CLOSE WINDOW

GT1959: gzungs thams cad kyi dkyil 'khor gyi cho ga zhes bya ba
Wyliee-texts produced with BDRC’s OCR application

བལ་པོ་མ་ཧཱ་པ་ལས་བསྒྱུར་བའོ།། ། རྒྱ་གར་སྐད་དུ།། དྷཱ་ར་ནཱ་སརྦ་མཎྜ་ལ་བེ་དྷི་ན་མ།། བོད་སྐད་དུ། གཟུངས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་གྲཝ་ཞེས་བྱ་འོ།། སྒོ་དྲུག་ཞི་ཁྲོ་ལྷ་ཚོགས་ལ།། སྒོ་གསུམ་དང་བས ་ཕྱག་འཚལ་ལོ།། རྒྱུ་བོ་ཙམ་ཅ་འཁོར་བཅས་ཀྱིས།། གཟུངས་རྣམས་དུ་མར་བརྗོད་བྱས་ཀྱང་།། ནུས་པ་རྫོགས་པར་མཐོན་ཏེ།། དེ་ནུས་རྫོགས་པར་མཐོན་པའི་ཕྱིར།། རང་ལྷ་ཡིས་ནི་བསྟན་བཞིན་དུ།། དེ་ཆོས་གང་གིས་བསྟན ་དོ་བྲྀ།། རྒྱལ་པོ་ལ་སོགས་ཕོ་བྲང་དུ།། སྣ་ཚོགས་གཟུངས་བརྗིད་མཇུག་ཐོགས་པས་མ།། ཡ~ཾད་ན་གཟུངས་ཆོ་ག་སྒྲུབ་དུས་སམ།། དབང་བསྒྲུབ་པཱ་ཡི་དུས་དྲག་ན།། དཀྱིལ་འཁོར་ཆེན་པོ་བཤམས་པར་བྱ།། གཟུངས་སྒྲུབ་ཆོ་ག་བྱེང ་གྱུར་ནི།། ཆོ་ག་བྱེད་པའི་དུས་དང་ནི།། རང་ཉིད་བསྟན་ལ་འདུག་སོགས་པར།། ཀུན་ཁྱབ་གཟུངས་ཆོ་ག་ནང་ནས་གསལ།། དབང་བསྐུར་དུ་སྐྱི་རིམ་ལྔ་བཞིན།། དུ་མ་གཟུངས་ཀྱི་འཇུག་དུ་ནི།། དེ་ཡི་བྱ་བོའི་ཆོ་ག་སྤྱང་ཀི་དཀྱིལ་འཁོར ་བྲི་བའི་སྔ་གོང་དུ།། གཟུངས་རྣམས་མ་ལུས་ཐམས་ཅད་ཀྱི།། སྔགས་བདུས་ཉུངས་ཀར་ལོ་བཏབ་ནས།། བུམ་པ་རྣམསུ་ཐུགས་པར་བྱ།། བསྙེན་པ་སྐྱེལ་བའི་སློབ་དཔོན་གྱིས།། དེ་ནས་དཀྱིལ་འཁོར་བྲི་བར་བྱི།། ཐིག་དང་རྡུལ་ཚེ ་རིམ་ལྔ་བཞིན།། དེ་ནས་རྡུལྔ་ཚོན་དགྱེ་བྱ་བ།། དབུས་འཁོར་ལོ་རྩིབས་བརྒྱད་བྲིས།། འཁོར་ལོའི་ལྟེ་བར་མཐིང་ཀའོ།། རྩིབས་རྣམས་སེར་ཞིང་མ་ཁྱུད་དཀར།། ཡང་ན་འདབ་བརྒྱད་སྔོ་མཛེསོ།། འདབ་རྩིབས་ལྟེ་བ་རྣམས་ལྔ་ནི།། པདྨ་འདབ་བརྒྱ ་ཛེས་བྲི།། དེ་སྟེ་གཙོ་པོའི་མདོག་དང་བསྟན།། འཁོར་ལོ་པདྨའི་ཕྱི་ཉིད་དུ།། བཅུ་དྲུག་འདབ་ལྡན་པདྨ་ནི།། ཅི་མཛེས་པ་རུ་བྲི་བརྡ་བྱ།། པཉྩ་དེ་ཡ~ཾ་པ་ཉིད་དུ།། སུམ་ཅུ་རྩཝ་གཉིས་རྩིབས་ལྡན་པ།། མཚོན་ཆའི་འཁོར་ལོ་བྲི་བར་བྱ།། ལྟེ་བ་མཐིང ་ཀའི་རྩིབས་རྣམས་ནི།། ཅི་མཛེས་པར་ནེ་བྲི་བུར་བྱ།། རྩིབས་མཚན་རཱི་ནཽ་ཆེན་འབར་བཱ་བྲི།། མུ་ཁྱུད་དཀར་པོ་དེ་ཕྱི་ཁྱམས།། སྒོ་སོགས་རིམ་པོ་ལྔ་པཾ་བཞིན།། དེ་ཡི་ཕྱི་ཡི་རིམ་པ་ནི།། འཁོར་བའི་མུ་ཁྱུང་དགྲ་བོ་བྲི།། དེ་ཡི་ཕྱི་ནི་ཁྱམས་སུ་གན ་སྒོ་ནི་གོང་དང་མཐུན་པ་སྟེ།། སྒོ་དེ་ཡི་ནི་ཕྱི་རོལ་དུ།། དྲུག་ཅུ་རྩ་བཞི་འདབ་ལྡན་ནི།། མཚོན་སྣ་ལྔ་ཡིས་སྡིག་གུར་བྲི།། རྡོ་རྗེ་མི་རེ་དེ་བཞི་ནི་བྲི།། དེ་ནས་ལྷ་ནི་དགོད་བྱ་བ།། སྒྲུབ་པའི་ཐབས་བཞོན་དགོད་པ་ར་བྱ།། དཀྱིལ་འཁོར་གྱི་ནི་ཁྱིམ།། ་རྣམས་སུ།། ལྷ་མིང་གསལ་བའི་གཟུངས་རྣམས་བྲི།། སྙིང་པོ་བྲིས་ཏེ་ཁྱིམ་སུ་གཟུགས།། དཀྱིལ་འཁོར་བརྒྱན་བཀོད་མཆོད་རྟེན་ནི།། བཤམས་ཏེ་རང་ཉིད་སྟན་ལ་འདུག། རྣལ་འབྱོར་ཡན་ལག་བསྐྱོང་ལྡན་པས།། ཡིས་ལྷ་ཚོགས ་སྤྱན་དྲངས་ཏེ།། རང་བཞིན་ཚེ་སྐུ་དབྱེར་མེད་ཀྱང་།། འགྲོ་བའི་དོན་ཕྱིར་ཡུལ་གྱི་སྐུ།། ཡུམ་ཆེན་ཕ་རོལ་ཕྱིན་མ་དང་།། ཡཾས་དབང་བསྐུར་ལྡན་པ་དང་།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།། རྡོ་རྗེ་མི་ཕམ་སོར་འབྲིང་།། སྡིག་པ་སྤོང་བ་གདུལ ་དཀའ་མ།། བདུད་འཇོམས་སྒོ་མཐའ་སྒྲུབ་མ་སྟེ།། དེ་ལྟར་འགྲོ་མགོན་ཁྱེད་རྣམས་ཀྱང་།། རྒྱལ་པོ་འཁོར་དང་བཅས་པ་ཡི།། ལུས་སྲོག་པར་ཆང་གསལ་བ་ལྟར།། དཔལ་དང་བསོད་ནམས་སྤེལ་བ་དང་།། ལས་ངན་སྡིག་པ་སྒྲུ ་བའི་ཕྱིར།། སྤྲུལ་པའི་ཕོ་བྲང་དམ་པ་འདིར།། མཆོད་ཅིང་སྤྱན་འདྲེན་གཤེགསུ་གསོལ།། པདྨའི་གདན་ལ་བཞུགསུ་གསོལ།། དེ་བཞིན་སྤེལ་བར་བྱ་བ་ནི།། གསེར་འོད་ཤཱཀྱ་སེངྒེ་དང་།། སྤྱན་རས་གཟིགས་དང་བྱམས་པ་དང་།། ན་མཁའི་སྙིང ་དང་ཀུན་ཏུ་བཟང་།། ལག་ན་རྡོ་རྗེ་འཛ་པའི་དཔལ།། སྒྲིབ་པ་སིལ་དང་སའི་སྙིང་པོ།། རིག་པའི་རྒྱལ་མོ་རྨ་བྱ་ཆེ།། སྟེང་ཆེན་སོ་སོར་འབྱུང་མ་དང་།། བསིལ་བའི་ཚལ་དང་གསང་སྔགས་འཛིན།། ཡུལ་འཁོར་སྲུང་དང་འཕགས་སྐྱེས ་པོ།། མིག་མི་བཟང་དང་རྣམ་ཐོས་སྲས།། མགོན་པོ་བད་གཤེགས་ཚེ་དཔག་མེད།། བཟང་པོ་མཆོག་དང་གཟི་བརྗིད་དཔལ།། ཟླ་བ་སྣུན་པ་དྲི་མེད་དང་།། བཟང་པོའི་ཏོག་དང་བཀོད་པ་ཆེ།། སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ།། ཆོས་རྣམས ་ཡུམ་དང་ནི།། བདུགས་དཀར་རྣམ་རྒྱལ་གཙུག་གི་ནོར།། འོད་ཟེར་ཅན་དང་པརྞ་དང་།། རི་ཁྲོད་ལོ་གྱོན་དཔལ་ལུང་བསྟན།། བདེ་གཤེགས་ཙན་དན་ཡལ་ག་དང་། བློ་ཡངས་འབྲུག་སྒྲ་སྒྲིབ་པ་སེལ།། སྟོན་འབྱུང་གནས་འོད་དཔག་མེད།། ཀུན ་ནས་སྤོས་མཆོག་རྒྱལ་མཚན་བརྩལ།། ང་རྒྱལ་གནོན་དང་རྒྱ་མ་བྷ་བར་གཤེགས་པ་སྒྲོན་མ་མཆོག། སེམས་དཔའ་འོད་ཆེན་འོད་དཔག་མེད།། མི་ཕམ་པ་དང་འཇམ་དཔལ་དང་།། དྲི་མ་མིང་དང་རྡོ་རྗེ་སྙིང་།། རྒྱལ་བ་ཅན་དང་མཚན། ་མོ་བཟང་།། མཁའ་ལྡིང་གསེར་འདབ་རྡོ་རྗེ་མཆུ།། སྦས་པ་རྡོ་རྗེ་ཀུན་འབར་ཀློག། འབར་བ་གཟི་བརྗིད་གནམ་ལྕགས་མཆུ།། ཁྱབ་འཇུག་ཚངས་པ་དབང་ཕྱུག་དང་།། དྲང་སྲོང་རྀའི་ཆེན་པོ་སྟེ།། མགྲོན་པོ་སྤྱན་རས་གཟིགས་ཡུམ་དང་།། སྤྱནྡ་རས་གཟིགས ་དབང་བཅུ་གཅིག་ཞལ།། རིན་ཆེན་ཕྲེང་དང་སྟོབས་ཅན་དང་།། མདངས་ཕྱིར་འཕྲོག་དང་གསེར་ཅན་དང་།། རྣམ་རྒྱལ་ཅན་དང་འགྲོ་ལྡིང་དང་།། སྟོབས་ཅན་དབྱིག་དང་ལྡན་པ་སྟེ།། རྣམ་པར་གཟིགས་དང་ཐམས་ཅད་སྐྱོ་བོ།། ལོག་དང་སེལ་དང་གས ་ཐུབ་དང་། འོད་སྲུངས་དང་ནི་མར་མི་མཛད།། ཡོངས་བསྒྲགས་དཔལ་དང་རིན་ཆེན་ཟླ།། གསེར་བཟངས་དྲི་མེད་མྱ་ངན་མེད།། ཆོས་གྲགས་རྒྱ་མཚོ་ཚོས་རྒྱ་མཚོ།། བཻ་ཌཱུར་འོད་ཀྱི་རྒྱལ་པོ་སྟེ།། མི་འཁྲུགས་པ་དང་འོད་སྟོང་འབར། བང ་བར་གཤེགས་པ་སྣང་མཐའ་ཡས།། ལག་ན་རྡོ་རྗེ་རྣམ་འཇོམས་དང་།། མེ་ལྟར་རྨོངས་བྱེད་བེ་ཅོན་དང་།། བསོད་ནམས་རྒྱལ་མཚན་མ་ཁ་ལ།། དཔལ་ལྡན་ཚོགས་ཀྱི་བདག་པོ་སྟེ།། རྣམ་རྒྱལ་དུ་བྱུག་པ་སྔོན་པོ་དང་། གཤིན་རྗེ ་གཤེད་དང་མི་གཡོ་མགོན།། རྟ་མགྲིན་གཞན་གྱིས་མི་ཐུབ་དང་།། བདུད་རྩི་འཁྱིལ་དད་ཁམས་གསུམ་རྒྱུ་ལ།། ཧཱུཾ་ཀཱ་ར་དང་སྟོབས་པོ་ཆེ།། རྒྱལ་བ་ཁྱུ་མཆོག་འབྲོག་གནས་དང་།། གང་ནས་ལྔ་རྩེནི་ནོར་བཟེང་དང་།། གང་བཟུང་དང ་ནི་གྲགས་བཟང་དང་།། ས་མཛེས་དང་ནི་ཕྲེང་མཛེས་དང་།། ནག་པོ་ཆེ་དང་ལྷ་མོ་ནག། རྡོ་རྗེ་གཏུམ་པོ་རྡོ་རྗེ་ཁྲོ།། རྡོ་རྗེ་ཕོ་ཉ་ལུ་གུ་རྒྱུད་།། རིག་སྔགས་ཁྲོ་བོ་རྒྱལ་བ་ཅན།། ཁྲོ་བོ་བར་དུ་གཅོད་སྦྱོང་དང་།། ཁྲོ་ཆེན་འབར་བ་མི་འཇིགས ་སྦྱིན།། ཛཿཧཱུཾ་བཾ་ཧོཿཀུན་ལ་སྦྱར།། སྣ་ཚོགས་གཟུངས་ནི་བརྗོད་པ་ཡིས།། བདེ་བར་གཤེགས་པ་མཐའ་དག་ཀྱང་།། བདག་གི་མཚན་རྣམས་མ་བརྗོད་ཀྱང་།། སྔོན་གྱི་སྨོན་ལམ་དབང་གིས་ནི།། རང་བཞིན་གནས་པ་མི ་མངའ་ཡང་།། ཀུན་རྫོབ་ཙམ་དུ་གནས་པ་སྟོན།། ཞིང་ཁམས་ཕོ་བྲང་ལ་སོགས་ནས།། འགྲོ་བའི་ཉོན་མོངས་སྦྱང་བ་དང་།། བགེགས་རྣམས་ཐམས་ཅད་བཟློག་པའི་ཕྱིར།། སྤྲུལ་པའི་ཡོ་བྲང་དམ་པ་འདིར།། མཆོད་སྦྱིན་སྤྱན་འདྲེན་གཤེ ་སུ་གསོལ།། ལྷ་རྣམས་ཁྱམས་ལ་བཞུགསུ་གསོལ།། བདེ་གཤེགས་མཆོད་དང་སྒོ་སྐྱོང་བའི།། སྒོ་བཞིའི་ལྷ་མོ་ཁྱེད་རྣམས་ཀྱང་།། སྤྱན་འདྲེན་མཆོད་ཕྱིར་གོ་ཤྭེགསུ་གསོལ།། ཕོ་བྲང་གྲུ་བཞིར་གཤེགསུ་གསོལ།། སྒོ་བའི ་ནང་དུ་གཤེགསུ་གསོལ།། སྣ་ཚོགས་གཟུངས་ནས་བརྗོད་པ་ཡི།། གཟའ་དང་རྒྱུ་སྐར་གནོད་སྦྱིན་དང་།། ཀླུ་ལ་སོགས་པའི་མཐུ་ཆེན་སོགས།། སྤྱན་འདྲེན་མཆོད་ཀྱིས་གཤེགསུ་གསོལ།། ཁོར་ཡུག་ལེ་ཚེ་གཤགསུ་གསོལ།། ་སྣ་ཚོགས་གཟུངས་ནས་བརྗོད་པ་ཡིས།། ཁ་འབར་ལ་སོགས་སྙིང་རྗེའི་ཚོགས།། མཆོད་གཏོ་སྦྱིན་གྱིས་འདིར་ཤོག་ཅིག། དེ་ནས་ཕྱག་རྒྱ་འདི་སྐད་དོ།། ཡུམ་ཆེན་ཕ་རོལ་ཕྱིན་མ་དང་།། ཡེ་ཤེས་དབང་བསྐུར་དཔལ་ལྡན་མ ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།། རྡོ་རྗེ་མི་ཕམ་སོ་སོ་འབྲང་།། སྡིག་པ་སྤོང་བ་གདུལ་བཀའ་མོ།། བདུད་འཇོམས་སྒོ་མཐའ་སྒྲུབ་པ་སྟེ།། དེ་ལྟའི་འགྲོ་མགོན་ཁྱེད་རྣམས་ལོ།། རིག་པའི་སློབ་དཔོན་པ་དང་ནི།། གཟུངས་འཛིན ་སློབ་མ་རྣམས་ཀྱི་ནི།། བར་ཆོད་བགེགས་རྣམས་བཟློག་པ་དང་།། རྣམ་སྨིན་སྡིག་པ་སྦྱོང་བའི་ཕྱིར།། སྒོ་གསུམ་དང་བས་ཕྱག་འཚལོ།། སྤྱན་འདྲེན་སྐབསུ་སྨོས་བཞིན་དུ།། དེ་བཞིན་ཀུན་ལ་བསྒྲེ་བར་བྱ།། དེ་ནས་མཆོད་པ་འདི་སྐད་དོ།། ་དག་པ་ཡི་ནི་ཡོན་ཆབ་འདི།། སྣ་ཚོགས་གཟུངས་ཀྱི་ལྷ་ལ་འབུལ།། སྣ་ཚིགས་གཟུངས་ཀྱི་གློག་བམ་ལ།། བཀླགས་དང་ཁབ་ཏུ་བཞུགས་པ་དང་།། རིག་པའི་སློབ་དཔོན་ང་ཡིས་ནི།། སྣ་ཚོགས་གཟུངས་ཆོ་ག་བྱས་པ་ཡིས།། མཾ ་མཐུན་པར་ཆོད་བཟློག་པ་དང་།། རྣམ་སྨིན་སྡིག་པ་སྦྱང་བའི་ཕྱིར།། ཐུགས་རྗེའི་དབང་གིས་བ་ཞེསུ་གསོལ།། མཆོད་རྫས་གཞན་ཡང་དེ་བཞིན་སྦྲེལ།། དེ་ནས་བསྟོད་པ་འདི་སྲད་ངོ་དོ།། ཡུ་མི་ཆེན་ཕ་རོལ་ཕྱིན་མ་དྲྀང་།། ཡེ་ཤེས་དབང ་བསྐུར་ལྡན་མ་དང་།། རྡོ་རྗེ་དབྱིངས་ཀྱི་དབྱིང་ཕྱུག་མུ།། ཛཱ་རྗེ་མི་ཕྱེ་མ་སོ་སོར་འབྲང་།། སྡིག་པ་སྤོངས་པ་གདུགས་དཀར་མ།། བདུད་འཇོམས་སྒོ་མཐའ་སྒྲུབ་པཾ་སྟེ།། གཟུངས་འཆང་གཟུངས་སྔགས་བདག་ཉིད་ཅན།། སོ་སོ་རང་གི ་གཟུངས་སྔགས་ཀྱིས་ནུས་པོ་སོ་སོར་འདོད་མི་ཛུད་ཚེ།། ཁྱོད་ཀྱི་ལྗོན་སྐལ་པར་ནི།། བརྗོད་ཀྱང་ལདྱ་བར་མི་འགྱུར་ཏེ།། ཡོན་ཆ་ཙམ་ཟུར་གྱིས་བསྟོད།། སྐུ་མཆོག་ཁྱོད་ལ་ཕྱག་འཚལ་བ་སྟེ་།། དེ་ནས་སྦྲུལ་བར་བྱ་བ་ནི།། སྤྱན ་འདྲིན་སྐབས་ཀྱི་མཚན་སྨོས་བཞིན།། བདེ་གཤེགས་བྱི་རྒོད་རི་བོ་ཡི།། ལྷོ་ཕྱོགས་དགེ་སློང་སྟོང་ཉིས་བརྒྱ།། ལྔ་བཅུས་ཡོངས་བསྐོར་མ་གཾ་དྷའི།། མ་སྐྱེས་དགྲ་ཡིས་བསྙེན་བཀུར་ཚེ།། ས་གཡོས་སྤྲིན་འདུས་གློག་ཕྱུང་སྟེ། ་ཡངས་པ་མི་བྲེད་སྔངས་དོན་སྐྲག། དེ་སླད་ཀུན་ཚོགས་སྟོང་ཆེན་གསུངས།། སྟོང་ཆེན་གླེགས་བམ་ཕྱག་འཚལ་བསྟོད།། བདེ་གཤེགས་མཉན་ཡོད་རྒྱལ་བྱེད་ཚལ།། བཞུགས་ཚེ་ས་རི་ཀུན་ཟིན་ནས།། སྡུག་བསྔལ ་ཉེན་པ་ཀུན་དགས་ཞུས།། སངས་རྒྱས་གཟུངས་གསུངསྲ་རྨུ་བྱ་ཆེ།། རྨ་བྱའི་གླེགས་བམ་ཕྱག་འཚལ་བསྟོད།། བདེ་གཤེགས་ལྷུན་ཟོ་མ་རྡོ་ཁྲི་ན། སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ།། སྟོང་ཕྲག་བདུན་ཅུ་རྩ་བཞི་དང་།། ཉན་ཐོས་ལྟ ་བུ་དབང་ཕྱུག་བསྐོར།། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིརརོ།། སྟོན་པོས་གསུངས་པོའི་སོ་སོར་འབྲང་།། གླེགས་བམ་སོ་སོར་འབྲང་ལ་སྟོང་བདེ་གཤེགས་དུ་རོ་ཁྲོད་བསིལ་ཚལ་དང་།། འཇིགས་རུང་སྐྱེ་བར་དགེ་སློང་ནི།། སྟོང ་དང་ཉིས་བརྒྱ་ལྔ་བཅུ་དང་།། རྒྱལ་ཚན་བཞི་ཡི་འཁོར་བཞི་པོ།། བསྲུང་བའི་སླད་དུ་ཡོངས་ཞུས་པ།། སྟོན་པས་གསུངས་པ་བསིལ་བའི་ཚལ།། གླེགས་བམ་བསིལ་བའི་ཚལ་ལ་བསྟོད།། བདེ་གཤེགས་མཉན་ཡོད་རྒྱལ ་བྱེད་ཚུལ།། བཞུགས་ཚེ་ཚངས་པོ་སོགས་རྣམས་ཀྱིས།། སྟོང་གསུམ་བསྲུང་སླད་ཡོངས་ཞུས་པ།། ཅང་མི་གསུང་གི་ཚུལ་གནང་བ།། གསང་སྔགས་རྗེས་འཛིན་སྟོན་པས་གསུངས།། དེའི་གླེགས་བམ་ཕྱག་འཚལ་བསྟོད ་ལྷ་མོ་བརྒྱད་གཟུངས་ཕྱག་རྡོར་གྱི།། འཇམ་དཔལ་ལ་ནི་གསུངས་པ་ཡི།། ལྷ་མོ་བརྒྱད་གཟུངས་ཕྱག་འཚལ་བསྟོད།། བཅོམ་ལྡན་རྒྱལ་ཁབ་བྱ་རྒོད་ཀྱི།། ཕུང་རིར་དགེ་སློང་སྟོང་བཞུགས་ཚེ།། ལོག་ན་རྡོ་རྗེས་ཞུས ་པ་ཡིས།། ཀུན་ཚོགས་རྒྱལ་བ་ཅན་གྱི་གཟུངས།། རྒྱལ་བ་ཅན་གྱི་གླེགས་བམ་བསྟོད།། བཅོམ་ལྡན་རིན་ཆེན་ཁང་བརྩེགས་ནས།། སེམས་དཔའ་སུམ་ཁྲི་ལྔ་སྟོང་དང་།། དགེ་སློང་ལྔ་བརྒྱ་ཉི་ཁྲི་སྟོང་།། བཞུགས་པའི ་ཚེ་ན་བཅོམ་ལྡན་གྱི།། འབྱུང་པོ་སྐྱོབ་ཕྱིར་གནང་བའི་གཟུངས།། རྡོ་རྗེ་འཆང་གི་གསུངས་པ་ཡི།། མེ་ལྟར་རྨོངས་བྱེད་གཟུངས་ལ་བསྟོད་།། བཅོམ་ལྡནི་རྒྱལ་ཁབ་འོད་མའི་ཚལ།། བྱཱ་ཀ་ལན་དཀྲ་གནས་པཱ་ན། ་ལྷ་བུ་ཙན་དན་སྐྱེས་ནས་ནི།། དགེ་སློང་བཅོམ་ལྡན་ལ་ཞུས་པ།། དེ་ཕྱིར་བཅོམ་ལྡན་གསུངས་པ་ཡིས།། མཚན་མོ་བཟང་པོའི་གཟུངས་ལ་བསྟོད།། བཅོམ་ལྡན་རྒྱལ་པོའི་ཁབ་ན་ནི།། དགེ་སློང་ལྔ་བརྒྱ་ཉི་ཁྲི་སྟོང་།། སེམས་དཔའི ་ལྷ་དང་ཐུབས་ཅིག་སྟེ།། སྤྱན་རས་གཟིགས་དང་ཟླ་འོད་དང་།། ཙཱ་ནཽ་དནྟ་གྱི་ནི་ཡན་ལག་གསུངས།། ཙན་དན་ཡན་ལག་ཕྱག་འཚལ་བསྟོད།། བཅོམ་ལྡན་མཉན་ཡོད་རྒྱལ་བྱེད་ཚལ།། མགོན་མེད་ཟས་སྦྱིན་ཀུན་ར་ན།། དགེ་སློང་ཉིས་། ་ལྔ་བཅུ་སྟོང་།། བཅོམ་ལྡན་ཀུན་དགའ་བོ་ལ་གསུངས།། གཟུངས་ཆེན་མོ་ལ་ཕྱག་འཚལོ།། བཅོམ་ལྡན་འདས་མ་ལྟ་བུ་དང་།། ལགྲ་ནཱ་རྡོ་རྗེ་ཐབས་ཅིག་ཚེ།། བརྒྱ་བྱིན་ཞུས་ཏེ་བཅོམ་ལྡན་གསུངས།། གསེར་ཅན་གཟུངས་ལ་ཕྱག ་འཚལ་བསྟོད།། བཅོམ་ལྡན་བྱ་རྒོད་སྤུངས་རི་ལ།། དགེ་སློང་ཉིས་བརྒྱ་ལྔ་བཅུ་སྟོང་།། སྒྲ་གཅན་ཟིན་དོན་གསུངས་པ་ཡིས།། བེ་ཅོན་གཟུངས་ལ་ཕྱག་འཚལ་བསྟོད།། བཅོམ་ལྡན་གྲོང་ཁྱེར་ཡངས་པ་ཅན།། དགེ་སློང་ལྔ ་བརྒྱ་སེམས་དཔས་བསྐོར།། བཅོམ་ལྡན་གནང་ཞིང་སེམས་དཔའ་ནི།། ཀུན་ཏུ་བཟང་པོས་གསུངས་པ་ཡི།། སྤྱན་རས་གཟིགས་ཡུམ་གཟུངས་ལ་བསྟོད།། བཅོམ་ལྡན་རྡོ་རྗེ་ལ་ཞུགས་ཏེ། ལག་ན་རྡོ་རྗེས་བྱིན་བརླབས་ཏེ།། རྡོ་རྗེ་སྙིང ་པོས་གསུངས་པ་ནི།། རྣམ་འཇོམས་གཟུངས་ལ་ཕྱག་འཚལ་བསྟོད།། བཅོམ་ལྡན་ཡུལ་འཕགས་བྲག་ཕུག་བཞུགས།། ལྷོ་དབང་ཚེ་ཡི་འདུ་བྱེད་འཇིགས།། བཅོམ་ལྡན་དེ་ཡི་དོན་གསུངས་པ།། བར་དུ་གཅོད་སྦྱོང་གཟུངས་ལ་བསྟོད།། བཅོཾམ། ་ལྡན་ཆོས་དབྱེ་དགོན་པ་ན།། སེམས་དཔའ་བྱེ་བོ་ཁྲག་ཁྲིག་དང་།། འབུམ་ཕྲག་དེ་མ་ཐབས་གཅིག་ཚེ།། བཅོམ་ལྡན་སེམས་དཔའི་འཁོར་ཆེན་ལོ།། སྐྱེ་བོ་མང་ལ་ཕན་ཕྱིར་གསུངས།། སངས་རྒྱས་སྙིང་པོའི་གཟུངས་ལ་བསྟོད།། བཅོམ ་ལྡན་མ་གཱ་ད་ཡུལ་ནས།། ལུས་ནུས་འཕགས་བྲག་ཕུག་གཤེགས་བཞུགས་ཆེ།། ལྷ་དབང་དེར་ཕྱིན་ལྷ་མིན་དེང་།། གཡུལ་འགྱེད་ཕྱིར་ཞུས་བཅོམ་ལྡན་གསུངས།། མི་འཇིགས་སྦྱིན་པའི་གཟུངས་ལ་བསྟོད།། བཅོམ་ལྡན་སྐྱེད་ཚལ ་རྒྱུ་མཚོའི་འགྲམ།། ལྷ་ཡི་འཁོར་སྐོར་ཆོས་སྟོན་ཚེ།། གནས་གཙང་ལྷ་ལ་བཀའ་སྩལ་པའི།། སངས་རྒྱས་སྙིང་པོའི་གཟུངས་ལ་བསྟོད།། བཅོམ་ལྡན་མཉན་ཡོད་རྒྱལ་བྱེད་ཚལ།། དགེ་སློང་བརྒྱ་སྟོང་སེམས་དཔའི་ཚོགས།། བསྐོར ་ཚོ་ཤཱ་རིའི་བུ་ལ་གསུངས། དབང་བསྐུར་གཟུངས་ལ་ཕྱག་འཚལ་བསྟོད།། བཅོམ་ལྡན་རྒྱལ་ཁབ་བྱ་རྒོད་ཀྱི།། སྤུངས་རིའི་དགེ་སློང་བརྒྱ་སྟོང་དང་།། སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ།། དགུ་བཅུ་རྩ་དགུ་གནས་གཙང་ལྷས།། ་བསྐོར་ཚེ་སྤྱན་རྭས་གཟིགས་གསུངས་པའི།། ཀུན་ཏུ་བཟང་པོའི་གཟུངས་ལ་བསྟོད།། བཅོམ་ལྡན་སུམ་ཅུ་རྩ་གསུམ་གྱི།། ལ་བ་དཀར་པོ་རྡོ་ལེབ་བཞུགས།། ལྷ་དབང་ལྷ་མིན་ལས་ཕམ་ནས།། བཅོམ་ལྡན་འདས་ལ་ཞུས་གསུངས་པའི།། རྒྱལ ་མཚན་རྩེ་མོའི་དཔུང་རྒྱན་གཟུངས།། གཟུངས་དེ་ལའང་ཕྱག་འཚལོ།། བཅོམ་ལྡན་ཙམ་པ་བསྐོས་རྫིདེ་འགྲམ།། དགེ་སློང་ལྔ་བརྒྱ་ཐབས་ཅིག་ཚེ།། བཅོམ་ལྡན་དགེ་སློང་རྣམས་ལ་སྟོང་།། འཆི་མེད་རྔ་སྒྲ་ཕྱག་འཚལ་བསྟོད།། བཅོམ ་ལྡན་ཉིད་ཀྱི་བཀའ་སྩལ་པའོ།། རྟེན་འབྲེལ་གཟུངས་ལྀ་ཕྱག་འཚལ་བསྟོད།། བཅོམ་ལྡན་ཉིད་ཀྱིས་བཀའ་སྩལ་པའི།། རིམ་བཞི་གཟུངས་ལ་ཕྱག་འཚལ་བསྟོད།། བཅོམ་ལྡན་རྒྱ་མཚོ་མ་དྲོས་ན།། དགེ་སློང་ལྔ་བརྒྱ་ཐབས ་ཅིག་སྟེ།། སེམས་དཔའ་སྟོང་དང་དེ་ནང་ནས།། སེང་གེ་རྣམ་རྩེས་བརྒྱན་ནས་གསུངས།། མེ་ཏོག་བརྩེགས་གཟུངས་ཕྱག་འཚལ་བསྟོད།། བཅོམ་ལྡན་བྲམ་ཟེ་ཡངས་དབང་གནས།། བཞུགས་ཚེ་བྲམ་ཟེ་ས་དབང་ཞུས།། ་ས་དབང་གཟུངས་ལ་ཕྱག་འཚལ་བསྟོད།། བཅོམ་ལྡན་མཉན་ཡོད་མིག་མངས་ཁྱམས།། བཞུགས་ཚེ་སྨོན་པས་འཁོར་ལ་གསུངས།། ཀུན་ཚོགས་འགྲོ་ལྡིང་རིག་སྔགས་བསྟོད།། བཅོམ་ལྡན་རྒྱལ་ཁབ་བྱ་རྒོད་ཀྱི།། ཕུང ་དགེ་སློང་ཉི་ཁྲི་སྟོང་།། ལྔ་བརྒྱ་སེམས་དཔའ་ཁྲག་ཁྲོག་འབུམ།། དུ་མ་བརྒྱ་བྱིན་ལྷ་ཚོགས་བསྐོར།། དེ་ཚེ་སྟོན་པ་བཅོམ་ལྡན་ལ།། སྤྱན་རས་གཟིགས་ཞུས་གསུངས་པ་ཡི།། ཡི་གེ་ཉུང་ལ་ཕྱག་འཚལ་སྟོང་།། བཙོམ ་ལྡན་དགེ་སློང་རྣམས་ལ་གསུངས།། ལྷ་མོ་འོད་ཟེར་ཅན་གཟུངས་བསྟོད་།། བཅོམ་ལྡན་ཀུན་དགའ་བོ་ལ་གསུངས།། ཉིད་བརྒྱུད་ཚོགས་བདག་གཟུངས་ལ་བསྟོད།། བཅོམ་ལྡན་ལེགས་པར་གནས་ལ་གསུངས།། དབྱིག ་དང་ལྡན་པའི་གཟུངས་ལ་བསྟོད་།། བཅོམ་ལྡན་ཀུན་དགའ་བོ་ལ་གསུངས།། ཡི་གེ་དྲུག་པའི་གཟུངས་ལ་བསྟོད་།། བཅོམ་ལྡན་ཉིད་གསུངས་ཕ་རོལ་སྒོ།། ཉི་ཤུ་རྩ་ལྔའི་གཟུངས་ལ་བསྟོད།། བཅོམ་ལྡན་ཤཱཀྱ་བདེ་ལྡན་དོན།། གསུངས ་པ་རྣམ་སྦྱོང་གཟུངས་ལ་བསྟོད་།། བཅོམ་ལྡན་ཀུན་དགའ་བོ་ལ་གསུངས།། ལག་ན་རྡོ་རྗེ་བཅུ་གཟུངས་བསྟོད།། བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། མདེངས་ཕྱོར་འཕྲོག་པའི་རིག་སྔགས་བསྟོད་།། བཅོམ་ལྡན་གཟི་ཅན་ལ་གསུངས།། ་པའི།། གཟི་ཅན་ཞུས་པའི་གཟུངས་ལ་བསྟོད།། ཀུན་ནས་ད་ནི་ཚོགས་པ་ཡི།། སངས་རྒྱས་ཡན་ལག་གཟུངས་ལ་བསྟོད།། ཀུནྡ་དགས་བཅོམ་ལྡན་ལ་ཞུས་པའོ།། གཞུང་འབྲུམ་སེལ་བའི་གཟུངས་ལ་བསྟོད།། བཅོམ་ལྡན་ཁྱིམ ་བདག་ལ་གསུངས་པའི།། བུ་མེད་སྟོན་པའི་གཟུངས་ལ་བསྟོད།། བཅོམ་ལྡན་དགེ་སློང་རྣམས་ལ་གཟུངས།། ནུད་རྣམས་ཞི་བའི་གཟུངས་ལ་བསྟོད།། བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། དུག་སེལ་རིག་སྔགས་ཕྱག་འཆག ་བསྟོད།། བཅོམ་ལྡན་ཀུན་དགའ་བོ་ལ་གསུངས།། མི་རྒོད་འཇིགས་པའི་གཟུངས་ལ་བསྟོད།། དེ་དག་ཀུན་ནས་ཚོགས་པ་ཡི།། རྒྱལ་བ་ཅན་གྱི་རིག་སྔགས་བསྟོད།། ལྷ་བུ་རབ་བརྟན་དོན་གསུངས་པའི།། གཙུག་ཏོར་རྣམ ་རྒྱལ་གཟུངས་ལ་བསྟོད།། སྤྱན་རས་གཟིགས་ཀྱིས་གསུངས་པ་ཡི།། བཅུ་གཅིག་ཞལ་གྱི་གཟུངས་ལ་བསྟོད།། སྤྱན་རས་གཟིགས་ཀྱིས་གསུངས་པ་ཡི།། སྙིང་རྗེ་མི་ཤོལ་གཟུངས་ལ་བསྟོད།། བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། ཕྱིར ་ཟློག་རྣམ་པར་རྒྱལ་གཟུངས་བསྟོད།། བཅོམ་ལྡན་དབང་ལ་གསུངས་པ་ཡི།། གཙུག་གི་ནོར་བུའི་གཟུངས་ལ་བསྟོད་།། བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། རིན་ཆེན་ཕྲེང་བའི་གཟུངས་ལ་བསྟོད།། བཅོམ་ལྡན་འཛུམ་དཔལ ་ལ་གསུངས་པའི།། ཚེ་དཔག་མེད་ཀྱི་གཟུངས་ལྕེ་བསྟོད།། བཅོམ་ལྡན་ཀུན་དགའ་ལ་གསུངས་པའི།། མེ་ཁ་ལ་ཡི་གཟུངས་ལ་བསྟོད།། བཅོམ་ལྡན་སེམས་དཔའ་རྣམས་ལ་གསུངས།། སྒོ་དྲུག་པ་ཡི་གཟུངས་ལ་བསྟོད་།། བཅོམ ་ལྡན་དགེ་སློང་རྣམས་ལ་གསུངས།། ཆོས་རྒྱུ་མཚོ་ཡི་གཟུངས་ལ་བསྟོད།། བཅོམ་ལྡན་མེ་མིག་བུ་ལ་གསུངས།། སྒྲོ་མཐའ་ཡས་ཀྱི་གཟུངས་ལ་བསྟོད།། བཅོམ་ལྡན་འདས་གསུངས་ཕ་རོལ་ཕྱིན།། ཚུལ་བརྒྱ་ལྔ་བཅུའི་གཟུངས ་ལེ་བསྟོད།། བཅོམ་ལྡན་སུམ་བརྩེགས་བསྲུང་སླད་དུ།། གདུགས་དཀར་གཟུངསེ་ཕྱག་འཚལ་བསྟོད།། བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། ལུས་དབྱིབས་མཛེས་གཟུངས་ཕྱག་འཚལ་བསྟོད།། གཞན་གཟུངས་བཅོ ་ལྡན་བྱིན་བརླབས་པའི།། དབུགས་ཆེན་གཟུངས་ལ་ཕྱག་འཚལ་བསྟོད།། བཅོམ་ལྡན་འདས་ཀྱིས་གསུངས་པའི།། ནག་པོ་ཆེན་པོའི་གཟུངས་ལ་བསྟོད།། བཻཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། གོས་སྔོན་གཟུངས་ལ་ཕྱག ་།། བསྟོད།། བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི།། མི་འཇིགས་གཟུངས་ལ་ཕྱག་འཚལ་བསྐྱོད།། བཅོམ་ལྡན་ཕྱག་རྡོར་ལ་གསུངས་པའི།། གཟའ་ཡུམ་གཟུངས་ལ་ཕྱག་འཚལ་བསྟོད།། གཞན་གསུངས་བཅོམ་ལྡན ་བྱིན་བརླབས་པ།། གནམ་ལྕགས་གཟུངས་ལ་ཕྱག་འཚལ་བསྟོད།། ཀུན་ཚོགས་རྡོ་རྗེ་མཆུ་ཡི་གཟུངས།། རྡོ་རྗེ་མཆུ་ཡི་གཟུངས་ལ་བསྟོད་།། ཀུན་ཚོགས་རི་རབ་ཁདྲ་པ་བརྩེགསོ།། རྡོ་རྗེ་ཁང་བརྩེགས་གཟུངས་ལ་བསྟོད།། སངས ་རྒྱས་ཀྱི་ནི་འཁོར་བརྒྱད་པོ།། སྡེ་ཚན་བརྒྱ་ནི་རྩི་བརྒྱད་དང་།། གཟུངས་སྔགས་བཅས་ལ་ཕྱག་འཚལ་བསྟོང་།། ཀུན་ནས་ཚོགས་པ་སྟོབས་པི་ཆེ།། སྟོབས་པོ་ཆ་ཡི་གཟུངས་ལུ་བསྟོད།། ནོར་བུ་དྲི་མེད་དོན་གསུངས་པའི།། གཙུག ་ཏོར་དྲི་མེད་གཟུངས་ལ་བསྟོད།། བཅོམ་ལྡན་ན་མཁའི་སྙིང་ལ་གསུངས།། སངས་རྒྱས་བདུན་པའི་གཟུངས་ལ་བསྟོད།། བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། སྒྲོན་མཚིག་གི་ནི་གཟུངས་ལ་བསྟོད།། སྟོན་པས་ཀུན་དགའ་ལ ་གསུངས་པའི།། ཡངས་པའི་གྲོང་ཁྱེར་གཟུངས་ལ་བསྟོད་།། ཁྱིམ་བདག་ཟླ་བ་ལ་གསུངས་པ།། ནོར་གྱི་རྒྱུན་གྱི་གཟུངས་ལ་བསྟོད།། བཅོམ་ལྡན་བྱམས་པ་ལ་གསུངས་པོའི།། སངས་རྒྱུས་བཅུ་གཉིས་གཟུངས་ལ ་བསྟིང་།། ལག་ན་རྡོ་རྗེ་ལ་གསུངས་པོའི།། སྒོ་བཟངས་གཟུང་སོ་ལ་ཕྱག་འཚལ་བསྟོང་།། བློ་གྲོས་རྣམ་དག་ལ་གསུངས་པའི།། དྲི་མ་མེད་པའི་གཟུངས་ལ་བསྟོད།། འཇམ་དབྱངས་གཞོན་ནུས་གསུངས་པ་ཡི།། ཁྱད་པར ་ཅན་གྱི་གཟུངས་ལ་བསྟོད།། ཕྱག་སྟོང་སྤྱན་སྟོང་གསུངས་པ་ཡི།། རྒྱལ་ཆེན་ཐོགས་མེད་གཟུངས་ལ་བསྟོད་།། བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། སྨན་བླ་མཆེད་བདུན་གཟུངས་ལ་བསྟོད།། སྟོན་པ་ཉིད་ཀྱིས་གསུངས་པ་ཡི།། ་ལྷ་མོ་པརྞའི་གཟུངས་ལ་བསྟོད།། སྟོན་པ་ཉིད་ཀྱིས་གསུངས་པ་ཡི།། རི་ཁྲོད་ལོ་གྱོན་གཟུངས་ལ་བསྟོད།། བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། དཔལ་ལྷ་ལུང་བསྟན་གཟུངས་ལ་སྟོད།། བདེ་གཤེགས་སྐུ་བསྡུ་བསོད་ནམས་ལྡན།། ་ཨཱཥྞཱི་ཥ་ཡི་གཟུངས་ལ་བསྟོད།། ཀུན་ཚོགས་དཀོན་མཆོག་ཏ་ལཱ་སྟེ།། དཀོན་མཆོག་ཏཱ་ལའི་གཟུངས་ལ་བསྟོད།། འཇིགས་བྱེད་རང་གིས་གསུངས་པ་ཡི།། འཇིགས་བྱེད་ཀྱི་ནི་གཟུངས་ལྔ་བསྟོད།། སྤྱན་རིས་གཟིགས་ཀྱིས་གསུངས།། ་པ་ཡི། དོན་ཡོད་ཞུགས་ལ་ཕྱག་འཚལ་བསྟོད།། བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། སྟོབས་ཅན་གཟུངས་ལྔ་ཕྱག་འཚལ་བསྟོད།། བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། དཀྱིལ་འཁོར་བརྒྱུད་ཀྱི་གཟུངས་ལ་བསྟི། ་བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། སྤྲིན་ཆེན་ཉིད་ཀྱི་གཟུངས་ལ་བསྟོད།། སྟོན་པ་ཉིད་ཀྱིས་གསུངས་པ་ཡི།། སྤྲིན་ཆེན་རླུང་འཁོར་གཟུངས་ལ་བསྟོད།། བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི།། སྣང་མཐའ་གཟུངས ་ལ་ཕྱག་འཚལ་བསྟོད།། གཞན་ཡང་བདེ་གཤེགས་གསུངས་པ་དང་།། བདེ་གཞི་ཁྱིན་བརླམ་གཞན་གསུངས་དང་།། གཞན་གསུངས་བདེ་གཤེགས་བྱིན་བརླབས་དང་།། ས་ཐོབ་སེམས་དཔས་གསུངས་པ་དང་།། དེ་དག་ཀུན་དང་ཚེ ་པ་སྟེ།། སངས་རྒྱས་ཞིང་རྣམས་ཐམས་ཅད་ནས།། གཟུངས་ཀྱི་གླེགས་བྲམ་ཇི་སྙེད་བཞུགས།། དེ་དག་མཚན་ནས་མྱ་སྨོས་ཀྱང་།། སྒོ་གསུམ་དང་པ་ཡིས་ནི་བསྟོད།། སྒོ་དྲུག་ཞི་ཁྲོའི་ལྷ་ཚོགས་དང་།། དེ་ཡི་གསུང་གི ་རྒྱུད་དྲུག་དང་། དེ་འཛིན་སྒྲུབ་པ་ཕྱིར་མི་ལྡོག། ཡུལ་གསུམ་གྱི་ནི་སྤྱན་སྔར་ནི།། རིག་པའི་སློབ་དཔོན་ང་དང་ནི།། གཟུངས་འཛིན་སློབ་མ་རྣམས་ཀྱིས་སུ།། མཚམས་མེད་ལྔ་དང་མི་དག་བཅུ།། སྡིག་པའི་ལས་ནཱི་ཙི་སྤྱད་པ།། མཐོལ ་ལོ་གཤག་སོ་ཡུལ་གསུམ་ལ།། དེ་ནས་གློག་བམ་ཞལ་ཕྱེ་སྟེ།། རིམ་པ་བཞིན་དུ་འདི་སྐད་དོ།། སྟོང་ཆེན་མོ་ཡི་གླེག་བྱམ་ལ།། གཟུངས་ནི་འཛིན་སློབ་རྣམས་ཀྱིས་ནི།། བཀྲུག་དང་བཀླག་ཏུ་གསོལ་བ་དང་།། རི་མ་ཆོ་ག་སྤྱད་པ ་ཡིས།། སྟོང་ཆེན་མོ་ཡི་གླེགས་བམ་འདི།། ལུས་ལྔ་འཆང་ངོ་སེམས་ལ་གནས།། ངག་གིས་བརྗོད་དང་ཕུང་དུ་ཁུར།། སྤྱི་བོར་ལེན་ནོ་གཟུངས་འདིའོ།། དེ་སྒྲས་རིམ་པས་སྤྱི་བོར་བླངས།། རིག་པ་གཏད་པོའི་ཆོ་ག་འདི།། རྫས་ལྔར ་ལྷར་བསྐྱེད་མཆོད་བསྟོད་བྱ།། དེ་ནཱས་འདོད་པའི་ལྷ་གཅིག་ནི།། སློབ་མྦིའི་མིག་ལ་ཕབ་ནས་ནི།། འདི་སྐད་དུ་ནི་བརྗོད་པར་བྱ།། གཟུངས་འཛིན་པ་ཡི་བུ་ཁྱོད་ནི།། རིག་པའི་སློབ་དཔོན་ང་ལ་ཉོན།། རང་འདོད་ལྷ་ལ་ལྟ་བར ་གྱིས།། ལྷོ་འདི་ཡིད་ལ་བསྒོམ་པར་གྱིས།། དང་པོ་མོས་ཡུལ་བྱེད་པ་ཡིན།། གཉིས་པ་གསལ་བར་བྱེད་པ་ཡིན།། གསུམ་པོ་སྐུ་རྫོགས་དངོསུ་མཐོང་།། བཞི་པ་ལུང་བསྟན་ཐོབ་གྱུར་ནས།། རྒྱུད་རྣམས་ཀུན་ལ་ལོངས་སྤྱོད་དེ།། ་རྒྱུད་དོན་ཐམས་ཅད་ཁྱོད་ཀྱིས་ཁྲོལ།། འདོད་ལྷ་འདི་ལ་མོས་སེམས་འབྱུང་།། ཁྱོད་ཀྱི་སྐྱེ་བ་སྔ་རོལ་གྱི།། ལས་འཕྲོ་འདིར་ནི་སད་པ་ཡིན།། བསྒྲུབས་ཤིག་བསྒྲུབས་ཤིག་རིམ་གྱིས་འབྱུང་།། སྒྲ་ཡི་རིག་པ་དེ་གཏད་དོ།། དེ་བ་ཀཱ་ས་ཨོཾ།། ་དེ་ནས་བརྗོད་པའི་ཆོ་ག་དེ་ནི།། སློབ་མའི་ལྕེ་ཐོག་བཞག་ནས་ནི།། འདི་སྐད་དུ་ནི་བརྗོད་པར་བྱ།། གཟུངས་འཛིན་པ་ཡི་བུ་ཁྱོད་ནི།། རིག་པའི་སློབ་དཔོན་ངོ་ལ་ཉོན།། བརྗོད་པ་གཟུངས་ཀྱི་གསུང་གི་སྔགས་འདི་ནི།། སྔགས ་མ་ཡིན་པའི་ཚིག་དྲང་ནི། ན་མཱ་ཡང་བསྒྲེ་བྱར་མ་བྱེད་ཅིག། བླ་མ་ཡི་ནི་མ་གསུངས་པ།། དེ་ལ་གདགས་པར་མ་བྱེད་ཙོག། གསུང་གི་རིག་པཱ་ད་གཏད་དེ།། ད་ཕྲེང་སྙིང་ག་ལ་གཏད་ནས།། འདི་སྐད་དུ་ནི་བརྗོད་པརརེ་བྱཱ།། ་གཟུངས་འཛིན་པ་ཡི་བུ་ཁྱོད་ནི།། རིག་པའི་སློབ་དཔོན་ང་ལ་ཉོན།། རིག་པ་གྲངས་སུ་འཛིན་བྱེད་ཅིང་།། སྦྱིན་དང་ལྗོན་པའི་བགྲང་འཕྲེང་འདི།། རྒྱན་ཕྱིར་འཆང་བར་མུ་བྱེད་ཅིག། འགྲོམ་ཞིང་སྨད་པར་མ་བྱེད་ཅིག། སྡིག ་ཅན་ལགྣ་ཏུ་མཱ་གཱཏད་ཅིགོ།། ཐུགས་ཀྱི་རིག་པ་ང་གཏད་དོ།། དེ་བཱ་ཙིཏྟཱ་ཏྲཱུཾ།། གླེགས་བུམྦྷ་སྤྱི་བོའི་སྟེང་བཞགཱི་སྟྭཾ།། འདྀ་སྐད་དུ་ནི་བརྗོད་པར་བྱ།། གཟུངས་འཛིན་པ་ཡི་བློ་ཁྱོད་ནི།། རླིག་པའི་སློབ་དཔོན་ངོ་ལ་ཉོན།། ་སྔགས་ཆོས་ནི་རྟོགས་དཀའ་སྟེ།། མི་ཤེས་རྨོངས་པར་མ་བྱེད་ཅིག། ཡང་གཉིས་ཐེ་ཚོམ་མ་འཆིའ་ཞིག། ལོག་པ་ཡི་ནི་ཤེས་རབ་ཀྱིས།། མཁྱེན་ཆོས་རིགས་པ་མ་ཟུང་ཞིག། བླ་མ་སྟོན་ཅིང་སྤྲོས་པ་ཆོད།། གསང་སྔ ་ཆོས་ལ་ཐོགས་མེང་སྤྱོད།། རྒྱུད་ཉན་པཱ་ཡ་སྣད་དུ་རུང་།། རྒྱུད་དོན་སློབ་མྱ་གསལ་བར་བྷི།། ཡོན་ཏན་ཇི་སྙེད་སྟེང་དུ་ལྡན།། སྐྱོན་རིག་པ་ད་གཏང་ངོ་།། རཏྣ་སཱརྦྦ་མ་ཧཱ་ཨོཾ་ཨཱཿཧཱུཾ།། རྡོ་རྗེ་དྲིལ་བུ་ལག་གཏད་དོ།། འདི་སྐད་དུ་ནི་བྱཱ་བ་ཡིན། ་རྡོ་རྗེ་དྲིལ་བུ་རང་བཞིན་གྱིས།། ཐབས་དང་ཤེས་རབ་ཟུང་འབྲེལ་ཡི།། ཕྲིན་ལས་རྣམ་པ་བཞི་སྒོ་ནས།། འགྲོ་བའི་དོན་ལ་དང་དུ་བསྐུལ།། ཕྲིན་ལས་རིག་པ་ང་གཏད་ངོ་།། དེ་པ་ཀརྨི་ཨོཾ་ཨཱཿཧཱུཾ། དེ་ནས་ཕྲིན་ལས་འདི་སྐད་བཅོལ།། ཡུམ་ཆན་ཕ་རོལ་ཕྱིན ་མ་དང་། ཡེ་ཤེས་དབང་བསྐུར་དཔལ་ལྡན་མ།། རྡོ་རྗེ་མི་ཕམ་སོ་སོ་འབྲང་།། སྡིག་པ་སྤོང་བ་གདུགས་དཀར་མོ།། བདུད་འཇོམས་སྒོ་མཐའ་སྒྲུབ་པ་སྟེ།། དེ་ལྟར་འགྲོ་མགོན་དེ་རྣམས་ཀྱིས།། ཀླུ་དང་གནོད་སྦྱིན་མི་མིན་སོགས།། འབྱུང་པོའི་གདོན ་ཚོགས་བཟློག་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ལས།། གྱུར་ན་སྡིག་པ་སྦྱོང་དུ་གསོལ།། ཡུལ་འཁོར་སྐྱོང་དང་འཕགས་སྐྱེས་པོ།། རྣམ་ཐོས་སྲས་དང་མིག་མི་བཟང་།། ཕྱོགས་སྐྱོང་རྒྱལ་པོ་ཁྱོད་ཀྱིས་ཀྱང་།། གཟུང་འཛིན་ཕྱི་བཞིན ་འབྲང་བ་དང་།། བསྲུང་བ་དུས་མཛད་དུ་གསོལ།། ཚངས་པ་དང་ནི་དབང་ཕྱུག་ད་།། ཁྱབ་འཇུག་དང་ནི་དྲང་སྲོང་དང་།། གཟུངས་འཛིན་ཕྱི་བཞིན་འབྲང་བ་དང་།། བསྐྱང་བ་དུས་སུ་མཛད་དུ་གསོལ།། ལྷ་མོ་ནག་དང་མགོན་པོས་ཀྱང་།། གཟུངས ་འཛིན་ཕྱི་བཞིན་འབྲང་པོ་དོང་།། བསྲུང་བ་དུས་སུ་མཛད་དུ་གསོལ།། དེ་དག་སེམས་དཔའ་བདེ་གཤེགས་རྣམས།། སྤྱན་འདྲེན་སྐབས་བསླུས་ཕྲིན་ལས་བཅོལ།། རྨ་བྱ་ཆེ་དང་བསིལ་བའི་ཚལ།། གསང་སྔགས་རྗེ་སུ་འཛིན་མ་སྟེ།། ་ཐུགསས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ།། གླེགས་བྷྲ་མ་དེ་ལ་བཀླགས་པ་དང་།། ཀློག་ཏུ་སྩལ་དང་ཆོ་གུ་བརྒྱད།། དེ་ལྟ་བུ་ཡི་མཐུ་ཡིས་ནི།། གཟུངས་དང་མཐུན་པའི་ཕན་ཡོན་གསོལ།། རྡོ་རྗེ་མཆུ་དང་གནི་ལྤགས་མཆུ་སྤྲིན་ཆེན་རླུང་དཀྱི ་སྦྱིན་ཆེན་མོ།། བགེགས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ།། རྒྱལ་བ་ཅན་དང་བེ་ཅོན་ཆེ།། པ་དུ་གཅོད་སྤྱོད་འགྲོ་ལྡིང་སྟེ།། བགེགས་འཇོམས་འབྱུའ་ཞིག་ག་ཟུངས་ཡིན་ཏེ།། འོད་ཟེར་ཅན་དང་ཡཾ་གཱི་དྲཱག། གིཟི་ནྡན་ཞུས་དང་མིག་རྣམ ་སྤྱོད།། བགེགས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ།། ལག་ན་རྡོ་རྗེ་བཅུ་བཟངས་དང་།། མདངས་ཕྱིར་འཕྲོག་དང་གཞང་འབྲུམ་སེལ།། བུ་ནི་མང་པོ་རྟོན་པའི་གཟུངས།། བགེགས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ།། སྟོབས་ཆེན་དང་། ་ནི་མི་ཁཱ་ལ།། དབུགས་ཆེན་གཟུངས་དང་གཟའ་ཀུན་ཡུམ།། བགེགས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ།། རྒྱལ་མཚན་དཔུང་རྒྱུན་གཟུངས་དང་ནི།། གསེར་ཅན་དང་ནི་ནོར་གྱི་གཙུག། དགྲ་འཇོམས་པ་ཡི་གཟུངས་ཡིན་ཏེ།། ཚེའིདི ་འདི་ལ་ནི་སྦྲན་པ་ཡི།། ཇི་སྙེད་པ་ཡི་གཟུངས་བཞུགས་པ།། དེ་དག་མཚན་ནས་མ་སྨོས་ཀྱང་།། བགེགས་འཇོམས་འབྲུའ་ཞིག་གཟུངས་ཡིན་ཏེ།། སྤྱན་རུས་གཟིགས་ཡུམཱ་མེ་ཏིག་བརྩེགས།། ཙན་དན་ཡན་ལག་དབང་བསྒྱུར ་གཟུངས།། ཚོགས་སྤྲུལ་འབའ་ཞིག་གཟུང་ཡིན་ཏེ་ཡི་གེ་ཉུང་ངུ་སྒོ་དྲུག་གཟུངས།། ལས་ཀྱི་སྒྲིབ་པ་སྤྱོང་གཟུངས་དང་།། སྙིང་རྗེ་མི་ཤོལ་བ་ཡི་གཟུངས།། ཕྱི་མ་ལ་ནི་སྨན་པ་ཡི།། ཇི་སྙེད་པ་ཡི་གཟུངས་བཞུགས་པ།། དེ་དག་མཚན ་ནས་ས་སྨོས་ཀྱང་།། ཌསེལ་འབའ་ཞིག་གཟུངས་ཡིན་ཏེ།། གཙུག་ཏོར་གདུགས་དཀར་རིན་ཆེན་ཕྲེང་།། རྣམས་འཛིས་རཾ་ཁྱོད་ལོ་མ་གྱོན།། བགེ་ཌ་འཛེས་གཙོ་བོའི་གཟུངས་ཡིན་ཏེ།། ཚེ་འདི་ཉིད་ལ་སྒྲ་ནི་གཙོ་བ།། ཇི་སྙེད་པ་ཡི་གཟུངས་པནུ་པ།། དེ་དག་མཉན ་ནས་མ་བརྗོད་ཀྱང་།། བགེགས་འཇོམས་གཙོ་བོའི་གཟུངས་ཡིན་སྟེ།། སངས་རྒྱས་སྙིང་པོ་ས་དབང་གཟུངས།། སྒོ་མཐའ་ཡས་དང་དོན་ཡོད་ཞག་སྟེ།། ཚོགས་སྤེལ་གཙོ་བོའི་གཟུངས་ཡིན་ཏེ།། གཙུག་ཏོར་རྣམ་རྒྱལ་དྲི་མ་མེད།། ་སངས་རྒྱས་ཀྱི་ནི་འཁོར་བརྒྱད་ཀྱི།། མཚན་ནི་བརྒྱ་ནི་རྩ་བརྒྱད་གཟུངས།། ཚོགས་སྤེལ་གཙོ་བོའི་གཟུངས་ཡིན་ཏཱི།། ཕྱི་མའི་ཆོ་གསུ་གཙོ་བོ་ཡི།། ཇི་སྙེད་པ་ཡི་གཟུངས་བཞུགས་པ།། དེ་དག་མཚན་ན་ས་མ་སྨོས་ཀྱང་།། ཚོགས་སྤེལ་གཙོ་ས ་གཟུངས་ཡིན་ཏེ།། འཆི་མེད་རྗེ་སྒྲ་གཟུངས་ཆེན་པོ།། ཀུན་ཏུ་བཟང་དང་རྟེན་འབྲེལ་གཟུངས།། ཆ་སྙེམས་པ་ཡི་གཟུངས་ཡིན་ཏེ།། སངས་རྒྱས་ཡན་ལག་དབྱིག་དང་ལྡན།། བཅུ་གཅིག་ཞལ་གཟུངས་ལྷ་མོ་ལྔ།། ཆ་སྙོམས་པ་ཡི ་གཟུངས་ཡིན་ཏེ།། ལུས་ཀྱི་དབྱིབས་མཛེས་ཆོས་རྒྱ་མཚོ།། ཚེ་དཔག་མེད་གཟུངས་ཁྱད་པར་ཅན།། སྟོབས་པོ་ཆེ་ཡི་གཟུངས་དང་ནི།། རྡོ་རྗེ་རི་རབ་ཁང་བརྩེགས་གཟུངས།། ཆ་མཉམ་པ་ཡི་གཟུངས་ཡིན་ཏེ།། འདི་དང་ཕྱི་མར་སྨན ་པའི་གཟུངས།། ཇི་སྙེད་པ་ཡི་གཟུངས་བཞུགས་པ།། དེ་དག་མཚན་ནས་མ་སྨོས་ཀྱང་།། མཱ་ཉམས་པ་ཡི་གཟུངས་ཡིན་ཏེ།། གོང་གི་ཚིག་བཞུགས་ཀུན་ལ་གདགས།། དེ་ནས་རིག་པའི་སློབ་དཔོན་གྱིས།། སྒོ་ཡི་ཐེམ་པར་རྐང་བཞིག། ་ལ།། ཡངས་པའི་གྲོང་ཁྱེར་འཇུག་གཟུངས་ཀྱིས།། གསང་སྔགས་དང་པོ་བཾ་ས་ར་ནས།། ཉིན་མཚན་ཆེས་ཀྱང་སྤྱོད་པར་ཤོག། དངོས་སུ་གསུང་པའི་བཀའ་ཚོ་ཡི།། གསང་སྔགས་ཚིག་བཅད་བཅས་པ་ཡི།། ནང་དུ་ཁ་བལྟས ་ལན་ཅིག།། དེ་བཞིན་ཕྱི་རུ་ལན་གཉིས།། གདུགས་དཀར་ནམྦ་རྒྱལ་སྙིང་པོ་ཡང་།། གྲོ་ག་ཤོག་པུ་ལ་བྲིས་ལ།། གཏོརུ་མ་དང་བཅས་སྒོ་ཁར་གཟུངས།། དེ་ཙར་དྭེ་ནི་ཚར་རེ་གདོན།། དེ་ནས་བསྲུང་བའི་འཁོར་ལོ་བྲི།། དཀྱིལ་འཁོ ་ཕོ་བྲང་འདྲ་བ་ཡི།། འཁོར་ལོ་པདྨ་འདྲ་བ་བྲི།། དེ་དག་དགོད་པའི་ཡི་ཧི་སོ་སོའི་ལྷ་ཡི་མཚན་དང་ནི།། དེ་དེ་སོ་སོའི་སྙིང་པོ་དང་།། ཡང་ན་དེའི་སྔགས་བཞུགས་དང་།། མིང་རུས་སྲུངས་ཤིག་བཅས་པ་བྲི།། ཟེ་འབྲུ་ལ་ནི་ཨཱི་ལི་དང་། མུ ་ཁྱུངྒ་ལ་ནི་ཀཱ་ལིའོ།། ཐ་མ་མྲི་ཤིགས་མླེ་རེའོ།། དཾ་ནི་ཕྱི་ཡཾ་བསྲུངས་འཁོར་རོ།། ། དགྲ་བཅོམ་པ་ཡི་བསྲུངས་འཁོ་ནི།། ཁོར་ཡུ་ཀེ་གསུམ་པ་བྲི་བྲར་བྱ།། དེ་ནི་མཚེན་ཚྭ་སྣ་ཚོགས་ཀྱིས།། ཁུ་ཕྱིར་བསྟན་པས་མཐའ ་བསྐོར་བྲི།། དེ་ལ་དགོད་པའི་སྔགས་བྲི་བ།། དང་པོ་གོ་སེར་ཅན་སྙིང་པོ་རོ།། གཉིས་པ་རྒྱལ་མཚན་རྒྱན་ཡི་ནོ།། གསུམ་པ་གསུམ་པ་གཙུག་གི་ནོར་བུའོ།། ཕྱིར་བཟློག་འཁོར་ལོ་བྲི་བྱི་བ།། འཁོར་ལོ་ལྟ་རིམ་བཞི་པ་ལ།། བཅུ ་རྩིབས་ལྡན་འཁོར་ལོ་བྲི།། དང་པོའི་ལྟེ་རིམ་གདུགས་དཀར་རོ།། གཉིས་པ་ཕྱིར་བཟློག་སྔོ་བོས་ཅན་ནོ།། གསུམ་པ་ཕྱིར་བཟློག་རིན་ཆེན་ཕྲེང་།། བཞི་པ་ཧཱུཾ་གིས་བསྐོར་བའོ།། རྩིབས་ལ་ཡང་ནི་ཧཱུཾ་དགོད་དོ།། དེ་བཞིན ་སྤྱད་དེ་མཁས་པས་ཀྱང་།། མན་ངག་བཞིན་དུ་སྤང་དེ་བྲི།། བདེན་ཚིག་འདི་དང་བཙོས་པ་ཡིས།། དེ་ལ་བསྲུང་བའི་འཁོར་ལོ་གདགས།། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀར་བདེན་པ་དང་།། དགེ་འདུན ་གྱི་བཀའ་བདེན་པ་དང་། སྒོ་དྲུག་ཞི་ཁྲོ་ཚོགས་ཀྱི་བཀའ་བདེན་པ་དང་། བརྒྱུད་པའི་བླ་མ་མཁ་འགྲོ་གསང་བའི་ཐོད་པ་ཅན་གྱི་བཀའ་བདེན་པ་དང་། རིག་པ་འཛིན་པ་བཞི་ཡིས་བདེན་པ་ཡིས། གཟུངས་འཛིན་སློབ་མ་འདི་སྲུངས་ཤིཧྞ། ་འབྱུང་པོ་མྱི་མི་ཡིན་པས་འདི་ལ་ཐོ་འཚམ་པར་མ་བྱེད་ཅིག། སའི་དཀྱིལ་འཁོར་འདི་འགྲུམ་ཡང་སྲིད།། ན་མཁའ་ནི་ལག་པས་མནན་དུ་བཏུབ་ཡང་སྲིད།། སེམས་ཅན་གཅིག་ཏུ་འགྱུར་ཡང་སྲིད། ཉི་ཟླ་ནི་ས་ལ་ལྟུང་ཡང་སྲིད།། རླུང་ནི་ཞགས་པས་བཅི ་དུ་རུང་ཡང་སྲིད། མ་ནི་ཆུ་རུ་གྱུར་ཡང་སྲིད། འབྱུང་བ་ཆེན་པོ་བཞི་གཞན་དུ་འགྱུར་ཡང་སྲིད་དོ།། དེ་བཞིན་གཤེགས་པའི་བཀའ་ནི་གཞན་དུ་འགྱུར་མི་སྲིང་ངོ་།། དེ་བཱས་ན་ཁྱེད་ཀྱིས་འདི་ལ་གནོད་པ་མ་བྱེད་ཅིག། དེས་ནི་སྨོན་ལཾ་འདི་སྐ་།། ་ཚིགས་པ་ཡི་གཟུངས་འོང་ལ།། རྡོ་རྗེ་སློབ་དཔོན་ང་ཡིས་ནི།། བཀླགས་དང་བཀླག་ཏུ་སྩལ་བ་དང་།། མཆོད་བསྟོད་བཀུར་སྟི་བྱས་པ་དང་། རིག་པོའི་ཆོ་ག་སྤྱད་པ་ཡིས།། དགེ་བ་དེ་ཡིས་སྟོབས་ཀྱིས་ནི།། སྣ་ཚོགས་གཟུངས་ནས་བརྗོད་པ་ཡ~ཾ། ་ཞིང་འདིར་བཞུགས་པའི་སངས་རྒྱས་དྲུང་།། ཞིང་ཁཾས་གཞན་བཞུགས་སངས་རྒྱས་ཀྱིས།། དེ་དག་སྤྱན་སྔར་སྐྱེས་ནས་ནི།། སྣ་ཚོགྲོས་གཟུངས་ལ་སྤྱོད་པར་ཤོ་གོ།། བསྐྱེད་རྫོགས་རྣི་གྲཉྩི་ཨཱིཥྚ་ཀོཀ། དེ་བ་སྒོམས་མངོན་པར་སངས་རྒྱས་ཤོག། སྔོན་ཚེ་དགེ་སློང ་ས་རི་ལ།། གདུག་པ་ཀླུ་ཡིས་གཟིར་བའི་ཚེ།། རིག་པའི་རྒྱལ་མོ་རྨི་བྱ་ཆེས།། བསྲུང་ཞིང་སྦས་པ་བྱས་པ་ལྟར།། གཟུངས་འཛིན་སློབ་མ་འདི་ལ་ཡང་།། སྔོན་ཚེ་དགེ་སློང་ས་རི་བཞིན།། རིག་པའི་རྒྱལ་མོ་རྨ་བྱ་ཆེས།། བསྲུང་ཞིང་སྦ་བ་བྱེད་པར་ཤོག། ་སྔོན་ཆ་དམ་ཟེ་ཁྱབ་འཇུག་ནི།། གདུག་པ་ཀླུ་ཡིས་གཟིར་བའི་ཚེ།། རིག་པའི་རྒྱལ་མོ་\ུ0f7fརྦཔ་མཆུས།། བསྲུང་ཞིང་སྦ་བ་བྱས་པ་ལྟར།། གཟུངས་འཛིན་སློབ་མ་འདི་ལ་ཡང་། སྔོན་ཚེ་ཁྱབ་འཇུག་ཇི་བཞིན་དུ།། རིག་པའི་རྒྱལ་མོ་རྡོ་མཆུས།། བསྲུང་ཞིང་སྦ་བ་བྱེད། ་པར་ཤོག། སྔོན་ཚེ་ཤཱཀྱའི་བུ་མོ་ན།། ས་འཚོ་མ་ལ་སོགས་པ་ལ།། རིག་པའི་རྒྱལ་མོ་སོ་སོར་འབྲང་།། བསྲུང་ཞིང་སྦ་པ་བྱས་པ་ལྟར།། གཟུངས་འཛིན་སློབ་མ་འཛིན་ལྔ་ཡང་།། ས་འཚོ་མ་ལ་སོགས་བཞིན་དུ།། རིག་པའི་རྒྱལ་མོ་སོ་སོར་འབྲང་།། ་བསྲུང་ཞིང་སྐྱེ་བ་བྱེད་པར་ཤོག། སྔོན་ཚེ་ཁྱིམ་བདག་ཟླ་བཟང་ལ།། ནོར་གྱི་རྒྱུན་གྱི་གཟུངས་ཀྱིས་ནི།། དབུལ་པོའི་བྲོ་ནོད་བསལ་བ་ལྟར།། གཟུངས་འཛིན་སློབ་མ་འདི་ལ་ཡང་།། ཁྱིམ་བདག་ཟླ་བ་བཟང་པོ་བཞིན།། ནོར་གྱི་རྒྱུན་གྱི་གཟུངས་ཀྱིས ་ནི།། དབུལ་དྭང་བྲོ་ནང་སྤེལ་བ་རེ་ཤོག། སྔོན་ཚེ་ལྷ་བུ་རབ་བརྟན་ལ།། རྒྱུད་བདུན་སྐྱེ་བ་མྱོང་འགྱུར་བ།། གཙུག་ཏོརྱཱ་རྣམ་རྒྱལྔ་ཞི་བྱས་བཞིན།། གཟུངས་འཛིན་སློབ་མ་འདི་ལ་ཡང་། ལྷ་བུ་རབ་ཏུ་བརྟན་པ་བཞིན།། གཙུག་ཏོཪྵ་རྣམ་རྒྱལ ་གཟུངས་ཀྱིས་ནི།། བསྲུང་ཞིང་སྦ་བ་བྱེད་པར་ཤོག། སྔོན་ཚེ་ལྷ་དབང་བརྒྱ་བྱིན་ལ།། ལྷ་མོ་ཡིན་གྱིས་ཕམ་བྱས་ཚེ།། རིག་པའི་རྒྱལ་མོ་གསེར་ཅན་གྱི།། གཡུལ་བཟློག་བསྲུང་བ་བྱས་པ་བཞིན།། གཟུངས་འཛིན་སློབ་མ་འདི་ལ་ཡང་།། ་ལྷ་དབང་བརྒྱ་བྱིན་བཞིན་དུ་ནི།། རོག་པའི་རྒྱལ་མོ་གསེར་ཅན་གྱིས།། གཡུལ་བཟློག་བསྲུང་བ་བྱེད་པར་ཤོག། སྣ་ཚོགས་པ་ཡི་གཟུངས་ནང་ནས།། གང་ཟག་ཅིག་ལ་ཕན་བཏགས་དང་།། སེམས་ཅན་ཀུན་ལ་ཕན་བཏགས་གཟུངས།། ་ཇི་སྙེད་ཕན་ཡོན་དེ་དག་ཀུན།། བདག་དང་ཁམས་གསུམ་སེམས་ཅན་ལ།། འདི་དང་ཕྱི་མར་འབྱུང་བར་ཤོག། སྣ་ཚོགས་པ་ཡི་གཟུངས་ལ་ནི།། ཕྱིན་ནི་མ་ལོག་སྤྱོད་པར་ཤོག། སྣ་ཚོགས་གཟུངས་ཆོག་སྤྱད་པ་ཡིས།། ་ཉོན་མོངས་དྲི་མ་དག་པར་ཤོག། ཡེ་ཤེས་གཟུངས་དོན་བསྒོམས་པ་ཡིས།། ཤེས་བྱའི་སྒྲིབ་པ་དག་པར་ཤོག། སྨོན་ལམ་རྒྱ་ཆེན་བཏབ་པ་ཡིས།། སྙིང་རྗེ་བྱང་ཆུབ་སེམས་ལྡན་ཤོག། ཡེ་ཤེས་ཚོགས་ཀྱི་རྒྱུ་མཐུན་གྱིས།། ཐུགས་གསང ་ཆོས་སྐུ་ཐོབ་པར་ཤོག། བསོད་ནམས་ཚོགས་ཀྱི་རྒྱུ་མཐུན་གྱིས།། གསུང་གསང་ལོངས་སྐུ་ཐོབ་པར་ཤོག། སྨོན་ལྀ་སྙིང་རྗེའི་རྒྱུ་མཐུན་གྱིས།། སྐུ་གསིང་སྒྲོལ་སྐུ་ཐོབ་པར་ཤོ་ག། བདག་དང་ཁམས་གསུམ་སེམས་ཅན་རྣམས།། སེམ ་དོན་ནི་ཐོགས་མེད་དུ།། བྱེད་པའི་རྫུ་འཕྲུལ་མ་ཐོབ་པར།། ཞིང་གཞོན་དམ་པར་སྐྱེ་བ.རེ་ཤོག། དོན་བྱེད་རྫུ་འཕྲུལ་ཐོབ་ནས་ནས་ཀྱང་།། གདུལ་དཀའི་སེམས་ཙེན་གང་འདུག་ཏུ།། དེར་སྐྱེས་དེ་རྣམས་འདུལ་བར་ཤོག། རྫོགས་པའི་སངས ་རྒྱས་བསམ་མི་ཁྱབ།། མཽ་ལུས་ཀུན་གྱི་ཞལ་མཐོང་ཤོག། སངས་རྒྱས་ཞིང་ཁམས་བསམ་མི་ཁྱའོ།། ཐམས་ཅད་ཁྱབ་པར་འགྲོ་བར་ཤོག། སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ།། བོ་སུམ་མི་ཁྱབ་པ་ཉན་པར་ཤོག། གདུལ་བྱའི ་སེམས་ཅན་བསམ་མི་ཁྱབ།། བསམ་མི་ཁྱབ་པ་འདུལ་བར་ཤོག། རྟག་ཏུ་ཚེ་རབས་གར་སྐྱེས་ཀྱང་།། རིགས་བཟང་དག་ཏུ་སྐྱེ་བར་ཤོག། གཞོན་ལ་རབ་ཏུ་འབྱུང་བར་ཤོག། བུད་མེད་ཚོགས་ནི་ཐམས་ཅད་ལ།། མི་གཅིང་ཕུང་དེ ་ཤེས་པར་ཤོག། རྟག་ཏུ་ཚངས་པར་སྤྱོད་པར་ཤོག། སྙིང་རྗེ་ཚུལ་ཁྲིམས་རྒྱན་ལྡན་ཤོག། གཤེས་གཉེན་སྟོན་ལྡན་པ་ལ།། རྟག་ཏུ་བསྙེན་བཀུར་བྱེད་པར་ཤོག། སྤྱོད་པ་ཡིད་འོང་གྲོགས་བཟངས་དང་། རྟག་ཏུ་རབ་ཏུ་འགྲོགས་པར་ཤོག། རྟག་ཏུ ་ཉོན་མོངས་ཆུང་བར་ཤོག། ཀུན་ལོ་མི་ཕོངས་སྤྱོད་པར་ཤོག། ཀུན་ལ་མི་ཕོངས་སྤྱོད་པར་ཤོག། ཀུན་གྱིས་བཟང་པོར་མཐོང་བར་ཤོག། བུད་མེད་ཚོགས་ནི་ཡོང་མེད་ཅིང་། གོས་ཟས་སེམས་བསྐྱེད་འབྱུང་བ་བཞིན།། ནུབ་ཕྱོགས ་བདེ་བ་ཅན་ཞིང་དུ། རིན་ཆེན་པདྨ་ལུས་སྐྱེས་ཤོག། སྣ་ཚོགས་གཟུངས་ཀྱི་དཀྱིལ་འཁོར་གྱི།། གསོན་ལ་དྲུག་དང་གཤིན་ལ་གཉིས།། རྟེན་ལ་གཅིག་དང་གསོན་གཤིན་རྟེན།། གསུམ་གྱི་ལོམ་ལ་འབབ་པར་ཤོག། དོག ་ཅིང་གཙང་མ་གཟུངས་ཀྱི་ཆོས།། སྤྱོད་ལོམ་མཁས་པ་སློབ་དཔོན་དང་།། རྟག་ཏུ་མི་འབྲལ་འགྲོགས་པར་ཤོག། དབེན་པའི་ནགས་ཁྲོད་ཉམས་དགའ་རུ།། གཉེན་འདུན་འབྱོར་པ་ཀུན་བོར་ཏེ།། འཇིག་རྟེན་ཆོས་བརྒྱད་ཕྱིར ་སྤངས་ནས།། ཐར་པའི་ཡིད་བྱེད་མ་གོ་ཏོགས་པ།། རྣམ་རྟོགས་གཞན་ནི་མི་འབྱུང་བར།། ཡེ་ཤེས་གཟུངས་དོན་བསྒོམ་པར་ཤེག། སྣ་ཚོགས་གཟུངས་ཆོག་སྤྱོད་པར་ཤོག། མདྷོ་ནཽ་ཤེས་རྫུ་འཕྲུལ་མཐུ་ཐོབ་ཤོག། འཇུག་པ་བྱང་ཆུབ ་སེམས་ཀྱིས་ནི།། གཞན་དོནི་ཐོགས་མེད་བྱེད་པར་ཤོག། བགེགས་འཇོམས་སྣ་ཚིགས་གཟུངས་ཐོབ་ཤིག། བགེགས་འཇོམས་སྣ་ཚོགས་གཟུངས་ཐོབ་ནས།། འཇིགས་བྱེད་ཁྲོ་བོའི་སྐུར་སྤྲུལ་ཏེ།། འབྱུང་པོ་ཐམས་ཅད་འདུལ་བར་ཤོག ་ཚོགས་སྤེལ་སྣ་ཚོགས་གཟུངས་ཐོབ་ཤོག། ཚེགས་སྤེལ་སྣ་ཚོགས་གཟུངས་ཐོབ་ནས།། འཕགས་པའི་ས་ལ་གནས་ནས་ནི།། ཡེ་ཤེས་བསོད་ནམས་ཚོགས་ཐོབ་ཤོག། དེ་དག་སྤྱི་ཡི་ཆོ་གའོ།། བྱེ་བྲག་ཆོ་ག་བྱེད་གྱུར་ན།། རྒྱུད་ནི་རྣམ ་པ་གཉིསུ་གནས།། ཆོ་ག་མངོན་རྟོགས་ལ་རྒྱུད་དང་།། ཟིན་པ་ཙམ་དུ་སྟོན་རྒྱུད་དོ།། མངོན་རྟོག་གསལ་བ་འགའ་མི་སྣང་།། ཆོ་ག་གསལ་བའི་གཟུངས་བཞིན་དུ།། དེ་ནང་བཞིན་དུ་བས་པར་བྱ།། སྒྲུབ་པའི་ཐབས་བཞིན་མངོན་རྟོགས་བསྒོམ།། དེ་ཡི་སྙིང་པོ ་བཟླས་བྱས་ཏེ།། སྤྱི་ཡི་ཆོ་ག་འདི་ནང་ནས།། དགོས་པ་བཏུས་ཏེ་འདི་དང་སྦྱར།། བྱེ་བྲག་ཆོ་ག་ལྡན་པ་ཡིན།། ཟིན་པ་ཙམ་དུ་སྟོན་རྒྱུད་ཀྱི།། རྒྱུད་ཀྱི་ཟིན་ཚིག་ལ་བརྟེན་ནས།། ཚད་ལྡན་བསྟན་བཅོས་རྒྱས་པར་དགྲོལ།། དེ་བཀྲོལ་བཞིན་དུ་ཆོ་ག་བཤད།། ་སྣ་ཚོགས་པ་ཡི་གཟུངས་འདི་ལ།། ཤེས་རབ་བློ་ཡིས་མེ་ལོང་གིས།། རིན་ཆེན་ཕྱགས་པས་མཐོང་ནས་ནི།། སཉྩ་ཀླུས་ཟིན་དོན་དུ་ནི།། རང་ལྷ་ཡི་ནི་སྣང་བཞིན་དུ།། སྣ་ཚོགས་གཟུངས་ནས་བསྡུས་ནུས་བྱས།། འཇིག་རྟེན་པ་ཡི་གྲགས ་འདོད་ཅིང་།། ཟང་ཟིང་བསོད་ནམས་ཕྱིར་མ་ཡིན།། སྙིང་རྗེས་བརླན་སེམས་བསྟན་པ་ཡིན།། དེ་སྟན་དགེ་བ་ཅི་ཐོབ་ཅིང་།། ཀུན་གྱི་རྣམ་སྨིན་དག་པ་དང་།། 2གྲོ་བ་གནོད་ལས་རྒྱལ་གྱུར་ཅིག། བདག་གི་བསྟན་བཅོས་རྒྱུས་གྱུར་ཅིག། ཀུན་དོན་འད ་ཡིས་འགྲུབ་པར་ཤོག། སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་གྲགས་པས་མཛད་པ་གཟུངས་སྤྱིའི་ཆོ་ག་ཀུན་གནང་གསལ་བ་ཞེས་བྱ་བ་རྫོགས་སོ།། བལ་པོ་མ་ཧཱ་པ་ནའི་རང་འགྱུར། ཚིག་པར་བདུན་པའོ།། ་