CLOSE WINDOW

GT1932: gzhan gyis mi thub pa gdugs dkar mo can zhes bya ba'i dkyil 'khor gyi sgrub pa'i thabs
Wyliee-texts produced with BDRC’s OCR application

ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛི་ཏ་ནཱ་མ་མཎྜ་ལ་སཱ་དྷ་ནཾ། བོད་སྐད་དུ། གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞེས་བྱ་བའི་དཀྱིལ་འཁོར་གྱི ་སྒྲུབ་པའི་ཐབས། འཕགས་པ་གདུགས་དཀར་མོ་ཙཱ་ལ་ཕྱག་འཚལ་ལོ།། ཡོན་ཏཱན་ཀུན་གྱི་གཞིར་གྱུར་པ།། རྒྱལ་བའི་གཙུག་ཏོར་ལས་བྱུང་བ།། སྤྲུལ་པའི་རང་བཞིན་ལྷ་མོ་ནི།། སྐུ་མདོག་གངས་རི་ཉི་ཤར་འདྲ།། ཕྱག ་སྟོ་ང་སྤྱན་སྟོང་བརྒྱ་ཕྲག་སྟོང་།། ལྷ་རྫས་གོས་ཀྱིས་ཡང་དག་བརྒྱན།། བཀྲ་ཤིས་ཆེ་བའི་ལྷ་མོ་ལ།། དེ་ལ་བསྟོད་དེ་སྒྲུབ་ཐབས་བྲི།། ཀུན་ལ་ཕན་གདགས་རིམ་པ་ཡི།། གདུགས་དཀར་དཀྱིལ་འཁོར་རྣམ་གཉིས་ཝ~ཾ།། ་ཡིད་ཀྱི་རྣམ་པ་བཀོད་པ་ཡིས།། བཤད་ཀྱིས་ཉོན་མོངས་མ་དད་མིན།། ཡིད་དགའ་བ་ཡི་གནས་དག་ཏུ།། སྒྲུབ་པ་དམ་ཚི་ཀེ་གྲོགས་བཅས་ཀྱིས།། ས་ཕྱོགས་དེར་ནི་བཤམ་པ་དང་།། བསག་པ་བུམ་པ་ལ་སོགས་པ། ་ནུབ་དང་སྦྱར་ཡིན་དེ་ལས་གཞན།། རིགས་དང་མི་རིགས་ཚོགས་པར་བྱ།། སྙིང་རྗེ་ཆེན་པོ་རབ་དམྱིགས་པས།། སེམས་བསྐྱེད་སྔོན་དུ་སྟོང་བ་ཡིས།། སྐད་ཅིག་སྐུ་ཡིས་ཕྱོགས་དང་མཚམས།། བསྲུང་དང་སྔགས་དང་ཕྱག ་རྒྱས་སོ།། སྙིང་གར་ཟླ་སྟེངས་ཡི་གེ་ཡི།། འོད་ཀྱི་དྲང་དང་སྤྲུལ་ནས་ནོ།། བསོད་ནམས་ཚོགས་ནི་རྫོགས་པ་དང་།། སྙན་ཚིག་བདག་གི་བསྟོད་པ་དང་།། ཕྱག་འཚལ་སྔོན་དུ་སོང་བ་ཡིས།། སེམས་བསྐྱེད་སྡོམ་པ་བཟུང ་དབང་བསྒྱུར།། ལྷ་རྣམས་བསྡུས་པས་ལུས་བསྲེགས་ཏེ།། རང་བཞིན་ལུས་སུ་བལྟ་བར་བྱ།། གནས་སུ་ཨོཾ་བསལ་འགྲོ་བ་སྦྱང་།། སངས་རྒྱས་མཛད་པ་རྫོགས་པ་དང་།། འཁོར་ལོ་མ་ལུས་རྫོགས་པར་བྱ།། དཀར་མོ ་ཆེན་མོ་ཕྱག་སྟོང་མ།། དབུ་སྟོང་སྤྱན་དྲངས་བརྒྱ་ཕྲག་སྟོང་།། ལྷ་ཡི་རྒྱན་དང་ཆས་རྫོགས་པ།། བཀྲ་ཤིས་ཆེའི་ལྷ་མོའོ།། ཕྱོགས་ནི་ཤར་ལྷོ་ནུབ་བྱང་དུ།། དྲག་ཤུལ་ཆེན་མོ་རབ་གཏུམ ་མོ།། འབར་བ་ཆེན་མོ་སྟོབས་ཆེན་མོ།། བལྟ་དཀར་སེར་དང་དམར་ལྗང་མོ།། གཡས་གཡོན་མཐུན་པར་ཕྱག་རྒྱ་ནི།། རྡོ་རྗེ་ཁུ་ཚུར་དཀུར་བརྟེན་དང་།། བུམ་པ་བཟུང་བས་འགྱིང་བ་ཡི།། ཉི་ཟླ་གདན་བཞུགས་བསམ ་པར་བྱ།། དེ་ཡིད་དཀྱིལ་འཁོར་འཁོར་ལོ་ལ།། ཤར་ཕྱོགས་འཁོར་ལོ་རྣམ་བཞི་ལ།། གོས་དཀར་མོ་དང་ཁྲོ་གཉེར་ཅན།། ཕྲེང་བའི་པདྨ་རྡོ་རྗེ་མ།། སྣུམ་ཕྲེང་བ་ཨུཏྤ་ལའོ།། སྔོ་བསངས་ལྗང་གུ་དམར་མོའོ།། ལྷོ་ཡི ་ཕྱོགས་ཀྱི་འཁོར་ལོར་ནི། གཞན་གྱིས་མི་ཐུབ་སྒྲོག་ཅན་མོ།། མཆོད་མོ་གཟི་བརྗིད་ཆེན་མོན།། དཀར་དང་སེར་ན་གུ་ལྗང་གུམ།། རྡོ་རྗེ་རིན་ཆེན་དབྱུག་པ་སྟེ།། སྤོས་དང་རྡོ་རྗེ་ལུ་གུ་རྒྱུད།། ནུབ་ཏུ་སྟོབས་ཆེན་སུ་གུ་རྒྱུད།། རྡོ་རྗེ་རིག ་འཛིན་རིགས་གསེར་འཕྲེང་།། དམར་དང་སེར་དང་དཀར་ལྗང་མ།། རྡོ་རྗེ་དང་ནི་བགྲང་ཕྲེང་བསྣམས།། བྱང་དུ་རྡོ་རྗེ་རིནཱ་ཚོནཱ་མ།། གཙུག་ཏོ་ར་བསྒྱིངས་མཾ་གསེར་ཅན་མེ།། དམར་མྱོ་དཀར་དང་ལྗང་གུ་སཽར།། སྣ་ཚོགས ་རྡོ་རྗེ་བགྲང་ཕྲེང་ཅན།། སྒྲོལ་མ་དཀར་མོ་ན་མཁའ་ལ།། བསྒྱིངས་པ་སྐྱབས་སྤྱན་བསམ་པིར་བྱ།། པདྨའོ་སྤྱན་ནི་འོད་དུ་བས་མཾ།། དཀར་མོ་རྡོ་རྗེ་སྐྱིལ་ཀྲུང་བཅས།། ལྷ་མོ་འདི་དག་ཐམས་ཅད་ཀྱང་།། ཡོད་ཙམ ་ཁྲོས་ནས་གཙོ་ལ་གཟིགས།། སྒོ་མ་མཚམས་ཀྱི་ལྷ་མོ་ནི།། དཀྱིལ་འཁོར་ཀུནྡ་ནས་རབ་ཏུ་གསལ།། ཤར་ལ་སོགས་པའི་ཕྱོགས་རྣམས་དང་།། མེ་ཡི་མཚམ་སུ་གནས་པར་བྱ།། ཐམས་ཅད་པ་ནི་རྫོགས་པ་རུ།། བློ ་དུདང་ལྡན་པས་བསྒོམ་པར་བྱ།། གཙོ་མོའི་ཐུགས་ཀར་ས་བོན་ལས།། དེ་ལྟ་བུ་ཉིད་བསྐྱེད་པ་ཡི།། ས་བོན་འོད་ཀྱིས་འགྲོ་བ་སྦྱང་།། དེ་བཞིན་གཤེགས་པ་མཆོད་པ་དང་།། མཛད་པ་མ་ལུས་མཐར་ཕྱིན་བྱ།། ཡེ་གས ་སེམས་དཔའ་སྤྱན་དྲངས་ལྀ།། མཉེས་དང་ཐ་དད་མེད་པར་བྱ།། ཡི་གེ་གསུམ་གྱིས་བྱི་ནི་བརླབས་ཏེ།། མ་འདྲེས་རབ་བསལ་བསྒོམ་པར་བྱ།། གཙོ་མོ་ཆང་གིས་མཆོད་པ་དང་།། ཕྱག་སོགས་རྫོགསོ་ནས་བྱ་བ་ནི།། ་འདོད་པ་ཀུན་ལ་སྦྱར་བུར་བྱ།། གལ་ཏེ་སློབ་མ་དབང་བསྐུར་ནོ།། སྐྱོན་བཞིན་དུ་ནི་བསྒོམ་པར་བྱ།། བུམ་པ་སྦྱང་བྱས་ཟླ་ལ་ཨོཾ།། སྤྲོ་བསྡུ་ལྷ་མོ་བསྐྱེད་པ་དང་།། དགུག་པ་བྱས་ནས་མཆོད་སོགས་བྱ།། དེ་ནས་ལེགས་ལྡན ་མཆོད་པ་དང་།། བསྒོ་དང་ལས་བཅོལ་དེ་ནས་ནི།། སྔོན་དུ་ལུང་དེ་བཀླག་པར་བྱ།། བདུན་ནམ་འབུམ་མམོ་གྲངས་མེད་པའོ།། ལེགས་ལྡན་གཟུངས་ཀྱི་བསྟོད་པ་དང་།། མཆོད་པས་བསྒོ་བ་ཐམས་ཅད་བྱེད།། ལྷ་མྱོ་འོདི ་གུ་བདུད་རྩི་ཡིས།། ཁྲུས་དང་བཀྲ་ཤིས་བརྗོད་པར་བྱའོ།། དབུས་བཞག་ཕྱོགས་རྣམས་བཅིངས་པ་དང་།། སྐུད་པ་ལྔ་ཡི་དྲ་བ་ཡིས།། ཚོན་གྱིས་བཅད་དེ་དཀྲི་བ་དང་།། རིས་པ་འམ་བོང་བ་རྡོ་བ་ལ།། དཀྲིས་ནས་གཏོར་ཏེ ་བྱུང་བསལ་བྱ།། དེ་ནས་གཏོར་མ་བྱས་ནས་ནི།། བསྲུང་བ་ལུས་སམ་མགུལ་དུ་གདགས།། བཅིངས་པ་ལུས་ལས་དཀྲི་བ་དང་།། ཕོར་བུ་བཏོན་ནས་གདབ་པར་བྱ།། གློ་ག་འམ་རས་སམ་ཤིང་ཤུན ་ལ།། གུར་ཀུམ་དྲི་ཞིམ་འོན་བུ་ཡིས།། སྐུར་མ་རྒྱལ་ལ་བབ་པ་ན།། སྔགས་པས་བྲི་བྱ་རྫོགས་ནས་ནི།། བཏགས་པ་ཙམ་གྱིས་བཤད་པ་ཡི།། གནོད་པ་མ་ལུས་པཱ་ལས་ཐར།། དད་ལྗོན་འདི་རུ་དབང་བསྐུར་བ།། བུ་འདོད་ཡི ་དུམ་བཙོས་ཙམ་གྱིས།། རྙེད་དེ་ཚེ་དང་བསོད་ནམས་འཕེལ།། བདེ་བ་ཅན་དུ་ཉེ་བར་འགྲོ།། རྒྱལ་ལ་བྲི་བ་རྫོགས་ནས་ནི།། རྒྱལ་མཚན་རྩེ་ལ་བཏགས་ནས་ནི།། རིམ་གྲོ་ཆེན་པོ་བཅུགས་བྱས་ན།། མཱི་ནད་ལ་སཾ་གཱས་ཟློག་པར ་བྱེད།། དེ་ནི་ཆར་འབབ་ནད་མེད་པ།། ཀླུ་རྣམས་ཀྱིས་ནི་བྱིན་གྱིས་རློག།། འདི་དག་བྱཱ་བྱ་ཀུན་ལ་ནི།། མཆོད་དང་གཏོར་ནས་ལེགས་ལྡན་མྱ་ཆོད།། མཁས་པ་རྣམས་ཀྱིས་བཟོང་པོ་དང་།། དགེ་བས་སྐུ་གཉིས་རྫོགས་པ ་ཤོ་ག། བཅོམ་ལྡན་འདས་ཀྱི་གཙུག་ཏོར་ན་ཆུང་བའི་གདུགས་དཀར་མོ་ཅན་གྱི་ཆོ་གོའི་རིམ~ཾ་པ། སློབ་དཔོན་གྷྲྀ་རི་ཝ་ཏས་མཛད་པ་རྫོགས་སོ།། ། རྨྨ་གར་སྐད་དུ། ཨཱརྱ་སརྦ་ཏ་ཐཱ་ག་ཏཱ་ཏོཥྞཱི་ཥ་སི་ཏཱ ་