CLOSE WINDOW

GT1938: bcom ldan 'das ma gtsug tor rnam par rgyal ma la bstod pa
Wyliee-texts produced with BDRC’s OCR application

ནས་རབ་ན་ཆེན་གྱིས་བསྒྱུར་བླ།། ། རྩཝ་ཀཱར་སྭཱ་དུ། བྷཱགྷྲ་ཀཎྚི་ཨཱམྦྷ་ཤྀ་ཡྻཱ་བྷྱོ། བོད་ཧཱ། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ། ་ལ་བསྟོང་པ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། གཙོ་མོ་བཅོམ་ལྡན་འདས་མ་ནི།། པུནྡྷ་རི་ཀའི་མེ་ཏོག་ལྟར།། སྐྱོན་གྱིས་མ་གོས་སྐུ་མདོག་དཀར།། ཞལ་གསུམ་ཕྱག་བརྒྱད་སྤྱན་གསུམ་མ། ་དབུ་རྒྱུན་མགུལ་རྒྱུན་སྙན་ཆར་བཅས།། རིན་ཆེན་སྣ་ཚོགས་མཛེས་པས་བརྒྱན།། པདྨེ་ཟླ་བའི་གདན་ལ་བཞུགས།། དབུས་དཀར་གཡས་སེར་གཡོན་ཞལ་སྔོ།། ཁྲོ་མོའི་ཆ་ལུགས་མཆེ་བ་གཱ་ཙིགས།། ཕྱག ་གཡོས་སྣ་ཚོགས་རྡོ་རྗེ་དང་།། བང་སྟེང་རྒྱལ་བ་འོད་དཔག་མེད།། མངའ་དང་མཆོག་སྦྱིན་ཕྱག་རྒྱའོ།། གཡོན་པ་སྡིགས་མཛུབ་ཞུགས་པ་དང་།། གཞུ་དང་མི་འཇིགས་ཕྱག་རྒྱ་དང་།། བུམ་པ་དག་ནི་ལེགས་པར ་བསྣམས།། རྣམ་པར་སྣང་མཛད་དབུ་རྒྱན་ཅིང་།། འོད་ཟེར་དཀར་པོ་འཕྲོ་ཞིང་འདུ།། སྟོང་གཡོགས་ལྷ་ཡི་ན་བཟའ་ཅན།། བློ་དང་ཚེ་འཕེལ་མཛད་པ་མཱཾ། པུ་རིའི་ནང་ན་མཛེས་པར་བཞུགས།། བཅོམ་ལྡན་འདས ་མོ་ཉིད་ལ་བསྟོད།། གཡས་ན་རྗེ་བཙུན་སྤྱན་རས་གཟིགས།། སྐུ་མདོག་དཀར་པོ་སྐྱོན་མ་གོས།། གཡོན་ན་པད་བསྣམས་གཡས་པ་ན།། རྔ་ཡབ་འཛིན་ལ་བདག་ཕྱག་འཚལ།། གཡོན་གྱི་གསང་བའི་བདག ་པོ་ནི།། ཨུཏྤལ་མདོག་འདྲ་རྡོ་རྗེ་གྲཝཡོན།། གཡས་པ་རྔ་ཡབ་མཛེས་འཛིན་པ།། མཐུ་སྟོབས་ཅན་ལ་ཕྱག་འཚལོ།། ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི།། ཁྲོ་བོའི་རྒྱལ་པོ་བཞི་པོ་ནི།། མདུན་ན་ཁྲོ་རྒྱལ་མི་གཡོ་བ།། ་སྔོ་བསངས་གཡས་ན་རལ་གྲི་འཛིན།། གཡོན་ན་སྡིགས་འཛུབ་སྐྲ་བརྫེས་པ།། སྦྲུལ་རྒྱན་སྟག་གི་ཤ་མ་ཐབས་ཅན།། པདྨ་ཉི་མའི་གདན་ལ་བཞུགས།། མཱ་རུངས་འདུལ་ལ་ཕྱག་འཚལོ།། ཁྲོ་ཆེན་འདོད་པའི་རྒྱལ་པོ་ནི། ་སྔོ་བསངས་ལྕགས་ཀྱུ་འབར་བ་བསྣམས།། མ་རུངས་འདུས་པའི་རྒྱན་ཆ་ཅན།། ཐམས་ཅད་འགུགས་ལ་ཕྱག་འཚལ་ལོ།། ཁྲོ་ཆེན་དབྱུག་པ་སྔོན་པོ་ནི།། ཞལ་ཅིག་ཕྱག་གཉིས་གཡས་པ་ན།། དབྱུག་ཐོ་གཡོན་པ་སྡིག ་མཛུབ་མཛད།། སྔོ་བསངས་ཀུན་འདུལ་ཁྱོད་ལ་བསྟོད།། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ།། ཨུཏྤལ་མདོག་འདྲ་ཕྱག་གཉིས་པ།། གཡས་པ་རྡོ་རྗེ་སྡིགས་མཛུབ་གཡོན།། བདུད་འདུལ་དྲག་པོ་ཁྱོད་ལ་བསྟོད།། ཞལ་གཅིག ་ཕྱུག་གཉིས་སྐུ་མདོག་སྔོ།། ཀུན་ཀྱང་སྟག་དང་སྦྲུལ་གྱིས་བརྒྱན།། པདྨ་ཉི་མའི་གདན་ལ་བཞུགས།། བར་ཆད་ཞི་མཛད་ཁྱེད་ལ་བསྟོད།། སྟེང་གི་ཕྱོགས་ན་མཛེས་པ་ཡི།། གྲྀ་ནས་གཙང་ལྷ་ཡི་བ་གཉིས་པོ།། ལྷ་ཡི ་བུ་ནི་གཉིས་པོ་ཡང་།། ལྷ་ཡི་རྒྱན་དང་ན་བཟས་མཛེས།། ཕྱག་ན་བདུད་རྩིའི་བུམ་པ་བསྣམས།། བདུད་རྩིའི་ཆར་འབེབས་ཀུན་ལ་སྙོམས།། དག་པའི་སྐུ་ལ་ཕྱག་འཚལོ།། གང་ཞིག་ནང་པར་སྔར་ལངས་ཏེ།། བསྟོད་པ ་འདི་ཡིས་དུས་ཀུན་ཏུ།། འཁོར་དང་བཅས་ལ་བསྟོད་གྱུར་ན།། བློ་དང་ཚེ་རྣམས་འཕེལ་བ་དང་།། དཔལ་དང་འབྱོར་པའི་དངོས་གྲུབ་སྟེར།། མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར།། གུས་པའི ་སེམས་ཀྱིས་སྔར་ལངས་ནས།། རྩེ་གཅིག་སེམས་ཀྱིས་པསྟོང་པར་བྱ།། གཙུག་ཏོར་རྣམ་པར་རྒྱལ་མའི་བསྟོད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་ཨུཥྞཱི ་