CLOSE WINDOW

GT195: dpal lhan cig skyes pa'i bde ba'i mchog bdag byin gyis rlab pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛ་སཾ་བ་ར་ས་ཏིཥྛ་ནཱ་མ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་པའི་བའི་མཆོག། བདག་བྱིན་གྱིས་རླབ་པ་ཞེས་བྱ་བ། ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། རྣལ་འབྱོར་རྣམས་གསུམ་ཤེས་བྱ་སྟེ། ་བྱིན་གྱིས་བརླབས་དང་རབ་རྟགས་དང་།། རྗེ་གསེ་པ་གཟུགས་བརྙན་པ་སེམ་མེད་དོ།། ཤིན་ཏུ་བརྩོན་ལྡན་དཔའ་བོ་ངེས།། སྐད་ཅིག་གཅིག་གིས་སྦྱོར་བ་ཡིས།། བདེ་ཚོན་ལྷན་ཅིག་སྐྱེས་པའི་སྐུ།། མཁའ་ལྔར་དགའ་བའི་ངང ་ཉིད་ལས།། ཤིན་ཏུ་བླ་མའི་རྣལ་འབྱོར་བྱ།། ལ་ལ་ར་ས་དྷཱུ་ཏཱི་ཡང་།། ཐབས་དང་ཤེས་རབ་གཉིས་མེད་སྐུ།། ཨ་ཧཾ་བདེ་བའི་རྣམ་པ་ཅན།། ཚངས་པའི་འོཁོར་ལོ་རྫོགས་པར་བསྒོམ།། སྲོག་ནི་འཛིན་པར་བྱེད་པ་སྟེ།། རྟོགས་པ ་ཐམས་ཅད་ལེགས་པར་བསྡུ།། ཉི་མ་ཟླ་བའི་འཕེན་སྡུད་ཀྱང་།། སྦྱོར་བ་བཞི་དང་ཡང་དག་ལྡན།། རྔུབ་པ་དགང་ཞིང་བཏང་བ་ཡིན།། བག་ཆགས་བསྲེགས་པའི་མེ་དཔུང་གིས།། ཚངས་པའི་འཇིག་རྟེན་གཡོ་བར་བྱེད། ་འབར་འཛག་མཁས་པའི་བྱིན་བརླབ་དང་།། དྭངས་མ་ལྔ་ཡི་འོད་ཟེར་གྱིས།། འབྱུང་ཆེན་ལྔ་པོ་སྟོབས་སུ་འགྱུར།། རྟགས་བཅུ་ཡོན་ཏཱན་བརྒྱད་དང་ལྡན།། སྣ་ཚོགས་སྣང་ལ་རང་བཞིན་མེད།། བརྗོད་དུ་མེད་ཅིང་བསྡམ ་མི་ཁྱབ།། རྟོག་དུ་མེད་པ་ན་མཁའི་དབུས།། མ་ནིང་ཞེས་བྱར་བརྗོད་པ་སྟེ།། ཁ་ཅིག་ཟུང་འཇུག་ཞེས་བྱར་བརྗོད།། སྒྲིབ་པ་དང་བྲལ་ཆོས་སྐུ་འདིར།། མེ་ཆུ་ལེ་སོགས་འིབྱུང་རྣམས་དང་།། རྟེན་དང་བརྟེན་པའི་མཚན་ཉིད་ཀྱིས།། དཀྱིལ ་འཁོར་ཐམས་ཅད་འདི་ཉིད་དོ།། དཔལ་ལྡན་ཅིག་སྐྱེས་པའི་སྒྲུབ་ཐབས།། བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ།། སློབ་དཔོན་ཆེན་པོ་ཏེ་གྲོ་བས་མཛད་པ། རྗེ་མིརྟག་པ་ཆེན་པོས་བསྒྱུར་བ་རྫོགས་སོ།། ་