CLOSE WINDOW

GT1942: so sor 'brang ma'i sgrub thabs
Wyliee-texts produced with BDRC’s OCR application

གྲི་དང་། ལྕགས་ཀྱུ་དང་། རྩེ་གསུམ་དང་། རྡོ་རྗེ་ཞགས་པ་དང་། མདའ་གཞུ་དང་། རིན་པོ་ཆེའི་སྙེ་མ་དང་། རྒྱལ་མཚན་དང་། དུང་དང་། རྩེ་གསུམ་དང་། རལ་གྲི་དང་། རྡོ་རྗེ་དང་། དགྲ ་སྟ་དང་། རྒྱལ་མཚན་དང་། མངའ་གཞུ་དང་། ཞགས་པ་དང་། འཁོར་ལོ་དང་། རྩེ་གསུམ་དང་། དུང་དང་། མདའ་གཞུ་དང་། རྒྱལ་མཚན་དང་། རྡོ་རྗེ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་ཀྱུ་དང་། འཁོར ་དང་། རྩེ་གསུམ་དང་། དུང་དང་། རྡོ་རྗེ་ཞགས་པ་དང་། རིན་པོ་ཆེའི་ཟ་མ་ཏོག་གི་མཚན་མ་ཤིན་ཏུ་གསལ་བ་བྱིའོ།། དགེ་བ་དགོད་པས་མཚོན་ཆ་ཐ་མུསྭ་ཅང་རྩེ་མོ་ཕྱིར་བསྟན་པ་བྲིའོ།། ཇི་ལྟར་མཐོང་བ་བཞིན་དུ་བྲིས་པ ་ཡིན་ནོ།། སོ་སོར་འབྲང་བའི་བསྲུང་བའི་འཁོར་ལོ་བྷི་བའི་ཐབས། སློབ་དཔོན་རཏྣ་ཨཱ་ཀར་ཤཱུན་ཏྲིས་མཛད་པ་རྫོགས་སོ།། ། སོ་སོར་འབྲང་བ་ཆེན་མོ་ལ་ཕྱག་འཚལོ།། སྔར་བསྟན་པའི་ཚོ་གས ་སྟོང་པ་ཉིད་བསྒོམས་པའི་རྗེས་ལ། ཨ་ལས་སྐྱེད་པའི་ཟླ་བའི་དཀྱིལ་འཁོར་དུ་ཡི་གཾ་པྲཾ་སེར་པོ་འོད་ཟེར་སྣ་ཚོགས་ལས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་ཡོངསུ་གྱུར་པས་སྐད་ཅིག་གིས་བཅོམ་ལྡན་འདས་མ་ཆེན་མོ་སོ ་སོར་འབྲང་མར་བདག་ཉིད་བསྐྱེད་པར་བྱའོ།། མདོག་སེར་མོ་ཞལ་བཞི་པ་སྣུན་གསུམ་པ། ཕྱག་བརྒྱད་པ་སྟེ། ཞལ་དང་པོ་སེར་པོ་དང་། གཡས་པ་དཀར་བ། རྒྱབ་སྔོ་བ། གཡོན་དམར་པོ། གཡས་ཀྱི་ཕྱག་རྣམས་ཀྱིས ་རལ་གྲི་དང་། འཁོར་ལོ་དང་། རྩེ་གསུམ་དང་། མདའ་རྣམས་དང་། གཡོན་གྱི་ཕྱག་བསྣམས་ཀྱིས་གཞུ་དང་། ཞགས་པ་དང་། དགྲ་སྟ་དང་། རྡོ་རྗེ་རྣམས་འཛིན་པའོ།། སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་རྒྱུ ་གདན་ལེ་རོལ་པས་བཞུགས་པ། འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན། རྒྱན་ཐམས་ཅད་ཀྱིས་རྒྱུན་པ། གོས་སྣ་ཚོགས་ཀྱི་ན་ཟླའ་བསྣབས་པ། ཤིང་དཔུང་ཆད་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱུན་ནཱན། འདི་ལྟ ་བསམ་ལ། སྐུ་དང་གསུང་དང་ཐུགས་རྣམས་ཀྱིས་ཟླ་བའི་དཀྱིལ་འཁོར་ལ། ཨོཾ་ཨཱཿཧཱུཾ་དཀར་པོ་དང་དམར་པོ་དང་། སྔོན་པོའི་ཡི་གེ་གཱི་སུམ་བསམ་པར་བྱའོ།། དེ་ནས་ནུ་མའི་དབུས་སུ་ཟླ་བ་ལ་གནས་པའི་ཡི་གེ་ཧྲིཾ ་བསམས་ནས། སྣ་ཚོགས་པའི་ལྷ་མོ་རྣམས་ཀྱི་བདག་ཉིད་མཆོད་པར་བས་མྨེ། ཇི་སྲིད་དུ་ངལ་བར་མ་གྱུར་པ་དེ་སྲིད་དུ་སྤྲོ་བས་བསྒོམ་པར་བྱའོ།། ངལ་བར་གྱུར་ན་རང་གི་སྙིང་གའི་ཟླ་བ་ལ་སྔགས་མུ་ཏིག་གི་ཕྲེང་བའི་ཚུལ ་དུ་ཟླས་པར་བྱའོ།། ཨོཾ་མ་ཎི་དྷ་རི་བཛྲ་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ནི་སྔགས་སོ།། སོ་སོར་འབྲང་མོའི་སྦུབས་ཐབས་རྫོགས་སོ།། དེ་བཞིན་དུ་སྔར་བསྟན་པའི་ཆོ་གས་སྟོང་པ་ཉིད་ཀྱིས་རྗེས་ལ་སྣ་ཚོགས ་པདྨ་དང་ཟླ་བ་ལ། མ་ཡིག་ལྗང་གུ་ཡོངསུ་གྱུར་པ་ལས།། འཕགས་མ་རྨ་བྱ་ཆེན་མོ་མདོག་ལྗང་གུ། ཞལ་གསུམ་པ། ཕྱག་དྲུག་པ། ཞལ་སོ་སོ་ལ་སྤྱན་གསུམ་པ་སྟེ། ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་པོའོ།། ་