CLOSE WINDOW

GT1935: 'phags pa gdugs dkar mo can gyi tsha tsha'i cho ga zhes bya ba
Wyliee-texts produced with BDRC’s OCR application

པ་ཤེས་རབ་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨཱརྱཱ་ཛི་ཏ་དྷ་ར་སཏྭ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་གདུགས་དཀར་མོ་ཅན་གྱི་ཚ་ཚའི་ཆོ་ག་ཞེས་བྱ་བ།། འཕགས་མ་གདུ ་དཀར་མོ་ཅན་ལ་ཕྱག་འཚལ་ལོ།། དང་པོའི་ལྔས་ཅན་རྣལ་འབྱོར་པས།། ལུས་ངག་སྒྲིབ་པ་སྦྱང་བ་དང་།། ཁྱད་པར་བསྒྲུབ་པའི་ལས་བརྩོན་པས།། ཚྭ་ཚ་བྱ་བའི་རིམ་པ་བསྟན།། དང་པོ་ཡིད་དང་རྗེསུ་མཐུན་པའི་ས་ཕྱོགས། ་སུ་ཐང་བུ་བལྟ་བོར་བྱ་སྟེ། དེ་རུ་སྤོས་དང་བདུད་རྩི་འཁྱིལ་བྱའི་སྔགས་སམ། ཐམས་ཅད་འཇོམས་པའི་སྔགས་ཟློས་ཤིང་གཏོར་བས་མི་གཙང་བའི་ཚོ་གོས་ཐམས་ཅད་བྱང་སྟེ་རིན་པོ་ཆེའི་ས་གཞིར་བགེགས་ཡོད ་པོ་ཀུན་རང་རང་གི་གནས་སུ་དངས་པར་བྱ་སྟེ་བཀའ་བསྒོ་བ་ཡེང་བྱའོ།། དེ་ནས་དྲི་བཟང་པོ་ལ་སོགས་པའི་ཆུས་སྐྱང་ནུལ་བྱས།། མེ་ཏོག་སོ་མ་དཔག་ཏུ་མེད་པ་བཀྲམ་ལ།། མཆོད་པ་ལ་སོགས་པའི་ཡོ་བྱད་ཀུན ་ཚོགས་པར་བྱ་སྟེ། གནས་ཁངྒ་དང་མཆོད་པ་ལ་སོགས་པའི་བྱ་བའོ།། དེ་ནས་བླ་མས་ཁྲུས་དང་གཙང་སྦྲང་བྱ་སྟེ། སྔོན་དུ་འགྲོ་བའི་ཆོ་ག་རྫོགས་པས་འཕགས་མ་གདུགས་དཀར་ཅན་དུ་བསམས་ཏེ། ཚ་ཚའི ་ས་བརྐོ་བ་དེར་བརྟག་པ་དང་། ཨོཾ་ཨཱཿཧཱུཾ་ཞེས་པ་འམ། བཀྲ་ཤིས་པའི་ཕྱག་རྒྱའི་ལྷ་མོས་གྲང་བར་བྱིན་གྱིས་བརླབ་ཐམས་ཅད་འཇོམས་པའི་སྔགས་ཀྱིས་བགེགས་བསྐྲད་པ་དང་། ལྷ་མོ་དང་ལེགས་ལྡན་ལ་གཏོར ་མ་བྱིན་ལ་གསོལ་བ་གདབ་པ་དང་། ས་བདག་ལ་གཏོར་མ་བྱིན་ལ་བཀའི་སྒོ་བོ་སྟེ།། དེ་ནས་ཇི་ཙམ་པོརྐོ་བའི་ས་དེ་ལ་སེར་ལྡེང་ལ་སོགས་པའི་ཕུར་བུས་ཕྱོགས་བཞིར་བཏབ་སྟེ། དེ་ཡང་བསྟོད་ལེགས་ལྡན་ནམ། ་ལྷ་མོ་བདུད་རྩི་འཁྱིལ་བ་ལ་སྨད་ཕུར་བར་འདུག་པར་བསྐྱེད།། བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་དུཥྚེན་ཧཱུཾ་ཕཊ། ཅེས་ལན་གསུམ་བཟླས་ལ་གདབ་བོ།། དེ་ནས་བུ་མོ་གཙང་མས་བཀལ ་བའི་ཚོན་སྐུད་རྣམ་པ་ལྔ་རིགས་ལྔའི་རྣམ་པ་འམ། རིན་ཚོན་ལྔའི་རང་བཞིན་དུ་བསམས་ལ། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་སྟེ།། ཕུར་པའི་ཐ་མ་ཚོན་སྐྱེད་ཀྱིས་བསྐོར་ལ་རང་གི་རྐང་པ་གར་བཞག་པར་རྡོ་རྗེར ་ལམ་ལམ་སོང་བར་བསམ་མོ།། ཡང་ན་སྔགས་དེ་ཐམས་ཅད་རྩ་བའི་སྔགས་ཀྱིས་བྱའོ།། དེ་ནས་ཐམས་ཅད་འཇོམས་པའི་སྔགས་ཟློས་ཤིང་ཡུངས་ཀར་གྱིས་གཏོར་རོ།། དེ་ནས་ས་གཞི་དེ་རིན་པོ་ཆེར་གྱུར་པར ་བསམས་ལ་རང་ཇི་ཙམ་འདོད་པ་བརྐོས་ཏེ། དེའི་སྔགས་ཀྱང་ཨོཾ་བཛྲ་ཁ་ནཱ་ཁ་ན་ཡ་ཧཱུཾ་ཕཊ་ཅེས་བྱའོ།། དེ་ནས་ཕུར་བུ་དང་ཚོན་སྐད་བསྡུས་འོ་མས་བསྐུར་ཏེ་བཞགྲོ། ས་བླང་བའི་ཆོ་གའོ།། དེ ་ནས་བླངས་པ་རྣམས་སྟེགས་བུ་ལ་སོགས་པར་བཞག་ལས་བརྡུང་བའི་ལས་བྱ་སྟེ། སྔགས་ཀྱང་ཨོཾ་བཛྲ་མུད་གཾ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུ~ཾ་ཕཊ་ཅེས་བརྗོད་ཅིང་རྡོ་རྗེའི་ཐོ་བས་བརྡུང་ངོ་།། དེ་ནས་སྤོས་ཆུ་ལ་སོགས་པའི ་ཆུ་ལ་ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བཟླས་ལ།། སྤོས་ཆུ་དམིགས་པ་ལས་ཨ་དཀར་པོར་བསམ།། དེ་ལས་ཟླ་བའི་དཀྱིལ་འཁོར་དེའི་བོད་ཀྱི་སྤོས་ཆུ་ཐམས་ཅད་ཁྱབ་སྟེ། བདུད་རྩིར་གྱུར་བཱི་ར་བསམས་ཏེ་སྨྲའོ།། དེའི་སྔགས ་ཨོཾ་བཛྲ་པྲ་མརྡ་ཡ་པྲ་མཱུརྡྷ་ཡཱ་ཧཱུཾ་ཕཊ་ཅེས་བྱས་ལ་སྠཱའོ།། དེ་ནས་འཇིམ་པ་དེ་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱས་བཅུས་ལ་སྔགས་འདི་བརྗོད་དེ།། ཨོཾ་སུཀྵྨེ་སུརྦྦེ་ནུ་གཱ་ཏེ། ཤཱནྟེ་དན་ཏྭེ། ནི་ར་ཀུ་ལི། ནི་ར་བ་ར་ཎེ། སརྦ་བྷུ་ཏ་བྷ་ཡ་ནུ། ་ག་ཏེ། ཡ་བ་དེ་ཡ་ཤོ་ཛི་ནི། དྷརྨ་དྷཱ་ཏུ་གརྦྷེ། དྷརྨི་རཱ་ཛ་ཡ་བ་ཤི་ཧེ། སརྦ་བུདྡྷ་ཡ། ཨ་དྷིཥྛཱ་ནཱ་ཡ། ཨོཾ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་བརྗོད་པས་རང་ཐུགས་ལ་འོས་ཡི་ཤེས་འོད་ཟེར་འཕྲོས་པས་ཁམས་གསུམ་སེམས་ཅན། འཕཊ ་མ་གདུགས་དཀར་ཅན་དུ་བྱས།། ཚུར་ལ་རིག་སྔགས་ལ་སོགས་སངས་རྒྱས་མཆོད་པས་འཇིམ་པ་ལ་ཐིམ། ཞུ་ནས་ཁྱབ་པས་རིན་པོ་ཆེ་རྣམ་པ་ལྔའི་རང་བཞིན་དུ་གྱུར་པར་བསམ་སྟེ། སྟེགས་བུ་ལ་བཞག་གོ།། དེ་ནི་འཇིམ ་པའི་བྱ་བའོ།། དེ་ནས་འབི་འབི་བྱ་སྟེ། དེ་ཡང་ཨོཾ་བཛྲ་བཛྲོདྭ་བྷ་བཱ་ཡ་སྭཱཧཱ། ཞེས་ཟློས་ཤིང་བྱའོ།། དེ་ནས་རང་གི་ཐུགས་ཀ་ལས་འོད་ཟེར་སེམས་ཅན་གྱི་སྨིག་གསུམ་སྦྱངས།། འཕགས་མ་གདུགས་དཀར་ཅན་དུ་བྱས། ་འཕགས་པ་མཆོད། འདུས་པས་འབི་འབྱི་ལ་ཐིམ་པས་ཡེ་ཤེས་ལྔའི་རང་བཞིན་གྱི་ཤེལ་སྡོང་དག་པའི་རྣམ་པའི་གཞལ་ཡས་ཁང་དུ་བསམས་ཏེ། དེའི་ནང་དུ་ཡང་གདན་པདྨ་དང་སེང་གེ་ལས་འཕགས་མ ་གདུགས་དཀར་ཅན་དང་ཕྱག་རྒྱའི་ལྷ་མོ་ལ་སོགས་པ་བསྐྱེད།། འདི་ཆོ་ག་གསུམ་གྱིས་བསྐྱེད། དེ་ནས་ཨོཾ་ལས་ཡེ་ཤེས་ཀྱི་འོད་ཕྱུང་ལ་གཞལྔ་ཡས་ཁང་དུ་བྱས་ཏེ། གདན་ནས་ལྷ་རྫོགས་པའི་བར་གྱི་དཀྱིལ ་འཁོར་བསྐྱེད།། ཡེ་ཤེས་པ་གཞུག། ཛཿཧཱུཾ་བཾ་ཧོཿཞེས་པས་སོ།། དེ་ནས་རང་གིས་ཀྱང་སྦྱང་བ་ལ་སོགས་པ་བྱའོ།། དེ་ནས་འབི་འབི་རྣམས་སུ་ཨོཾ་ཨ་ན་ལེ་དང་ཕྱག་རྒྱའི་སྔགས་སམ་ས་བོན་རྣམས་ཀྱང་གཞུག། ་གཞན་སྲོག་ཤིང་བརྟེན་པའི་གཟུངས་ལ་སོགས་པ་ཅི་རིགས་པར་གཞུག། རྟེན་འབྲེལ་དང་དྲི་མ་མེད་པ་ལོ་སོགས་པ་ཡང་བཞུགོ། དེ་ལ་མཆོད་པ་དང་བསྟོད་པ་ལ་སོགས་པ་ཡང་རྒྱས་པར་བྱའོ།། དེ་ནས་ཨོཾ ་དྷརྨྨ་དྷཱ་ཏུ་གརྦྷེ་ཛྭ་ལ་སྭཱ་ཧཱ། ཞེས་བརྗོད་ལ། དེ་ལས་ལྷ་མོ་རྣམས་བསྐུལ་ནས་སླར་ཡང་བཞུགས་ཏེ་སངས་རྒྱས་དཔག་ཏུ་མེད་པ་རྡུལ་དང་མཉམ་པས་བདག་དང་སེམས་ཅན་སྦྱངས་ཏེ་བཞུག་པར་བྱའོ།། དེ་ནས ་མར་བྱུག་པ་ནི་ཨོཾ་ཨ་རུ་ཛེ་བི་ར་ཛེ་སྭཱཧཱ། ཞེས་བརྗོད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་བསྒོས་པར་བྱསམ་མོ།། དེ་ནི་འབི་འབི་བྱ་བའོ།། ཐབས་དང་ཤེས་རབ་འབྲེལ་པ་ལས་ཆོས་ཀྱི་དབྱིངས་རྣམ ་པར་དག་པར་བཞུགས་པར་བསམས་ཏེ་སྐོར་ཕོར་དུ་བཅུག་ལ།། ཨོཾ་བཛྲ་དྷརྨ་དྷྲྀ་ཏུ་གརྦྷེ་སྭཱ་ཧཱ། ཞེས་བྱའོ།། དེ་ནས་སྐོར་ཕོར་ཤེས་རབ་ལག་པོ་ཐབས་སུ་བསམས་ཏེ། བརྡུང་པ་ནི་དེ་ནི་གཉིས་སུ་མེད་པར་བསྲུབ ་པར་བསམ་སྟེ། ཨོཾ་བཛྲ་མུད་ག་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཞེས་པ་འམ། རྟེན་འབྲེལ་ལམ།། སྙིང་ལཾ་སོགས་ཟློས་ཤིང་གདབ་བོ།། དེ་ནས་ཆོས་ཀྱི་སྐུ་ལས་སྦྲུལ་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་ཆོས་ཀྱི་དབྱིངས་ལས། ་འབྱུང་བར་བསམ་སྟེ། ཨོཾ་བཛྲ་དྷརྨྨ་དྷ་རེ་སྟཱ་རེ་སྭཱ་ཧཱ། ཞེས་བརྗོད་ལ་འབྱུང་ངོ་།། དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་མ་ཧཱ་སུ་ཁ་བཛྲ་སུ་ར་ཏ་ས་མ་ཡཾ་སྟྭཾ། དྭེ་ལས་གཟུགས་སྐུ་གཉིས་བྱུང་བས་འགྲོ་བ་ཐམས་ཅད་ཀྱི་དོན་བསམ ་གྱིས་མྱི་ཁྱབ་པ་བྱེད་པར་བསམ་མི།། དེ་ནས་གཟུགས་སྐུས་ཇི་ལྟར་རིགས་པ་སྟེ། ལོང་སྐུས་དག་པའི་སེམས་ཅན་གྷོ་དོན་བྱེད་པར་བསམས་ཏྱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་བྷོ་ཀ་ས་མཾ་ཡཱ་སྟྭཾ་ཞེས་བྱའོ།། སྦྲུལ་སྐུ་མ་དག་པ ་དང་པོའི་ལས་ཅན་ལ་སོགས་པའི་དོན་བྱེད་པར་བསམས་ལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ནིར་མ་ཎ་ཀཱ་ལ་ས་མ་ཡ་སྟྭཾ་ཞེས་བྱའོ།། དེ་ནས་ཚ་ཚ་གདབ་པའོ།། དེ་ནས་སྐུ་གསུམ་གྱི་ངོ་བོ་དང་རང་དོན་ནི་གཞུང་མངས་ཀྱིས་དོགས་པས ་མ་བྲིསོ།། དེ་ལ་ཡེ་ཤེས་བསྟིམ་པ་དང་མཆོད་པ་ལ་སོགས་པ་ཡང་བྱའོ།། དེ་ནས་ཨོཾ་བཛྲ་ཕྲུ་ཤཱི་སྭཱ་ཧཱ།། ཞེས་པས་སྲོག་ཤིང་གཟུགས་པར་བྱའོ།། དེ་ནས་སེམས་ཅན་ཤེས་བཅུ་ལྡན་གྱུར་ཅིག། བསྟན་པ་ཡུན་རིངས་པནག། ་པར་ཤོག། སེམས་ཅན་ལྷག་བསམ་དག་པ་ཡི།། ཀུན་བཟང་སྨོན་ལམ་འཇུག་པར་ཤིག་ཅེས་བྱའོ།། དེ་ནས་ཨོཾ་པྲ་མརྡ་ན་ཡེ་སྭཱ་ཧཱ། འཁོར་ལོ་གསུམ་བསྐོར་ལ། ཁམས་གསུམ་སེམས་ཅན་མ་ལུས་པ།། སྟོབས། ་དང་མ་འདྲེས་ཆོས་དང་ནི།། དྲན་པ་ཉེ་ར་བཞག་རྣམ་ཐར་བརྒྱད།། ཡེ་ཤེས་བཞི་སོགས་ལྡན་གྱུར་ཤོག་ཅེས་བྱའོ།། ཨོཾ་པ་དེ་ཀ་ལཾ་པ་སྭཱ་ཧཱ། ཞེས་བརྗོད་ལ་དར་གྱི་ཅོད་པ་ན་ཕུལ་ལ། སེམས་ཅནྡ་རྣམས་ནི་མཾ ་ལུས་པས།། བདེ་བར་གཤེགས་པའི་སྐུ་གཟུགས་ལ།། ད་དང་ལྷབ་ལྷུབ་ལ་སོགས་པ།། བྱང་ཆུབ་བར་དུ་མཆོད་པར་ཤོག། ཅེས་བྱའོ།། དེ་ནས་ཨོཾ་པེ་ཀ་སྭཱ་ཧཱ། ཞེས་བྱ་སྟེ། བ་དན་ཕུལ་ལ། སེམས་ཅན ་རྣམས་ནི་མ་ལུས་ལས།། ཕྱོགས་བཅུར་བསྟན་པའི་བ་དན་གྱིས།། འཚེ་བ་མེད་ཅིང་ཆོས་ལྡན་བས།། གྲགས་པས་རྒྱས་པར་འགེངས་པོར་ཤོག་ཅེས་བྱ་སྟེ། དེ་ནས་ཨོཾ་ཀུམྦྷི་ར་དྷཱ་ཛ་སཱུ་ཧཱ། ཞེས་བྱའོ།། ཆུ་སྲིན་གྱི ་རྒྱལ་མཚན་ཕུལ་ལ། འཁོར་བ་མ་སྟོངས་བར་དུ་ནི།། བདུད་བཞི་དག་ལས་ལེགས་རྒྱལ་ནས།། སྟོན་པའི་བསྟན་པ་ཟབ་མོ་དག། མི་ཐུབ་རྒྱལ་མཚན་ཐོབ་པར་ཤོག། ཅེས་བྱའོ།། དེ་ནས་ཨོཾ་བྲྀ་མ་ན་ཡོ་སྭཱ་ཧཱ། ་ཞེས་པས་གདུགས་ཕུལ་ལ།། ཁམས་གསུམ་སེམས་ཅན་མ་ལུས་པ།། ཉོན་མོངས་ཚད་པས་གདུངས་པ་ལ།། ཐུགས་རྗེ་བྱང་ཆུབ་སེམས་ཀྱི་གདུག།། ཕུབ་པས་བདེ་བས་ཚིམ་གྱུར་ཤོག། ཅེས ་བྱའོ།། དཾ་ནས་ཨོཾ་རཏྣ་མ་ལེ་ཏྲཾ་ཞེས་པས་མེ་ཏོག་ཕུལ་ལ། ཡ་ན་ན་མཱཿཤྲཱི་ཡ་དྷ་ནུ་ག་ཏཱ་པྲ་ཏཱིཥྛ་ཏ་པུཥྤ་ཀོ་ཏ་ནོ་ཏ་ཐཱ་ག་ཏཱ་ཡ་ཨ་ར་ཧ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤ་སྭཱ་ཧཱ། ཞེས་བྱ་སྟེ། འཁོར་བའི་སེམས་ཅན ་མ་ལུས་ཀུན།། མཚན་དང་དཔེ་བྱད་རྫོགས་ཐོབ་ནས།། བལྟ་བས་མི་ངོམས་གཟུགས་ཀྱིས་ནི།། སོམས་ཅན་དོན་རྣམས་རྫོགས་བྱེད་ཤོ་ག། ཅེས་བྱའོ།། དེ་ནས་ཨོཾ་སུ་ན་དྷ་རེ་ཛ་ཡེ་སྭཱ་ཧཱ། ཞེས་བྱས་ཏེ་ག་དན་ཕུལ་ལ།། ་སེམས་ཙནྡ་མ་ལུས་སངས་རྒྱས་ཏེ།། སྟོབས་བཅུ་ལྡན་པ་གླང་པོའི་གདན།། མི་འཇིགས་སེང་གེའི་གྲདན་དང་ལྡན།། རྫུ་འཕྲུལ་རྐང་པ་རྟ་ཡི་གདན།། དབང་བཅུ་ཐོབ་པ་རྨ་བྱའི་གདན།། ཐོགས་མྱེ་ད་ཤུགས་ལྡན ་མཁའ་ལྡིང་གདན།། འདོད་གུ་འབྱུང་བ་རིན་ཆེན་གདྲེན།། སྐྱོན་གྱིས་མ་གོས་པདྨའི་གདན།། རང་བཞིན་འོད་གིས་ལ་ཉི་ཟླའི་གདན། གདན་རྣམས་མྱུར་དུ་ཐོབ་པར་ཤོ་གཽ། ཅེས་བྱའོ།། དེ་ནས་ཨོཾ་དྷ་ར་དྷ་ར་མི་ལི་ཛ་ལེ ་སྭཱ་ཧཱ། ཞེས་གཞལ་ཡས་ཁོང་དུ་གཤེགས་སུ་གསོལ།། ཇི་ལྟར་ཆོས་དབྱིངས་དག་པ་ཡི།། གནས་སུ་བསམ་ཤེས་བཞུད་པ་ལྟར།། བདག་སོགས་སེམས་ཅན་ཐམས་ཅད་ཀྱང་།། དག་པའི་གནས་སུ ་གཤེགས་གྱུར་ཅིག། དེ་ནས་ཨོཾ་སུ་པྲ་ཏིཥྛ་བཛྲཱི་སྭཱདྷཱ། ཞེས་བཞུགས་གསོལ་ཏེ། རིན་ཆེན་གཞལ་ཡས་ཆོས་དབྱིངས་སུ།། སེམས་ཅན་དོན་དུ་བརྩེར་དགོངས་ལ།། ཇི་སྲིད་སེམས་ཅན་བྱང་ཆུབ་པར།། དེ་སྲིད་དུ་ནི་བཞུགས་པར ་མཛོད། ཅེས་བྱའོ།། དེ་ནས་ཨོཾ་བཛྲ་དྷ་རཱ་ཎུ་ཤ་རཱི་མེ་ཏིཥྛ་ཧཱུཾ་ཨ་གྣི་ཧྲཱིཉྩ་མཱ་ཞེས་བརྗོད་ལ།། དབང་བསྐུར་ཏེ་རིགས་ཀྱི་བདག་པོས་དབུ་བརྒྱན་པར་བྱའོ།། དེ་ནི་བརྟན་པར་བྱ་བའི་ཆོ་ག་ཡིན།། དེས་ནི་ཕུམ་སུམ་ཚོགས་པའི་ཆོ་གའོ།། ་དེ་ནས་སློབ་དཔོན་བྱང་ཆུབ་སེམས། ལྡན་པས་ཚིགས་བཙུ་བརྗོད་བྱ་སྟེ།། བླ་མེད་སངས་རྒྱས་བདག་ལ་དགོངས།། སེམས་ཅན་ཐམས་ཅད་དབུགས་དབྱུང་ཞིང་།། བདུད་དང་ཕྱིར་རྒོལ་ལོག་འདྲེན་ཚོགས།། ཐམས་ཅད་ཕམ་བྱས ་བདེ་ལ་དགོད།། སེམས་ཙུན་ཉིང་མཚམས་སྦྱོར་བ་ཡིས།། ཉོན་མོངས་མོ་ལུས་སྨྱུང་བར་བྱ།། ང་རྒྱལ་རི་ནི་གཞོམ་བྱ་ཞིང་།། སྐྱེ་བའི་སྔོན་ཤིང་གཅད་པར་བྱ།། འཆི་བདག་སྲིན་པོ་བརླག་བྱ་སྟེ། མ་རིག་པ་ཡི་མུན་པ་བསལ།། ལྷ ་ལོག་ཡང་དག་ལྷ་ལ་དགོད།། ལས་ཀྱི་ཆུ་ཀློང་བསྐམ་པར་བྱ།། སྲིད་པའི་རྒྱ་མཚོ་ཡང་བསྐམས་ཏེ།། ཆོས་སྒྲོ་ན་སྤར་ཞིང་བྱང་ཆུབ་ལམ།། བརྟན་པར་བྱས་ཏེ་བཟོད་དེ་བྱོས།། འདོད་ཆགས་མེ་དང་ཞེ་སྡང་མཚོན།། ཕྲག་དོག་ཚུབ་སྟེ།། ་སེར་སྣ་བདུད།། འཇིག་ཚོགས་བདག་གིས་གཞོམ་པར་བགྱི།། སེམས་ཅན་བདེ་བ་བླ་མེད་ཀྱི།། བྱང་ཆུབ་ལམ་ལ་རབ་དགོད་ཕྱིར།། བདག་གིས་སྡིག་བྲལ་མཐུན་པ་ཡིས།། དངོས་གྲུབ་སྣ་ཚོགས་བདེག་ལ་སྩོལ།། དེ་ནས་དཀྱིས ་འཁོར་དུ་བྱས་པ་འམ།། ཡང་ན་མཆོད་རྟེན་བུམ་པར་གདུགས་དཀར་ཅན་དམིགས་པ་དེ་ལས་འོད་ཟེར་འཕྲོས་པས་ཕྱག་ལ་སོགས་པའི་ལྷ་མོས་འཇིག་རྟེན་ཁམས་ཁེངས་པར་བྱ་སྟེ། དེ་དག་གི་སྒྲིབ ་པ་གསུམ་མ་ལུས་པར་དག་པར་བྱ་སྟེ་ཐམས་ཅད་ལྷ་མོའི་རང་བཞིན་དུ་བྱས་ལ། སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་དག་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡཱ་བཱཀྩིཏྟ་མ་ཧཱ་ས་མ་ཡ་སྟྭཾ་ཞེས་བསྟན་པར་པའོ།། དུང་ཕོ་ར་དུ་དྲི་ཆབ་ལ ་སོགས་བླུགས་ཏེ། ལག་པས་བཟུང་ལ་ཨ་ལས་ཟླ་བའི་རྣམ་པ་ལས་འོད་ཟེར་གྱིས་ཡོན་ཆབ་བདུད་རྩི་བསམས་ལ།། གཙོ་མོ་ནས་འཁོར་ལ་སོགས་པའི་སྙིང་པོ་བཟླས་ཏེ་དབུལ་ལོ།། དེའི་སྔགས། ཨོཾ་ཨ་མྲྀ་ཏ་ཨརྒྷ་པྲ་ཏཱིཙྪ ་སྭཱ་ཧཱ། ཞེས་ལན་གསུམ་དུ་སྤྱི་བོར་བཞག་ལ་དགང་། དེར་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་དབང་བསྐུར་བར་བསམ་མོ།། དེ་ནས་མཆོད་པ་ལྔ་ཡང་རང་རང་གི་སྔགས་ཀྱིས་དབུལ།། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་ཀྱང་མཆོད་དོ།། འདིར ་གཞུང་མངས་ཀྱིས་དོགོས་བིསོ+ོ་མ་བྲིས་སོ།། མཆོད་པ་བསང་བ་དང་སྦྱར་བ་ནཱི།། ཨོཾ་སརྦྦ་པཱུ་ཛ་པུཥྤེ་སྭཱ་ཧཱུཾ། ཞེས་པས་སྦྱང་ངོ་།། དེ་ནས་རྡོ་རྗེ་དྲིལ་བུ་དང་ལྡན་པས་བསྟོད་པ་བྱ་སྟེ། དེ་ཡང་དང་པོ་སྤྱིར་ཡང་བསྟོད་པ་ན། འགྲོ་བ་རྒྱང ་ལྔའི་འཁོར་ལོའི་དཀྱིལ་འཁོར་དུ།། སྡུག་བསྔལ་འཁྲུལ་འཁོར་གཟིར་བའི་འགྲོ་གཟིགས་ནས།། ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ།། ཐུགས་རྗེའི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ།། སེན ་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར།། སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང་།། ཆགས་པས་མི་གོས་པདྨ་ལྟར་དག་པ།། འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད།། སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ ་ལ།། ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་བཞག་ནུས།། ཞི་བ་རིན་ཆེན་མཆོག་གླིང་སྐྱེལ་མཛད་པ།། ཀུན་གྱི་དེད་དཔོན་ལྷ་མོ་ཁྱོད་ལ་འདུད།། སེམས་ཅན་བཀྲེན་པ་དྨོ་གྱིཿ་ཕོངས་གྱུར་པས།། མ་རིག་ཐིབས་པོའི་ནང་དུ་སོང་བ་རྣམས། ་འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ།། ཡེ་ཤེས་སྒྲོན་མའི་ལྷ་མོ་ཁྱོད་ལ་བསྟོད།། སེམས་ཅན་ལས་ཀྱི་ཆུ་བོས་འབད་པ་རྣམས།། དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་པ།། འཕགས་ལམ་ཡན་ལག་བརྒྱད་ལ ་འགོད་མཛད་པ།། གསུང་གི་མངའ་བདག་ལྷ་མོ་ཁྱོད་ལ་བསྟོད།། ཅེས་པ་དང་། ཡང་སློབ་དཔོན་ཙཱནྡྲ་གོ་མེས་བསྟོད་པའི་སྲིད་གསུམ་སྟོན་པ་ལྷ་དང་མི་ཡི་སྟྭཾ་མཆོད་འོས་ལ་སོགས་པས་ཀྱང་བསྟོད་པ་བྱ།། དེ་ནས་ཡོན་བདག་འཁོར ་དང་བཅས་པ་ལ་བསམས་སྨོན་ལམ་རྒྱ་ཆེན་པོ་གོང་བ་སྟེ། བདུག་སོགས་སེམས་ཅན་སྐལ་ལྡན་འདི་རྣམས་ཀྱིས།། ཆོས་ཀྱི་སྐུའི་གཟུགས་བརྙན་བཞེངས་བླ་ནི།། དགེ་ཚེགས་མ་ལུས་ཅི་ཡོད་མདུན་བྱས་ཏེ།། རྫོགས་པའི་སངས་རྒྱས ་ལྷ་མོ་ཐོབ་པར་ཤོ་ག། འཁོར་ལོ་སྒྱུར་རྒྱལ་མཆོག་གི་ལུས་ཐོབ་ཤོག། ཕུན་སུམ་ཚོགས་པའི་ཞིང་དུ་སྐྱེ་བར་ཤོག། ཚེ་འདི་ནད་དང་གནོད་པ་དང་།། འབྱུང་པོ་འཁྲུག་དང་གདོན་ཀུན་ཞི་འགྱུར་ཤིག། ཅེས་བྱའོ།། ཤར་ཕྱོགས་སུ།། ་གཟུངས་ཚར་གཅིག་གམ།། གཉིས་སམ་གསུམ་ལ་སོགས་པ་ཉེར་བཤད་ལྟར་ཀླག། རྒྱས་པར་བྱེད་ན། དཀྱིལ་འཁོར་བཞེངས་པའི་བྱང་དུ་སློབ་མ་འདུག་ལ། བཀྲ་ཤིས་ཀྱི་དབང་ལ་སོགས་པ་བསྐུར་བར ་བྱའོ།། དེ་ནས་བསྡུ་གཤེགས་གཏོར་མ་བཏང་བ་ཀུན་བྱ། ཁྱད་པར་དུ་ལེགས་ལྡན་གྱིས་མཆོད་པ་བྱའོ།། དེ་ནས་དགེ་འདུན་གྱི་མཆོད་སྟོན་ལ་སོགས་པ་ཀུན་བྱའོ།། ཆེ་ཚའི་ཆོ་ག་འདི་བྱས་པས་ཁམས་གསུམ་མ་ལུས་སེམས ་ཙན་ཀུན།། ལྷ་མོ་ཉིད་དང་སྐལ་མཉམ་ནས།། གདུལ་བྱའི་དོན་ལ་མྱུར་བརྩོན་ཤློག། ཚ་ཚའི་བྱ་བ་སློབ་དཔོན་པདྨའི་ལྕགས་ཀྱིས་མཛད་པ་རྫོགས་སོ།། ། ཟངས་དཀར་ལོ་ཙ་བས་ཐོ་ལིང་གི་གཙུག ་དུ་བསྦྱོར་བའོ།། ། ནྱ་གོར་སྐད་དུ། པྲ་ཏིཥྛ་བི་དྷི་ནཱ་མ། ཚོ་འདས་པའི་ཆོ་ག་ཞེས་བྱ་བ། འཕགས་པ་གཙུག་ཏོར་ནས་བྱུང་བའི་གདུན་དཀུ་མོ་ཅན་ལ་ཕྱག་འཚལ་ལོ།། བླ་མ་རྗེ་བཙུན་སྤྲུལ་པ ་