CLOSE WINDOW

GT196: dpa' bo gcig pa he ru ka'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨེ་ཀ་བཱི་ར་ཧེ་རུ་ཀ་སཱ་དྷ་ནཱ་མ། དཔའ་བོ་གཅིག་པ་ཧེ་རུ་ཀའི་སྒྲུབ་ཐགས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དང་པོ་མལ་ནས་ལངས་ཏེ། ཁ་ལ་སོགས་པ་དག་པར་བྱས་ནཱས། སྟན་འཇམ་པོ་ལ ་ཉེ་བར་འདུག་སྟེ། སྙིང་གར་པི་ལས་པདྨ་དཀར་པོ་འདབ་མ་བརྒྱུད་པ་བསྒོམ་པར་བྱའོ།། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ལ། ངོའི་སྟེང་དུ་ཧཱུཾ་ཁ་དོག་མཐིང་ག་བསམས་ལ་དེའི་འོད་ཟེར་གྱི་མདུན་གྱི་ནམཁའ་ལ། ་ཐ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་མོ་རྣམས་དམིག་སྨྲྀ་ཏེ་ཡིད་ཀྱིས་མཆོང་པར་བསམ་མོ།། འོད་ཟེར་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་གསལ་བར་བྱས་ལ་ཚད་མེད་པ་བཱཞི་བསྒོམ་པར་བྱའོ།། ་ས་སུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྔགས་འདིས་བསྒོམ་པར་བྱའོ།། ཨོཾ་སྭ་བྷཱ་བཽ་ཤུ་དྷཱསརྦ་དྷརྨྨ། སྭ་བྷཱ་བ་བི་ཤུདྡྷོ་ཛ~ཾ་ཧཱུ~ཾ། དེའི་རྗེས་སུ་ཨོཾ་ཤྭཱ་ནྱཱ་དྷཱ་ཛྙཱ་ནཱ་བཛྲཱ་སྭ་བྷཱ་བ་ཨཱཏྨ་ཀོ་ཧ~ཾ་ཞེས་བརྗོད་པས། སྙི ་ཞེས་སྤྱིའི་ཐོབགསས་པ་ས་བྱ་མིགས་སྦྱིན་ས་ན་ང་ས་སུ་ང་དུ་བརྒྱས་སུ་ན་རྗེས ་འོད་ཟེར་གྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྦྱངས་ཏེ། འོད་ཟེར་བསྡུས་མ་ཐག་ཏུ་རྡོ་རྗེ་ཡོངས་སུ་གྱུར་པ་ལས། དཔལ་ཧེ་རུ་ཀ་སྐུ་མདོག་ནག་པོ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡོན་པ་མཐོད་པ་དང ་ཁ་ཊྭཱཾ་ག་བསྣམས་པ།། ཕྱག་གཡས་པ་ན་རྡོ་རྗེ་འཕྱང། མཆེ་བ་གཙིགས་པ། རོལ་པོ་དང་ཐོད་པའི་དབུ་རྒྱུན་ཅན་སྤྱི་ག་ཙུག་གི་འཁོར་ལོ། རྣམ་རྒྱནོ། མགུལ་བརྒྱན། དཔུང་རྒྱན་གདུ ་བུ་དང་། སྐ་རགས་ཀྱིས་བརྒྱན་པ། མོཾ་མགོ་ལྔ་བཅུའི་ཆུ་འཕྱང་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། དཔྲལ་བ་དང་། མགྲིན་པ་དང་། སྙིང་གར་ཨོཾ་ཨཧཱུཾ་གསུམ་གྱིས་བྱིན་གྱིས་དཱརླབས ་ལ། ཤེས་རབ་རྡོ་རྗེ་རྣལ་འབྱོར་མས་འཁྱུད་པ། ཐུགས་ཀཱར་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཨ་ཡི་གཽ་ཧཱུ~ཾ་བསྒོམ་པར་བྱའོ།། དེའི་འོད་ཟེར་གྱིས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ན་མཁའ་ནས་པ་ཀུགྶ་སྟེ་བདག་ཉིད་ལ་བསྟིམ ་པར་བྱའོ།། སླར་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལྷ་ལྔའི་དཀྱིལ་འཁོར་གྱིས་བདག་ལ་དབང་བསྐོ་རྱ་དང་མཆོད་པ་དང་བསྟོད་པར་བསམ་མོ།། དེ་ནས་བདུད་རྩི་མྱང་བ་བྱས་ལ། ཆོས་སྐུ་ནི་འདི་ལྟར་དམིགས་པར ་བྱ་སྟེ། སྤྱི་བོ་དང་མགྲིན་པ་དང་། སྙིང་ག་དང་། ལྕི་བ་དང་བདེ་བ་ཆེན་པོ་དང་། ལོངས་སྤྱོད་དང་སྤྲུལ་པའི་འཁོར་ལོ་བསམས་ཏེ། ཧཾ་ཨོཾ། ཧཱུ~ཾ། ཨོཾ་སྟྭཾ། དེ་དག་གི་ལྟེ་བར་བསྒོམ་པར་བྱའོ།། དེ་ན ་སྲོགས་དང་རྩོལ་བའི་སྦྱོར་བས། ཧཱུཾ་གི་བདུད་རྩིའི་ཐིག་ལེ་དབབ་པར་བྱས་ལ། ལྟེ་བར་བསྒོམ་པར་བྱའོ།། དེ་ལ་སེམས་གཏད་ཅིང་རྩེ་གཅིག་པར་བྱས་ཏེ། དུ་བ་ལ་སོགས་པའི་རྟགས་རྙེད་ནས ་སྤྲིན། ཨ་ལས་ཡེ་ཤེས་ཀྱི་མེ་སྦར་བས། སྔར་བ་ཀོད་པའི་ཡི་གེ་བསྲེག་པར་བྱས་ལ། མེད་པའི་ན་མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་བྱའོ།། དེ་ལྟར་ཅི་ནུས་སུ་བྱས་ལ་མ་གོས་པའི་དབང་གིས་གསལ་བར་མ་གྱུར་ན། ་སྟོན་བཤད་པའི་དཔལ་ཧེ་རུ་ཀའི་སྐུ་འཇའ་ཚོན་ལྟ་བུ་ལས་དམིགས་ཏེ་བལྟ་བར་བྱའོ།། དེའི་བཟླས་པ་ནི། ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་འདི་བཟླས་པར་བྱའོ།། མཆོད་པ་རྣམ་པ་ལྔས་མཆོད་ལ་རང་གྱི་སྙིང་གར་བསྡུ་བར ་བྱའོ།། དཔའ་བོ་གཅིག་པིའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ནཱ་རོ་པས་མཛད་པ་རྫོགས་སོ།། ་