CLOSE WINDOW

GT1960: sgrub thabs thams cad kyi las ka zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སཱ་དྷ་ནཾ་སརྦ་ཀརྨ་ནཱ་མ། བོད་སྐད་དུ། སྒྲུབ་ཐབས་ཐམས་ཅད་ཀྱི་ལས་ཀ་ཞེས་བྱ་བ།། དཀོན་མཆོག་གསུམ་ལ་ཕྱག་འཚལོ།། དུས་གསུཾ་མགོན་པོ་འགྲོ་དོན་མཛད།། སྨྱོན་པ་དེ་ལ་གུས་བསྟོད་དེ།། སྒྲུབ་པོས་ནང་དང ་ནུབ་སོགསུ།། ཚེགས་ཆེན་དག་ནི་བསགས་པ་དང་། སྒྲིབ་ཐབས་ཀུན་ན་མི་བསལ་བའི།། བདུན་པོ་རྣམ་དག་གསོལ་བར་བསྟན།། བདེ་གཤེགས་མཐའ་དག་མཁའ་ལ་དམིགས།། དུས་གསུམ་གྱི་ནི་བླ་མ་དང་།། ཕྱོགས་རྣམས་ཀུན་གྱི་བདེ ་གཤེགས་དང་།། ཕྱག་འོས་ཀུན་ལ་ཕྱག་འཚལ་བསྟོད།། མི་མཛད་འཇིག་རྟེན་འདི་འམ་ནི།། འཇིག་རྟེན་ཁམས་ནི་ཐམས་ཅད་ན།། མཆོད་པ་བླ་ན་ཡོད་པ་དང་། མཆོད་པ་བླ་ན་མེད་པ་ཡིས།། དེ་དག་ལ་ནི་མཆོད་པར་བགྱི།། འཁོར་བ་ཐོབ། ་མ་མེད་པ་ནས།། ཉོན་མོངས་སྲང་བུས་བཅིངས་གྱུར་པས།། མི་ཤེས་དབང་གིས་བགྱིས་པ་ཡིས།། ལྕི་དང་ཡང་བའི་སྡིག་བསག་པ།། མགོན་པོའི་ཚོགས་ལ་སོ་སོར་བཤགས།། འདས་དུས་སངས་རྒྱས་ཇི་སྙེད་དང་། ད་ལྟར་ཕྱོགས་བཅུའི་ཞིང་ན ་བཞུགས།། དེ་བཞིན་གང་དག་མ་བྱོན་དང་།། དུས་གསུམ་སངས་རྒྱས་དེ་དག་གིས།། ཟབ་ཅིང་རྒྱ་ཆེའི་ཆོས་བསྟན་གསིལ།། དུས་གསུམ་སངས་རྒྱས་དེ་དག་གིས།། འཁོར་བར་ཁྱམས་པའི་སྔོན་རྣམས།། ཐུགས་རྗེའི་དབང་གིས་གཟིཌ་མཛོད་ལ།། ་མྱ་ངན་མི་འདའ་བཞུགསུ་གསོལོ།། དུས་གསུམ་སངས་རྒྱས་དགེ་པ་དང་།། བྱང་ཆུབ་སེཾདེའི་དགེ་བ་དང་། ཉན་ཐོས་རང་རྒྱལ་དགེ་བ་དང་།། འཇིག་རྟེན་དག་པ་ཅི་སྤྱོད་པ།། དེ་དག་ལ་ཡང་ཡི་རང་ངོ་།། ཟག་བཅས་དགེ་བ་ཅི་བསགས་དང་།། དེ་བཞིན ་ཟག་མེད་དགེ་བ་གང་།། དགེ་བའི་ཚོགས་ནི་ཅི་བསགས་པ།། བྱང་ཆུབ་ཆེན་པོར་བསྔོ་བཱར་བགྱི།། བདུན་པོ་རྣམ་དག་རེ་རེ་ལ།། སེ་གོལ་གྱི་ཡང་སྒྲ་ཡང་བསྒྲགས།། དེ་ལྟར་བསོད་ནམས་ཚོགས་བསགས་ནས།། ཡཾས་ཆོག་ནི་འང་ལ་སྭ།། ་སྟེགས་སྐྱེ་བོ་ཐ་མལ་བཞིན།། སྟོང་པ་ཙམ་གྱིས་སྦྱར་ནས་ནི།། ཕྱལ་བར་བྱ་བ་མ་ཡིན་ཏེ།། དམན་པོ་ཡི་ནི་བྱང་ཆུབ་བཞིན།། འགའ་ཞིག་སྟོང་པའི་ཚུལ་ལ་ནི།། འགའ་ཞིག་ཡོད་པ་མ་ཡིན་ཏེ།། ཤེས་རབ་ཕ་རོལ་ཕྱིན་པ་བཞིན།། གཟུགས་ལས ་སྟོང་པ་གཞན་མི་བཙལ།། འཁྲུལ་ངོར་བསྟན་པའི་གཟུགསུ་སྣང་།། གཟུགས་དང་སྟོང་པ་དབྱེར་མང་དང་།། གཟུགས་ནི་རྣམ་པར་དག་པ་ཡིན།། གཟུགས་ཉིད་སྟོང་པར་ཤེས་པར་བྱ།། དཔེར་ན་ཆུ་ཡི་ཟླ་བ་བཞིན།། དེ་ལྟར་ཡེ་ཤེས་ཚོགས ་བསགས་བྱ།། ཚོགས་གཉིས་བསགས་པས་སྐྱོབ་གཉིས་བྱུང་།། བིསྐྱེད་རིམོ་འབྱུང་བའི་དགོས་པ་ཡིན།། དེ་ནས་སོ་སོའི་སྒྲུབ་ཐབས་བཞིན། བསྐྱེད་ཚུལ་ལྷ་དེ་གསལ་བར་བསྐྱེད།། བསྐྱེད་རིམ་བསྒོམ་པ་ནཱཾ་གཉིས་ཏེ།། རྟོགས་པ་ཅན་དང ་རྟོགས་པ་དམན།། རྟོགས་པ་ཅན་གྱིས་འདི་ལྟར་བསྒོམ།། གློང་བསྐྱེད་པ་ཡི་ལྷ་དེ་ནཱི།། ནཱ་མཁའ་ཡོ་ནི་འཇའ་ཆེན་བཞིན།། གསལ་ལཱ་རང་བཞིན་མེད་པར་བསྒོམ།། ཆུ་ལཱ་ཟླ་བཽ་ཤར་བ་བཞིན།། སྣང་ལ་རང་བཞིན་མེད་པར་བསྒོ། ་རྟོགས་པ་དམན་པས་འདི་ལྟར་བསྒོམ།། ཡོད་པར་རགས་པའི་རྣམ་པ་དང་། འབུར་བཏོད་རིས་སུ་བྲིས་བཞིན་དུ།། གང་ལྟར་གསལ་བའི་རྣམ་པར་བསྒོམ།། དེ་ལྟར་བསྐྱེད་རིམ་བསྒོམས་ནས་ནི།། བཟླས་པའི་ཚུལ་ནི་རྣམ་པ་ག ་དོན་དམ་དང་ནི་ཀུན་རྫོབ་དང་།། དོན་དམ་བཟླས་པ་འདི་ལྟ་སྟེ།། རྟོགས་པ་ཅན་གྱི་བསྐྱེད་རིམ་བཞིན།། ཡེངས་མེད་གསལ་བར་བསྒོམས་ནས་ནི།། ཡུལ་གཟུངས་འཛིན་པ་ཡོངས་སྤངས་ནས།། རྟོགས་པ་ཐམས་ཅད་བཀག་ནས་ནི།། ནམ་མཁའ ་སྟོང་ལས་སྒྲ་འབྱུང་བཞིན།། སྒྲ་དུ་ཡང་ནི་རང་བཞིན་མེད།། ཆོས་ཉིད་ཀྱི་ནི་རང་སྒྲའོ།། ཀུན་རྫོབ་ཕྲིན་ལས་བཟླས་པས།། ཞི་བའི་བཟླས་པ་འདི་ལྟ་སྟེ།། སྔགས་བརྗོད་སྔགས་ཀྱི་འོད་ཟེར་ནི་ཉི་ཟེར་ལྟ་བུར་ཕྱོགས་བཅུར་འཕྲོ།། མ་ལུས་ཀུན ་ལ་ཕོག་པས་ནི།། ཀུན་གྱི་གནོད་སེམས་ཞི་བྱས་ཏེ།། ཕན་སེམས་བྱམས་སེམས་ལྡན་གྱུར་ནས།། སྒྲུབ་པོ་ཉིད་ལ་འདུག་པར་བསམ།། རྒྱས་པའི་བཟླས་པ་འདི་ལྟ་སྟེ།། སྔགས་འོད་ཉི་ཟེར་ལྟ་བུ་ནི།། འདོམ་གླེང་ཆད་ནས་ཁུག་པའི ་ཚུལ།། རང་གི་ལུས་ལ་ཕོག་པས་ནཱི།། ལུས་ཀྱི་ཚྭ་བསོད་རྒྱས་པར་བསམ།། དབང་བྷིཟླས་པ་འདི་ལྟ་སྟེ།། སྔགས་འོད་ལྕགས་ཀྱུ་ལྟ་བུས་ནི།། ཕྱོགས་བཅུར་འཕྲོས་ཏེ་མ་ལུས་བཀུག། སྒྲུབ་པའི་ལས་ཀཱ་ཙི་བྱ་ཞེས།། ཕྱག་དང་བཅས ་པར་འདུད་པར་བསམ།། དྲག་པོའི་བཟླས་པ་འདི་ལྟ་སྟེ།། སྔགས་འོད་མེ་ལྕེ་ལྟ་བུས་ནི།། ཕྱོགསཾ་བཅུ་ཀུན་ཏུ་འཕྲོས?