེས་འདོན་དུ་གཞུག་གོ།། བདག་པོའི་དབང་སྟེ་མིང་བཞིན་དྲིལ་བུའི་དབང་གི་ཆོ་གའོ།། ། དེའི་རྗེས་སུ་དེ་བཞིན་དུ་གས ་བ་བཏབ་པར་གྱུར་པ་སྟེ། ཨོཾ་དང་འཁོར་ལོ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཡེ་ཤེས་སེམས་དཔའ་དང་རོ་གཅིག་པར་བསྒོམས་ནས། མགོ་བོར་རྡོ་རྗེ་དང་དྲིལ་བུ་མཉམ་པར་གཟུང་ཞིང་། དབང་བསྐུར་ཞེས་པ་ལ ་སོགས་པའི་ཚིགས་སུ་བཅད་པ་བརྗོད་དེ། ཨོཾ་བཛྲ་སཏྭ་ཏྲཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨོཾ་བྷི་ཥེ་ཀ་ཏཿཞེ་སྡང་རྡོ་རྗེ་ཁྱོད་ཅེས་པ་འམ། གཏི་མུག་རྡོ་རྗེ་ཁྱོད་ཅེས་པ་ལ་སོགས་པས་མེ་ཏོག་ལྷུང་བའི་རྗེསུ་འབྲངས་ནས་རང་གི་རིགས ་ཀྱི་དབང་པོའི་མིང་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱིས་དབང་བསྐུར་བར་བྱའོ།། དེ་ལ་རྡོ་རྗེ་སེམས་དཔའི་མིང་རྣམས་ནི་མཆོག་གི་དདྲང་པོ་དང་། དཔེ་མང་དང་། ཤིན་ཏུ་དགའ་བ་དང་། རོ་མཉམ་པ་དང་། རྣམ་པར་རྒྱལ་བ་དང་། ་ཨ་ལ་ལ་དང་། སེམས་པ་དང་། བདེ་ཆེན་དང་། ཡན་ལག་མེད་པ་དང་། ཡེ་ཤེས་དང་། ལྷན་ཅིག་སྐྱེས་པའི་རྡོ་རྗེ་རྣམས་སོ།། རེ་རེ་ལ་ཡང་རྡོ་རྗེའི་སྒྲ་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པ་དྲུག་གི་མིང་རྣམས་ཁོ་ན་ལའོ།། མི ་བསྐྱོད་པའི་བཞད་པ་དང་། རྣམ་པར་སྒེག་པ་དང་། དགའ་བ་དང་། སྒེག་པ་དང་། རོལ་པ་དང་། རང་བྱུང་དང་། ཞེ་སྡང་དང་། ཧེ་དང་། སྙིང་རྗེ་དང་། ཐུགས་དང་། ཧཱུཾ་མཛད་དང་། མི་བསྐྱོད་རྡོ་རྗེ་རྣམས་སོ།། རྣམ་པར་སྣང ་མཛད་ཀྱི་རྣམ་པར་སྣང་མཛད་དང་། ཨོཾ་མཛད་དང་། རྟག་པ་དང་། དེ་བཞིན་གཤེགས་པ་དང་། སྒྱུ་མ་དང་། སངས་རྒྱས་དང་། གཟུགས་དང་སྐུ་རྡོ་རྗེ་རྣམསོ།། རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེ་དང་། ཡིད་བཞིན་གྱི་ནོར་བུ་དང་། མཁའ་བར ་ནམ་མཁའ་དང་། གཟི་བརྗིད་དང་། བདུད་ལས་རྒྱལ་བ་དང་། འོད་བྱེད་པ་དང་། ང་རྒྱལ་རྡོ་རྗེ་རྣམས།། སྣང་བ་མཐའ་ཡས་ཀྱི་འདོད་ཆགས་དང་། སྤྱན་རས་གཟིགས་དང་། ཆོས་དང་། པདྨ་དང་། རྡོ་རྗེ་ཉུ་གུ་དང་། པདྨའི་མྱུ་གུ་དང་། རབ་ཏུ ་དགའ་བའི་མྱུ་གུ་དང་། སྙིང་རྗེའི་མྱུ་གུ་དང་། མཆོག་དགའ་དང་། ཤིན་ཏུ་དགའ་བའི་དགའ་བ་དང་། དཔག་མེད་དང་། གསུང་རྡོ་རྗེ་རྣམས་སོ།། དོན་ཡང་གྲུབ་པའི་དོན་ཡོད་དང་། རྟ་མཆོག་དང་། དམ་ཚིག་དང་། ཕ་རོལ་ཏུ་ཕྱིན་པ་དང ་ལས་དང་། རླུང་དང་། རེག་བྱ་དང་། ཕྲག་དོག་རྡོ་རྗེ་རྣམས་སོ།། རྡོ་རྗེ་སེམས་དཔའི་བུད་མེད་རྣམས་ཀྱི་རྡོ་རྗེ་ཤུགས་མ་དང་། རྡོ་རྗེ་རེལ་པ་མོ་དང་། རྡོ་རྗེ་མྱོས་པ་མོ་དང་། རྡོ་རྗེ་ཀོང་ཀ་ན་དང་། རྡོ་རྗེ་བཞིན་མ་དང་། རྡོ་རྗེ་གདན་མ་དང་། ་རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་འཚོར་མའོ།། མི་བསྐྱོད་པའི་རྡོ་རྗེ་བདག་མིང་མ་དང་། རྡོ་རྗེ་ཕྱག་མ་དང་། རྡོ་རྗེ་བྱེད་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་མཱ་མ་ཀཱི་དང་། ཞེ་སྡང་དགའ་མའོ།། རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་མཁའ་འགྲོ་མ་དང་། ་རྡོ་རྗེ་དཀར་མོ་དང་། རྡོ་རྗེ་སྦྲེལ་མོ་དང་། རྡོ་རྗེ་སྤྱན་མ་དང་། གཏི་མུག་དགའ་མའོ།། རིན་ཆེན་འབྱུང་ལྡན་གྱི་རྡོ་རྗེ་དོ་ཤལ་མ་དང་། རྡོ་རྗེ་དབུགས་འབྱིན་མ་དང་། རྡོ་རྗེ་འབར་མ་དང་། རྡོ་རྗེ་ཕྲེང་བྱ་མ་དང་། རྡོ་རྗེ་ན་མཁའ་མ་དང་། ནས ་མཁའ་དགའ་མའོ།། སྣང་བ་མཐའ་ཡས་ཀྱི་རྡོ་རྗེ་འདོད་ཆགས་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་ཨེ་མ་བདེ་བ་དང་། རྡོ་རྗེ་རཾ་ལངས་མ་དང་། རྡོ་རྗེ་བློ་གྲོས་མ་དང་། རྡོ་རྗེ་བཞེང་མ་དང་། རྡོ་རྗེ་གོས་དཀོར་མོ་དང་། འདོད་ཆགས་དགའ་མའོ།། དོན ་ཡོང་གྲུབ་པའི་རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་སྒྱུ་མ་དང་། རྡོ་རྗེ་རྒོང་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། རྡོ་རྗེ་དམ་ཚིག་པ་དང་། རྡོ་རྗེ་དགའ་མའོ།། མིང་གི་ཆོ་གའོ།། ་ཕྲེང་བ་དང་ཆུ་ལ་སོགས་པ་དབང་དྲུག་པོ་འདི་རྣམས་ཀྱིས་མ་རིག་པའི་གཉེན་པོ་ནུས་པ་ཉིད་དུ་སྒྲུབ་པར་བྱེད་པས་མ་རིག་པའི་དབང་ཞེས་བྱའོ།། དབང་འང་རྣམས་བསྐུར་བའི་སློབ་མ་བྱ་བ་དང་སྤྱོད་པའི་རྒྱུད་དག་མཉན་པ་དང་། བཤུད་པ་དང་། ་སྔགས་སྒྲུབ་པ་རྣམས་ལ་དབང་བར་འགྱུར་རོ།། རྣལ་འབྱོར་དང་། རྣལ་འབྱོར་མའི་རྒྱུད་ཀྱང་ངོ་ཞེས་སློབ་དབེན་དུ་རློམ་པའི་འདོད་པ་ནི་ལུང་དང་མི་ལྡན་ཏེ། ལྷན་ཅིག་སྐྱེས་པའི་དབང་དང་སྡོམ་པ་དང་བྲལ་བ་ལ་དེའི་རང་བཞིན་བརྗོད་པར་བཅོམ ་ལྡན་འདས་ཀྱིས་གང་དུ་ཡང་བཀའ་མ་སུལ་ཞིང་རིགས་པ་ཡང་མ་ཡིན་ནོ།། དབང་འདི་རྣམས་ཀྱང་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བ་ལ་ནི་ཐུར་མོང་གི་སྡོམ་པ་སྔོན་དུ་འགྲོ་བས་སྦྱིན་ནོ།། དོན་དུ་གཉེར་བ་ལས་ནི་སྡོམ་པ་གཉིས་ཀ ་སྔོན་དུ་འགྲོ་བས་སོ།། དེ་ནས་སློབ་མས་ཡན་ཕུལ་ཞིང་ཐལ་མོ་སྦྱར་ཏེ། གང་གིས་བདག་ནི་ཁྱོད་དྷི། ཕན།། རང་དང་གཞན་དོན་ནུས་འགྱུར་བ།། རྡོ་རྗེ་སློབ་དཔོན་གྱི་ནི་བང་།། ཐུགས་རྗེའི་གཏེར་གྱི་བདག་ལ་སྤྲུལ ་ཞེས་བརྗོད་དེ་བླ་མ་ལ་གསོལ་བ་གངབ་པར་བྱས་པ་དེ། རྡོ་རྗེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་སུ་བ་སམས་ནས། ཐེག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དང་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ ་སྙེམས་མའི་བདག་པོ་བདག། བཅོམ་ལྡན་འདས་མཆོག་གི་དང་རྫིཛ་སྐྱེས་བུའོ་ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་འཛིན་དུ་གཞུག་པ་ནི་རྡོ་རྗེའི་དམ་ཚིག་གོ།། བདག་ནི་འགྲོ་བའོ།། དེ་ནས་དྲིལ་བུ་ཨཿལས་སྐྱེས་པར་བསྒོམས་ནས། འདི་དེ ་སངས་རྒྱས་ཐམས་ཅད་ཀྱིས།། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་འཛིན་དུ་གཞུག་གོ།། རང་གི་ངང་གིས་འཇུག་པ་དབྱངས་ཀྱིས ་རྟོགས་བཞིན་པ་སངས་རྒྱས་ཀྱི་ཤེས་རབ་བཞིན་དུ་དྲིལ་བུ་ཡང་ངོ་།། སློབ་མོས་ཀྱང་སྲིད་པ་ངོ་བོ་ཉིད་ཀྱིས་བདགངོ་བོ་ཉིད་དང་བྲལ་སྦྲིད་བྱས།། རང་བཞིན་དག་མཆོག་སེམས་དཔའ་ཡིས།། དམ་པའི་སྦྲིད་པ་བྱེད་པར་འགྱུར། ཞེས་བརྗོད ་ཅིང་དཀྲོལ་བར་བྱའོ།། སྒྲོ་བཏགས་པའི་ངོ་བོ་ཉིད་དང་འགལ་བའི་སྲིད་པ་བྱས་པའོ།། འདི་ནི་དྲིལ་བུའི་དམ་ཚིག་གོ། དེ་ནས་དེ་ལ། ཡིད་ཀྱི་ལུས་ནི་བརྟན་པ་ཉིད།། ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད།། རང་གི་ལུས་ནི་ཐམས་ཅད་བརྟན།། དེས ་ཕྱག་རྨ་ལ་རབ་ཏུ་བསྒྲགས།། ཞེས་པས། ཡེ་ཤེས་ཕྱག་རྒྱར་བྱིན་བརླབས་ནས།། འདོད་པ་ཐམས་ཅད་ལོངས་སྤྱོད་པས།། དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱ། ཞེས་པ་ག་བར་བྱས་ལ། རྡོ་རྗེ་སེམས་དཔའི་སྐུ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར ་གྱི་རིམ་པས་བྱིན་གྱིས་རློབ་དུ་བཅུག་ནས་མཁྱུད་བའི་ཚུལ་བྱེད་དུ་གཞུག་གོ། དེ་ཡང་མཆོག་གི་དང་པོའི་རྒྱུད་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་ནས་ནི།། དམ་ཚིག་གིསནི་ཕྱག་རྒྱ་ཆེརོ།། བྱིན་གྱིས་བརླབསཽ་ནས་སྙིང་པོ ་བཟླས།། ཞེས་གསུངས་སོ།། ཕྱག་རྒྱའི་དཔེ་ཚིག་གོ། འདི་ནི་དམ་ཚིག་གསུམ་སྦྱིན་པའི་ཆོ་གའོ།། །། དེའི་རྗེས་ལ་དམ་ཚིག་གསུམ་བཟུང་བ་ནི་སྔ་མ་བཞིན་ཁྲུས་ཀྱི་དཀྱིལ་འཁོར་རམ། གཞན་དུ་དེ་ལྟར ་བསྒོམ་པར་གཞག་ལ་རྡོ་རྗེ་སེམས་དཔའི་གཟུགསུ་བསྒོམས་ཏེ། ཆུའི་དབང་དུ་བརྗོད་པའི་ཆོ་ག་སྙིང་གའི་ས་བོན་ནས་བརྩམས་ཏེ་རྡོ་རྗེའི་རྩེ་མོའི་བླུགས་ཀྱི་བར་དང་། དབང་སྐུར་ཆེན་པོའི་རྡོ་རྗེ་ནི།། ཁམས་གསུམ་པ་ཡིས་ཕྱག་བྱས་པ།། སངས ་རྒྱས་ཀུར་གྱི་གསང་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱ།། ཨོཾ་ཨཱཿསརྦྦ་ཏ་ཐཱ་གྲ་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བརྗེད་ཅིང་དབང་བསྐུར་རོ།། དེ་ནས་མི་བསྐྱོད་པ་ཅོད་པན་ཅན་དུ་བསམས་ནས་དེ་བཞིན་གཤེགས ་པ་གཞན་དང་ལྷ་མ་རྣམས་དེ་ཉིད་དུ་ཡེ་ཤེས་སེམས་དཔེའི་ངོ་བོར་བཅུག་ལ། ཨོཾ་སུ་པྲ་ཏིཥྛ་ཏ་བཛྲེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ་དེ་ལ་མེ་ཏོག་ལ་སོགས་པ་དབུལ་ལོ།། དེ་ལྟར་ཤེས་རབ་བཅུ་དྲུག་ལོན་པ་དང་། ལག ་པ་དག་གི་ཡང་དག་འཁྱུད་།། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས།། སློབ་དབེན་གྱི་ནི་དབང་དུ་འདོད་ཅེས་གསུངསོ།། དེ་ནས་མདོར་བསྡུ་ན་གཞལ་ཡས་ཁང་འདི་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ།། ཞེས་པ་ལ་སོགས་པ་དཀྱིལ ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། ཕུང་པོ་ལྔ་ནི་མདོར་བསྡུ་ན།། སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། ཞེས་པ་ལ་སོགས་པ་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། དོན་དམ་པར་ནི་དཀྱིལ་འཁོར་ལ་སོགས་པ་རྣམས་ནི་རིམ་པ་གཉིས ་ཀ་ལ་ཡང་རང་བཞིན་མེད་པའི་བདག་ཉིད་ཅན་དེ་བཞིན་ཉིད་ཁོ་ནའི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། དཀྱིལ་འཁོར་བྲི་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་རིམ་པ་འཁོར་དང་བཅས་པ་བརྗོད་པར་བྱའོ།། དེ་ལྟར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས ་པ་ཤེས་པ་དང་། འདའ་བར་བྱ་བ་མ་ཡིན་པའི་ངོ་བོ་དམ་ཚིག་དང་། བྱ་བ་དང་མི་བྱ་བའི་བདག་ཉིད་ཅན་སྡོམ་པ་དེ་ཁོ་ན་ཉིད་བཞིན་དུ་བསྒྲུབ་པར་བྱ་བ་ལ་སྐལ་པ་དང་ལྡན་པ་ཉིད་བརྗོད་དོ།། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་རྒྱས་པར་ནི་ཁོ་བོ ་མན་ངག་གི་སྙེ་མར་བསྟན་ཏོ།། འདི་ནི་ཕྱིར་མི་ལྡོག་པའི་དབང་སྟེ། མིང་གཞན་སློབ་དཔོན་གྱི་དབང་གི་ཆོ་གའོ།། ། དེ་ནས་རང་གི་སྙིང་པོ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་ངམ་ལན་གསུམ་དུ་བཟླས་པ། བཅོམ ་ལྡན་བདག་གི་སྦྱིན་ལགས་ཀྱི།། འདི་ལ་ཉེ་བར་མཛད་དུ་གསོལ། ཞེས་བརྗོད་ཅིང་སློབ་མ་ལ་སྦྱིན་ནོ།། སློབ་མས་ཀྱང་། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས།། བདག་ལ་ཉེ་བར་མཇེད་དུ་གསོལ་ཞེས་པ་འདིས་གཟུང་ནས་ལན་གསུམ་དུ ་བཟླས་སོ།། སྔགས་གཏད་པའི་ཆོ་གའོ།། ། འདི་ཉིད་སངས་རྒྱས་ཐོད་པ་ལ་སོགས་པའི་རྒྱུད་གཞན་ལས་དང་། དྲིལ་བུ་པའི་ཞབས་ཀྱིས་སྔགས་ཀྱི་དབང་དུ་གསུངས་སོ།། དེ་ནས་གསེར་རམ་དངུལ་གྱི་སྣོད་དུ་གཞག ་པའི་མར་དང་སྦྲང་རྩི་དང་། མིག་སྨན་གསེར་ལས་བྱས་པའི་ཐུར་མས་སློབ་མའི་མིག་ལ་ཡི་གེ་བྲི་སྒོམས་པ་ལ། ཨོཾ་བཛྲ་ནཻ་ཏྲཱ་པ་ཊ་ལྀ་ཧྲཱིཿཞེས་བརྗེད་ཅིང་བསྐུས་ཏེ། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས།། ཇི་ལྟར་འཇིག་རྟེན་རབ་རིབ་བཞིན།། རྒྱལ་བ ་རྣམས་ཀྱིས་བུ་ཁྱོད་ཀྱིས།། མི་ཤེས་པའི་རབ་རིང་བསལ་ཞེས་བརྗོད་དེ།། བསལ་བ་ནི་སེལ་བར་ནུས་པ་ཉིད་བསྒྲུབས་པའི་ཕྱིར་རོ།། མིག་སྨན་གྱི་ཆོ་གའོ།། ། དེ་ནས་མེ་ལོང་བླངས་ལ་ཡི་གེ་ཨཿཡིག་སྔགས་ལ ་དེ་སློབ་མ་ལ་བསྟན་ཅིང་།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། གསལ་ཞིང་དག་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་རྗོང་དུ་མེད།། རྒྱུ་དང་ལས་ལས་ཡང་ངག་བྱུང་།། རྡོ་རྟ་སེམས་དཔའ་མེ་ལོང་བཞིན།། དེ་ནི་གསལ་དག་རྙོག་པ་མེད།། སངས ་རྒྱས་ཀུན་བདག་རང་ཉིད་ནི།། བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས།། རང་བཞིན་མེད་ཅིང་གནས་མེད་པར།། ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད།། སེམས་ཅན་དོན་ནི་མཉམ་མེད་བྱས།། སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། ཞེས་བརྗོད་དོ།། གསལ་བ་ནི་ཉོན ་མོངས་པའི་དྲི་མ་མེད་པའི་ཕྱིར་རོ།། དག་པ་ནི་ཤེས་བྱའི་སྒྲིབ་པ་དག་པའི་ཕྱིར་རོ།། རྙོག་པ་མེད་པ་ནི་དེ་གཉིས་ཀྱི་བག་ཆགས་དང་བྲལ་བའི་ཕྱིར་རོ།། རང་བཞིན་གྱིས་རྣམ་པར་དོག་པས་ཚིགས་སུ་བཅད་པ་དང་པོའོ།། གཉིས་པ་ནི་དྲི་མ་མེད ་བའི་རྣམ་པར་དག་པའོ།། དེར་ནི་སྟེ་ཆོས་རྣམས་སུའོ།། ཞུགས་པ་ནི་བྱིན་གྱིས་རློབ་པའི་ཕྱིར་དང་། ཐེབ་བྱ་ཉིད་དུ་དམིགས་པའི་ཕྱིར་དང་ནུས་པ་ཉིད་ཀྱིས་སོ།། མེ་ལོང་གི་དབང་གི་ཆོ་གའོ།། ་མེ་ལོང་སྟོན་པའི་ཆོ་ག་ལན་གཉིས་སུ་སྨྲས་པས་ནི་འཕགས་པ་ཀླུའི་བློའི་ཞབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་མ་མཐོང་པོ་ཉིད་དོ།། བ་ཅོག་གིས་དབང་བསྐུར་པོ་ཉིད་དུ་རྣམ་པར་བཤད་པར་འདོད་པ་ལ་ནི་ལན་གཉིས་སྟོན་པའི་ཆོ་ག་གསུངས ་པའོ། དེ་ནས་ཡི་གེ་ཧོཿལས་བྱུང་བའི་གཞུ་ཧོཿ། ཞེས་རྗོད་ཅིང་བྱིན་ནས། སརྦ་ཏ་ཐཱ་ག་ཏཱ་ནུ་ར་ག་ཡཱ་སྭཱ། ཞེས་བརྗོད་དོ།། མདའ་འཕང་བའི་ཚེ་ན་ཡང་ངོ་།། སློབ་མས། སརྦ་ཏ་ཐཱ་ག་ཏཱ་ནཱ་ནུ་རཱ་ག་ཡཱ་མི་ཞེས་བརྗོད་ཅིང་བགེགས་ལ ་འབིགས་པའི་བསམ་པས་ཕྱོགས་བཞིར་མདའ་བཞི་འཕང་བར་བྱའོ།། སྟེང་དུ་གཅིག་སྟེ་འོག་ཏུ་གཞན་ནོ།། མདའ་འཕང་བའི་ཆོ་གའོ།། །། དེ་ནས་ཡོལ་བ་ལ་སོགས་པས་དབེན་པར་བྱས ་པར་སློབ་མས་གསང་བའི་དབང་གི་དོན་དུ་གཞོན་ནུ་མ་ལང་ཚོ་ལ་སོགས་པ་དང་ལྡན་པའི་ཤེས་རབ་མ་དམ་ཚིག་དང་ལྡན་པ་འམ། དེ་མེད་ན་གཞན་ཡང་རུང་སྟེ། བླ་མ་ལ་ཕུལ་ནས་ཐལ་མོ་སྦྱར་ཏེ། བླ་མ་རྡོ་རྗེ་སེམས་དཔར་མོས་ནས། ་ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས།། བདག་གིས་བློ་མེད་བྱ་བ་ཐོབ།། དེ་ཕྱིར་གསང་བའི་དབང་གིས་ནི།། མགོན་པོས་རྗེས་སུ་བཟུང་བར་མཛོད།། ཅེས་པའི་ཚིགས་སུ་བཅད་པས་གསོལ་པོ་གདབ་པར་བྱའོ།། དེ་ནས་བླ་མས་འཁོར ་ལོའི་དབང་ཕྱུག་གི་ང་རྒྱལ་དང་ལྡན་པས་ཐ་མལ་གྱི་བུད་མེད་ཀྱི་གཟུགས་སྟོང་པ་ཉིད་ཀྱིས་རྗེས་ལ། ལྷ་མོའི་གཟུགས་སུ་བསྐྱེད་པ་དེ་དང་། རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་འཇུག་པར་བྱ་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ ་བཛྲ་སྭ་བྷ་བ་ཨཱ་ཏ་མ་ཀཾ་ཧཱུཾ་ཞེས་བརྗོད་ཅིང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གོཤེགས་པ་སྤྱན་མ་ལ་སོགས་པ་དང་སྙོམས་པར་འཇུག་པ་བཀུག་ལ་རྣམ་པོར་སྣང་མཛད་ཀྱི་སྒོ་ནས་བདག་ཉིད་ལ ་བཅུག་ནས། ཆགས་པ་ཆེན་པོས་ཞུ་བར་གྱུར་ཏེ། ཨ་བ་བྷཱུ་ཏཱི་ནས་འགྲོ་བར་བསམས་ནས་རྡོ་རྗེ་ནོར་བུར་ལན་ཅིག་སྐྱེས་པ་བརྟན་པར་བྱ་སྟེ། པདྨ་ལས་ཕྱུང་ནས་མཐེ་བོ་དང་མིང་མེད་ཀྱི་ནོར་བུར་བཙིར་ནས་དེ་བཞིན་གཤེགས་པའི་ཁུ་བ་དེ ་རང་ག་བྱང་ཆུབ་ཀྱི་སེམས་དང་དབྱེར་མེད་པར་མོས་པ་བྱས་ཏེ་གསུང་རྡོ་རྗེའི་གཟུགས་ཀྱི་སློབ་མའི་ཁར་མཐོང་ན། མ་དད་ཀྱིས་དག་པོས་གདོང་གིཡོགས་བཅིངས་ཏེ་དེའི་ལྟ་བ་དང་ལག་པའི་ཡུལ་མིན་པར་འདས་པའི་རྡོ་རྗེ་འཆང་སོགས ་ཀྱིས་རཱ་ཇི་ལྟར་སངས་རྒྱས་སྲས་དབང་བསྐུར།། བྱང་ཆུབ་སེམས་ནི་བཟང་པོ་ཡིས། དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། ཞེས་པ་དང་། དཀྱིལ་འཁོར་གྱི་བདག་པོའི་སྔགས་ཨོཾ་བཛྲ་དྷྲི་ག་ཧཱུཾ་ཞེས་པ་ལ་སོགས་པ་རྒྱུད་ཇི་ལྟ་བ་བཞིན ་བརྗོང་ཅིང་དབབ་པར་བྱའོ།། དེས་ཀྱང་རྣམ་པོར་སྣང་མཛད་ལ་ལ་སོགས་པ་དེ་བཞིན་གཤེགས་པ་ཀུན་འདུས་པའི་བློས།། ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ཅིང་བཏུང་བར་བྱའོ།། ཤེས་རབ་ཀྱང་ལངས་ལ་གོས་མེད་པ་ཉིད་དུ་རང་གི་ཆུ་སྐྱེས ་ན་གནས་པའི་བདུད་རྩིའི་ཐིག་ལེ་རྣམས་དེ་ལྟར་དེའི་ཁར་གཞུག་པར་བྱའོ།། དེས་ཀྱང་དེ་བཞིན་དུ་བཏུང་ངོ་།། ཤེས་རབ་དང་ཐབས་དག་གིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གསང་བ་དག་གིས་དབང་བསྐུར་བས་ན ་གསང་བའི་དབང་གི་ཆོ་གའོ།། །། དེ་ནས་དེའམ་གཞན་ཡང་རུང་བའི་ཤེས་རབ་མ་དམ་ཚིག་དང་སྡོམ་པ་ལ་གནས་པའམ། གཞན་ཡང་རུང་སྟེ། གཟུགས་དང་ལང་ཚོ་དང་ལྡན་པ། བྱང ་ཆུབ་རྡོ་རྗེས་ཞེས་བྱ་བ་ལ་སོགས་པའི་ཚོགས་སུ་བཅད་པས་གསོལ་བ་བཏབ་པ་ཅན་གྱི་སློབ་མ་ལ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས།། བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བཏགས།། འཁོར་ལོ་རིམ་པའི་སྦྱོར་བ་ཡོས།། བདེ ་བཱ་དམ་པ་མྱང་བར་གྱིས།། རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ན།། ནོར་བུའི་ནང་དུ་གནས་ལྟ་བས།། ཞེས་གོ་བར་བྱས་ནས་གཏད་པར་བྱའོ།། དེས་ཀྱང་གུར་ཀུཾ་ལ་སོགས་པ་དྲི་ཞིམ་པར་བྱས་ཤིང་གོས་མེད་པའི་ཆུ་སྐྱེས་སློབ་མ་ལ་སྟོན ་ཞིང་། ཨོཾ་མཱ་བདག་གྲི་པདྨ་འདི།། བདེ་བ་ཐམས་ཅད་ཡང་དག་ལྡན།། གང་ཞིག་ཆོ་གས་བསྟེན་བྱེད་པ།། དེ་ཡི་མདུན་དུ་བདག་གནས་སོ།། སངས་རྒྱས་བསྟེན་པ་ལ་སོགས་པོ།། པདྨར་བྱ་བ་ཇི་བཞིན་གྱིསོ།། བདེ་ཆེན་རྒྱལ་པོ ་རང་ཉིད་ནི།། འདི་ཉིད་དུ་ནི་རྟག་ཏུ་བཞུགས།། བྷ་ཛ་མོཀྵ་ཧོཿཞེས་གདོན་ནོ།། དེས་ཀྱང་རང་ཉིད་ལྷའོ་གཟུགས་དང་། ཤེས་རབ་མ་ལྷ་མོའི་གཟུགས་སུ་བསྐྱེད་ནས། ཨ་དང་ཧཱུཾ་དག་ལས་སྐྱེས་པདྨ་དང་། རྡོ་རྗེ་ངག་གི་ཟེ་འབྲུ་དང ་ནོར་བུ་དགཱ་ཨཿདང་ཨོཾ་ལས་སྐྱེད་པ་དང་། རྡོ་རྗེའི་ཁར་ཕཊ་སེར་པོ་བསྒོམས་ནས་གཡོན་པའི་གཡོན་གྱི་ཆར་སོན་པའི་རྩ་མཛུབ་མོ་དང་ལྕེ་རྩེ་ལ་ཧྲི་དམར་པོ་གནས་པས་ཡི་གེ་ཤིང་སྔོན་དུ་འགྲོ་བས་ཡང་དག་པར་བསྐུལ་ནས།། ཨོཾ ་ཤཱི་ཤཱི་ཤཱི། ཧ་ཧ་ཧ་སྭཱ་ཧཱ་ཞེས་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་བ་ཨཏ་མ་ཀོ་ཧཾ་ཞེས་པའི་སྔགས་བཟླས་ཤིང་བླ་མའི་མན་ངག་ལས་དགའ་བའི་དབྱེ་བ་རིག་པས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས ་པའི་དེ་བཞིན་གཤེགས་པ་ལ་སོགས་པས་ལུས་བྱིན་གྱིས་བརླབས་ལ། བླ་མས་ཀྱང་རྣམ་པར་སྣང་མཛད་དང་སྤྱན་མ་ལ་སོགས་པ་དཔག་ཏུ་མེད་པ་བཅུག་པ་དང་། རོ་གཅིག་ཏུ་གྱུར་པས་དགའ་བ་ཙམ་པར་བྱའོ།། ཤེས་རབ་སྦྱོར་བས ་དཔལ་ལྡན་ནི།། དེ་ཉིད་ཡང་དགྲ་མཚོན་པར་བྱ།། རྡོ་རྗེ་སྐྱིལ་ཀྲུང་ལས་སེམས་ནི།། ནོར་བུའི་ནང་དུ་ཆུང་བར་བལྟོ་ཞེས་ངེས་པར་བྱས་ལ།། ནུས་པ་ཇི་ལྟ་བར་བཟུང་སྟེ། དལ་བུས་བཏང་ནས་ཆུ་སྐྱེས་ལས་ལྕེ་ཉིད་ཀྱིས་བླངས་ཏེ། དེ ་ཁོ་ན་ཉིད་ཀྱི་ལྟ་བས་དམ་ཚིག་གི་ངོ་བོ་བྱང་ཆུབ་ཀྱི་སེམས་བཏུང་བར་བྱའོ།། འཁོར་ལོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རིག་མ་དང་བཅས་པའི་ལྷའི་འཁོར་ལོའོ།། དེའི་རིམ་པས་སྦྱོར་བ་ནི་དགུག་པ་དང་། གཞུག་པ་དང་། ་རྡོ་རྗེའི་ལམ་ནས་དབྱུང་བའོ།། ཆོ་ག་ནི་ལྷ་མོའི་གཟུགསུ་བསྐྱེད་པ་ལོ་སོགས་པའོ།། མོཀྵ་ནི་ཐར་པ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བ་ལྷག་པའི་ལྷའི་གཟུགས་བླ་མས་བརྗོད་པར་བྱའོ།། དེ་ཉིད་ནི་ཆོས་ཐམས་ཅད་བསམ་དུ་མེད ་xxx ་xxx ་xxx ་xxx ་xxx ་xxx ་ཀྱི། རིག་མའི་བརྟུལ་ཞུགས་བླ་ན་མེད།། རྨོངས་པ་གང་ཞིག་འདའ་བྱེད་པ།། དེ་ལ་མཆོག་གི་དངོས་གྲུབ་མེད་ཅེས་བརྗོད་ཅིང་རིག་མའི་བརྟུལ་ཞུགས་སྦྱིན་པར་བྱའོ་ཞེས་པ་རིག་མའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། ། ་དེ་ནས་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་སེམས་དཔའི་ཕྱག་ན་གནས།། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན།། ཁྱོད་ཀྱིས་ཀྱང་ནི་རྟོག་ཏུ་གཟུང་།། ཞེས་བརྗོད་ཅིང་རྡོ་རྗེ་འཛིན་དུ ་གཞུག་གོ། དེས་ཀྱང་། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྲཾ་དྷ་ར་ཡ་མི་བཛྲ་སཏྭ་ཧྲཱིཿཧི་ཧི་ཧི་ཧི་ཧྭཱ་ཞེས་བརྗོད་ཅིང་གཟུང་བར་བྱའོ།། རྡོ་རྗེའི་བརྟུལ་ཞུགས་ཀྱི་ཆོ་གའོ།། ། དེ་ནས་སངས ་རྒྱས་ཐོད་པ་དང་། བདེ་མཆོག་དང་། ཀྱཻའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་སྙིང་པོའི་སྔགས་ཀྱི་ཁ་ཊྭཱཾ་ག་དང་། ཅུང་ཏེའུ་དང་། པདྨའི་སྣོད་རྣམས་ལ་ལན་གསུམ་བཟླས་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི།། ཕྱི་དང་ནང་དུ་ཡང་དག ་གནས།། དེ་ནས་ཁཱ་ཊྭཱཾ་ཅང་ཏེའུ་སྣོད།། བྱིན་པ་དཔའ་བོས་བཟུང་བར་གྱིས།། ཞེས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་འཛིན་དུ་གཞུག། ཁཾ་ཊྭཱཾ་ག་ལ་སོགས་པ་རྣམས་ལས་གཞན་སྤྱོད་པའི་ཡན་ལག་རྒྱད་དུ་གསུངས་པ་ཡང་དེ་དང་དེའི་འཁོ ་ལོའི་དབང་ཕྱུག་གི་སྙིང་པོས་བསྔགས་ལ།། རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པས་འཛིན་དུ་གཞུག་གོ། དེ་ལྟར་ཡང་དཔལ་གསང་བ་འདུས་པ་ལས་གཟུགས་ནི་ཐོར་ཚུ་གོས་དབུ་རྒྱན་འཆང་།། ཆེན་པོ་ཁ་དོག་དཀར་པོ་འདྲ།། ཆོ ་ག་བཞིན་དུ་ཐམས་ཅད་བྱ།། སྔགས་ཀྱི་སྡོམ་པ་ཀུན་ཏུ་བསྣམས།། སྡོང་བུ་རྩ་བ་འབྲས་བུ་རྣམས།། བཟའ་བ་དང་བཅའ་ང་ཐམས་ཅད་སྤྱད། ཅེས་པ་ལ་སོགས་པ་རིག་པའི་བརྟུལ་ཞུགས་ཡང་དག་པར་བླངས་པས ་སྤྱོད་པའི་བརྟུལ་ཞུགས་བྱ་བར་གསུངསོ།། གང་ཡང་བཙུན་མོ་འམ་སྐྱེས་པ་སྤྱོད་པའི་བརྟུལ་ཞུགས་ཞུ་ན། དེ་རྡོ་རྗེ་ཕག་མོའི་གཟུགས་སམ། བདག་མེད་མིའོ་གཟུགས་སམ། མེ་ཏོག་ལྷུང་བ་བསྟན་པའི་རིགས་ཀྱི་ལྷ་མོའི་གཟུགས་སུ་དང་།། ་སྨྱོས་པའི་ནི་བདེ་མཆོག་དང་ཀྱེའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་གཟུགསུ་བསམས་ནས། དེ་འམ་དེ་ལ་སྙིང་གཱའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་ཀྱི་ལྷ་བཅུག་ལ། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་བ། རྣ་ཆའི ་བོདག་ཉིད་འོད་དཔག་མེད།། མགུལ་གྱི་ཕྲེང་བ་རིན་ཆེན་དབང་།། ལག་པར་རྣམ་པར་སྣང་མཛད་བརྗོད།། སྐ་རགས་ན་ནི་དོན་ཡོད་གནས། ཞེས་གསུངས་པའི་ཕྱིར་འཁོར་ལོ་དང་རྣ་ཆ་དུང་མགུལ་རྒྱན་དང་། གདུ་བུ་དང་སྐ་རགས་རྣམས ་རིམ་པ་བཞིན་དུ་མི་བསྐྱོད་པ་དང་། འོད་དཔག་མེད་དང་། རིན་ཆེན་འབྱུང་ལྡན་དང་། རྣམ་སྣང་དང་། དོན་ཡོད་གྲུབ་པའི་གཟུགས་སྐད་ཅིག་གིས་བསམས་ལྷོ། དེར་དེ་དང་དེའི་ཡེ་ཤེས་སེམས་དཔའ་དེ་ལྟར་སྤྱན་དྲངས་པ་བཅུག་སྟེ། ་མི་བསྐྱོད་པ་ལ་སོགས་པ་ཡོངས་སུ་གྱུར་པའི་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་རྣམས་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ཁོ་ནའོ།། ཞེས་མོས་ནས། ཨོཾ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མནྡ་མནྡ་བཛྲ་དྷི་ག་ཕོ་ཊ་སྭཱ་ཧཱ་ཞེས་པའི ་སྔགས་ལན་གསུམ་བཟླས་པའི་འཁོར་ལོ་དེའམ་དེའི་མགོ་བོར་རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའི་ཚིགསུ་བཅད་པ་བརྗོད་ཅིང་གཞག་པར་བྱའོ།། ཨོཾ་བཛྲ་དྷརྨྨ་ས་མ་ཡཱ་སྟྭཾ་ཧུ་ལུ་ཧུ་ལུ་ཨ་རོ་ལིག་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ ་བཟླས་པའི་རྣ་རྒྱན་གཉིས་རྣ་བ་དག་ལའོ།། ཨོཾ་བཛྲ་སུརྱཱ་ཏཱ་མོ་བི་དྷ་མ་ན་ས་ཡ་སྟྭཾ་ཨ་ཧཾ་རཏྣ་དྷྲི་ག་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་བརྗོད་པའི་མགུ་ལྀ་རྒྱན་མགུལ་པོར་རོ།། ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤཱ་ཤཱ་ཏ་ཨ་ཧྱེ་ཧི་ཛི་ན་ཛེ་ཀ་ཕཊ་སྭཱ་ཧཱ། ་ཞེས་ལན་གསུམ་བཟླས་པའི་ལག་རྒྱན་གདུ་བུ་བཞིན་ལྡོག་པ་དག་ལའོ།། ཨོཾ་ཕུ་ཕུ་ཧི་ཧི་ཧི་པྲཛྙཱ་དྷྲིག་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗེད་པའི་སྐུ་རགས་རྐེང་ལའོ།། བུད་མེད་ཀྱི་ཕྱོགས་ལ་ཚིགས་སུ་བཅང་བ་ལ་དཔའ་བོ་ཞེས་པ་ཕྱུང་ལ་ལྷ ་མོ་ཞེས་གཞུག་པར་བྱའོ།། ཡང་དག་གནས་ཞེས་པའི་རྗེས་ལ་རིམ་པ་བཞིན་འཁོར་ལོ་མི་བསྐྱེད་པའི་གཟུགས་ཞེས་པ་དང་། རྣ་རྒྱན་གཉིས་ནི་གསུང་རྡོ་རྗེ་ཞེས་པ་དང་། མགུལ་པའི་ཕྲེང་བ་རིན་ཆེན་འབྱུང་ཞེས་པ་དང་། ལག་གདུབ་རྟག ་པའི་བདག་ཉིད་དོ་ཞེས་པ་དང་། སྐ་རགས་དོན་ཡོད་གྲུབ་པ་ནི་ཞེས་པ་བཅུག་ནས། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གདོན་པར་བྱའོ།། གང་ཡང་བུད་མེད་དང་སྐྱེས་པ་གང་ལྟ་སྟངས་ལ་སོགས་པའི་ནུས་པ་ཐོབ་པས་གཞན་དོན་དུ ་དཔའ་བོའི་སྤྱོད་པའི་བརྟུལ་ཞུགས་བླང་བར་འདོད་ན་རྡོ་རྗེ་ཕག་མོའི་གཟུགས་ཅན་མ་དེ་འམ། བདེ་མཆོག་གོ་གཟུགས་ཅན་དེ་ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་བསམས་ནས་འཁོར་ལོ་ལ་སོགས་པ་སྔར་བཞིན་དུ་མོས་ཤིང ་མགོ་བོའི་ཕྲེང་བ་ལ་སོགས་པ་རང་རང་གི་སྔགས་ཀྱི་ལྷའི་རང་བཞིན་དུ་མོས་ཏེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་དུ་བཟླས་པའི་འཁོར་ལོ་དེ་བཞིན་ཁོ་ནར་བསྐོན་པར་བྱའོ།། སངས ་རྒྱས་ལྔའི་རང་བཞིན་ཐོང་པ་ལྔ་ཡང་སྟེ། གང་གི་ཕྱིར། བཻ་རོ་ཙ་ནའི་སྔགས་གང་ཡིན། མགོ་བོར་ཐོད་པས་བརྒྱན་པའོ་ཞེས་གསུངས་སོ།། ཐོད་པ་ནི་འདིར་འཁོར་ལོའི་གཟུགས་ཀྱང་ངོ་།། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཅེས་ལན་གསུམ་བཟླས ་པའི་རྣ་རྒྱན་གཉིས་ཏེ། ཡི་གེ་བདུན་པའི་རིག་སྔགས་ཀྱིས།། རྣ་རྒྱན་གྱིས་ནི་རྣ་བ་མཛེས། ཞེས་གང་གསུངས་པའོ།། རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སམ། ཨོཾ་སརྦ་བུདྡྷ་ཊཱི་ཀ་ནཱི་ཡེ་བཛྲ་བརྡྷ་ནཱ་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལནཱ་གསུམ ་བཟླས་པའི་མགུལ་རྒྱན་ཏེ། རྡོ་རྗེ་ཕག་མོའི་སྔགས་གང་ཡིན།། མགྲིན་པར་མགུལ་རྒྱན་རྣམ་པར་བརྒྱན།། ཅེས་གང་གསུངས་པའོ།། ཨོཾ་ཧ་ན་མ་ཧི་སྭཱ་ཧཱ་ཧཱུཾ་བཽ་ཥཊ་ཧེ་ཧཱུཾ་ཧཱུ~ཾ་ཧེ་ཕཊ་ཧཾ། ཞེས་ལན་གསུམ་བཟླས་པའི་གདུ་བུ་གཉིས་ཏེ། ་དཔའ་བོ་གོ་ཆ་དྲུག་གིས་ནི།། ཕྱག་རྒྱ་འདི་ནི་ལུས་ལ་མཛེས།། ཞེས་གང་གསུངས་པའོ།། ཨོཾ་བཾ་ཧ~ཾ་ཡོཾ་ཧུ~ཾ་ཧྲ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་པ་ལྡན་གསུམ་བཟླས་པའི་སྐེ་རགས་ཧཱུ~ཾ། རྣལ་འབྱོར་མ་དྲུག་ཅེས་པ་ལཱི།། སྔགས་ཀྱི་སྐ་རགས་རྒྱན་དུ ་བྱས། ཞེས་གང་གསུངས་པའོ།། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་དྷེ་ལ་སཾ་བྷ་རཾ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པའི་མི་མགོ་ལྔ་བཅུའི་ཕྲེང་བ་སྐེ་ལ་སྟེ། ལྷ་མི་སྙིང་པོའི་སྔགས་ཉིད་ནི།། ཕྲེང་བ་བརྒྱ་ཕྱེད་བརྒྱན ་པའི། 8་ཞེས་གང་གསུངས་པའོ།། དེ་ནས་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པའི་སྟག་གི་ལྤགས་པ་ནི་ཤམ་ཐབས་ཀྱི་ཆེད་དུ་སྟེ། སངས་རྒྱས་ཀུན་གྱི་མཁའ་འགྲོ་མས།། པགས་པའི་གོས་ནི ་འཛིན་པ་བཞིན།། ཞེས་གང་གསུངས་པའོ།། ཨོཾ་བྷྲ་ཙིཎྜེ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ལ་སོགས་པ་ནས། ཨོཾ་རུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་པའི་སྔགས་སུམ་ཅུ་རྩ་དྲུག་གིས་ལན་གསུམ་བཟླས་པའི་ཡེ་ཤེས་ཀྱི་བདུད་རྩིའི་བཏུང་བའི་སྣོད་ནི་ལག་པར་སྦྱིན ་ཁོར་ལོ་ཀུན་གྱི་རྣལ་འབྱོར་མའི།། སྔགས་ཀྱིས་བཏུང་བའི་ཐོད་པའོ།། ཞེས་གང་གསུངས་པའོ།། ཁ་ཊྭཱཾ་ག་དང་ཅང་ཏེའུ་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ལན་གསུམ་བཟླས་ཏེ། རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའི་ཚིགསུ ་བཅད་པས་སོ།། དཔལ་པོ་དེ་མཆོག་གི་རྩ་བའི་སྔགས་ལྡན་གསུམ་བཟླས་པའི་ཚངས་སྐུད་དང་མགྲིན་པར་འཕྱང་བའི་དོ་ཤལ་དང་རྡོ་རྗེའི་རྒྱན་དང་རྐུན་པོའི་སྒྲ་ལས་བྱས་པའི་ཅོད་པན་དང་། སྐོར་གཉིས་པའི་སྐ་རགས་དང་ཐལ་བ་དང་། ་དཔུང་རྒྱན་དང་རྐང་གདུབ་དང་། གཡེར་ཁ་རྣམས་ནི་རང་གི་གནས་སུའོ།། དཔའ་བོའི་རྩ་བའི་སྔགས་ཀྱིས་གང་།། ཚངས་སྐུད་ལ་སོགས་རྣམས་སུ་བཏགས། ཞེས་གང་གསུངས་པའོ།། དེ་ལ་ཕྲེང་བ་གཅིག་གིས་ཚངས་སྐུང་ངོ་།། ཕྲེང་བ ་བརྒྱད་རྣམས་ཀྱིས་སྐ་རགས་སོ།། དེ་ཉིད་བུད་མེད་ཀྱི་རྐང་པར་བཅུ་དྲུག་གིས་སོ།། ཉི་ཤུ་རྩ་ལྔས་དོ་ཤལ་ལེ།། སྐུད་པ་གཅིག་གིས་ཚངས་སྐུད་འགྱུར།། སྐུད་པ་བརྒྱད་ཀྱིས་སྐ་རགས་སོ།། བུད་མེད་བཅུ་དྲུག་ཤེས་པར་བྱ།། ཉི་ཤུ་རྩ ་ལྔའི་ཕྱེང་བ་ཅན། ཞེས་གང་གསུངས་པའོ།། ཡང་ན་མིའི་རྒྱུས་པ་ལས་བྱས་པ་འམ། སྒྲ་ལས་བྱས་པའི་ཚངས་སྲུང་ངོ་།། འདིར་འཁོར་ལོ་ལ་སོགས་པ་དང་རྡོ་རྗེའི་རྒྱན་རྣམས་ཇི་ལྟར་འོས་པར་མིའི་རུས་པ ་ལས་བྱས་པའོ།། དེ་ལ་གཅིག་ནི་སྤྱི་བི་ར་ཏེ། དེ་སྐད་དུ། སོར་མོ་ལྔ་བྱས་དུམ་བུ་ནི།། ཅོད་པན་ངག་ཏུ་འཛིན་པའོ།། གཞན་ནི་རྣ་བ་དང་མགུལ་བ་དང་། སྙིང་ག་དང་། གསང་བ་དང་ལག་པའི་རྒྱན་ཡིན་ཏེ་ཇི་ལྟར་མཛེས་པར་བྱའོ།། ་སྔགས་སུམ་ཅུ་རྩ་དྲུག་རྣམས་དང་རྩ་བའི་སྔགས་གཉིས་ནི་ཁོ་བོས་དཔལ་བདེ་མཆོག་གི་མངོན་པར་རྟོགས་པའི་སྒྲུབ་ཐབས་སུ་བརྗོད་དོ།། དཔའ་བོའི་སྤྱོད་པའི་རྟུལ་ཞུགས་ཉིད་ལ་རྒྱལ་བུ་གཞོན་ནུའི་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། ་རྡོ་རྗེ་ཐོད་པའི་སྤྱོད་པའི་བརྟུལ་ཞུགས་ཞེས་ཀྱང་དཔལ་སཾ་པུ་ཊིའི་རྒྱུད་ལས་གསུང་སོ།། དེ་ནས་ཕྱག་རྒྱ་ལ་སོགས་པས་མཆོད་པར་བྱའོ་ཞེས་པ་སྐྱེད་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། ་དེ་ནས་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས་ཆོས་གོས་ཀྱི་གྲཝ་བའི་ཁུ་ཚུར་གཡོན་པ་སྙིང་གར་བཟུང་ཞིང་གཡས་པས་མི་འཇིགས་པའི་ཕྱག་རྒྱས། སྲིད་པའི་ངན་འགྲོ་ལས་བཏོན་ནས། སྲིད་པ་ཤིན་ཏུ་ཞི་བྱའི ་ཕྱིརདན་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། བདག་གིས་ཁྱོད་ནི་ལུང་བསྟན་བགྱི།། ཀྱེ་ཆེ་གེ་མོ་རྡོ་རྗེ། ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བུ་བཿཞེས་པའི་སྔགས་བརྗོད་ཅིང་། མེ་ཏོག་ལྷུང་བ་དང་བསྣུན་པའི་དེ་བཞིན་གཤེགས ་པབའི་གཟུགས་ཅན་གྱི་སློང་མ་ལུང་བསྟན་པར་བྱའོ།། གང་ཡང་འདི་ལྟར་ལུང་བསྟན་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ་ཞེས་དད་པར་བྱའོ།། ལུང་བསྟན་པའི་ཆོ་གའོ།། ། ་རིམ་པ་དང་། རྡོ་རྗེ་དང་། སྤྱོད་པའི་བརྟུལ་ཞུགས་དང་། ལུང་བསྟན་པ་འདི་རྣམས་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་དབང་བསྐུར་བ་ཉིད་ཀྱི་ཐ་སྙད་དུ་བྱསོ།། དེ་ནས་ཁ་སྦྱོར་གྱི་རྒྱུད་དུ། བཞི་པ་དེ་ནི་དེ་བཞིན་ཡང་། ཞེས་པའི་རྗེས་ལ། བྱང ་ཆུབ་ཀྱི་སེམས་ཀྱི་དབང་གིས་ནི།། སློབ་མའི་སྡིག་དང་བྲལ་བ་ལ།། དེ་ནས་རྗེས་སུ་གནང་བ་བྱིན། ཞེས་གསུངས་པས། སློབ་མའི་གདན་གྱི་མདུན་ནམ་ལ་ལར་སྟན་ལ་བྷྲཱུཾ་ལས་སྐྱེས་པའི་ཆོས་ཀྱི་འཁོར་ལོ་ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བརྗོད་པ ་དང་ལག་པ་གཡས་སུ་ཨོཾ་བཛྲ་བྷཱུ་ཥ་རཾ་ཞེས་བརྗོད་ཅིང་ཡི་གེ་ཨཱཿལས་སྐྱེས་པའི་དུང་དང་། གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དབྱངས་དང་པོ་བརྗོད་པས་དང་། དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་དབྱངས་ཐ་མ་བརྗོད ་ཅིང་བྱིན་ལ་དེ་དྲིལ་བུ་དཀྲོལ་དུ་གཞུག་ཅིང་།། ཐམས་ཅད་ན་མཁའི་མཚན་ཉིད་དེ། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ན་མཁའ་མཉམ་པ་ཉིད་སྦྱོར་བས།། ཐམས་ཅད་མཆོག་ནི་མཉམ་ཉིད་གོས་ལ།། དེང་ནས་བརྩམས་ཏེ་སེམས ་བསྐྱེད་པ།། ཙམ་གྱིས་ཆོས་དུང་བླ་མེད་པ།། ཀུན་ནས་ཡོངས་སུ་བཀང་ནས་ནི།། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས།། ཞེས་བརྗོད་པར་བྱའོ།། ཐམས་ཅད་མཆོག་ཅེས་པ་ནི་ཆོས་ཐམས་ཅད་ཀྱི་མཆོག་སྟེ། སྒྲིབ་པ་ཐམས་ཅད ་བྲལ་བ་ཏུ་གྱིས་ན་རང་བཞིན་མེང་པ་ཉིད་དོ།། གསལ་བ་ནི་བསྒོམས་པས་མངོན་སྙམ་དུ་བྱ་བའོ།། ཁྱུད་ཀྱིས་ས་དང་བཞིན་དུ་གྱིས་ཤིག་པའོ།། དེ་ལྟར་ཡང་དེ་ལ་མོས་པས་ཆོས་ཀྱི་འཁར་ལ་བསྐོར་བར་བྱམ ་ཤིག་ཅེས་དྲིལ་བུས་མཚོན་པར་བྱེད་དོ།། དེ་ལྟར་སྤྱིར་རྗེ་སུ་གནང་བ་བྱིན་ནས་རྗེས་སུ་གནང་བ་ལྷག་པར་སྦྱིན་པར་བྱ་བའི་ཆེད་དུ་རིམ་པ་བཞིན་སློབ་མ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བསྒོམས་ནས། སེམས་ཅན་ཀུན ་ལ་ཕན་དོན་ཕྱིར།། འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས།། སྣ་ཚོགས་ཇི་ལྟར་འདུལ་བ་ཡོས།། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས།། ཤེས་རབ་ཐབས་ཀྱི་རང་བཞིན་དག། ཡིད་བཞིན་ནོར་བུ་ལྟར་མཐོ་བས།། སྐྱེ་མེད་དོགས་དང་བྲལ་བ ་ཡིས། དེ་ལྷོར་སེམས་ཅན་དོན་གྱིས་ཤིག། ཅེས་པའི་ཆོས་ཀྱི་སྒྲའི་གནས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་སྒྲ་བཅུག་པའི་ཚིགསུ་བཅད་པ་ལྔས་སྣང་བ་སྦྱིན་ནོ།། དེས་ཕྱག་བྱས་ལ། གཙོ་བོས་ཇི་ལྟར་བཀའ་སྒོ་བ།། དེ ་བཞིན་དུ་ནི་བདག་གིས་བགྱི། ཞེས་བརྗོད་དོ།། རྗེས་སུ་གནང་བའི་ཆོ་གའོ།། ། དེ་ནས་སྤྱི་བོ་རུ་ནི་གདུགས་བཟུང་ནས།། བསྐོར་བ་བྱེད་དུ་བཅུག་ནས་ནི།། དཀྱིལ་འཁོར་སྒོར་ནི་ཐལ་སྦྱོར་བ།། ་གདུགས་བཅས་དབབ་ཅིང་འང་བརྗོད་བྱ།། རྒྱུད་རྣམས་འཛིན་པར་འགྱུར་བ་ཡི།། སློབ་མ་འདི་ནི་ཕུལ་བ་ལགས། ཤེས་པས་དཀྱིལ་འཁོར་གྱི་དབང་ཕྱུག་ལ་གསོལ་བ་གདབ་ལ། གདུགས་གཞན་དུ་བཞག་སློབ་མའི་སྙིང་ལ་འབབ ་པ་བརྗོད་པར་བྱ་སྟེ། ད་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི།། སློབ་དཔོན་སྔགས་དང་རྒྱུད་འཛིན་པར།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ལྷ་རྣམས་ངག་ཀྱང་དགོངས་པར་འགྱུར།། སེམས་ཅན་ཀུན་ལ་བརྩེ་དོན་དུ།། ཁྱོད་ཀྱིས་དཀྱིལ ་འཁོར་ཆོ་ག་བཞིན།། རབ་ཏུ་འབད་དེ་བྲི་བར་བྱ།། སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར།། མཆོག་ཏུ་གསང་བ་དམ་པ་ཡི།། དཀྱིལ་འཁོར་མཐོང་བཞིན་ཞུགས་པས་ན།། སྡིག་པ་ཀུན་ལས་རྣམ་པར་གྲོལ།། དེ་རིང་ཁྱོད་ནི་བདེ་བར་གནས།། བདེ ་ཆེན་ཐེག་པ་འདི་ལས་ནི།། ཕྱིན་ཆང་ཁྱོད་ལ་འཆི་བ་མིང་།། སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས།། སྲིད་པ་མཐའ་འདས་གྲུབ་ཆེད་དུ།། སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས།། ང་རིང་ཆོ་ལྡན་དབང་བསྐུར་རོ།། ཁམས་གསུམ་ཀུན་གྱི་རྒྱལ ་སྲིད་ཆེ།། བདག་པོ་ཉིད་དུ་ཁྱོད་ངེས་སོ།། འདོད་ཆགས་བྲལ་བ་ལྟ་བུའི་སྡིག། ཁམས་གསུམ་ན་ནི་གཞན་མེད་དེ།། དེ་བས་འདོད་ལ་ཆགས་བྲལ་ཉིད།། ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག། འདོད་པ་ཀུན་ལ་སྤྱོད་པས་ཁྱོད།། གང ་ལའང་འཇིགས་མེད་སྤྱད་པར་གྱིས། ཤ་ལྔ་བདུད་རྩི་ལྔ་བཟླའ་བྱ།། འདི་ལས་གཞན་ཡང་དམ་ཚིག་བསྲུངས།། སྲོག་ཆགས་བསད་པར་མི་བྱ་ཞིང་།། བུད་མེད་རིན་ཆེན་སྤང་མི་བྱ།། སློབ་དཔོན་སྤང་བར་མི་བྱོ་སྟེ།། དོམ་ཚིག ་ཤིན་ཏུ་འདའ་བར་དཀོའོ།། ཤེས་རབ་ཐབས་ཀྱི་བསམ་པ་ཡིས།། མི་བྱ་ཅུང་ཟད་ཡོད་མ་ཡིན།། མ་འཇིགས་ཁྱོད་ལ་སྡིག་པ་མེང་།། དེ་བཞིནི་གཤེགས་པའི་གསུང་ཇི་བཞིན།། འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས།། རང ་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས།། འགྲོ་བ་བདེ་བ་ཉུང་བར་རྡོ་རྗེ་སེམས་དཔའ་དང་།། མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར།། གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུ ་བ་ལ་དགེ་བའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡུག་པའི་བུ་དང་འདྲ་བར་ཐུགས་དང་བས་ཡང་དག་པར་དགོངས་པར་མཛད་པ་འོད་ནི་ཆོས་ཉིད་ཡིན་ནོ་ཞེས་པ། དབུགས་འབྱུང་བའི་ཆོ་གའོ།། ། ་དེ་ལྟར་དབང་ཐོབོ་ཅིང་དབུགས་ཕྱུང་སྟེ། དགའ་བའི་སློབ་མས་དེ་ལྟར་བགྱིའོ།། དང་བདག་སྐྱེ་བ་འབྲས་བུར་བཅས།། བདག་གི་བསོན་པའང་འབྲས་བུར་བཅས།། དེ་རིང་སངས་རྒྱས་རིགསུ་སྐྱེས།། སངས་རྒྱས་སྲས་སུ་དེང་བདག ་གྱུར་། ཞེས་བརྗོད་དོ།། གླང་པོ་ཆེ་དང་། རྟ་དང་། རིན་པོ་ཆེ་དང་། ས་ལེ་སྦྲམ་དང་། དངུལ་དོང་། གོས་དང་། རྒྱན་དང་། བ་ལང་དང་། མ་ཧེ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་ལོ་སོགས་པ་དང་། གཅེས་པའི་ཆུང་མ ་དང་བུ་དང་། བུ་མོ་ལ་སོགས་པ་རྣམས་སྙམ། ཇི་ལྟར་ནུས་པའི་ཡོན་ཡང་བླ་མཱ་ལ་བཀུར་སྟི་བྱ་སྟེ་དབུལ་བར་བྱའོ།། གཱ་ཏོར་མ་དང་སྦྱིན་བསྲེག་དང་སྟོན་མོ་ལ་སོགས་པ་ཡང་བྱའོ།། རྣམ་པར་གྲོལ་ཞེས་པ་ནི་སྡིག་པ་མི་བྱེད ་པར་ངེས་པའི་ཕྱིར་རོ།། བདེ་བར་གནས་པ་ནི་བདེ་བ་དང་བདེ་འགྲོ་ལ་ངེས་པའི་ཕྱིར་རོ།། འདས་པ་ནི་ཆོས་ཀྱི་སྒོ་ཐོབ་པའི་ཕྱིར་རོ།། མཐའ་འདས་ཤེས་པ་མཐའ་མ་མེད་པའི་སྲིད་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། རྒྱུན ་མི་འཆད་པར་རྟག་པ་འདི་ཉིད་ཀྱིས་སོ།། རྡོ་རྗེ་ནི་མི་ཕྱེད་པའི་སེམས་རབ་ཏུ་དང་བ་སྟེ། བླ་མ་དང་སངས་རྒྱས་རྣམས་ལའོ།། རང་གི་དམ་ཚིག་ནི་རང་གི་ལྷ་ལ་སོགས་པའོ།། བདེ་བ་ཉུང་ཞིང་སྡུག་བསྔལ་མྱང་བའི་འགྲོ་བར་ཁྱེད་ཅག་སྐྱེས་ཀྱང ་ཁ་ན་མ་ཐོ་བ་མེད་པའི་བདེ་བ་ཆེན་པོ་རྟག་པ་ཉིད་འཐོབ་པའོ།། འདིར་མེ་ཏོག་ལྷུང་བས་ཉེ་བར་མཚོན་པའི་དེ་བཞིན་གཤེགས་པའི་རང་བཞིན་གྱི་རྣམ་པར་དག་པ་གསལ་བར་བྱ་བའི་ཕྱིར་དུ་མགོ་བོ་ལ་ཕྲེང་བས་དབང་བསྐུར་རོ།། མ ་རིག་པའི་དྲི་མ་འཁྲུད་པར་རུང་བ་ཉིད་དུ་སྒྲུབ་པའི་ཕྱིར་དུ་ཆུའི་དབབྱུང་ངོ་།། དེ་བཞིན་གཤེགས་པས་རྒྱས་འདེབས་པ་འདུ་བྱ་བ་བསྐྱེད་པའི་ཆེད་དུ་གཙུག་ཏོར་བསྐྱེད་པར་རུང་བ་ཉིད་ཀྱི་ཆེད་དུ་ཅོད་པན་གྱི་དབང་ངོ་།། ཉོན་མོངས་པ་ལ་སོགས ་པའི་དགྲ་རྩ་བ་ནས་འདྲོན་པོ་ཉིད་ཀྱི་ཕྱིར་དུ་དཔའ་བོའི་དེར་སྦྱངས་བཅིང་བ་སྟེ། ཅོད་པན་གྱི་དབང་གི་འཁོར་ཡིན་ནོ།། ཁ་ཅིག་ཏུ་ནི་དབོང་ཐ་དད་པར་བརྗོད་དོ།། ཁ་ཅོག་ཏུ་ནི་དར་སྤྱངས་བཅིང་བ་མ་གསུངས་ཏེ། འདིའི་དོན་བསམ་པའི་ཁྱད ་པར་ལས།། ཅོད་པན་གྱི་དབང་གིས་ཀྱང་འགྲུབ་པའི་ཕྱིར་རོ།། དབྱེར་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་བར་རུང་བ་ཉིད་དུ་བསྒྲུབ་པའི་ཆེད་དུ་རྡོ་རྗེའི་དབང་ངོ་།། སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་བླ་ན་མེད་པའི་ཡེ་ཤེས་འབྱུང་བའི་བདག ་པོ་ཆོས་འབྱུང་རྟོགས་པར་བྱ་བའི་ཆེད་དུ་ཆོས་འབྱུང་གསལ་བར་བྱེད་པའི་དྲིལ་བུ་དང་སྒྲ་དང་བཅས་པས་དབང་བསྐུར་བའོ།། བདག་པོ་དེའི་ཆེང་དུ་དབང་གི་བདག་པོའི་དབང་དུ་ཡང་བརྗོད་དོ།། མ་འོང་བ་ན་ཐུབ་པའི་དབང་པོའི་གོ ་འཕང་གི་མིང་དུ་འོས་པའི་ས་བོན་དགོང་བའི་དོན་དུ་མིང་གི་དབང་ངོ་།། ཆུའི་དབང་ལ་སོགས་པ་ལྔ་པོ་འདི་རྣམས་རིམ་པ་བཞིན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ ་དང་བྱ་བ་གྲུབ་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ས་བོན་ཡོངས་སུ་རྒྱས་པར་བྱེད་པའི་ཕྱིར་དེའི་བདག་ཉིད་དུ་མོས་པར་བྱའོ།། ཆུའི་དབང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དུ་ཡང་དེ་ཉིད་བསྡུས་པ་ལས་གསུངས་ཏེ། མི ་བསྐྱོད་པ་ཡང་མེ་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དུ་ཡང་ངོ་།། འདི་ནས་བརྩམས་ཏེ་རྣམ་པར་དག་པར་ཟུང་འཇུག་གི་བྱང་ཆུབ་རྟོགས་པར་བྱ་བའི་ཆེད་དུ་བརྩོན་པར་གྱིས་ཤིག། ཅེས་ངེས་པར་བྱ་བར་དགོངས་ནས་དེའི་རང་བཞིན་གྱི ་རྡོ་རྗེ་འཛིན་པའི་ངེས་པ་ན་རྡོ་རྗེའི་དམ་ཚིག་གོ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་སྟོན་པའི་རྒྱུད་བཞིན་ཉིད་རྟོགས་པ་ལ་སྦྱར་བའི་ཆེང་དུ་སྒྲ་དང་བཅས་པའི་དྲིལ་བུའི་དམ་ཚིག་གོ།། ཤེས་རབ་དང་ཐབས་ཀྱི་རང་བཞིན་བདེ ་བ་ཆེན་པོའི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་ཤིན་ཏུ་བརྟན་པར་རུང་བ་ཉིད་དུ་བསྒྲུབ་པའི་ཕྱིར་ཕྱག་རྒྱའི་དམ་ཚིག་གོ། དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་རྡོ་རྗེ་གུར་ལས་དམ་ཚིག་གཉིས་ཀྱི་འཁོར་ཅན་ཕྱག་རྒྱའི ་དམ་ཚིག་ཁོ་ན་རྫོགས་པའི་སངས་རྒྱས་ཀྱི་དབང་དུ་གསུངས་སོ།། རྒྱུད་གཞན་དུ་ནི་དམ་ཚིག་གསུམ་སློབ་དཔོན་གྱི་དབང་གི་འཁོར་དུ་གསུང་སོ།། དེ་ལྟར་ཡང་སྔར་ཤེས་རབ་བཅུ་དྲུག་ཅེས་པ་ལ་སོགས་པ་གསུངས་སོ།། ་དྲི་མ་འཁྲུང་པར་རུ་རུང་བ་ཉིད་ནི་དམ་ཆེག་རྣམ་པར་བཞག་པ་གཉིས་ཀ་ལ་ཡོད་པར་མི་འགལ་ལོ།། ཇི་ལྟར་ས་བཅུ་བ་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་དབང ་བསྐུར་བ་དེ་བཞིན་དུ་དམ་ཚིག་གསུམ་དང་བཅས་པ་འདི་ཡང་དེ་རྣམས་དང་བླ་མས་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེང་པ་ལ་གཞལ་དུ་མྱེད་པའི་ཆོས་སྟོན་པ་ལ་སོགས་པའི་སློབ་དཔོན་དུ་བྱ་བའི་ཆེང་དུ་ཁམས་གསུམ་པའི ་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བས་ན་སློབ་དཔོན་གྱི་དབང་དང་། ཕྱིར་མི་ལྡོག་པ་རྣམས་ཀྱི་ངང་འདྲ་བས་ན་ཕྱིར་མི་ལྡོག་པའི་དབང་ངོ་།། ཕྱིར་མི་ལྡོག་པ་ཉིད་ཀྱི་ས་བོན་ཉིད་ཀྱང་སྐྲུན་པར་བྱེད་དོ།། དེའི་ཕྱིར་དེ་ལ་ལྟོས་ནས་ཕྱིར་མི ་ལྡོག་པར་བྱ་བའི་ཕྱེད་དུ་དབང་དང་། ཕྱིར་མི་ལྡོག་པ་དང་ལྡན་པའི་དབང་ནི། ཕྱིར་མི་ལྡོག་པའི་དབང་དུ་བརྗོད་དོ།། དེ་ཉིད་ཀྱི་ཕྱིར་རྡོ་རྗེ་གསང་བ་ཡེ་ཤེས་ཀྱིས།། སློབ་དཔོན་ཞེས་བྱེ་གསུམ་འདིར་བརྗོད།། ཅེས་པ་འདོད་པ་ནི་བློ་གྲོས ་དྲན་པ་རྣམས་ཁོ་ནའིའོ།། བགེགས་མེད་པ་ཉིད་ཀྱི་ཆེད་དང་ཞི་བ་ལ་སོགས་པའི་དངོས་གྲུབ་ཀྱི་ས་བོན་དགོད་པའི་ཆེད་དང་། དོན་དམ་པའི་སྔགས་ཀྱིས་དངོས་གྲུབ་ཀྱི་ཞིང་དག་པར་བྱ་བའི་ཕྱིར་དུ་སྔགས་བརྗོད་དུ་གཞུག་པའོ།། ་མི་ཤེས་པའི་ལིང་རྟོག་བསལ་བས་ལྷའི་མིག་གི་མངོན་པར་ཤེས་པ་བསྐྱེད་པའི་ཆེད་དུ་མིག་སྨན་ནི། དེས་ཀྱང་སྣ་ཚོགས་གཟུགས་བརྙན་བཞིན་དུ་ལྟ་བ་འདུས་བྱ་བ་བསྒྲུབ་པའི་ཚོད་དུ་མེ་ལོང་གི་དབང་ངོ་།། བདུད་བཞི ་ལས་རྣམ་པར་རྒྱལ་ཆོས་ཀྱི་དབྱིངས་རཱཤིན་ཥྚ་ཕྲ་བའི་འབེན་འབིགས་པའི་ས་བོན་དགང་བའི་ཆེད་དུ་མངར་འཕང་བའོ།། དད་པ་དང་ཤེས་རབ་ཀྱི་ཞིང་དུ་བྱ་བའི་དོན་ནམ། དམ་ཚིག་བསྲུང་བའི་དོན་དང་དགྲ ་དག་པའི་དོན་དུ་གསང་བའི་དབང་ངོ་།། ཕུལ་དུ་ཕྱིན་པའི་ཤེས་པ་འདི་ལ་ཡོད་པས། ཤེས་རབ་ནི་ཕྱི་རོལ་གྱི་གཞོན་ནུ་མའོ།། དེ་ལས་ཡེ་ཤེས་ནི་སེམས་རྣམ་པར་རྟོག་པ་དང་བྲལ་པོ་ལས་རྣམ་དག་པ་ལྷན་ཅིག་སྐྱེས་པའི་དགའ་བ་ནི ་ས་རབ་ཡེ་ཤེས་ཀྱི་དབང་ངོ་།། ཡེ་ཤེས་དེ་ཉིད་དྲི་མ་དང་བྲལ་ཞིང་ཡོངས་སུ་དག་པར་རྟོགས་པ་ནི་དབང་བཞི་པའོ།། འདི་དག་ནི་བདེ་བ་ཆེན་པོའི་རོས་ཡིད་འཁྲུད་པའི་ཕྱིར་དབང་ངོ་།། འདི་དག་དང་འབྲེལ་པོ་ཁོ་ནར་ཤེས་རབ་ཉིད ་ཟག་པ་མེད་པའི་བདེ་བ་དམ་པ་ཕུན་སུམ་ཚོགས་པའི་དངོས་ཀྱི་ཐབས་ཡིན་པའི་ཕྱིར་ལས་དང་པོ་ལ་སོགས་པའི་གནས་སྐབས་སུ་ཡང་སྤང་བར་མི་བྱའོ།། ཞེས་པ་རིག་མའི་བརྟུལ་ཞུགས་སོ།། གང་ཚེ་རྣམ་པར་མི་རྟོགས་པས།། ་ལས་ཀུན་ཐབས་དང་བཅས་པར་སྤྱོད།། རྣམ་པར་མི་རྟོག་བསྒོམས་པ་ལས།། བློརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག། ཅེས་རྡོ་རྗེ་མཁའ་འགྲོ་ལོས་གསུངས་པས་བརྟུལ་ཞུགས་གཞན་གྱིས་ཅི་ཞིག་བྱ།། དེས་ན་ཡེ་ཤེས ་ལྔའི་རང་བཞིན་གྱིས་བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་ཁོ་ན་ལ་ཤིན་ཏུ་སྦྱར་བའི་ཕྱིར་དུ་རྡོ་རྗེའི་བརྟུལ་ཞུགས་སོ།། སྤྱོད་པ་དང་བྲལ་ན་ཡང་བྱང་ཆུབ་ཀྱི་སེམས་མི་རྟོགས་སོ།། ཤེས་བསླབ་པའི་དོན་དུ་སྤྱོད་པའི་བརྟུལ ་ཞུགས་ཏེ་དེ་ནི་རྣམ་པ་གསུམ་མོ།། དེ་ལ་དང་པོ་ནང་གི་ཕྱག་རྒྱ་གསུམ་ལ་སྦྱོར་བ་ལྷུར་བྱེད་པ་སྟེ་དེ་ལྟར་ཡང་། ཁ་ཊྭཱཾ་གཱ་ནི་ལྷའི་སྐུ།། ཅང་ཏེ་འུ་ཤེས་རབ་ཏུ་རི་བཏགས། ཞེས་དང་། སྔགས་ནི་བཏུ་བའི་ཐདྲུ་བའོ།། སྐྱེས་གསུངས་པསོ།། ་སྐུ་ལུས་དང་། ཨ་ནས་ཧཱ་ཏའི་ངོ་བོ་གཏུམ་མོའི་སྒྲ་དང་གཉིས་སུ་མེང་བའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་རྟེན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་དེ་ལྟར་གསུམ་མཚོན་པར་བྱེད་པའོ།། གཉིས་པ་ནི་རྣལ་འབྱོར་མ་དང་སྤྱོད་པའི་བརྟུལ་ཞུག། ་དང་ལྡན་པ་ལས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ་སོགས་པ་ལྔ་བསྐྱེད་པ་ལ་སྦྱོར་བ་ལྷུར་བྱེད་པའོ།། གསུམ་པ་ནི་ལྟ་སྟངས་བཞི་དང་མངོན་པར་ཤེས་པ་ལ་སོགས་པའི་ནུས་པ་ཐོབ་པར་གྱུར་པ་ནི་སེམས་ཅན་གྱི་དོན ་སྒྲུབ་པ་ལ་ལྷུར་བྱེད་པ་འཇིག་རྟེན་ལས་ཕྱི་རོལ་དུ་གྱུར་པའི་རྣལ་འབྱོར་པ་འམ་རྣལ་འབྱོར་མོ་ནང་གི་བོདག་ཉིད་ཀྱི་རྒྱན་མ་ལུས་པའི་དོན་ནུས་པ་ལྷུར་བྱེད་པ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་འབྱུང ་བ་ལ་སྦྱོར་རོ།། དེ་ལྟར་ཡང་རྣལ་འབྱོར་ནས་ཀུན་ཏུ་སྤྱོད་པའི་རྒྱུད་ལས་དང་པོར་མཉམ་གཞག་རྣལ་འབྱོར་པས། འབད་དེ་ནུས་པ་བསྐྱེད་པར་བྱ།། རུས་པ་བསྐྱེད་པའི་རྗེས་ལ་ནི།། བརྟུལ་ཞུགས་སྤྱོད་པ་ཡིད་འོང་བ།། རིགས་ལྔ་མཉམ ་པར་ཀུན་སྤྱོད་པ།། རིགས་གཅིག་ཏུ་ནི་རྣམ་པར་བརྟག། མི་རྟོག་སེམས་གཅིག་བདག་ཉིད་ཀྱིས།། འདོད་པའི་ཡོན་ཏན་ལྔ་སྦྱད་པ།། དེ་ལྟརརོ་དཔལ་ལྡན་ཧེ་རུ་ཀའི།། ཡེ་ཤེས་བསམ་པ་ཀུན་རྫོགས་མཛད།། ཤེས་རབ་ཆེ་ལྡན་དེ ་ཡིས་ནི།། གཉིས་མེད་ཡེ་ཤེས་བརྟུལ་ཞུགས་བྱེད།། སྤྱོད་པའི་བརྟུལ་ཞུགས་ལ་ཞུགས་པའི།། རྣལ་འབྱོར་རབ་ཏུ་ངེས་ཤེས་བྱ་ཞེས་གསུངས་སོ།། ཁམས་གསུམ་དང་དབྱར་མེད་པའི་ཆོས་ཉིད་རྟོགས་པའི་རིམ། ་བ་རུང་བ་ཁྱོད་ཡིན་ནོ།། ཞེས་གཟེངས་བསྟོད་པའི་དོན་དུ་ལུང་བསྟན་པའོ།། དེ་ལྟར་ཡོང་། བྷུར་ནི་རླུང་གི་དཀྱིལ་འཁོར་ལྔ་སོགས་པའི་འཁོར་དང་བཅས་པའི་ས་འོག་གོ། བྷུ་བར་ཅེས་པ་ནི་ས་སྟེངས་ཀྱི་འཇིག་རྟེན་ནོ།། སྭཱཿཞེས་པ ་མཐོ་རིས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མཐར་ཐུག་པའོ།། དེ་གསུམ་ཆར་ཡང་ཁྱོད་ཡིན་ཏེ་གང་གི་ཕྱིར།། དེ་རྣམས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་ཀྱི་ས་མ་ཡ་སྟེ། ས་རབ་ཏུ་དགའ་བ་ལ་སོགས་པའི་རིམ་པས་རྟོག ་པབཔར་རུང་བ་ཉིད་ཀྱིསོ།། ཞེས་པ་ནི་ས་མ་ཡ་སྟྭཾ་བྷུར་བྷུ་བཿསྭཿཞེས་པ་འདིའི་དོན་ཏོ།། ཆོ་ག་ཇི་ལྟར་དངོས་གྲུབ་རབ་ཏུ་བསྒྲུབས་ནས་ཆོས་སྟོན་པ་ལ་སོགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་པ་ནི་རྗེ་སུ་གནང་བའོ།། ་ཁྱོད་ཀྱི་འདོད་པ་རྣམས་ལ་ཉེ་བར་ལྗོངས་སྤྱད་ཀྱང་སྒྲིབ་པ་ཐམས་ཅད་ལས་གྲོལ་བའི་སངས་རྒྱས་དེ་རྙིང་ཉིད་དོ་ཞེས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ཐོབ་པར་ནུས་པ་ཉིད་རྒྱུས་པར་བྱ་བ་ལ་དགོངས་པར་རྟོགས་པར་བྱ་བའི ་ཕྱིར་དབུགས་དབྱུང་བའོ།། རྡོ་རྗེའི་བརྟུལ་ཞུགས་ལ་སོགས་པ་ལྔ་པོ་འདི་རྣམས་ཀྱང་སློབ་དཔོན་གྱི་དབང་གི་རྗེས་དང་། རིག་པའི་དབང་གི་རྗེས་ལ་དེ་དང་དེ་ཙམ་གྱིས་ཚིམ་པ་རྣམས་ལ་སྦྱིན་པར་བྱའོ་ཞེས་ཁ་ཅིགོ། སྔགས ་དང་། མིག་སྨན་དང་། མེ་ལོང་དང་། མདའ་འཕང་བ་རྣམས་ནི་རིག་པའི་དབང་གི་རྗེས་ལ་ཡང་ངོ་།། རིག་པའི་བརྟུལ་ཞུགས་ནི་ཤེས་རབ་ཡེ་ཤེས་ཀྱི་རྗེས་ལ་ཡང་ཁ་ཅིག་ཏུའོ།། ཁ་ཅིག་ཏུ་ནི་སྔགས་ལ་སོགས་པ་དང་། སྤྱོད་པའི་བརྟུལ ་ཞུགས་དང་། སྤྱིར་རྗེས་སུ་གནང་བ་དང་། དམ་ཚིག་གསུམ་དང་། སྐལ་པ་དང་ལྡན་པ་ཉིད་རྣམས་མ་གསུངས་ཏེ། ཇི་ལྟར་རིག་པར་དབང་གཞན་རྣམསུ་དེ་དང་དེའི་དོན་དུ་འདུས་པར་དགོངས་པསོ།། ཁ་ཅིག་ཏུ་རྗེས་སུ་གནང་བ་དང་། ་དབུགས་དབྱུང་པོ་དག་ཕྱིར་མི་ལྡོག་པའི་དབང་དུ་བསྡུས་སོ།། འདིར་ནི་ཐམས་ཅད་ཐ་དད་དུ་བརྗོད་དོ།། གང་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། དང་པོར་ཆུ་ཡི་དབང་ཡིན་ཏེ།། གཉིས་པ་ལ་ནི་ཅོད་པན་དབང་།། གསུམ་པ ་རྡོ་རྗེའི་དབང་གིས་སོ།། བཞི་པ་རང་གི་བདག་པོ་ཡིན།། ལྔ་པ་ལ་ནི་མིང་དབང་བསྐུར།། དྲུག་པ་རྫོགས་པའི་སངས་རྒྱས་ཉིད།། བུམ་པའི་དབང་ནི་བདུན་པ་སྟེ།། བརྒྱད་པ་གསང་བའི་དབང་ཡི་ནོ།། དགུ་པ་ཤེས་རབ་དབང་བསྐུར ་ཏེདང་དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས།། ཐམས་ཅད་རྡོ་རྗེའི་བརྟུལ་ཞུགས་སྦྱིན།། རང་ཉིད་སྟོན་པ་ལུང་སྟོན་ཏེ།། འདི་ནི་དབང་མཆོག་རིམ་པའོ།། ཞེས་པ་གསུངས།། དེ་ལ་ཕྲེང་བའི་དབང་ནི་ཆུའི་དབང་ལ་སོགས་པའི་རྒྱུ་ཉིད་ཀྱིས ་དང་སྔགས་ལ་སོགས་པ་རྣམས་ནི་ཇི་ལྟར་རིགས་པར་སློབ་དཔོན་གྱི་དབང་དང་། དབང་བཞི་པ་དང་། འགའ་ཞིག་གི་ཚེ་གཞན་གྱིའང་འཁོར་ཉིད་དུ་རྒྱུད་གཞན་དུ་གསུངས་པ་ལས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་མ་གསུངས ་སོད་དེ་ཉིད་ཀྱི་ཕྱིར་དཔལ་གསུང་བ་འདུས་པ་ལས། དབང་བསྐུར་རྣམ་ག་སྨྲམ་ཐ་དད་པ།། རྒྱུད་འདི་རུ་ནི་རབ་ཏུ་བརྟགས།། བུམ་པའི་དབང་ནི་དང་པོ་སྟེ།། གཉིས་པ་གསང་བའི་དབང་ཡིན་ནོ།། གསུམ་པ ་ཤེས་རབ་ཡེ་ཤེས་ཏེ།། བཞི་པ་ང་ཡང་ངོ་བཞི་ནོ་ཞེས་སོ།། དཔལ་ཁ་སྦྱོར་ལས་ཀྱང་། དབང་དེ་ཡང་ནི་རྣམ་པ་བཞི།། དྲང་པོ་བུམ་པའི་དབང་ཡིན་ཏེ།། གཉིས་པ་ལ་ནི་གསང་བའི་དབང་།། གསུམ་པ་ཤེས་རབ་ཡེ་ཤེས་ཧཱུ~ཾ།། བཞི ་པ་དེ་ནི་དེ་བཞིན་ཡང་། ཞེས་སོ།། བརྟགས་པ་གཉིས་པའི་རྒྱུད་ལས་མྱོང་།། སློབ་དཔོན་གསང་བ་ཤེས་རབ་དང་།། བཞི་པ་དྲི་ཡང་དེ་བཞི་ནོ་ཞེས་གསུངས་སོ།། དེ་ལ་ཆུ་དང་། ཅོད་པན་དང་། རྡོ་རྗེ་དང་། བདག་པོ་དང་། མིང་དང་། ་སློང་དཔོན་གྱི་དབྱེ་བས་རྣམ་པ་དྲུག་ནི་བུམ་པའི་དབང་སྟེ། ཐམས་ཅད་ངུ་དེ་བཞིན་གཤེགས་པ་དང་། སྤྱན་མ་ལ་སོགས་པའི་རིག་པ་རྣམས་ཀྱིས་བུམ་པས་དབང་བསྐུར་བའི་ཕྱིར་རོ།། སློབ་དཔོན་གྱི་དབང་ནི་མཆོག་ཏུ་ཉེ་བར ་བླང་བར་བྱ་བ་ཉིད་ཀྱིས་ཕུལ་དུ་བྱུང་བ་དང་བཅས་པར་བསྒྱུར་བའི་ཕྱིར་བུམ་པའི་དབང་ནི་བདུན་པ་སྟེ་ས་གསུང་སོ།། སློབ་དཔོན་གྱི་དབང་སྟེ་འབྱུང་བའི་རིམ་པའི་རྒྱུད་ཉིད་ཡིན་པས་ཆུའོ་དབང་ལ་སོགས་པ་ལྔ་ཡང་སློབ ་དབེན་གྱི་དབང་དུ་བརྗོད་དོ།། དེས་ན་ཐམས་ཅད་མི་འགལ་ལོ།། དེ་ལྟ་བུ་འདི་ནི་གཞན་དབང་བསྐུར་བའི་ཆོ་གའོ།། རང་ཉིད་ཀྱང་དམ་ཚིག་ཉམས་ན་འོང་ལྟ་བུའི་དབང་ཉིད་ཇི་ལྟར་སློབ་དཔོན ་འཇུག་པའི་ཆོ་གར་བླང་བར་བཤད་པ་དེ་ལྟར་བླང་བར་བྱའོ།། འོན་ཀྱང་གལ་ཏེ་བླ་མ་དམ་པ་ཤིན་ཏུ་རིང་བ་ནཱ་ལམ་བགྲོད་དཀའ་བ་ལ་སོགས་པའི་ཉེ་བར་འཚེ་བས་དགྲོད་པར་མི་ནུས་པའི་ཕྱོགས་ན་བཞུགས་ན་སྟེ། གཞན་དུ་ནི ་མ་ཡིན་ནོ།། རྟག་ཏུ་ཡི་དམ་བྱེད་པས་ནི་ཤེས་རབ་དང་ཐབས་རོ་གཅིག་པའི་རང་གི་འདོད་པའི་ལྷའི་སྦྱོར་བ་ཡིད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་བསྒོམ་པར་བྱ། དཀྱིལ་འཁོར་གྱི་དབང་ཕྱུག་ལས་ཆུའི་དབང་ལ་སོགས་པ་གསང ་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པའི་མཐར་ཐུག་པ་དང་། དབུགས་འབྱུང་བའི་མཐར་ཐུག་པརོ་ཡང་བླང་བར་བྱའོ་ཞེས་པ། རང་དབང་བསྐུར་བའི་ཆོ་གའོ།། ་རྡོ་རྗེ་སེམས་དཔའི་སྡོམ་པ་དང་ལྡན་པ་འདིའི་ལྟུང་བ་ནི་རིགས་རྣམ་པ་གཉིས་ཏེ། རྩ་བའི་ལྟུང་བ་དང་། སྦོམ་པོའི་ལྟུང་བའོ།། དེ་དག་ཀྱང་མན་ངག་གི་སྙེ་མར་རྣམ་པར་ཕྱེ་བའོ།། བླ་མ་ལ་བརྙས་པ་ལ་སོགས་པའི་ཉེས་པ་ལ་ནུས ་པ་ཇི་ལྟར་བར་སྟོན་མ་སྔོན་དུ་འགྲོ་བའི་དབུལ་བ་བྱས་ནས། བླ་མའི་མདུན་དུ་བཤགས་པ་སྔོན་དུ་འགྲོ་བས་སྡོམ་པ་སྔར་བཞིན་གཟུང་བར་བྱའོ་ཞེས་པ། དབང་གི་ཆོ་ག་གདམས་པ་དང་བཅས་པ་འཁོར་དང་བཅས་པའོ།། འདིར ་བགེགས་ལ་སོགས་པ་ཞི་བའི་དོན་དུ་སྦྱིན་སྲེག་བྱའོ་ཞེས་སྔར་བརྗོད་དོ།། དེས་ན། སྦྱིན་སྲེག་དང་བྲལ་ལས་རྣམས་ལ།། ཡང་དག་དངོས་གྲུབོ་མི་འབྱུང་སྟེ།། ཞི་རྒྱས་ལ་སོགས་གྲུབ་དོན་དུ།། སྦྱིན་སྲེག་ལས་ནི་ཡང་དག་བརྩམ།། ་xxx ་xxx ་xxx ་xxx ་xxx ་xxx ་གྲུབ་པར་བྱེད་པ་དང་། རྡོ་རྗེ་དྲི་མ་མེད་པ་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང་། དམ་ཚིག་གསུམ་གྱི་རྒྱལ་པོ་དང་། ཀུན་ནས་དབང་སྐུར་སྐྱེད་པར་བྱེད་པ་དང་། ཕྱག་ན་རྡོ་རྗེ་སྙིང་པོ་འབྱུང་གནས་དང་། རྡོ་རྗེ་མངོན་པར་འབྱུང་བའི ་རྒྱུད་དུ་ལས་ཐམས་ཅད་པའི་ཐབ་ཁུང་གྲུ་བཞི་པ། རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པའི་ཚད་ཀྱི་ཐབ་ཁུང་གི་སྟེང་དུ་ཞེས་པ་ལ་སོགས་པ་གསུངས་སོ།། དཔུང་བཟངས་ཀྱིས་ཡོངས་སུ་ཞུས་པ་དང་། པདྨ་འབྱུང་གནས་དང་། ཤིམ་ཏུ་རབ་ཏུ ་གནས་པའི་རྒྱུད་ལས། ལས་ཐམས་ཅད་པའི་ཐབ་ཁུང་པདྨའི་རྣམ་པ་ཟླུམ་པོ་ཀུན་ཏུ་ཁྲུའི་ཚད་ལས་ཟབས་སུ་ཁྲུ་ཕྱེད་ཀྱི་ཚད་དུ་བརྐོས་ལ། དབུས་ཀྱི་པདྨ་བརྒྱད་ཀྱིས་བསྐོར་བ། ཐག་ཁུང་གི་སྟེང་དུ་སོར་བཞི་པའི་བར་དོར་ནས་རྒྱུ་དང་དབངས ་སུ་སོར་བཞི་པོ་ཐབ་ཁུང་ནས་འཐོན་པའི་པདྨ་རབ་ཏུ་རྒྱས་པའི་འདབ་མོའི་རྣམ་པ་ལྟ་བུའི་ཁ་ཁྱེར་ཅན་ཁ་ཁྱེར་གྱི་ཕྱི་ངོས་སུ་པདྨའི་ཕྲེང་བས་ཡོངས་སུ་བསྐོར་བ། ཐབ་ཁུང་གི་ནང་གི་ཕྱོགས་ཀྱི་པདྨ་རྣམས་ལ་རྡོ་རྗེ་དང་། རིན་པོ་ཆེ་དང་། ་པདྨ་དང་། སྣ་ཚོགས་རྣམས་སོ།། མཚམས་ཀྱི་པདྨ་རྣམས་ལ་མིག་གཉིས་དང་། རྡོ་རྗེ་རྩེ་གསུམ་དང་། པདྨ་དང་། ཨུཏྤ་ལའོ།། དབུས་ཀྱི་པདྨ་ལ་འཁོར་ལོ་རྩིབས་བརྒྱད་པའོ།། ཐབ་ཁུང་གི་ནང་གི་མཐར་རྡོ་རྗེ་ཕྲེང་བས་ཡོངསུ ་བསྐོར་བའི་ཐིབ་ཁུང་ནི་ལས་ཐམས་ཅད་བའོ་ཞེས་པོ་ལ་སོགས་པ་གསུངས་སོ།། དུས་ཀྱི་འཁོར་ལོར་ནི་ཞི་བ་ལ་ཐབ་ཁུང་ཟླུམ་པོ་ཁྲུ་གཅིག་པའོ།། རྒྱས་པ་ལ་གྲུ་བཞི་ཁྲུ་གཉིས་པའོ།། མངོན་སྤྱོད་ལ་གཞུའི་རྣམ་པ་ཁྲུ་ཕྱེད་པའི། ་དགུག་པ་ལ་གྲུ་གསུམ་སོར་ཉི་ཤུ་པའོ།། དབྱེ་བ་ལ་ཟུར་ལྔ་པ་ཟླུམ་པོའི་ཚད་དོ།། རྨོངས་པ་ལ་ཟུར་དྲུག་པ་སོར་སུམ་ཅུ་པའི་ཚད་དོ།། དབང་ལ་ཟུར་བདུན་པ་སོར་བཞི་བཅུ་པའོ།། རེངས་པ་ལ་ཟུར་བརྒྱད་པ་སོར ་དྲུག་ཅུ་པའོ།། ཐམས་ཅད་དུ་ཐབ་ཁུང་གི་ཕྱེད་ཀྱི་ཚད་ཟབས་སུའོ།། ལས་ཐམས་ཅད་པའི་ཐོབ་ཁུང་ནི་ཟླུམ་པོ་ཞེས་པ་ལ་སོགས་པ་གསུང་སོ།། དཔལ་སངས་རྒྱས་ཐོད་པའི་རྒྱུད་དུ་ནི།། ཞི་བའི་ཐབ་ཁུང་ཟུར་བཞི་པ།། སྟེང་དང་འོག་ཏུ ་མཐོ་གང་ངོ་།། རྒྱས་པའི་ཐབ་ཁུང་ཟླུམ་པོ་སྟེ།། སྟེང་དང་འོག་ཏུ་མཐོ་གསུམ་མོ།། དབང་ལ་ཐབ་ཁུང་གྲུ་གསུམ་སྟེ།། སྟེང་དང་འོག་ཏུ་མཐོ་བརྒྱད་པ།། མངོན་སྤྱོད་ཐབ་ཁུང་ཟླ་ཕྱེད་དེ།། སྟེང་དང་འོག་ཏུ་ཁྲུ་ཡི་ཚད།། ཅེས་པ་ལ ་སོགས་པ་གསུངས་སོ།། དེ་ལྟར་ལས་ཐམས་ཅད་པའི་ཐབ་ཁུང་དུ་ཞི་བ་དང་། རྒྱས་པཱ་དང་། དབང་དང་། མངོན་སྤྱོད་ལ་སོགས་པ་རྣམས་འགྲུབ་ཀྱང་སོ་སོ་ལ་ཐབ་ཁུང་ཐ་དད་དུ་རྒྱུད་རྣམས་སུ་གསུངས་སོ།། དེ་བཞིན་དུ ་རྒྱུད་ཁ་ཅིག་ཏུ་ཞི་བ་ལ་སོགས་པའི་ཐབ་ཁུང་རྣམས་དང་། ལས་ཐམས་ཅད་པོའི་དཀྱིལ་འཁོར་དང་མཆུ་དང་ཁ་ཁྱེར་དང་དེའི་ཕྱི་ངོས་རྣམས་སུ་དབྱིབས་དང་ཁྭ་དོག་དང་མཚན་མ་དགོད་པ་ཐ་དད་པ་དང་། སའི་ཁྱད་པར་དང་། ་ཕྱོགས་ཀྱི་ཁྱད་པར་དང་། བསྲེག་བྱ་དང་། མེ་ལྷ་དང་། འདུག་སྟངས་དང་། རྒྱན་དང་། དབྱིབས་དང་། ཕྱོགས་སུ་ལྟ་བ་ལ་སོགས་པའི་ཁྱད་པོར་དང་། སྦྱིན་སྲེག་བྱ་བའི་དུས་ཀྱི་ཁྱད་པར་རྣམས་སོ་སོར་བསྟོན་ལ། རྒྱུད ་གཞན་རྣམས་སུ་ནི་གཞན་དུ་བསྟན་ཏོ།། རྣལ་འབྱོར་པ་རྡོ་རྗེ་སེམས་དཔའི་བསྐུར་མོས་པ་བསྟན་པས་ནི་སྒྱུ་མ་བཞིན་སྣ་ཚོགས་སྟོང་པ་ཉིད་དང་རོ་གཅིག་ཏུ་སྣང་བ་བསྟན་པ་ཉིད་ལས། བརྩེ་བའི་རང་བཞིན་ཅན་གྱི་དོན་དུ་འཇུག་པའི་འདི་ཐམས ་ཅད་ཀྱི་མངོན་པར་འདོད་པ་འགྲུབ་པར་འགྱུར་རོ་ཞེས་དགོངས་པ་དང་། གདུལ་བྱའི་བསམ་པ་སྣ་ཚོགས་པ་ལས་ཀྱང་སྟེ། ཐུགས་རྗེའི་རང་བཞིན་གྱི་སྐུ་རྣམས་ཀྱིས་རྣམ་པར་བཞག་པ་འདི་སྣ་ཚོགས་པ་ཡིན་ནོ།། དེ་ལྟར་ཐམས་ཅད་རྟོགས་ནས ་ཁོ་བོ་ཅག་གིས་དེ་ཁོ་ན་ཉིད་བསྡུས་པ་ལ་ལས་སྨོས་པ་རྣལ་འབྱོར་དང་། རྣལ་འབྱོར་མའི་རྒྱུད་རྣམས་ཀྱི་རྗེ་སུ་འབྲངས་ནས་རབ་སྤྱོད་པ་མང་པོ་གདམས་པ་དང་། བཅས་པ་རྫོགས་ཤིང་གསལ་བར་གཏན་ལ་ཕབ་པའི་ཐབ་ཁུང་གི་མཚན ་ཉིད་ལ་སོགས་པ་དང་། སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མར་གསོལ་བར་བྱས་སོ།། དེའི་ཕྱིར་དེ་ཉིད་ལས་དེ་ཐམས་ཅད་ངེས་པར་བཟུང་ནས་སྦྱིན་སྲེག་བྱ་སྟེ། འདིར་སླར་དེ་བརྗོད་པས་ཅི་ཞིག་བྱ་དེས་ན་འདིར་སྦྱིན་བསྲེག་གི་ཆོ་ག་འོད་ཀྱི་སྙེ་མར ་ཤེས་པར་བྱའོ།། དེ་ནས་ཆོ་ག་ཇི་ལྟ་བར་ཞི་བ་དང་རྒྱས་པའི་སྦྱིན་སྲེག་བྱ་སྟེ། རང་ཉིད་ཀྱི་དཀྱིལ་འཁོར་མཆོད་དེ་ཐམས་ཅད་ཀྱི་ནུས་ཇི་ལྟ་བར་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པར་གྱིས་ཤིག། ཅེསྡེ་པ་ལ་སོགས་པ་སློབ་མ ་ལ་སོགས་པོ་རྣམས་ལ་མཆོད་པ་བྱེད་དུ་བཅུག་ལ་ཞུགས་པ་རྣམས་ལ་ཡང་བཟའ་བ་དང་བཅའ་བ་དང་བལྡག་པ་དང་ཆང་ལ་སོགས་པ་འཁོར་ལོ་ལ་ཕུལ་བ་རྣམས་ཀྱིས་ཚིམ་པར་བྱས་ཏེ། དེ་དག་དང་ལྷན་ཅིག་ཏུ་མཚན་མོ་མི་ཉལ ་བར་གླུ་གར་ལ་སོགས་པ་རྣམས་དང་། བྱང་ཆུབ་སེམས་ཀྱི་སྟོབས་ཀྱིས་ཡང་དག་པར་མཆོད་ནས་ཁྱེད་རྣམས་ཀྱི་འཇུག་པ་འདི་སུ་ལ་ཡང་སྨྲ་བར་མི་བྱའོ་ཞེས་བརྗོད་ལ། སློབ་མ་ལ་ནི་ཡོན་བླང་བྱ།། ངེས་ཀྱང ་གུས་པས་དབུལ་བྱ་སྟེ།། རིན་ཆེན་ཡིད་འོང་ཆུང་མ་དང་།། རང་གི་ལུས་དང་ས་གཞི་དང་།། མདོར་ན་བྱ་བ་དེ་འདྲ་བ།། ཇི་ལྟར་བླ་མ་མཉེས་གྱུར་བྱ།། བླ་མ་མཉེས་ན་དངོས་གྲུབ་འགྱུར།། གཞན་དུ་མིན་ཞེས་ཐུབ་པས་གསུངསོ།། སློབ་དཔོན ་བླ་མེད་བྱེད་པ་པོ།། རྡོ་རྗེ་སེམས་དཔའ་མཆོད་པ་ལས།། དེ་ཡིས་བསོད་ནམས་མ་བྱས་ཅི།། དཀའ་ཐུབ་མ་སྤྱད་པ་ཡང་གང་། ཞེས་སེམས་དཔས་སོ།། དེ་ནས་སློབ་མ་རྣམས་བཞག་སྟེ།། ཕྱི་རོལ་དུ་བྱུང་ནས་ཕྱོགས་ཀྱི་གཏོར་མ་དང་། མཆོད། ་པ་ལ་སོགས་པ་བྱས་ལ། ནང་དུ་ཞུག་སྟ་ནུས་འཁོར་ལོ་ལ་ཕྱག་འཚལ་ཏེ། འཁོར་ལོའི་དབང་པོ་ལ་ཨོཾརྒྷཾ་ལ་སོགས་པ་ཕུལ་ནས་དགེ་བྱ་ཡོངས་སུ་བསྔོས་ཏེ། དཀྱིལ་འཁོར་ལྷ་ལན་གསུམ་བསྐོར་པོ་བྱས་ལ།། བཅོམ་ལྡན་འདས་ལ ་ཕྱོགས་པས་ཤོར་སྒོར་འདུག་སྟེ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས། མ་རྙེད་ཅེས་པ་ལ་སོགས་པས་བཟོད་པར་གསོལ་ཏེ། ཨོཾ་ཁྱེད་ཀྱིས་ཅེས་པ་ལ་སོགས་པ་དང་། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་དཀྱིལ་འཁྲོ ་གོགཤེགས་སུ་གསོལ་ནས། རང་གིས་སྤྲུལ་པའི་དཀྱིལ་འཁོར་བདག་ཉིད་ལ་བསྟིམས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་དྷྲྀཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་མུཿཞེས་འདོན་ཞིང་ཆོས་ཐམས་ཅད་སྐྱེ་བ་མེད ་པར་མོས་པས་དྲིལ་བུ་དཀྲོལ་ཞིང་ལག་པ་ན་གནས་པའི་རྡོ་རྗེས་ཤར་སྒོ་ནས་བརྩམས་ཏེ། ཚུངས་པའི་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་། རང་གི་མགོ་བོ་ལ་རྡུལ་ཚོན་ཅུང་ཟད་བླུགས་ནས་པདྨ་ལ་སོགས་པར་དབྱི་བར་བྱའོ།། ་ས་སྒོ་རྣམས་དང་ཟུར་རྣམས་ལག་པ་ན་གནས་པའི་རྡོ་རྗེའི་རྩེ་མོས་གཞིག་པར་བྱའོ།། དེ་ནས་ཨོཾ་བཛྲ་ཀཱི་ལ་ཡ་ཨུཏཱི་ལ་ཡ་སརྦ་ཀཱི་ལན་བཛྲ་དྷ་ར་ཨཱ་ཛྲཱྀཾ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿཞེས་པ་ཧཱུཾ་བཞི་པའི་སྔགས་ཀྱིས་ཕུར་པ་རྣམས་བཏོན་ལ། ཨོཾ་རུ་རུ ་སྥུ་རུ་ཛྭཱ་ལ་ཏིཥྛ་སིདྡྷ་ལ་ཙ་ནེ་སརྦཱརྠ་སཱ་དྷ་ནི་སྭཱ་ཧཱ་ཞེས་པ་འོ་མ་ལ་བརྒྱ་རྩ་བརྒྱད་བཟླས་པར་བཀྲུའོ།། ཕུར་པའི་ལྷ་རྣམས་ཀྱང་གཤེགས་སུ་གསོལ་ལོ།། ཁུང་བུ་ཡང་དགང་ངོ་།། ཞི་བ་ལ་སོགས་པ་དོན་དུ་གཉེར་བ་ལ་རྡུལ་ཚེ་ཆུག་ཅན ་གཞནམས་ཅད་རྣམ་པར་རྒྱལ་བའི་བུམ་པ་འམ་བུམ་པ་གཞན་སརྦ་གོས་ཀྱིས་བརྒྱན་པར་བླུགས་ཏེ་གླང་པོ་ཆེའི་སྟེང་ངམ། ཁྱོགས་ལ་བཞག་ལ་ཡོན་བདག་གིས་བྱིན་པའི་གོས་ཀྱིས་རྒྱན་པའི་རྣལ་འབྱོར་མས་བཟུང་བའི་མདོ་ལི་ལ་ཞོན་པའི ་སློབ་དཔོན་ནམ་སློབ་མའི་དྲིལ་བུའི་སྒྲ་དང་། བཀྲ་ཤིསྟྲ་ཀྱི་གླུ་དང་། རོལ་མའི་སྒྲ་དང་། གདུགས་དང་། རྒྱལ་མཚན་དང་། མཆོད་པ་རྣམས་དང་ལྡན་པས་ཁྱེར་ཏེ་འབབ་ཆུ་ཆེན་པོ་འམ་མོ་ཡོ་ག་ཆུ་ཟབ་མོའི་འགྲམ་དུ་འདུག་ལ། ་བ་ལྕིས་བྱུགས་ལ་དྲི་དཀར་པོས་མཎྜལ་བྱས་ཏེ། པདྨའི་ལྟེ་བི་ལ་རྡོ་རྗེ་སེམས་དཔའ་དང་། འདབ་མ་ལ་ཀླུ་རྣམས་སྔ་མ་བཞིན་མཆོད་དེ། ཀླུ་གཏོར་གྱི་སྔགས་ཀྱིས་འོ་མའི་གཏོར་མ་ཕུལ་ནས་མཆོད་དེ། ཀླུ་རྣམས་ལ་རྡུལ་ཚོན ་གཏང་དེ་ཆུ་ལ་བསྐུར་བར་བྱའོ།། ཀླུ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་ས་འོག་གི་གཞིར་འཁྱེར་བར་བསམ་མོ།། གང་དུ་རྡུལ་ཚོན་ཁྱེར་བའི་བུམ་པ་དེ་ཆུས་བཀང་ནས་དེ་ཁོ་ན་བཞིན་དུ་ཁྱེར་ཏེ། དེས ་ཞི་བའི་དོན་དུ་དཀྱིལ་འཁོར་ཁང་པ་ལ་སོགས་པར་གཏོར་བར་བྱའོ།། བ་ལྕིས་བྱུགས་པའི་དཀྱིལ་འཁོར་གྱི་ཁང་པར་གཞོན་ནུ་མ་རྣམས་ལ་འོ་ཐུག་གི་སྟོན་མོ་བྱའོ།། དེ་ནས་སློབ་དཔོན་གྱིས་ནི་ནོར་མཁོ་བའི་ཡོ་བྱད་ཀུན་བསྡུས ་ནས། རང་ཉིད་ཀྱིས་ནི་སྤྱད་པར་བྱ།། སློབ་མ་སོགས་ཀྱིས་ཅུང་ཟོད་མིན།། རྨད་འཛུགས་པ་དང་རབ་གནས་དང་།། སྦྱིན་སྲེག་འཁོར་ལོའི་ནོར་གང་ཡིན།། དེ་ཀུན་སློབ་དཔོན་ཁོ་ནའོ་ཞེས།། རྡོ་རྗེ་སེམས་དཔའ་མཆོག་ཉིད་གསུངས།། ། ་ཡོན་བདག་གིས་ནི་རབ་གནས་བྱས་པའི་སྐུ་གཟུགས་ལ་སོགས་པ་བསྐྱོད་དུ་རུང་བ་རོལ་མོའི་སྒྲ་ལ་སོགས་པའི་མཆོད་པས་རང་གི་གནས་སུ་ཁྱེར་ལ་མཆོད་པར་བྱའོ།། སློབ་དཔོན་དང་། སྒོའི་སློབ་དཔོན་རྣམས་དང་། ལས་ཀྱི་རྡོ ་རྗེ་ཅན་དང་། རྣལ་འབྱོར་མ་རྣམས་དང་། བཟོ་བོ་རྣམས་ཇི་ལྟར་རིགས་པར་ནུས་པ་ཇི་ལྟ་བར་གོས་ལ་སོགས་པ་རྣམས་དང་། སོ་རྩི་ལ་སོགས་པས་ཚིམ་པར་བྱའོ།། དགེ་འདུན་གྱི་སྟོན་མོ་དང་། ཚོགས་ཀྱི་འཁོར་ལོ་བྱའོ།། ་དམན་པ་དང་མགོན་མོང་བ་རྣམས་ཀྱང་ཚིམ་པར་བྱའོ་ཞེས་པ། དཀྱིལ་འཁོར་ཉེ་བར་བསྡུ་བ་ལ་སོགས་པའི་ཆོ་གའོ།། ། དེ་ལྟར་འདི་ནི་བྲི་བར་བྱ་བའི་དཀྱིལ་འཁོར་གྱི་ཆོ་གའོ།། བྲི་བར་བྱ་བའི ་ཆོ་ག་འདི་ཡང་ཡིད་ཀྱིས་བསྒྲུབ་པའི་ཆོ་ག་ཁོ་ནས་འབྲས་བུ་དང་ལྡན་ནོ་ཞེས་བྱ་བས་ཡིད་ཀྱི་ཆོ་ག་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་གཟུགས་ཀྱི་ས་ཡོངས་སུ་གཟུང་བ་ལ་སོགས་པ་དང་། སྐུ་གཟུགས་ལ་སོགས ་པའི་རབ་གནས་དང་། སློབ་མི་དབང་བསྐུར་བ་དང་། གཤེགས་སུ་གསོལ་པོ་དང་། ཞི་བའི་སྦྱིན་སྲེག་གི་མཐར་ཐུག་པ་ཐམས་ཅད་ཀྱི་ཡིད་ཀྱིས་བྱའོ།། དེ་ཉིད་ཀྱི་ཕྱིར་གང་གི་ཚེ་འདི་ཐམས་ཅད་ཡོ་བྱད་འགའ་ཞིག་དང་བྲལ་བས་བྱ་བར ་མི་ནུས་པའམ། མི་རིགས་པ་འམ་མི་རྙེད་པ་དེའི་ཚེ་བསྒོམས་ལ་བྱའོ།། ཕྱི་རོལ་གྱི་དངོས་པོ་ཡོད་པ་ལ་ཡང་བསམ་གཏན་ཁོ་ན་གཙོ་བོ་ཡིན་ནོ།། འོན་ཀྱང་འཇིག་རྟེན་པའི་ལྟ་བ་དང་། སྦྱིན་པ་ལ་མངོན་པར་དང་བ་ལ་སོགས་པས ་བསོད་ནམས་འཕེལ་བའི་ཆེད་འབའ་ཞིག་ཏུ་ཕྱིའི་ཆོ་ག་འདོད་དོ།། ཚོགས་པ་དང་བྲལ་བ་ཡི་ནི་བསྒོམ་པ་ཁོ་ནས་ཆོ་ག་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གསུངས་སོ།། དེའི་ཕྱིར་ལས་དང་པོ་བས ་ཀྱང་སེམས་བརྟན་པས་ཡིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་དུ་སྔ་མ་བཞིན་རབ་གནས་དང་། སྐལ་པ་དང་ལྡན་པ་དབང་བསྐུར་བར་བྱའོ།། དེ་ལྟར་ཡང་དཔལ་སངས་རྒྱས་ཐོད་པའི་རྒྱུད་ལས། ཤེས་རབ་པདྨའི་ནང་དབུས་སུ།། ་དཔག་ཚད་བྱེ་བའི་དཀྱིལ་འཁོར་ནི།། རིགས་གསུམ་དཀྱིལ་འཁོར་དེ་དབུས་སུ།། མཁས་པས་བློ་བཟང་དབང་བསྐུར་བྱ། ཞེས་གསུངས་སོ།། གཞན་དུ་ཡང་། ཡིད་ཀྱིས་འགའ་ཞིག་ཉིད་དུ་ནི།། རྒྱལ་བས་དཀྱིལ་འཁོར ་བྱ་བར་བཞེད།། ཅེས་གསུངས་སོ།། ཡིད་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། ། འདིར་བརྗོད་པའི་ཆོ་ག་རྣམས་དང་། བྱ་བ་གཞན་རྣམས་ལ་ཡང་དང་པོ་དང་མཐར་བགེགས་ཉེ་བར་ཞི་བའི ་ཆེད་དུ་གཏོར་མ་སྦྱིན་ནོ།། དེ་ལ་རིམ་པ་ནི་འདི་ཡིན་ཏེ། དང་པོར་སློབ་དཔོན་ཅོད་པན་ལ་སོགས་པ་ཇི་ལྟར་རྙེད་པས་བརྒྱན་པ། དཔལ་རྡོ་རྗེ་སེམས་དཔའི་གཟུགས་ཅན་གྱིས་མདུན་དུ་པི་ཌ་ལ་སོགས་པའི་སྣོད་ཆེན་པོ་རྣམསུ་ཟན་དང་། ་ཁུར་པ་དང་། འབྲོས་ཁུར་དང་། ལ་དུ་དང་། ཆན་ཐུག་ལ་སོགས་པའི་ཉ་དང་ཤ་དང་། བཙོང་དང་། སྒོག་སྐྱ་དང་། ཆང་དང་། ཆུ་དང་། འོ་མ་ལ་སོགས་པའི་མེ་ཏོག་ལ་སོགས་པ་དང་ལྡན་པ་བླ་རེ་ལ་སོགས་པས་བརྒྱན་པ་རོལ ་མོའི་སྒྲ་ལ་སོགས་པ་མདུན་དུ་བདར་བའམ། ཟན་དང་ཆུ་ལ་སོགས་པ་ཙམ་ཡང་རུང་སྟེ། ཇི་ལྟར་རྙེད་པ་བཀོད་པ། བཟའ་བ་དང་། བཅའ་བ་དང་། བལྡག་པ་དང་། བཏུང་བ་རྣམས་སྦྱང་བར་བྱའོ།། དེ་ལ་ཡཾ་ལས་བྱུང་བའི་རླུང ་གི་སྟེང་དུ་རཾ་ལས་སྐྱེས་པའི་མར། ཨཿལས་བྱུང་བའི་པདྨའི་སྣོད་དཀར་པོ། ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་མགོ་ཧོ་གསུམ་ལ་གནས་པ་དེར་ཟན་ལ་སོགས་པ་ཧཱུཾ་བུཾ་ཨཾ་ཧྲཱིཿཁཾ་བྷྲཱུཾ་ཧཱུཾ་ཧྲཱིཿཏཾ་གཱི་ཡི་གེ་ལས་བྱུང་ཞིང་ངེས་བྱིན་གྱིས ་བརླབས་པའི་བདུད་རྩི་དང་སྒྲོན་མ་ལྔའི་ངོ་བོ་ཧ་ཧེ་ཧྲིཿའི་ཡི་གོས་རིམ་པ་བཞིན་ཐ་མལ་པའོ་ཁ་དོག་དང་། དྲི་དང་། ནུས་པ་བསལ་ནས་རླུང་གིས་བསྐྱོད་པའི་མེ་འབར་བ་ཡིས་གདུངས་པས་ཡི་གེ་ལ་སོགས་པ་ཞུ་བར་གྱུར་ནས། ་དེའི་རླངས་པ་ལས་བྱུང་བའི་ཧཱུཾ་ལས་སྐྱེས་པའི་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ཞུ་ནས་དེར་ལན་གསུམ་དུ་ཕབ་པས་བདུད་རྩིར་གྱུར་པ་དེའི་སྟེང་དུ་ཨོཾ་ལས་བྱུང་བའི་ཟླ་བ་ལ་གནས་པའི་ཨོཾ་ཨཱཿཧཱུཾ་གིས་ཡི་གེའི་འོད་ཟེར་རྣམས་ཀྱིས་ཕྱོགས ་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་དང་། རྒྱ་མཚོ་ལ་སོགས་པར་གནས་པའི་བདུད་རྩི་དང་ཡི་གེ་གསུམ་དང་ཟླ་བ་དག་ཀྱང་དེར་བཅུག་ནས། ཡི་གེ་གསུམ་གྱིས་ལན་གསུམ ་ངུལ་ཆུ་བཞིན་ཤིན་ཏུ་དངས་པར་བྱིན་གྱིས་རླབ་བོ།། བདུད་རྩེ་བསྒྲུབ་པའོ།། དེ་ནས་བསྡུས་པའི་རིམ་པའི་ཆོ་ག་འམ། ཡན་ལག་བཞི་པའི་ཚོགས་རིམ་གྱིས་སམ། སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་དྲྀ་བཟང ་པོ་ལ་སོགས་པས་མཎྜལ་བྱས་པར་རོང་གི་དཀྱིལ་འཁོར་གྱི་དབང་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཡང་དག་པར་མཆོད་ནས། མི་བསྐྱོད་རྡོ་རྗེ་ཞེས་པ་ལ་སོགས་པས་བསྟོད་དེ་རང་གི་སྙིང ་གའི་ས་བོན་གྱི་འོད་ཀྱིས་ཁྲོ་བོ་དང་བཅས་པའི་བསྲུང་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བ་ལ་གནས་པའི་གཞལ་ཡས་ཁང་གི་ནང་ན་བཞུགས་པའི་དཀྱིལ་འཁོར་དང་། དབོང་པོ་ལ་སོགས་པ་རྣམས་འཁོར་དང་བཅས་པ་ངང ་ཀླུ་རྣམས་དང་། སེམས་ཅན་ཐམས་ཅད་བཀུག་ནས་དབང་པོ་ལ་སོགས་པ་རྣམས་སྐད་ཅིག་གིས་འོད་གསལ་དུ་བཅུག་པའི་རྗེས་ལ་འདུས་པའི་ལྷ་ཤེས་རབ་དང་བཅས་པའི་གཟུགས་སུ་བསམས་ནས། མདུན་དུ་ཞབས ་བསོལ་ལ་སོགས་པ་དབུལ་བ་སྟོན་དུ་འགྲོ་བས། བྲལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར་ཏེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སུ་ལྷག་པར་མོས་པས་དང་འཁོར་གསུམ་ཡོངས་སུ་དག ་པས་གཏོར་ལ། ཨོཾ་ཨཱཿཆེ་གེ་མོ་བཛྲ་ཞེས་རང་གི་འཁོར་ལོའི་དབང་པོ་ལ་སོགས་པ་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་རེ་རེ་ཞིང་བས་ནས་དེའི་ས་བོན་སོང་བརྗོད་དེ། སརྦ་དུཪྵཱ་ས་མ་ཡ་མཱུ་ཏྲཱ་པྲ་བྷ་ཛ་ཀ་མ་མ་ཤཱནྟིཾ་ཀུ་རུ་ཙ་ཀུ་རུ་སྭཱ་ཧཱ་ཧཱུཾ ་དང་ར.ོཾ་ཨཱཿསརྦ་དྷུ་དྷཱ་ཛཱ། ད་ཤ་དིག་ལོ་ཀཱ་དྷཱ་ཏུ། ཨ་ནནྟ་ག་ག་ན་ས་མུ་དྲ་མེ་གྷ་བྷུ་ཧ་པྲ་ས་ར། པ་ར་མཱ་ཎུ་ཛེ་མཎྜ་ལ་པ་རཾ་བ་རཱ་ནྱཱརྨྨ་ཏ་ས་མཱ་པ་ཏ་ཏྱ་བསྠི་ཏཱ། དྷརྨྨ་དྷེ་ཏུ་ས་མ་བ་སཾ་རཏྟེ། ཨཱ་ཀཱ་ཤཱ་དྷཱ་ཏུ་པ་དྱ་བ་སཱ་ནཱ། སརྦ ་ཏྱཱ་དྷཱ་ཛ་ད་ཤཽ་ངག་ལོ་ཀཱ་དྷཱ་ཏཱ་ནཏྟ་མེ་གྷ་བྷུ་ཧ་པྲ་ས་ར~ཾ་གི་ག་ན་ས་མཱཿསརྦ་ལོ་ཀཱ་བྷཱ་ལཱཿསརྦ་སཏྭ་ཤྩཱ། ཏདྱ་ཐཱ། བཛྲ་སུ་དྷ་མཱ་ཡཱ་བཛྲ་བཛྲ་ན་ལ། བཛྲ་ཀཱ་ལ་བཛྲ་མུ་ཥ་ལ་ནཱ་ག་བཛྲ། བརྡྷ་ནཱ་ལཱི། བཛྲེ་བཻ་ར་བ། བཛྲི་ཤོཏྟ། ་ཏྲཱ~ཾ་ཀྲྀ་དྷཱ། བཛྲཱ་གཎྜཱི་ལོ། བཛྲཱི་བྲྀབྷཾ། མོ་ན་བཛྲ། བི་མ་ཙི་དྷི། བྲྀབྷཱི་བྷྲྀ་བྷཱ་དྡྷཱཿས་པོ་རི་ཛྙཱནཱ། ཨོཾ་མཾ་ཐཱཉྩ། ཛྙཱ་བ~ཾ། དྷཱུ་བ། ནྡྲ་ནཾ་བིདྡྷ་ཨོཾ་དྷི་ས་ཨུ་ཏོ་བ་ལི་ཨུ་བ68། བྲྀ་ཏཱིནྟུ་སུ་བི་དྷཱདྡྷ། མ་མོ་ཧི ་དྷཱ་དྷ་ན་དྷཱ་ནཱ་ཡུཿཡཽ་བམ། ཨ་རོཀྵ། སང་སུ་ཁ། ཨ་ཡ་ཧ་ར། ཀཱ་སརྦ་བིགྷྣ་ན་བི་ནཱ་ཡ་ཀཱ་ན། སརྦ་དུཥྚ་པྲ་དུཥྚན་མ་ནུ་ཥྱེ་ཎ། ཨ་མ་ནུཥྚཱ་ཎཾ་ཛ་བྷཱུ་ཡ་ཏ། སྟྭཾ་བྷཱ་ཡ་ཏ། བནྡྷ་ཡ་ཏ། བི་དྷྭཾ་ས་ཡ་ཏ། མ་མ་ཧ་རི་དྷྱ་སུ་བདྡྷ་དྷཱནཱ། ་དྷཱ་ནྱཱ་ཡུར་ཡོ་བན། ཨ་རོ་སང་སུ་ཥ་ནི་མ་ཧཱ་སུ་ཁ་པྲ་བྲིདྡྷཱ་ཡ་ཡཱ་བ་དཱ་བ་དྷ་མཎྜ་པདྱཱན་ཏ། ཌྷོ་ཀ་ཡ་ཏྲཱ་ས་ཏ་ས་ཧཱ་ཡ་ཏ་ཤནྟི་རཀྵ་ཙ་ཀུ་རུ་ཏ་ཧཱ་ཞེས་པའི་སྔགས་ངག་གིས་དང་། ཀླུ་གཏོར་གྱི་སྔགས་ཀྱིས་ཀྱང་དབུལ་ལོ།། དེ་རྣམས ་ཀྱང་དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ་གནོད་མཛེས་ཀྱི་བར་དང་། དེ་ནས་དབང་པོ་ལ་སོགས་པ་འཁོར་དང་བཅས་པ་དང་། དེ་ནས་ཀླུ་རྣམས་དང་། དེ་ནས་སེམས་ཅན་ཐམས་ཅད་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ ་གཅིག་པ་དམར་པོ་རྣམས་དེའི་འོད་ཟེར་གྱི་སྦུ་གུ་རྣམས་ཀྱིས་སམ། ཡིད་ཀྱིས་བདུད་རྩི་དྲངས་པ་གསོལ་བས་བདེ་བ་ཆེན་པོའི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པར་ཇི་སྲིད་འདོད་ཀྱི་བར་བསམ་པར་བྱའོ།། ཞལ་བསིལ ་དང་ཕྱག་དྲུག་བཀྲུ་བ་དང་། སོ་རྩི་ལ་སོགས་པ་བྱིན་ནས་མཆོད་དེ། བྱ་བ་སྒྲུབ་པ་ལ་ལྷུར་བྱེད་པ་རྣམས་ལ་བཟོད་པར་གསོལ་ཏེ། སྔར་བརྗོད་པའི་ཡི་གེ་བརྒྱ་པ་བཟླས་ནས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ ་ག་ཤུ་དྷོ་ཧ། ཞེས་བརྗོད་ཅིང་པད་སྐོར་དང་འཁྱུད་པོའི་ཕྱག་རྒྱ་བྱེད་པས་རང་གི་ལྷོའི་འཁོར་ལོ་བདག་ཉིད་ལ་བཅུག་ནས། བསྲུང་བའི་འཁོར་ལོ་ན་གནས་པའི་ཁྲོ་བོ་བཅུ་དང་། དབང་པོ་ལ་སོགས་པ་བསྲུང་བ་ལ ་སོགས་པ་མངོན་པར་འདོད་པ་བསྒྲུབ་པ་ལྷུར་བྱེད་པ་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་ངོས་སུ་ཕྱོགས་བཅུར་དཀྱིལ་འཁོར་གྱི་ལས་རྩོམ་པ་ནས་བརྩམས་ཏེ། ཇི་སྲིད་མཐར་ཐུག་པའི་བར་དུ་དགོད་པར་བྱའོ།། རྡུལ ་ཚོན་གྱི་དཀྱིལ་འཁོར་གཤེགས་སུ་གསོལ་བའི་རྗེས་ལ་ནི་དེ་ལྟར་གཏོར་མ་གཏང་བ་ལ་སོགས་པ་བྱས་ནས་ཁྲོ་བོ་རྣམས་ཀྱང་བདག་ཉིད་ལ་བཅུག་ནས་སྡེ་གོལ་གསུམ་ཏོག་ཅིང་། དབང་པོ ་ལ་སོགས་པ་རྣམས་གནས་ཇི་ལྟ་བ་བཞིན་གཤེགས་སུ་གསོལ་ལོ།། གཞན་དུ་ཡང་ཉི་མ་སོ་སོ་འམ་ཐུན་སོ་སོ་ལ་གཏོར་མོ་སྟེར་བ་ན་དེ་ལྟར་རོ།། འདི་ནི་གཤེགསུ་གསོལ་བའི་སྔགས་ཏེ། ཨོཾ་ཁྱེད་ཀྱིས་སེམས ་ཅན་དོན་ཀུན་མཛད།། རྗེས་སུ་འཐུན་པའི་དངོས་གྲུབ་གནང་།། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླརརྱ་ཡང་བྱོན་པར་མཛད་དུ་གསོལ།། མུཿཞེས་པ་དང་། ཨོཾ་ཨཱཿཧཱུཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ ་ཨཱ་དྱ་ནུདྦནྨ་ཏྭཱ་ཏ་ཧཱུཾ་མུཿཞེས་པ་འམ། ཨཾ་ཨཱཿཧཱུཾ་བཛྲ་མུཿཞེས་པ་འདོན་ཞིང་གཤེགསྱཱ་སུ་གསོལ་ལོ།། འདིར་ཞི་བ་ལ་སོགས་པའི་བྱ་བའི་གཙོ་བོའི་དབྱེ་བས་དུས་དང་ཕྱོགས་དང་། ཁ་དོག་གི་དབྱེ་བ ་རྟོགས་པར་བྱའོ།། དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་ཕྱི་དྲོས་ཤར་ལ་སོགས་པའི་ཕྱོགས་སུ་ཁྲོ་བོ་བཅུའི་སའི་གོང་བུ་དང་ཉེ་བར་མདུན་དུ་གཏོར་མ་ཟོན་ལ་སོགས་པོ་བསྐོན་པ་ལ་སོགས་པ་བཀོང་བ ་འམ། ཁོམ་པོར་རྣམས་སམ་སྙིམ་པར་དབུལ་བར་བྱའོ།། སའི་གོང་བུ་རྣམས་ལས་ཕྱི་ངོས་སུ་སའི་གོང་བུ་བཅོ་ལྔ་རྣམས་དང་། དེ་མེད་ན་མཎྜལ་རྣམས་ཀྱི་སྟེང་དུ་དབང་པོ་ལ་སོགས་པ་བཅོ་ལྔ་རྣམས་ལ ་ཕྱོགས་བརྒྱད་དུ་སྦྱིན་ནོ།། དབང་པོའི་གཡས་ཕྱོགས་སུ་སྒྱུ་མ་རྡོ་རྗེ་ཁྱ་བ་འཇུག་ལའོ།། རྡོ་རྗེ་འཏཱིགས་བྱེད་ནི་ལུས་ངན་ཏེ་དེའི་གཡས་ལོགསུ་ལོག་འདྲེན་ལའོ།། རྡོ་རྗེ་ཁྲོ་བོ་ནི་དབང་ལྡན་ཏེ་དབང་ལྡན་དྲང་ཉེ་དབང་གི ་དབུས་སུ་ཉི་མ་དང་ཟླ་བ་དང་ཚངས་པ་རྣམས་ལའོ།། ཆུ་ལྷ་དང་བདྲེན་བྲལ་གྱི་བར་དུ་ཐག་བཟངས་རིས་དངོ་སའི་ལྷ་མོ་དག་ལའོ།། དབང་པོ་ལ་སོགས་པའོ་འཕན་བཅོ་ལྔ་ནི་རང་རང་གི་ཁེ་དོག་སྟེ་རང་རང་གི་ཕྱོགསུའོ།། ་དབང་པོ་ལ་སོགས་པའི་སའི་གོང་བུ་རྣམས་ལས་ཕྱི་རོལ་ཏུ་སའི་གོང་བུ་བརྒྱད་དམ་པ་ལྕིས་མཎྜལ་བྱས་པ་རྣམས་སུ་ཀླུ་རྣམས་ལ་ཁམ་ཕོར་དུ་འོ་ཐུག་ལ་སོགས་པ་སྦྱིན་ནོ།། ཕྱི་རོལ་ཏུ་ཡང་གཏོ་མཱ་ཟན་ལ ་སོགས་པ་དང་མར་དང་། སྦྲང་རྩི་དང་། ཆུ་དང་། འོ་མ་དང་། ཆང་གི་རྒྱུན་རྣམ་པ་ལྔ་གྲཡས་སུ་གཽ་ཏོར་རོ།། གཞན་གྱི་དོན་དུ་གཏོར་མ་སྦྱིན་པ་ནི་སྔགས་ལ་ཇི་ལྟར་ཡོད་པའི་བདག་ལ་འམ་བདག་གི་ཞེས ་བྱ་བ་ནི་ཇི་ལྟར་གནས་པ་ཉིད་ཀླག་པར་བྱའོ།། དེ་ཡང་བདག་ཉིད་དུ་མོས་པར་བྱའོ།། འདི་ལ་ཕན་བཏགས་པ་ནི་བདག་ཉིད་ལ་ཕྲན་བྱཏགསྔོ་བར་འགྱུར་རོ།། ཞེས་པའི་བསམ་པས་དེའི་བྱ་བ་འགྲུབ་པར་འགྱུར། ་ཞེས་པའི་བསམ་པས་དེའི་བྱ་བ་འགྲུབ་པོར་འགྱུར་རོ།། བར་དུ་ཡང་དེའི་དོན་དུ་གོ་བར་བྱའོ།། འདུས་པའི་འབྱུང་བ་ཐམས་ཅད་པའི་གཏོར་མའི་ཆོ་གའོ།། ། དྷརྨྨ་དྷཱ ་ས་མ་བ་ས་ར་ཎཱ་ཞེས་པ་ལ་སོགས་པ་ནི་སྟོང་པ་ཉིད་དངར་གཅིག་པ་དང་། སྟོང་པ་ཉིད་ཀྱི་མཐར་ཐུག་པ་ཞེས་པའི་དོན་ཏོ།། གཏོར་མའི་ཆོ་ག་འདི་ལ་ཁྲོ་བོ་བཅུ་པོ་རྣམས་ཀྱི་ག་ར་མཱ་ནཱ་ས ་སོ་རང་གི་སྔགས་རྒྱུད་དུ་གསུངས་པ་རྣམས་ཀྱིས་སྟེར་བ་ནི་ཤིན་ཏུ་ཁྱད་པར་དུ་བསྔགསོ།། སྔགས་དེ་རྣམས་ཀྱང་འདྲིར་མངས་པས་འཇིགས་པས་མ་བརྗོད་དོ།། ཡང་ན་དཔལ་འཁོར་ལོ་སྡོམ་པའི་གཟུགས་ཀྱིས་དྲི་ཞིམ ་བོ་ལ་སོགས་པས་མཽ་ཎྜལ་བྱས་པས་རང་གི་འཁོར་ལོ་མཆོད་ནས་སློང་པོ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ། རང་གི་སྙིང་གར་གནས་པའི་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་ཁྲོ་བོ་དང་བཅས་པའོ་བསྲུང་པའི་འཁོར་ལོ་རྩི་བཱ ་བཅུ་པའི་ལྟེ་བར་ཆུང་བའི་གཽཞལ་ཡས་ཁང་གི་ནཱང་ན་གནས་པའི་དཀྱིལ་འཁོར་དང་། བསྲུང་བའི་འཁོར་ལོའི་ཕྱི་ངོས་སུ་ཕྱོགས་རྣམས་སུ་དབང་པོ་ལ་སོགས་འཁོར་དང་བཅས་པ་དང་། སེམས་ཅན་དཔག་ཏུ ་མེད་པ་རྣམས་ན་མཁར་བཀུག་ནས་དཔྲལ་བའི་སྟེང་དུ་འབར་བཱའི་ཕྱག་རྒྱ་བཅས་ཏེ་འགྱིང་བ་དང་བཅས་ནས་ཕོཊ་ཅེས་ལོན་གསུམ་བརྗོད་ནས། དཀྱིལ་འཁོར་མདུན་དུ་སྤྱན་དྲང་ངོ་།། ཨོཾ་ཀཀྐ་ཀཱརྡྷ་ན་བནྡྷ་བནྡྷ་ན། ་ཁཱ་ཁཱ་ད་ན་སརྦ་དུཥྚཱ་ནཱ་ན་ཧ་ན་ཧ་ན། གྷ་བྷྲེ་གྷ་ཏ་ཆེ་གེ་མོའིཤཱནྟིཾ་ཀྲོ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛཿསྭཱ་ཧཱ་ཞེས་པ་འདིས་དབང་པོ་ལ་སོགས་པ་བཀུག་ནས་སྐད་ཅིག་གིས་སྟོང་པ་ཉིད་དུ་རབ་ཏུ་བཅུག་པའི་རྗེས་ལ་རིཤེས་རབ ་དང་བཅས་པའི་བདེ་མཆོག་གི་ལྷའི་སྐུར་བསྒོམས་ནས་ཞབས་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་སྔ་མ་བཞིན་འཁོར་གསུམ་ཡོངས་སུ་དག་པས་ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་པའི་ཧཱུཾ་ལས་སྐྱེས ་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་སྔ་མ་ལྟ་བུའི་བདུད་རྩིའི་སྣོད་བཀོད་ནས་སམ་བསྒོམས་ཏེ། ལག་པ་གཡས་པ་རྡོ་རྗེ་ཁུ་ཚུར་བྱས་པའི་སྡིགས་མཛུབ་བརྐྱང་པས་དེ་སྟོན་ཞིང་། བཅོམ་ལྡན་འདས་དང་དེའི་ཤེས་རབ་མ་དོང ་མཁའི་འགྲོ་མ་ལ་སོགས་པ་དང་། ཁྭ་གདོང་མ་ལ་སོགས་པ་རྣམས་ལ་ཇི་ལྟར་རིགས་པར་ཕྱོགས་རྣམསུ་གཡོན་སྐོར་དང་། མཚམས་རྣམས་སུ་གཡས་སྐོར་དུ་མེ་ནས་བརྩམས་ཏེ་བསྐོར་ཞིང་། ཨོཾ་བཛྲ་ཌཱ ་ཀ་ཨི་མཾ་བ་ལཾ་གྲིཧྞ་གྲིཧྞ་ཧཱུཾ་ཕཊ་ཨོཾ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་དྲི་ཤྱ་ཧཱུ~ཾཿཞེས་པའི་སྔགས་ལྗོན་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་བརྗོད་པས་ཕུལ་ནས། འཁོར་ལོ་གསུམ་གྱི་ལྷ་རྣམ ་ལ། ཨཽ་ཀ་ར་ཀ་རི། ཀུ་རུ་ཀུ་རུ། བནྡྷ་བིནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡཱ། ཀློ་བྷཱུ་ཡཀློ་བྷཱ་ཡ། ཧྲྀ་ཧྲཱིཾ་ཧཱཿཧྲཿཔཻ་ཕེ་ཕཊ་ཕཊ། དཱ་ཧཱ་དྲ་ཧ། པཱ་ཙཱ་པཱ་ཙ། བྷུཀྵྨ་བྷིཀྵཱ་བ་ས་རུ་དྷི་རཱནྟ་མཱ་ལ་བ་ལཾ་བི་ནེ་གྲིཧྣ་གྲི་ཧྣ་སཔྟ་པཱ ་ཏ་ལ་ག་ཏ་བྷཱུ་ཛ་ག་ས་ར་བ་བྷྲྀ་ཏི་ཎཱི་ཡ་ཏཱརྫྫ་མཾ། ཨཱིཀརྦྷ་ནྡྷེ། ཛྷཻཾ་ཛྷི། ཙྪམྦྷ། ཧཱུ~ཾདྷཱི། ཧྲཱི་ཧཱི། ཧཱུཾ་ཙྪ། ཀི་ལྀ་ཀི་ལི། སི་ལི་སི་མི.ོཾ་སཽ་ལ~ཾ། དྷི་མྲྀ་ཛྷིཧཱུ་ཧཱུཾ་ཕཊ་ཕཊ་སཱ་ཧཱ་ཞེས ་སྔགས་ལན་ཅིག་བརྗོད་པས་དབུལ་ལོ།། དེ་ནས་བསྲུང་བའི་འཁོར་ལོའི་རྩིབས་ལ་གནས་པའི་ཁྲོ་བོ་བཅུ་ལ། ཨོཾ་བཛྲ་དྷྲྀཀ་བཱཛྲ་ཧཱུཾ་ཀྲཱུ་ར་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་དཏྟཱ་བཛྲ་ཧཱུཾ་ཕཊ། ཨོཾ ་བཛྲ་ན་ལཱརྐྐ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་བཛྲ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀཱ་ལཱ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་མཱ་ཧཱ་བཱ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཱ་ཥ་ཎཾ་བིཛྲ་ཧཱུཾ་ཕཊ། ཨོཾ་བཛྲེཥྞཱི་ཥ་ཙིཀྲྀ་བ་ར་ཏཱི་ཧཱུཾ། ་ཕཊ.ོཾ་བཛྲ་པཱ་ཏ་ལ་བཛྲ་ཧཱུཾ་ཕཊ་ཅེས་པའི་སྔགས་བཅུའི་ཧཱུཾ་ཕཊ་ཅེས་པོའི་གོང་དུ། ཨི་མ་པཱ་ལཾ་གྲིཧྞ་གྲྀ་ཧྞ་ཆེ་གེ་མོའོ་ཤཱནྟི་རེཀྵེ་ཙ་ཀུ་རུ་ཞེས་བཅུག་ལ་ལན་རེ་རེ་བརྗིད་པོ་རྣམས་ཀྱིས་བ་སྐོར་ཕྱོགས་གཉིས ་ངདང་སྟེང་དང་འོག་ཏུ་དབུལ་ལོ།། དེ་ནས་དེའི་ཕྱི་རོལ་ཏུ་དབང་པོ་ལ་སོགས་པ་རྣམས་ལ། ཨཽ་བ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་སྭ་བྷུ་ཏ་པྲེ་ཏ་པཱ་ཤཱ་ཙོད་མཱ་ད། ཨ་པ་སྨ་ར་ཌཱ་ཀཱ་ཌཱ་ཀི་ནྱ་ང་ཡཽ། ཨི་མཾ ་བབཱ་ལཾ་གྲི་ཧྞ་ན་ཏུ་ས་མ་ཡ་རཀྵནྟུ། སརྦ་སིདྡྷམྨེ། པྲ་ཙ་ཡཙྪནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་ལན་བཞི་བརྗོད་པས་སྐོར་ཕྱོག་གཉིས་དང་། སྟེང་དང་འོག་ཏུ་དབུལ་ལོ།། འདོར་ཡང་དེ་རྣམས་དང ་དཀྱིལ་འཁོར་གྱི་བདག་པོ་ནི་དེས་བརྩམས་ཏེ། གནོད་མཛེས་ཀྱི་བོར་དུ་ཞེས་པ་ལ་སོགས་པ་སྔར་བརྗོད་པ་ཤེས་པར་བྱའོ།། ཡི་གེ་བརྒྱ་པ་ནི་འདིར་གཞན་ཏེ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ་ཧེ་རུ་ཀ་ཏྲེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་བ་སུ་ཏོ་ཥྱོ་མེ་བྷ་མ། ཨ་ནུ་རཀྟོ་མེ་བྷ་བཱ། སུ་པོ་ཥྱོ་མེ་བྷུ་བ། སརྦ་སིདྷ་མ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མ། ཙིཏྟ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བྷཱན་བཛྲ་ཧེ་རུ་ཀཱ། མཱ ་མེ་མུཉྩ། ཧེ་རུ་ཀ་བྷ་བཱ། མ་ཧཱུཾ་ས་ཡ་སཏྭ་ཨཿཧཱུཾ་ཕཊ་ཅེས་པའོ།། འདིར་བརྗོད་པའི་ཁྲོ་བོ་བཅུ་མངོན་པར་བརྗོད་པ་བླ་མར་གསུངས་པ་རྣམས་ཀྱི་ཕྱག་དང་། ཕྱག་མཚན་ལ་སོགས་པ་རྫོགས་པའི་རྣལ་འབྱོར་གྱི ་ཕྲེང་བའི་བདེ་མཆོག་གི་དཀྱིལ་འཁོར་དུ་ཤེས་པར་བྱའོ།། རྒྱ་ཆེར་བཅོམ་ལྡན་འདས་ཀྱི་བསྒོམ་པའི་རིམ་པ་གདམས་པ་དང་བཅས་པ་ནི་བདག་གི་བདེ་མཆོག་གི་མངོན་པར་རྟོགས་པའི་སྒྲུབ་ཐབསུ་གསོལ་བར ་བྱསོ་ཞེས་པ་བདེ་མཆོག་གི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གའོ།། །། ཡང་ན་ཀྱེ་རྡོ་རྗེའི་གཟུགས་ཀྱིས་སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས། ཁྲོ་བོ་དང་བཅས་པའི ་བོབ་སྲུང་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་ནང་ན་གནས་པའི་གཞལ་ཡས་ཁང་གི་ནང་ན་གནས་པའི་དཀྱིལ་འཁོར་དང་བསྲུང་བའི་འཁོར་ལོའི་ཕྱི་དྲོ་སུ་ཕྱོགས་རྣམ་སུ་དབང་པོ་ལ་སོགས་པ་འཁོར་དང ་བཅས་པ་དང་། སེམས་ཅན་དཔག་ཏུ་མེད་པ་རྣམས་བཀུག་ནས་དབང་པོ་ལ་སོགས་པ་རྣམས་འོད་གསལ་དུ་བཅུག་སྟེ། ཤིས་རབ་དང་བཅས་པོའི་ཧེ་རུ་ཀའི་གཟུགསུ་གསལ་བར་གྱུར་པར་བསམས་ནས། ་ཞབས་སལ་ལ་སོགས་པ་དུལ་བ་སྔོན་དུ་གྲུབས་སྒྱུམ་བནན་དུ་དག་པས་པདྡྷོ་\ུ0f7f། ཨང་བབ་ཏུ་བམ་མ་ངམ་ཟླ་ཐཾ་རྒྱགས་མྦྷཊྚཱ་རྦཱ་ཀྲཱནྣ་དྷྱརྨཱདྒྷབྷྱཿསྭཱ་ཧཱ། ནས་དང ་སྔགས་ཀྱིས་བཅོམ་ལྡན་འདས་ལ་དབུལ་ལོ།། ཨོཾ་ཨཱཿནོར་ཨང་མྱཱ་ཞེས་པ་ལ་སོགས་པ་མཚན་ནས་བརྗོད་ཅིང་དེ་རྣམས་ཀྱིས་ས་བོན་ཡང་བརྗོད་དོ།། ཨོཾ་མ~ཾ་བ་ལིཾ་གྲྀ་ཧཱི་གྲཱྀཧཱུཾ་ཆེགོ་མོཤཱུནྟ་རཀྵ་ཙ~ཾ་ཀུ་རུ་སྭཱ་ཧཱ་ཞེས ་པཔ་འདིས་བདག་མེད་མ་ལ་སོགས་པ་རྣམས་ལའོ།། ནམྦྷཿས་མནྟ་བྷུདྡྷེ་ཛྙཱ་ན་མོ་བཛྲ་མུ་ག་ར་ཧ་ཏྲཱ་ཡ་ཙཏྟཱ་མདྷྱ་ཝཱཀྵེ་བ་ཀ་རཱ་ཡ་ཧཱུཾ་ཕཱཊ། ན་མཱཿསཾ་མནྟ་བུདྡྷེ་བྷྱོ་མ་ཧཱ་དཏྟཱ་དྷི་ར་བི་བི་དྷ་སུ་རཱ་སུར་མདྷ་ན་བྷུ་ཏཱན་ནེ་མཔ་ཙྪ ་ཕཊ་ནཱ་མཿས་མནྟ་བུདྡྷ་བྷྲྀ་ཧུ་ལུ་ཧཱུ་ལུ་མ་ཧཱ་པདྨཱ་མྲ་ཏི་ཀུ་རུ་མཙྪཥཾ་ཀ་ཨཱཿས་མནྟ་བུདྡྷ་བྷྱོ་ན་མེ་བཛྲ་ཀྲྀ་དྷཱ་ཡ་མ་ཧཱ་ད་རླྀ་ཌཱ་ཀཱ་ཊ་བྷཻ་ར་པཱ་ཡ། བཛྲ་སན་དཽ་ཧ་དརྱཱ་པཱ་ཡཱ་མྲ་ཏ་ཀུཏྐཱ་ལཱི་ཧཱུཾ། ནཱ་མཿས ་མནྟ་བུདྡྷ་བྷྱོ་ན་མོ་ཨ་ལཾ་ལ་ཀཱཾ་ཎ་ཙ་ཊུ་ཙིཊྚ་མོ་ཊཱ་མ་ཏུ་ཊྱ་ཏུནྟེ། གྷ་གྷ་གྷཱ་ཏཱ་ཡ་གྷཱ་ཏ་ཡ་ཧཱུ~ཾ་ཕཊ། ན་མཿས་མནྟ་བུདྡྷ་བྷཱུ། ཊཀྐི་ཧཱུཾ་ཛཾཿན་མཿས་མཱནྟ་བུདྡྷེ་བྷྱཿཽ་ཡ་མ་དེཏྟ་ཡ། ནཱི་ལཾ་ཡ་ནཱི་ལ་དཏྠ ་དྷེ་རུ་ཙུ་རུ། མུ་རུ་མུ་རུ་སརྦ་དུཥྚ་མ~ཾ་ཡ་ཧཱུ~ཾ་ཕཊ། ནི་མོཿས་མིནྟི་པྲེདྡྷེ་བྷྱ། ན་མཿམོ་ཧཱ་བ་ལཱ་ཡ། ཨུཙྪིནྡོ་ཀྲོ་དྷ་ར་ཛཱ་ཡ~ཾ། སརྦ་ནཱ་ག་ནཱ་རྫིང་ལོ་ཏཱ་ཌ་ཡ་ཧཱུ~ཾ་ཕཊ། ན་མཿས་མནྟ་བུདྡྷནཱ~ཾ། ་ན་མཿས་མནྟ་དྷརྨྨ་ཎཱཾ། ན་མཿས་མཱནྟ་སཾ་གྷ་ནཱཾ། ཨོཾ་སི་ཏཱ་བ་ཥེ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱ་གྷ་རི་བཛྲོཥྞཱི་ཥ་ཙཀྲ་བརྟི་སརྦ་ཡནྟ་མནྟ་མུ་ལ་ཀརྨ་བནྡྷ། ནཱ་ཏཱ་ཌཱ་ཎ་ཀཱི་ལ་ནནྡ་ཝཱ་མ་མ་ཀྲཱི་ཏེ་ཡེ་ན་ཀེ་ན་ཙི་ཏ་ཀྲྀ ་ཏརྱཱ་ཏང་སརྦྦརྦྦ་ཙྪིནྡི་ཙྪིནྣ། བྷིནྡ་བྷིནྣ། ཙི་རི་ཙི་རི། གི་རྱཾ་གི་རི། མ་ར་མ་ར། དྷཱུ་དྷྭཾ་དྷུ་ཧཱུ་དྷཱ་དྷཱུ་དྷཱ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་པཊ། ཨོཾ་སུཾམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀ་ཧྣ་དྷྭཾ། གྲི་ཧྞཱ་པ་ཡ་གྲི་ཧྞཱ་པ་ཡ་ཧཱུཾ། ཨཱ་ན ་ཡ་ཧོ་བྷ་ག་བཱན་བིདྷི་རཱི་ཛ~ཾ་ཧཱུ~ཾ་ཕཊ་ཙེསྡེ་པིའི་སྔགས་བཅུས་ཤར་ལ་སོགས་པ་དང་། དབང་ལྡན་ལ་སོགས་པ་རི་ཤ་ཡས་སྐོར་དུ་དང་ཌཱ། སྟེངྒ་དང་འོག་ཏུ་གཤི་ན་རྗེ་ག་ཤིང་ལ་སོགས་པའི་ཁྲོ་བོ་བཅུ་པ་མཁའ་འགྲོ་མ་རྡོ་རྗེ་གུར་དུ ་གསུངས་པ་རྣམས་ལའོ།། ཨོཾ་ཨིནྡྲ་ཛ་མ་ཛ་ལ་ཛཀྵཱ་བུ་དང་། བཧྣི་བོ་རཀྵ་ཙནྡ་སུ་ཛྙཱ་མཱ་ད་མེ་པཔྤ་ཏཱ་ལ་པཱ་ཏཱ་ལ་ཡཊྚ་ས་བྷྲྀ་དམ་བ་ལི་པུཉྩི་ཛཱཾ་གྷ་ཕུ་ལྱཱ་དྷཱུ་པ་མཾ། ས་བཱི་ཧཱ་ཧ་ཀཛྫཱ་སརྦ་སཱ་དྷི། ཁིནྟ་མུ་ཁཱ་ཎི་ཕེ་ཌ་གཱ་ད་སྭཱ་ཧཱ། ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨ་ཎཾ་ཨཱདྱཾ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཏྨཧཱུཾ་ཕཊི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་དབང་པོ་ལ་སོགས་པ་རྣམས་ལའོ།། ཨོཾནྡྲ་ཞེས་པ་ལ་སོགས་པ་བོང་ཚིག་རྣམས་ནི་རང་རང་གི་ཕྱོགས་ཀྱི་སེམས ་ཅན་དཔག་ཏུ་མེང་བ་མཚོན་པར་བྱེད་པའོ།། གཱཾ་ད་ཞེས་པ་ནི་ལུས་ལའི།། འདིར་ཡང་དེ་རྣམས་ཀྱི་དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ་གནོད་མཛེས་ཀྱི་བར་དུ་ཞེས་པ་ལ་སོགས་འདུས་པའི་གཏོར་མའི་ཆོ་གར ་བརྗོད་པ་ན་འདིར་ཡང་ཤེས་པར་བྱའོ།། འདིར། ཟླ་བར་སྔགས་རྣམས་ཀྱི་ཡི་གེ་ཧཱུཾ་རྣམས་དང་། མ~ཾ་ག་ཙྪ་ཨཱཿ་གང་དུ་ཨ་མ་\ུ0f7fམ་གྲྀཧྞ་གྲྀ་སྠཱ་ནས་བརྫད་པར་བྱའོ།། ཁྲོ་བོ་རྣམས་ཀྱི་ཁ་དོག་དང་། ཕྱག། ་མཚན་ལ་སོགས་པ་རྣམས་ནི་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བར་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་ནོ།། ཀྱེའི་རྡོ་རྗེའི་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཆོ་གའོ།། ་གཏོར་མའི་ཆོ་ག་རིམ་པ་གསུམ་པ་འདིའང་བསྐྱེད་པའི་རིམ་པ་ལའོ།། རྫོགས་པའི་རིམ་པ་ལ་ནི་ཤེས་རབ་དང་ཐབས་ལས་སེམས་མ་གཡོས་པས་བསམས་པ་ཙམ་གྱིས་སྤྱན་དྲངས་པའི་ཤེས་རབ་དང་ཐབས་ཀྱི་རང་བཞིན་རང ་གི་འདོད་པའི་དཀྱིལ་འཁོར་གྱི་དབང་ཕྱག་ལ་སོགས་པའི་ལྷ་དབང་པོ་ལ་སོགས་པ་དང་བཅས་པ་རྣམས་ལ་ཡེ་ཤེས་ཀྱི་རོ་དང་ཐ་མི་དད་པའི་གཏོར་མ་དཔལ་བ་ནི་གཏོར་མོའི་ཆོ་གའོ།། ་དཔལ་ཡང་དག་པར་སྦྱོར་བར་གསུངས་པའི་རྡོ་རྗེ་སེམས་དཔའ་དང་བདེ་མཆོག་དང་། ཡེ་ཤེས་ཀྱི་ཌ་ཀི་མ་རྣམས་ཀྱི་གཏོར་མའི་ཆོ་ག་རྒྱས་པ་དང་། ཁ་དོག་དང་། ཕྱག་རྒྱ་དང་། ཕྱག་མཚན་ལ་སོགས་པ་ཤིན་ཏུ་རྒྱས ་བར་མན་ངག་གི་སྙེ་མརོ་བརྗོད་དོ།། ཁྲོ་བོ་རྣམས་དང་དབང་པོ་ལ་སོགས་པ་རྣམས་ཀྱི་ཡང་ངོ་།། འདིར་གལ་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བ་ལ་སོགས་པ་ན་ས་འོག་ནས་ཆུང་རྡོལ་བ་དང་མ་དང་རླུང་དང་། སྤྲིན་དང་ཐོག་དང་།། ་མི་དང་ལྷ་དང་ལྷ་མ་ཡིན་གྱི་སྡེ་དང་གླང་པོ་ལ་སོགས་པ་བགེགས་ཀྱི་རྣམ་པར་འཚེ་བ་ལྷས་བྱས་པ་འམ་མཱི་ལ་སོགས་པ་གཞན་གྱིས་བྱས་པ་འབྱུང་བ་སྲིད། དེའི་ཚེ་ཆོ་ག་བཉན་དུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་ར་བ་དང་བྲབ་དང ་མངའི་ར་བ་དང་བླ་རེའི་ནང་གི་ན་མཁའ་ལ་གནས་པའི་རྩིབས་ཀྱི་རྩེ་མོ་ལ་བརྟན་པར་གནས་པའི་ཁྲོ་བོ་བཅུ་ཤིན་ཏུ་འཇིགས་པར་བྱིན་གྱིས་བརླབས་པའི་རྩི་བ་ས་བཅུ་པའི་འཁོར་ལོ་སེར་པོ་གཡས་སྐོར་དུ་འཁོར་བའི་ལྟེ་བའི་དབུས ་སུ་གནས་པའི་གཞལ་ཡས་ཁང་གི་རྣམ་པར་དཀྱིལ་འཁོར་གྱི་ཁང་པ་སྐད་ཅིག་གིས་སོ་སོར་ཤིན་ཏུ་བརྟན་པར་མོས་པར་བྱའོ།། རྡོ་རྗེའི་རང་བཞིན་གྱི་ས་གཞི་ལ་སོགས་པས་བགེགས་ཐམས་ཅད་བཟློག་པར་ཡང་བསྒོམོ།། ་ཡང་ན་ཉེ་བར་འཚེ་བ་སོ་སོ་ལ་རྟ་མཆོག་ལ་སོགས་པའི་སྦྱོར་བ་རྣམས་བྱ་སྟེ། དེ་རྣམས་ཀྱང་མན་ངག་གི་སྙེ་མར་གསལ་བར་བསྟན་པས་གཞུང་མངས་ཀྱི་དོགས་པས་འདིར་མ་བརྗོད་དོ།། གང་ཞིག་རྒྱུན་མི་ཆད་པར་སྙིང་རྗེ ་ཆེན་པོ་དང་རོ་གཅིག་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གོམས་པར་བྱེད་པ་དེ་ལ་ནི་བགེགས་དཔག་ཏུ་མེད་པ་རྣམས་ཀྱང་ཞི་བར་འགྱུར་ཏེ། དེའི་ཆེད་དུ་རིམ་པ་འདི་དག་མ་ཡིན་ནོ།། གང་ཡང་དཀྱིལ་འཁོར་གྱི་འཁོར་ལོ་སྟོང་པ ་ཉིད་དང་རོ་གཅིག་པར་ཤིན་ཏུ་བརྟན་པར་བསྒོམ་པར་བྱེད་པ་དེ་ལོ་ནི་བགེགས་ཐམས་ཅད་དང་། ཉེས་པ་གཞན་རྣམས་ཀྱང་འབད་པ་མེད་པར་འགྱུར་ཏེ། རྨི་ལམ་དུ་ཡང་མི་སྣང་ངོ་།། དེའི་དོན་དུ་ཡང་རིམ་པ་འདི་མ་ཡིན། ་དགེགས་བཟློག་པར་ཆོ་གའོ།། འདི་གཏོར་མ་དང་དཀྱིལ་འཁོར་དང་ས་སྦྱང་བ་ལ་སོགས་པའི་བྱ་བ་ཀུནྡ་ལ་རྡོ་རྗེ་ལ་སོགས་པ་བཟུང་བ་སྔོན་དུ་འགྲོ་བས་དེ་དག་གི་མཚན་ཉིད ་བརྗོད་པར་བྱའོ།། དེ་ལ་རྡོ་རྗེ་རྩེ་ལྔ་པ་ཆེ་གསུམ་དུ་མཉམ་པའི་དབུས་ཀྱི་སུམ་ཆའི་ཚད་ངུ་ལྟེ་བ་སྟེ་ཟུར་བརྒྱད་པའོ།། ར་རྣམས་ནི་བཞི་པ་རྩེ་མོ་གུག་པའོ།། རིའི་དབུས་ཀྱི་འོག་ནི་ཟླུམ་པའོ།། རཱི་དབུས་མ་ནི་དྲང་ཞིང་ཟུར་བཞི་པ་རྣོམ ་རྐེད་དཀྲིས་གསུམ་དང་ལྡན་པ་ནས་ཀྱི་དབྱིབས་སོ།། འདིའི་རྩེ་མོ་དང་ཕྱོགས་ཀྱི་རྭའི་རྩེ་མོ་རྣམས་ཀྱི་བར་ནི་ནས་ཙམ་སྟེ། རྭ་ཐམས་ཅད་ཕན་ཚུན་མཉམ་པའོ།། དབུས་མ་ནརི་ཅུང་ཟད་ལྷག་པའོ།། རྭ་རྣམས་ཀྱི་འོག་ཅུང་ཟད་ཕྲ ་བའོ། དདབུས་དེ་ལས་སྦོམ་པའོ།། སྟེང་གཽ་འོག་གི་ཆ་བས་ཕྲ་བའོ།། དབུས་ཀྱི་ཆུ་ཡང་དབུས་སྦོམ་ཞིང་མཐའ་གཉིས་དེ་བས་ཕྲ་བའོ།། ཟླ་བ་ལ་གནས་པའི་རི་མོ་གསུམ་གྱིས་བསྐོར་བའི་རྩ་བ་ཅན་ར་དབུས་མ་མ་རྟོགས་པའི ་ཤར་ལ་སོགས་པའི་རྭ་རྣམས་ནི་ཆུ་སྲིན་གྱི་སོའི་བར་རྣམས་སུ་གནས་པའོ།། འདིའི་སྣ་ནི་སྟེང་དུ་འབྲས་སོ་བའི་སྐོགས་པའི་ཕྱེད་ཀྱི་ཚད་དོ།། ཆུ་སྲིན་གྱི་གདོང་ནི་རྭའི་བཞི་ཆའོ།། ཆུ་སྲིན་གྱི་གདོང་གི་ཕྱེད་དུ་འོད་ཟེར་དང་བཅས ་པའི་ཟླ་བའི་སྟེང་དུ་བསྐོར་བའི་རེ་ཁཱའི་མུ་ཁྱུང་ངོ་།། སྐ་རགས་དེ་ཡི་དབུས་ཀྱི་ཆ་ནི་ཅུང་ཟིད་ལྷག་པར་བྱའོ།། ཆ་ལྷག་མ་དག་ནི་ཕན་ཚུན་མཉམ་ཞིང་རིམ་གྱིས་ཉེས་འགྱུར་དུ་མཐོ་བའོ།། བསྐོར་བ་ཡང་རྡོ་རྗེའི་ཕྱེད་ཀྱི་ཆ་སྟེ་བསྒོ ་བའི་ཚད་གཉིས་ཀྱང་རྡོ་རྗེའི་སྲིད་དུའོ།། ཟླ་བའི་འོག་ཏུ་པདྨའོ།། པདྨའི་འོག་ཏུ་རིན་པོ་ཆེའི་ཕྲེང་བ་ཕྲ་མོས་བསྐོར་བའོ།། དེའི་འོག་ཏུ་སྐ་རགས་ཀྱི་རི་མོ་དང་འོད་ཟེར་ཡང་ཇི་ལྟར་རིགས་པར་བལྟ་བར་བྱའོ།། རྣོ་བ་དང་བརྟུལ་བ་དང་ཁ་གྱེས ་པ་དང་། ཞི་བའི་དབྱེ་བས་རྣམ་པ་གཉིས་སོ།། སོར་བཞི་ནས་བརྩམས་ཏེ་སོར་ཉི་ཤུའི་བར་དུ་རྡོ་རྗེ་རབ་ཏུ་གྲགསོ།། ཁ་ཅིག་ནི་ཇི་ལྟར་འདོད་པར་རོ་ཞེས་སོ།། དྲིལ་བུ་ནི་ཆ་གསུམ་མཉམ་པ་རྡོ་རྗེ་དང་རྗེས་སུ་འཐུན་པའི་ཚད་།། ་དེའི་འོག་གི་ཆ་གསུམ་པ་ནི་ཁ་ནས་བརྩམས་ནས་འབར་བ་དག་པའི་རང་བཞིན་དུ་བྱའོ།། དེའི་སྟེང་གི་ཆ་གཉིས་ནི་གསེར་ལ་སོགས་པ་ལས་བྱས་པའོ།། དེའི་འཁོར་བའི་དབུས་ཀྱི་ན་མཁའི་རྒྱ་དང་། མཆུར་མཉམ་པའོ།། ཆུ་ལས ་སྟེང་དུ་སྐ་རགས་ཀྱི་དབུས་སུ་རྡོ་རྗེ་ལ་སོགས་པའི་ཕྲེང་བའོ།། བདུད་རྩིའི་བུམ་པའི་འོག་ཏུ་གདན་གྲུ་བཞི་པའོ།། དེའི་འོག་ཏུ་ཕྲེང་བ་གསུམ་མོ།། དེའི་འོག་ཏུ་པདྨའོ།། དེའི་འོག་ཏུ་སྐ་རགས་གཉིས་ཀྱི་དབུས་སུ་ཇི་ལྟར་རིགས་པར ་རྡོ་རྗེ་ལ་སོགས་པའི་ཕྲེང་བའོ།། དེའི་འོག་ཏུ་རིན་པོ་ཆེ་སྣ་ཚོགས་པའི་དྲ་བ་དང་དྲ་བ་ཕྱེད་པའོ།། དྲ་བའི་ནང་བརྒྱད་ལ་མཚོན་མེ་བརྒྱད་དོ། ཤར་ལ་སོགས་པའི་ཕྱོགས་སུ་འཁོར་ལོ་དང་རིན་པོ་ཆེ་དང་། པདྨ་དང་རལ་གྲིའོ།། མེ ་ལ་སོགས་པའི་ཕྱོགས་མིན་དུ་སྤྱན་དང་རྡོ་རྗེ་དང་པདྨ་དང་ཨུཏྤ་ལའོ།། བར་བར་དུ་ཀྲོ་མུ་ད་དང་། ཨུཏྤ་ལ་དང་། པདྨ་དང་། རིན་པོ་ཆེ་དང་། པ་ཏྲ་དང་། མྱུ་གུ་ལྀ་སོགས་པ་ཇི་ལྟར་མཛེས་པར་རོ།། བུམ་པའི་ཆེད་དུ་ཤེས་རབ ་ཀྱི་ཞལ་ལོ།། ཞལ་གྱི་སྟེང་དུ་སྔར་གྱི་རྡོ་རྗེ་ཕྱེད་ལྟ་བུའི་རྡོ་རྗེའི་ཕྱེད་དོ།། འདིར་དྲིལ་བུ་ཁ་ཅིག་ནི་ཁ་ཆུ་སྐྱེས་ཅུང་ཟད་ཁ་དབྱེ་བ་ཅན་ནོ།། ཁ་ཅིག་ནི་པདྨའོ།། ཁ་ཅིག་ནི་བའི་ཁ་ལྟ་བུའོ།། འདིར་རྡོ་རྗེ་དབུས་དང ་ཤར་ལ་སོགས་པའི་རྭ་ལྟེ་བའི་མཐར་ཐུག་པ་རྣམས་ལ་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་ལ་སོགས་པ་བསྒོམ་པར་བྱའོ།། ཡང་ན་དབུས་སུ་རྣམ་པར་སྣང་མཛད་དོ།། ཤར་ལ་སོགས་པའི་འདབ་མར་བྱམས་པ་དང་། སའི ་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ན་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། འཇམ་པའི་དབྱངས་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་རྣམས་ཏེ། ཆ་བརྒྱད་པ་ལ་རྡོ་རྗེ་སེམས་དཔའོ།། པདྨ་གཞན་གྱི་ཤར་ལ ་སོགས་པའི་འདོབ་མ་ལ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་འབེབས་མའོ།། མེ་ལ་སོགས་པར་ཙུནྡྲ་དང་། རིན་ཆེན་སྐར་མདའ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། གཞན་གྱིས་མི་ཐུབ་མ ་རྣམས་སོ།། ཕྱོགས་གཞན་གྱི་རྭ་རྣམས་ལ་ནི་དབུས་སུ་ཡེ་ཤེས་མཁའ་འགྲོ་མ་དང་། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དང་། བྱང་དུ་མཁའ་འགྲོ་མ་དྲག་མོ་དང་། ནུབ་ཏུ་རྡོ་རྗེ་རོ་ལངས་མ་དང་། ལྷོར་གཏུམ་མོའོ།། དྲིལ་བུའི་སྟེང ་དུ་ཁ་འོག་ཏུ་ཕྱོགས་པའི་པདྨའི་འདབ་མ་རྣམས་ལ་གཡས་སྐོར་དུ་ཕྱོགས་སུ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། མཚམས་སུ་ནོར་རྒྱུན་མ་དང་། ཙུན་དཱ་དང་། ཁྲོ་གཉེར་ཅན་དང་། རྡོ་རྗེ་ཕྲེང ་པ་མ་རྣམས་སོ།། བུམ་པའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐུ་དང་། སྟེང་དུ་ཞལ་ལོ།། དེའི་སྟེང་དུ་པདྨ་དང་རྡོ་རྗེ་ནི་སྔ་མ་བཞིན་ནོ།། མི་བསྐྱོད་པ་ལ་སོགས་པ་ལྷ་འདི་རྣམས་ཀྱི་ས་བོན་དང་མཚན་མ་དང་། ཕྱག་ལ་སོགས་པ ་ནི་མན་ངག་གི་སྙེ་མར་བརྗོད་དོ།། དེ་ནས་དམ་ཚིག་སེམས་དཔའི་ལྷ་བསྐྱེད་ནས་སྙིང་གའི་ས་བོན་གྱིས་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་ལྷ་རྣམས་སྤྱན་དྲངས་ནས། ཞལ་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་རྣམས་ལ ་བཅུག་སྟེ། ཆོ་ག་བཞིན་དུ་རབ་གནས་བྱས་ནས་མཆོད་པ་ལ་སོགས་པོ་བྱས་ཏེ། ལྷ་རྣམས་ཡོངས་སུ་གྱུར་པ་ལས་རྭ་ལ་སོགས་པའི་གཟུགས་སུ་བཞུགས་ཤིང་། རྡོ་རྗེ་ཐབས་ཀྱི་རང་བཞིན་དང་། དྲིལ་བུ་ཤེས་རབ་ཀྱི་བདག ་ཉིད་དང་། གཉིས་ཀ་ཡང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཞེས་ཤིན་ཏུ་བརྟན་པར་མོས་པར་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡེ་ཏིཥྚཾ་ཥ་ཏཱ་དྷཱ་ར་ཡཱ་མི་ཧིཿཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད ་ཅིང་རྡོ་རྗེ་གཡས་པའི་རྒན་པོ་དང་མིང་མེད་ངག་གིས་དང་། ཨོཾ་བཛྲཱ་གྷ་ཎ་ཊྭཱཾ་ཧཱུཾ་ཞེས་བརྗོད་ཅིང་དྲིལ་བུ་གཡོན་པོ་དག་གིས་བཟུང་ནས་དེ་གཡོན་པའི་དཀུར་བཞག་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་མཉེས་པར་བྱའོ།། ་ཞེས་ལྷག་པར་མོས་ཤིང་ཡི་གེ་ཧཱུཾ་བརྗོད་པ་སྔོན་དུ་འགྲོ་བས། སོ་ཧི་ཨ་ཛྷཻཾ་མུལླེ་ལུ་ཏཱ་རཱ་སཏྭ་བེ་མོཀྵ། དྷརྨ་བི་མོཀྵ་ཀཛྫ་ཧཱུ~ཾ་བཛྙཱ་ཧུཙྪ་དྷ་རནྡྷ་ཧཱུཾ་ཧཱུཾ་ཧཱུ~ཾ་ཧེ་ཧོ་ཧོ་ཞེས་བརྗོད་ཅིང་རྡོ་རྗེ་གསོར་བར་བྱའོ།། དེ་ནས་རྡོ་རྗེ་གཡས་པའི་དཀུར ་བཟུང་བ་འམ་གསོར་ཞིང་། ཨོཾ་བཛྲ་དྷརྨ་ར་ཎི་ཏཱ་ས་བཱ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏ་པྲཱ་ཙྪ་ལི་ནེ་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་བེ་བཛྲ་སཱཏྭཱ་ཧྲི་ད་ཡ་ས་ཏོ་ཥ་ཎི་ཧཱུ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་བརྗོད་ཅིང་དྲིལ་བུ་དབུས་ཀྱུ ་ཕྱོགས་བརྒྱད་རྣམས་སུ་ལྕེ་བསྐྱེད་པས་དཀྲོལ་བར་བྱའོ།། དྲིལ་བུ་དང་རྡོ་རྗེའི་དབྱེ་བ་རྣམས་ཀྱི་མཚན་ཉིད་ལ་སོགས་པ་རྒྱས་པར་ནི་མིན་ངག་གི་སྙེ་མར་བརྗོད་དོ་ཞེས་པས། རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་ལ་སོགས་པའི་ཆོ ་གིའོ།། དང་ལྟར་ཐུབ་པ་མཆོག་རྣམས་ཀྱི་ནི་གསུང་གི་རྒྱ་མཚོ་ཟབ་མོ་རུ།། ཁ་ཅིག་ཐོས་པ་ཙམ་ཡང་མི་འཇུག་འགའ་ཞིག་གིས་ཀྱང་གཏང་མ་རྙེད།། སྙིང་རྗེ་དང་བཅས ་བློ་གྲོས་རྒྱ་ཆེན་མཐུ་ཡིས་ཁོ་བོས་ནཱང་ཞུགས་ནས།། དགའ་བར་བྱ་ཕྱིར་བདུད་རྩི་འདི་ནི་ཉེར་བླངས་བསྟེན་བྱར་གྱིས།། འདིར་ནི་བསོད་ནམས་གང་ཞིག་ཤར་དང་འོད་ཆེན་གང་ཞིག་ནང་དུ་འབར།། གཉིས་པོ་དེ་ཡིས ་མྱུར་དུ་ཕུན་སུམ་ཚོགས་པ་རྣམས་ཀྱི་འབྱུང་གནས་ནི།། འགྲོ་བ་གསུམ་པ་མོ་འཇིགས་མངའ་བདག་སྣ་ཚོགས་ལུས་ཅན་ཁོ་བོ་ནི།། དཀྱིལ་འཁོར་རྡོ་རྗེ་ལྷ་མེ་བདེ་བའི་བཞི་ལ་འདུ་ཞིང་རལ་པར་ཤོག། དཀྱིལ ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་གནས་བརྟན་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པ་རྫོགས་སོ།། ། པཎྜི་ཏ་ཆེན་པོ་དེ་ཉིད་དང་། ལོ ་ཙཾ་ག་ཁེ་རྒད་བནྡེ་འཁོར་ལོ་གྲགས་ཀྱིས་བསྒྱུར་བའོ།། །། བསྟན་བཅོས་ཀུན་གྱི་སྤྱ་ཏི་གཅིག། ཕྱོགས་ཀུན་མི་འཇིགས་སེང་གེ ་དང་བནྡེ་འཁོར་ལོ་གྲགས་ཀྱིས་བསྒྱུར།། དེ་ལས་བསོད་ནམས་གང་ཐོབ་དེས།། བདག་ལ་སོགས་པ་སེམས་ཅན་ཀུན། མྱུར་དུ་བླ་མེད་བྱང་ཆུབ་ཤོག། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། གསོལ་པ ་འདེབས་ཤིང་བསྐུལ་བ་ཡིས།། དགེ་སློང་ཡེ་ཤེས་གླགས་ཀྱང་ནི།། རྡོ་རྗེ་འཛིན་པའི་གོ་འཕང་ཤོག། དུས་ཕྱིས་ཁམས་པ་པནྡྷེ་ཤེས་རབ་དཔལ་གྱིས། བི་མ་ཀྲ་མ་ར་ཤཱི་ལའི་གཙུག་ལག་ཁང་དུ་མཁས ་བ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར་ལེགས་པར་གཏུགས་ཤིང་བཅོས་ནུས་གཏན་ལ་ཕབ་པའོ།། ་སླད་ཀྱིས་བྷྲ་མ་རྞེ་བ་ཙུན་པཎྜི་ཏ་ཆེན་པོ་མཁས་བཙུན་གྲུབ་ཆེན་བརྙེས་པ་རཏྣ་རཀྵི་ཏཱའི་ཞབས་དང་། བླ་མ་ཆོས་རྗེ་པཱཎྜི་ཏཱ་གནས་བརྟན་ཆེན་པོ་ར་ཧུ་ལ་ཤྲཱི་བྷ་དྲའི་ཞལྔ་སྔ་ནས་དང་། བླ་མ་རྗེ་བཙུན་ཆེན་པོ་ཉི་མའི་དབང ་པོའི་འོད་ཟེར་གྱི་ཞལ་སྔ་ནས་དང་། པཎྜི་ཏ་མཁས་པ་ཆེན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། ཆག་ལོ་ཙ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་ལེགས་པི་ར་ཞུས་ཤིང་གཏུགས་ཏེ་གཏན་ལ་ཕབ་པའོ།། ་དྲིང་སང་པལ་ཆེར་རང་རིགས་རྒན་པོའི་ངག། གཙོར་འཛིན་ལེགས་བཤང་མི་འཛིན་གཉིས་སྐྱེས་འདྲ།། དེ་ཕྱིར་བདེ་ཆེན་ལམ་གཞུང་འཇིགས་མེད་གསུངས།། རྒྱུད་བའི་གདམས ་བས་བརྒྱན་པ་འགའ་ལ་སྣང་།། འདིར་འབང་དགེ་བ་བདག་གིས་གང་བསགས་པ།། དེ་ཡིས་འགྲོ་བ་ཀུན་གྱིས་གཞུང་མཆོག་འདོའི།། དོན་རྟོགས་ལམ་མཆོག་འདིར་ཞུགས་བློ་ལྡན་རྣམས།། རྡོ་རྗེ་འཛིན་པའི ་གནས་སུ་ཕྱིན་པར་ཤོག།། སླར་ཡང་ལོ་ཙ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་སྒྲ་དང་དོན་ལ་ལེགས་པར་དཔྱད་ནས། མོ་བཙས་སུ་མི་རུང་བ་རྣམས ་བསྒྱུར་ཏེ། ཅུང་ཟད་དག་པར་བྱས་པའོ།། བཀྲ་ཤིས། མངྒ་ལཾ། དགེ ་