་པ་སྟེ།། རང་གནོད་བགེགས་རྣཾས་ཐ~ཾང་བསྲེག། མི་བཟང་སྐད་ངན་ཆེན་པོ་ཡིས།། སྒྲུབ་པ་པོ་ལ་སྐྱབས ་གསོལ་བསམ།། དེ་སྐྱེ་ཐུན་མཚམས་འོད་ལྟ་སྟེ།། གཏོར་དབུལ་ཡེ་ཤེས་ནི་མཁར་དབྱུང་།། ཡིད་ཀྱིས་ཕོར་མཆོད་བྱིན་གྱིས་ཚུར་བརླབས་བསམ།། སེ་གོལ་སྒྲ་དང་བཅས་པ་ཡིས།། ཡཾས་མཆོག་འགྱུར་མགོན་པོ་ཁྱོད ་ཀྱིས་ནི།། དངོས་གྲུབ་ཆེན་པོ་སྩལ་དུ་གསོལ།། སླར་གཤེགས་སླར་ཡང་བྱོན་དུ་གསོལ།། བསྟན་བཅོས་རྩོམ་པ་རྣམ་གཉིས་ཏེ།། སྒྲ་ཚད་དག་ལས་ཕུལ་བྱུང་བས།། ལུང་དང་མི་འགལ་དོན་དེ་གཏན་ལ་འབེབས ་མདོ་རྒྱུད་ལུང་ཐོབ་བསྟན་བཅོས་ནས་དྲུངས་ཏེ།། ད་ལ་རྟེན་དང་དེ་དང་མི་འགལ་བ།། དེས་ཀྱང་འགའ་ཞིཀ་བརྩམས་པར་རིགས་པ་ཡིན།། སྒོ་དྲུག་གིས་བསྟན་བཅོས་རྩོམ་པ་ནི།། ཡཾ་དམ་ལྷའི་ཞལ་མཐོང་དང་།། དེ་ཡི་གནང ་འཛིན་པ་དང་།། དངོས་གྲུབ་ཀུན་ལ་དབང་ཐོབ་པས།། མདོ་རྒྱུད་ལུང་དང་བསྟན་བཅོས་ལས་དྲངས་ནས།། དེ་ལ་རྟེན་དང་ད་དང་མི་འགལ་བས།། དེས་ནི་བརྩམ་པར་རིགས་པ་ཡིན།། བདེ་གཤེགས་རྣམས་ཀྱི་དཀའ་ལས་ཀྱང་།། བསྐྱེད་ར། ་གསལ་བར་མ་གྱུར་ན། དོན་རྣམས་འགྲུབ་པར་མི་འགྱུར་ཏེ།། དེ་བསྐྱེད་གསལ་ལྔ་བསྟན་གྱུར་ནས།། ཤེས་རབ་འཆལ་པའི་གང་ཟག་གིས།། སློབ་དཔོན་མེད་པར་ཞུགས་གྱུར་ནས།། བདག་ཉིད་ཕུང་བ་ཁོ་ནར་ཟད་།། ཡང་ནི་དེ ་དུས་འཁོར་རྣམས་ཀྱིས།། བདེ་གཤེགས་ཀྱི་ནི་བྱིན་བ་རླབས་ཀྱིས།། དྲི་ནི་གསོལ་བ་ཁོ་ན་ཡིན།། བདེ་གཤེགས་མྱ་ངན་འདས་འོག་ཏུ།། བློ་ཆུང་སེན་མང་གྱུར་ཏེ།། མདོ་སྡེ་རྣམས་ལས་ལུང་བསྟན་ཏེ།། ང་ནི་མྱ་ངན་འདས་འོག་ཏུ ་བློ་ཆུང་སེམས་ཅན་མང་གྱུར་ཏེ།། དེ་ལ་དགོངས་ཏེ་བདེ་གཤེགས་ཀྱིས།། ང་དང་འདྲ་བའི་གང་ཟག་གིས།། ང་ཡི་ལུང་རྣམས་དགྲོལ་བར་བྱ།། དེ་སྐད་ལུང་ནས་འབྱུང་བ་སྟེ།། མཚན་ཉིད་ལྡན་གྱིས་བསྟན་བཙོས་བརྩམ།། མཚན ་ཉིད་མི་ལྡན་བརྩམས་གྱུར་ནས།། ཀུན་ཀྱང་དགོངས་པར་མ་གྱུར་པས།། དེ་དོན་གཞན་དུ་བསྟན་བྱས་ནས།། སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར།། སློབ་དཔོན་ཆེན་པོ་རཏྣ་ཀཱིརྟིས་མཛད་པ་སྒྲུབ་ཐབས་ཐམས་ཅད་ཀྱི་ལྦ་ཀ་གསལ་བྱེད་ཅེས ་བྱ་བ་རྫོགས་སོ།། །། @#། རྒྱ་གར་སྐད་དུ། པྲ་ཏཱི་ཏྱ་ས་མུཏ་པཱ་ད་ཧྲི་ད་ཡ་ཀལླ། བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཆོ་ག་ཞིབ་མོ་ཀྲི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་