CLOSE WINDOW

GT193: 'khor lo sdom pa'i sgrub thabs
Wyliee-texts produced with BDRC’s OCR application

དཱི་མཧཱ་ཤྲ་མ་ཎཿ།། སཱཙྪའི་ཆོ་ག་མ་ཧཱ་པྲཛྙཱ་རཀྵི་ས་ཏེས་མཛད་པ། ལོ་ཙ་བ་བཤེས་གཉེན་བ་རིས་བསྒྱུར་བ་རྫོགས་སོ།། ། རྒྱ་གར་སྐད་དུ། ཙཀྲ་སམྦ་ར་སཱ་དྷ་ན ་བོད་སྐད་དུ། འཁོར་ལོ་སྡོམ་པའི་སྒྲུབ་ཐབས། རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ།། སྐུ་གསུམ་དྲི་མ་གསུམ་སྤངས་པའི།། རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ཏེ།། འཁོར་ལོ་བདེ་མཆོག་བདག་ཉིད་ཀྱི།། སྒྲུབ་ཐབས་ཡན་ལག་མཆོག ་བཤད་བྱ།། དེ་ལ་དང་པོ་རེ་ཞིག་རྣལ་འབྱོར་པས་ལག་པ་དང་རྐང་པོ་དང་ཁ་ལ་སོགས་པ་དག་པར་བྱས་ནས་ཡིད་དང་མཐུན་ཞིང་མངོན་པར་འདོད་པའི་ཕྱོགས་ཅིག་ཏུ་ཁ་ལྷོ་ཕྱོགས་བལྟས་པར་གྱུར་པ་ཡི་ས་འཇམ་པའི་སྟན་ལ ་འདུག། བདུད་རྩི་ལྔའི་རི་ལུ་ཁར་བཅུག་སྟོ་ས་ཕྱོགས་དེར་ནི་བྱ་རོག་དང་། འུག་པ་དང་ཅེ་སྤྱང་དང་དུ་མོ་བུ་དང་རིལ་པོ་དང་ཚིག་པ་དང་མ་ཚིག་པའི་འཇིགས་པར་བྱེད་པའི་རོ་ལ་སོགས་པའི་འཁོར་གྱིས་ཡོངས་སུ་བསྐོར་བའི་དུར་ཁྲོད་ཆེན ་པོ་རབ་ཏུ་བསམས་ལ། མགུལ་རྒྱན་དང་། རྣ་རྒྱན་དང་། ལག་རྒྱན་དང་། སྤྱི་བོའི་ནོར་བུ་དང་། ཐལ་བ་དང་མཆོད་ཕྱིར་ཐོགས་དང་ཕྱག་རྒྱ་དྲུག་གིས་བརྒྱན་པའི་བདག་ཉིད་དུ་དམིགས་ཏེ། བསྲུང་བའི་དོན་དུ་གཏི་མུག་ལ ་སོགས་པའི་ར་བ་གསུམ་བསམས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་རྒྱུར་བདག་དཔལ་ཧེ་རུ་ཀ་ཡིན་ནོ་ཞེས་སྨོན་ལམ་ལན་གསུམ་དུ་བརྗོད་པར་བྱའོ།། དེ་ནས་འོག་ནས་འབྱུང་བའི་རིམ་པས་སྐད་ཅིག་གིས་རྡོ་རྗེ ་དྲག་པོའི་རྣལ་འབྱོར་དང་ལྡན་པས།། ཨོ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལི་ལཱྀ་ཨེ་ཨེ། ཨོ་ཨོ་ཨི་ཨཿཀ་ཁ་ག་གྷཱ་པ། ཙ་ཚ་ཛ་ཛྙེཉ། ཊ་ཛ་ཌ་ཌྷ་ཎ། ཏཻ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤཥ་ས་ཧཀྵཿསྭཱ་ཧཱ། ཞེས ་དམ་ཚིག་ལན་གསུམ་དུ་བརྗོད་དོ།། དེ་ནས་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་གསུམ་གོ་རིམ་ཇི་ལྟ་བ་བཞིན་དུ་སྤྱི་བོ་དང་། མགྲིན་པ་དང་སྙིང་གར་བསམས་ལ། ཧྭེ་ཞེས་བྱ་བ་རྒྱུ་དང་བྲལ་བའོ།། རུ་ཞེས་བྱ་བ ་ནི་ཆོས་ཐམས་ཅད་རྟོག་པ་དང་བྲལ་བའོ།། ཀཱ་ཞེས་བྱ་བ་ནི་ཆོས་ཐམས་ཅད་གང་དུ་ཡང་མི་གནས་པའོ་ཞེས་བྱ་བས་ཡི་གེ་གསུམ་གྱི་དོན་ལ་ལྷག་པར་མོས་ཏེ་ཡི་གེ་གསུམ་གྱི་ཁ་མས་གསུམ་དང་བདག་ཉིད་མ་ལུས ་པ་སྣང་བ་མེད་པར་བྱས་ནས། དེ་ལྟར་བྱས་ཤིང་གནོས་པར་བྱསམས་པའི་རྗེས་སུ་སྔོན་གྱི་སྨོན་ལམ་གྱི་ད་བཔཽ་གིས་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་གསུམ་གྱི་ངོ་བོའི་རང་བཞིན་ཨོཾ་དྲང་ཨཱཿདང་ཧཱུཾ་གཱི་ཡི་གེ་རིམ་པ་ཇི་ལྟ་བས ་སྟེང་དི་བར་དང་འོག་ཏུ་རིམ་པ་བཞིན་དུ་ན་མཁའི་ཕྱོགས་སུ་ཁ་དོག་དཀར་པོ་བསམས་ལ། ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའོ།། རྡོ་རྗེ་དེའི་ལྟ་བ་ལ་ཧཱུཾ་དམིགས་པ་དེ་ལས་བྱུང་བའི་དེའི་རྣམ་པ་ཅན་གྱི་འོད་ཟེར་ན་མཁའི་ཁམས ་ཁོར་ཡུག་ཆེན་པོའི་བཱར་དུ་ཁྱབ་པར་བྱས་ལ་སེམས་ཅན་མ་ལུས་པའི་དོན་བྱེད་པ་ལ་ཞུགསཽ་ཏེ། ལྕགས་ཀྱུའི་རྣམ་པ་ཅན་གྱིས་འོད་ཟེར་དེ་གྲོང་གི་ཡི་གེ་གསུམ་ལ་གཞུག་གོ། ཨོཾ་ནི་ཨཱ་ལའོ།། ཨཱ་ནི་རྡོ་རྗེ་ལ་སྟེ་རིམ་བཞིན ་དུ་རྡོ་རྗེ་ལ་སོགས་པ་རྡོ་རྗེ་ལྕི་བ་ལའོ།། ཡང་ཧཱུཾ་ལའོ།། ཨུ་ཧ་ལའོ།། ཧ་མགོ་ལའོ།། མགོ་བོ་ཟླ་ཕྱིད་ཀྱི་རྣམ་པ་ལའོ།། དེ་ཡང་ཐིག་ལེ་ནི་སྒྲ་ཙམ་སྟེ་ཡང་དམིགས་པར་བྱའོ།། རེ་ལྷ་རི་མ་ལུས་ཤིང་ལུས་པ་མེད་པར་ཁམས ་གསུམ་གྱི་སྒྲ་ཙམ་གྱི་རྣམ་པར་གནས་པར་བསམས་ལ། དེ་ནས་ལཱ་མའི་རང་བཞིན་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་མདོག་སྔོན་པོ་རྒྱལ་མཚན་གྱིས་མཚན་པའི་གཞུའི་རྣམ་པ་བསམས་ལ། དེའི་སྟེང་དུ་དུམ་སྐྱེས ་མའི་རང་བཞིན་རཱཾ་ཡོངས་སུ་གྱུར་པ་ལས། གྲུ་གསུམ་དམྱུར་པོ་མེའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་མཁའ་འགྲོ་མའི་རང་བཞིན་པཾ་ཡོངས་སུ་གྱུར་པ་ལས་ཟླུམ་ཞིང་དཀར་བའི་ཆུའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་གཟུགས་ཅན ་མའི་རང་བཞིན་ལཾ་ཡོངས་སུ་གྱུར་པ་ལས་གྲུ་མ་བཞི་མདོག་སེར་བ་སའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཀཾ་ཡོངས་སུ་གྱུར་པ་ལས་རུས་སྤེལ་ལམ་ཐོང་པའོ།། དེའི་སྟེང་དུ་ཨ་ཡོངས་སུ་གྱུར་པ་ལས་པར་མཚམས ་མེད་པའི་སྣ་ཚོགས་རྡོ་རྗེ་ཉེ་བར་དམིགས་ལ། དུའི་ལྟེ་བར་པཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱུད་བསམ་མོ།། དེའི་སྟེང་དུ་སུཾ་ཡོངས་སུ་གྱུར་པ་ལས་རི་བདུན་གྱིས་ཡོངས་སུ་བསྐོར་བའི་གྲུ་བཞི ་རི་རབ་རིནི་པོ་ཆེ་སྣ་བཞི་ལས་གྲུབ་པ་ཡོངས་སུ་བསྒོམ་པར་བྱའོ།། དོར་སྟིང་དུ་པདྨའི་ཟི་འབྲུ་དང་བཙོས་པའི་འདབ་མ་བརྒྱད་པ་དམིགས་ལ་པདྨའི་ཟེ་འབྲུའི་སྟང་དུ་ཨཱ་ལི་ཀཱ་ལི་བཀོད་ནས། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ ་ལས་རྒྱ་ཆེ་ནིང་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པར་བྱའོ།། སྔོན་གྱི་སྨོན་ལམ་གྱི་དབང་གིས་གནས་པའི་སྒྲ་ཙམ་ལ་ཐིག་ལེའོ།། ཐིག་ལེ་ལས་ཟླ་ཕྱེད་ཀྱི་རྣམ་པའོ།། དེ་ནས་མགོ་བོ་ལས་ཧ། ཧ་ལས་ཧུ ་དེ་ལྟར་རིམ་པས་ཧྲཱི་ངེས་པར་རྫོགས་པར་བྱས་ལ། ན་མཁའི་ཕྱོགས་ནས་དཀྱིལ་འཁོར་གྱི་དབུས་སུ་འཇུག་པར་བྱས་ལ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་མགོན་པ་རྔ ་རྗེ་འཕགས་མོ་ལ་འཁྱུད་པ། ཞལ་བཞི་པ་སྤྱན་གསུམ་པ་མན་ངག་གི་ཕྱག་བཅུ་གཉིས་དང་པོའི་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་བསྣམས་པས་རྡོ་རྗེ་ཕྱག་མོ་ལ་མཉམ་པར་འཁྱུད་པའོ།། གཉིས་པའི་ཕྱག་གཉིས་ན་ཁྲག ་འཛག་པའི་གླང་པོ་ཆེའི་པགས་པ་རྒྱབ་ཏུ་བསྣམས་པའོ།། གཡས་པའི་ཕྱག་བཞིན་རྩེ་གསུམ་དང་གྲི་གུག་དང་དགྲ་སྟ་དང་རྗེ་ཆུང་བསྣམས་པའོ།། གཡོན་པའི་ཕྱག་བཞི་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾཊྭཱ~ཾ་གཱ་དང་ཐོད་པ་དང ་ཞགས་པ་དང་ཚངས་པའི་མགོ་བོ་བསྣམས་ཤིང་འཆང་བའོ།། པདྨའི་ཞལ་བཞི་ཕྱག་དྲུག་དང་ལྡན་པ། དཔྲལ་བའི་མཐའ་རུ་རྡོ་རྗེ་ཕྲེང་བྲིས་བཅིངས་པ། དེ་དང་ཉེ་བའི་སྟེང་དུ་ཐོད་པ་རྣམས་པ་ལྔ་བདེཅིངས་པ་ལྷ་མོའི་ངོ་བོ ་ཉིད་དོ།། རལ་པའི་ཅོད་པན་གྱིས་བརྒྱན་པའོ།། གཡོན་ཕྱོགས་ཀྱི་ཆར་ཟླ་བ་ཕྱེད་པ་བཞག་པའོ།། སྤྱི་བོར་སྣ་ཚོགས་རྡོ་རྗེ་དབུས་སུ་མི་བསྐྱོད་པས་མནན་ཞིང་འཆང་བའོ།། མགོ་བའི་ཕྲེང་བ་བརྒྱ་ཕྱེད་པས་སྐུ་ལ་བརྒྱན ་པ། སྟག་གི་པགས་པ་ཁྲག་འཛག་པའི་ཤམ་ཐབས་ཅན། རུས་པའི་ཕྲེང་བ་རྐང་པའི་ཕྱོགས་སུ་བཅིངས་པའོ།། ཞལ་དང་པོ་དང་ལུ་སོ་ཐམས་ཅད་ནི་དུ་བའི་མདོག་ལྟ་བུའོ།། ལྗང་གུ་དང་དམར་པོ་དང་སེར་པོ་ནི ་གཡོན་པ་དང་རྒྱུ་དང་ནྀ་ཕྱོགས་ཀྱི་ཞལ་མ།། ཡི་དགས་རྣོན་པོ་མནན་པ། གདུག་པ་ཅན་ཐམས་ཅད་འཇོམ་པའི་གཟུགས་སུ་རྣལ་འབྱོ་ནན་ཟ་དམིགས་ཤིང་བརྟན་པར་བྱས་པས་རྡོ་རྗེ་ཕག་མོ་ལ་ཡང་ཐལ ་དང་དཔྲལ་བའི་ཕྱག་རྒྱ་རྣམ་པ་ལྔས་བརྒྱན་པའོ།། རུས་པའི་སྐ་རགས་ལ་སོགས་པས་བརྒྱན་པའོ།། ཕྱག་གཉིས་པ། ཞལ་ཅིག་པ་མགོན་པོ་དཔའ་བོའི་བདག་ཉིད་ཀྱི་སྐུ་ལུས་འདྲ་བའོ།། མིའི་རྒྱུ་མ་དང་ཁྲག་གིས་བཀང ་བས་གཉིས་ཀའི་ཁར་གསོལ་བའི་ཐོད་པ་གཡོན་པའི་ཕྱག་ན་བསྣམས་པའོ།། བདུད་ཐམས་ཅད་ཚར་གཅོད་པ་ལ་ཕྱེད་དུ་བྱས་པའི་སྡིག་མཛུབས་དང་བཅས་པའི་རྡོ་རྗེ་གཡས་པའི་ཕྱག་ན་བསྣམས་པའོ།། སྐྲ་སྒྲོལ་བ ་གཅེར་བུ་རུས་པའི་ཕྲེང་བས་བརྒྱན་པའི་བཅོམ་ལྡན་འདས་མ་བསྒོམ་པར་བྱའོ།། པདྨའི་འདབ་མ་ལ་མདུན་དུ་མཁའ་འགྲོ་མ་མདོག་ནག་པོའོ།། གཡོན་དུ་ལཱ་མཱ་ལྗང་གུའོ།། རྒྱབ་ཏུ་དུ་མོ་སྐྱེས་མ་དམར་མོའོ།། གཡས་སུ་གཟུགས ་ན་མ་མདོག་སེར་པོའོ།། དབང་ལྡན་ལ་སོགས་པའི་མཚམས་བཞིར་ཐོད་པ་ལ་གནས་པཱའི་དྲི་རྒྱན་དང་དྲི་ཆུང་དང་རང་འབྱུང་གི་མེ་ཏོག་དང་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་བསྒོམ་པར་བྱའོ།། དེ་ལ་ལྟེ་བར་གཅིག་ཏུ་བྱས་པ་སྟོབས ་པོ་ཆེ་དང་འཁོར་ལོའི་ཤུག་ཅན་མའི།། རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ།། རྟ་མགྲིན་དང་། ཤོཎ་འི་ནིའོ།། ན་མ་ཁའི་དྷ། ང་པོ་དང་འཁོར་ལོར་ལོ་ཆ་མའོ།། དཔལ་ཧེ་རུ་ཀ་བ་ཤིན་ཏུ་དཔའ་མོའོ།། པདྨ་གར་དེ་བོང་དང་སྟོབས ་མོ་ཆེའོ།། རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མའོ།། རྡོ་རྗེ་སེམས་དཔའ་དང་བརྩོན་ཆེན་མའོ།། སྐུའི་འཁོར་ལོ་སེར་པོའོ།། རྩིབས་བརྒྱད་དང་མདོག་སེར་བ་སྟེ་རྐེད་པའི་ཕྱོགས་སུ་གནས་པའོ།། དེའི་སྟེང ་དུ་ཨང་གུ་རེ་དང་ཨཻ་ར་བ་ཏིའོ།། རྡོ་རྗེ་རལ་པ་ཅནྡ་དང་འཇིགས་བྱེད་ཆེན་མོའོ།། དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ།། རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ།། རབ་ཏུ་བཟང་པོ་དང་སྔོ་བསངས་མའོ།། རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང ་མོའོ།། འཇིགས་བྱེད་ཆེན་པོའོ་དང་རྟ་རྣ་མའོ།། མིག་མི་བཟང་དང་ཁྭ་གདོང་མའོ།། རྩིབས་བརྒྱད་ནི་དམར་བ་སྡེ་གསུང་གི་འཁོར་ལོ་ནི་དམར་པོའོ།། ནུ་མའི་བར་དུ་གནས་པའོ།། དེའི་སྟེང་དུ་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོའོ།། ཀེང་རུས ་ཆེན་མོ་དང་། གཏུམ་མའི་མིག་ཅན་མའོ།། ཀཾ་ཀ་ལ་དང་འོད་ལྡན་མའོ།། མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མའོ།། ལྷ་དགྲ་དང་བརྟན་པའི་བློ་ཅན་མའོ།། འོད་དཔག་མེད་དང་མི་ཐུང་མའོ།། རྡོ་རྗེ་འོད་དང་ལངྐའི་དབང་ཕྱུག་མའོ།། ་རྡོ་རྗེ་སྐུ་དང་ཤིང་གྲིབ་མའོ།། ཐུགས་ཀྱི་འཁོར་ལོ་ནི་དུ་བ་ལྟ་བུ་སྟེ་རྩིབས་བརྒྱད་ཀྱང་དུ་བ་ལྟ་བུའོ།། རྐེང་པ་མན་ཆད་ཀྱིས་ཕྱོགས་སུ་གནས་པའོ།། ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མའོ་ཞེས་བྱ་བ་ནི ་གྲུ་བཞི་པའི་སྒོ་བཞི་རུ་དུ་བ་དང་ལྗང་གུ་དང་དམར་པོ་དང་སེར་པོའི་མདོག་གོ། གཤིན་རྗེ་བསྟན་མ་དང་གཤིན་རྗེ་ཕོ་ཉ་མོ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མ་ནི་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་སྟེ་མདོག་ག ་པའོ།། དཔའ་བོ་ཐམས་ཅད་ནི་ཞལ་གཅིག་ཕྱག་བཞི་པ་རལ་པའི་ཅོད་པན་ལ་དར་དཔྱངས་ཀྱིས་མཚན་པའོ།། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་ལྷ་མོ་ལ་མཉམ་པར་འཁྱུད་པའོ།། གཞན་གཉིས་ཀྱི་རྡེའུ་ཆུང་དང་ཐོད་པ ་བསྣམས་ཤིང་འཆང་བའོ།། ཕྱག་རྒྱ་ལྔ་ལ་སོགས་པས་སྐུ་བརྒྱན་པ།། གཡོན་བརྐྱང་བས་གདན་ལ་གནས་པའོ།། སྤྱན་གསུམ་པ་མཁའ་འགྲོ་མ་ལི་སོགས་པ་ཐམས་ཅད་ནི་སྐྲ་གྲོལ་བ་གཅེར་བུ་ཐོད་པ་དང་གྲི་གུག་གིས་མཚན་པའི་ཕྱག ་གཡོན་པ་དང་གཞན་ནོ།། སྤྱན་གསུམ་པ་དཔའ་བོ་དང་མཁའ་འགྲོ་མ་ནི་ཐལ་བ་སྤངས་པའི་ཕྱག་རྒྱ་ལྔ་དང་ལྡན་པའོ།། ལྷ་མོ་ཐམས་ཅད་ནི་གཱཡས་བརྐྱང་བའི་ཞབས་ཀྱིས་གནས་པའོ།། ད་ནི་དཔའ་བོ་འདི་རྣམས་ཐམས་ཅད་ནི་ཡི་གེ་ཧཱུཾ ་གཅིག་པུ་ལས་སྐད་ཅིག་གི་ས་ཡོངས་སུ་རྫོགས་པར་བསམས་ལ་དེའི་ནང་དུ་བྱའོ།། གྲུ་བཞི་པ་སྒོ་བཞི་དང་དོ་ཤཱུལ་དང་ཏཱ་ར་ཎཱ་དང་དྲིལ་བུ་དང་བ་དནཱ་དང་མེ་ཏོག་གིས་ཕྲེང་བས་བརྒྱན་པ། འུག་པ་དང་རོ་དང་བར་བ་ལ་སོགས ་པ་མང་པོས་ཁྱབ་པའི་དུར་ཁྲོད་དང་ལྡན་པར་འབར་བའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་རྭ་བྱཱ་གསུམ་གྱིས་བསྐོར་བའོ།། ར་བཱ་ལྟ་བུའི་སྟེང་དང་རྡོ་རྗེ་གུར་ཡོངས་སུ་བསྲུང་བའི་གཞལ་ཡས་ཁང་ཡོངས་སུ་རྫོགས་པར་བྱས་ལ་འདི་ཐམས ་ཅད་ཡང་དག་པོར་བལྟ་ཞིང་།། ཨོཾ་སུཾ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡཾ་ཧོབྷ་ག་ཝཱཾ་བཛྲ་ཧུཾ་ཧུ~ཾ་ཕཊ་ཅེས་པ་ཞལ་བཞི་ནས་ཚིག་བརྗོད་པར་བྱའོ།། དེ་ནས་མིང་ཐམས ་ཅད་ན་སོ་སོར་བརྗོད་པར་བྱ་སྟེ། དེ་རྣམས་ཀྱི་མདོག་དང་ཕྱག་ལ་སོགས་པ་ནི་ངེས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ།། སྔགས་འདིའི་རིམ་པས་གོ་ཆ་བྱ་སྟེ། ཨོཾ་ཧ། རྡོ་རྗེ་སེམས་དཔའ་ནི་སྙིང་གར་རོ།། ་ན་མ་ཧི་རྣམ་པར་སྣང་མཛད་ནི་མགོ་བོ་ལའོ།། སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་ནི་སྤྱི་གཙུག་ཏུའོ།། བཽ་ཥད་ཧེ་དཔལ་ཧེ་རུ་ཀ་ནི་ཕྲག་པ་གཉིས་ལའོ།། ཧཱུཾ་ཧཱུཾ་ཧེ་རྡོ་རྗེ་ཉི་མ་ནི་མིག་གཉིས་ལའོ།། ཕཊ་ཧཾ་རྟ་མགྲིན་ཡན་ལག་ཐམས་ཅད་ཀྱི ་མཚོན་ཆའོ།། དེ་ལྟར་བདག་ཉིད་གོ་ཆ་བགོ་བ་ར་བྱའོ།། ཨོཾ་བཾ་ནི་རྡོ་རྗེ་ཕག་མོ་སྟེ་ལྟེ་བ་ལའོ།། ཧ~ཾ་ཡོཾ་གཤིན་རྗེ་མ་ནི་སྙིང་གར་རོ།། ཧཱུ~ཾ་མོ་རྨོངས་བྱེང་མ་ནཻ་ཁ་ལའོ།། ཧྲེཾ་ཧཱུ~ཾ་བསྐྱོད་བྱེད་མ་ནི་མགོ་ལའོ།། ཧཱུཾ་ཧཱུཾ་སྐྲག་བྱེད་མ་ནི་སྤྱི་བོར་རོ།། ་ཕཊ་ཕཊ་གཏུམ་མོ་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཚོའོ།། དེ་ལྟར་རྡོ་རྗེ་ཕག་མོ་ཡང་བགོ་བར་བྱའོ།། དེ་ནས་གནས་གཞན་ན་གནས་པའི་ཡེ་ཤེས་ཀྱི་འཁོར་ལོ་དེ་ལྟ་བུ་བསམས་ལ། རང་གི་སྙིང་ག་ན་གནས་པའི་ཡི་གེ་ཧཱུཾ་སྟེ། ་འོད་ཟེར་སྤྲོས་ཏེ་བསྐུལ་ན།། རྡོ་རྗེ་སྐྱིལ་མོ་ཀྲུང་བརྐྱང་སྟེ། རྐང་པ་གཡས་པའི་མཐེ་བོང་གི་སྟེང་དུ་གཡོན་པའི་མཐེབ་ཆེན་གྱིས་མནན་ལ་ལག་པ་གཉིས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དཔྲལ་བའི་སྟེང་དུ་ཡང་དག་པར་བཞིག ་སྟེ། ཕེཾ་གཽ་སྒྲ་བརྗོད་ཅིང་གཡོན་པོ་དང་གཡས་པ་བསྐོར་བའི་ཚུལ་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ་གཞུག་ཅིང་གཅིག་ཏུ་བྱས་ལ་བརྟན་པར་བྱས་ལ་འདི་ཡང་བྱའོ།། བྱངང་བྱ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང་པདྨ་བསམས ་དེའི་སྟེང་དུ་དྱཱ་དང་བྱཱ་གཉིས་མཚན་པའི་མཚན་ཉིད་བསམ་མོ།། དེ་ནས་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ལྟེ་བར་རོ།། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བ་ནི་སྙིང་ཀར་རོ།། ཨོཾ་ཧྲཱིཿ ་ཧ་ཧཱ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་ཁ་ལའོ།། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ།། ཌཱ་ཀི་ནི་ཛྭཱ་ལ་སཾ་པཱ་རཾ་སྭཱ་ཧཱ། ཞེས་པ་ནི་དཔྲལ་བར་ལྷ་མོ་དགོད་པར་བྱའོ།། དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པོའི་སྔོན་དུ་ཕྱག་རྒྱ་ཆེན་པོ་དང ་ཆོས་ཀྱི་ཕྱག་རྒྱ་དམིགས་ལ་ང་ནི་ལས་ཕྱག་རྒྱ་བརྩམ་པར་བྱའོ།། དེ་ནས་བདུད་རྩི་མྱང་བར་བྱ་སྟེ། ཧཱུཾ་གི་འོད་ཟེར་གྱིས་བཀུག་སྟེ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས་རིམ་པ་བཞིན་དུ་བརྗོད་པ་ཙམ་གྱིས་བདུད་རྩི་ལ་ངས་ཏེ་ན་མཁའི ་ཕྱོགས་ཐམས་ཅད་དུ་སྤྲོས་ལ་དཀྱིལ་འཁོར་གྱིས་འཁོར་ལོའི་སྟེང་དུ་བ་མོ་ཐིགས་པའི་གཟུགས་ཀྱིས་བདུད་རྩི་བབ་ཅིང་དེ་བཞིན་དུ་དཀྱིལ་འཁོར་པ་ཚིམ་པར་བྱའོ།། ཡེ་ཤེས་ཀྱིས་བདུད་རྩི་དེ་མྱངས་པས་དགའ་བ་དང་མཆོག་དགའ ་དང་། ཤིན་ཏུ་དགའ་བོ་དང་རབ་ཏུ་དགའ་བའི་བདག་ཉིད་དུ་གྱུར་པའི་མཉམ་པར་བཞག་པའི་ཡིད་ཀྱིས་བསྒོམས་ལ།། ཆོ་ག་བཞིན་དུ་ཕྱི་དང་གསང་བའི་མུ་ཆོད་པས་ཡང་དག་པར་མཆོད་ལ་རྡོ་རྗེ་དང་བཅས་པའི་དྲིལ་བུ་ཡང་ལན ་གསུམ་དུ་དཀྲོལ་ཞིང་བསྟོད་པ་བྱས་ལ་ཉེ་བར་བསྡུ་བར་བྱའོ།། འདི་ནི་སྤྲུལ་པའི་སྐུའོ།། དེ་ནས་བསྲུབ་པ་དང་བསྲུབ་པའི་སྦྱོར་བས་ཉེ་བར་བསྔོ་བར་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ཏེ་སྒོ་བསྲུང་བའི་ལྷ་མོ་རྣམས་གཡོན་སྐོར་གྱིས་བསྐོར་ཏེ་སྐུའི ་འཁོར་ལོ་རབ་ཏུ་ཞུགས་པར་བསམ་པར་བྱའོ།། དེ་ལྟར་སྐུའི་འཁོར་ལོ་གཡས་བསྐོར་དུ་བསྐོར་ནས་གསུང་གི་འཁོར་ལོ་ལའོ།། གསུང་གི་འཁོར་ལོ་གཡོན་བསྐོར་དུ་བསྐོར་ནས་ཐུགས་ཀྱི ་འཁོར་ལོ་ལའོ།། ཐུགས་ཀྱི་འཁོར་ལོ་གཡས་སྐོར་དུ་བསྐོར་ནས་ལྷ་མོ་བཱིཞྀ་ལའོ།། ལྷ་མོ་བཞི་གཡོན་སྐོར་དུ་བསྐོར་ནས་ཞལ་བཞི་ལ་གོ་རིམས་བཞིན་དུ་ཞུགས་པར་བསམས་པར་བྱའོ།། དེ་ནས་གོ་ཆ་ཆེན་པོས་ནི་གོ་བགོ་བར ་བྱ་སྟེ་འདིའི་རིམ་པ་ནི་པུ་ཛ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི་བྲྀ་གྲྀ་སཽ་སུ་ནཱ་སི་མ་ཀུ་དེ་ལ་དིའི་དོན་ནི་པུལླཱི་ར་མ་ཆེ་མགོ་བོ་ལ་སྟེ་རབ་གཏུམ་མོའོ།། ཛ་ལ་ནཾ་དྷཱ་ར་སྤྱི་གཙུག་ཏུ་ནི་གཏུམ་པའི་མིག་ཅན་མའོ།། ཨོ་ཌི་ཡ་ན་ནི་རྣ་བ ་གཽཡས་པ་སྟེ་འོད་ལྡན་མའོ།། ཨཱརྦུ་ཏ་རྒྱབ་ཀྱི་ཕྱོགས་སུ་སྟེ་སྣ་ཆེན་མ་རྣམ་གནས།། གོ་དཱ་བ་རི་རྣ་བ་གཡོན་པ་སྟེ་དཔའ་བོའི་བློ་མའོ།། རཱ་མེ་སཱ་ར་སྨིན་མའི་དབུས་ཏེ་མི་ཐུ་ང་མཱའོ།། དེ་བི་ཀཾ་ཊཱི་མིག་གཉིས་ཏེ་ལངྐའི་དབང་ཕྱུག་མའོ།། ་མཱ་ལ་བེ་ཕྲག་པ་གཉིསཱ་ལ་ཤིང་གྲིབ་མའོ།། ཀཱ་མ་རུ་པ་མཆིན་ཁུང་གཉིས་ཏེ་ཨཻ་ར་བ་ཏཱིའོ།། ཨོ་ཊེ་ནི་ནུ་མ་གཉིས་ལ་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་།། ཏཱི་ས་ཀུ་ནྡེ་ནེ་ལྟེ་བ་སྟེ་རླུང་གི་ཤུགས་མའོ།། ཀོ་ས་ལེ་སྣ་རྩེ་སྟེ ་ཆང་མཐུང་མ་སྟེ་ཉེ་བའི་ཞིང་ངོ་།། ཀ་ལིང་ག་ནི་ཁ་སྟེ་སྔོ་བསངས་མའོ།། ལམ་པ་ཀ་མགྲིན་པ་སྟེ་རབ་ཏུ་བཟང་མོ་འདུན་པའོ།། ཀཉྩི་སྙིང་གར་ཏེ་རྟ་རྣ་མའོ།། ཧི་མ་ལ་ཡ་འདོམས་སུ་ཁྭ་གདོང་མ་སྟེ་ཉེ་བའི་འདུན་པའོ།། ་པྲེ་ཏྱཱ་པུ་རི་མཚན་མ་ལ་འཁོར་ལོའི་ཤུགས་ཅན་མའོ།། གྲྀ་ཧ་དེ་བ་གསང་བའི་སྒོ་སྟེ་དུམ་སྐྱེས་མ་འདུ་བའི་སའོ།། སཽ་རཱཥྚ་བརླ་གཉིས་ལ་ཆང་འཚོང་མའོ།། སུ་བརྡྷ་དཱི་པ་བྱིན་པ་གཉིས་ལ་འཁོར་ལོའི་གོ་ཆ་མ་ཉེ་བའི་འདུས་པའོ།། ནཱ་ག ་ར་སོར་མོ་ལ་སྟེ་རབ་ཏུ་དཔའ་མོའོ།། སིན་དྷུ་སྟེ་རྐང་པའི་རྒྱབ་གཉིས་སུ་སྟོབས་པོ་ཆེ་སྟེ་དུར་ཁྲོད་དོ།། མ་རུ་ནི་མཐེ་བ་ཆེན་གཉིས་ལ་འཁོར་ལོ་སྒྱུར་མའོ།། ཀུ་ལུ་ཏ་པུས་མོ་གཉིས་ལ་བརྩོན་ཆེན་མཉེ་བའི་དུར་ཁྲོད་ངོ་།། ་དེ་ལྟར་དེ་ནས་པུཾས་ལ་སོགས་པ་ས་བོན་གྱི་ཡི་གེ་ཉི་ཤུ་རྩ་བཞི་དེའི་བདག་པོ་ལྷ་མོའི་རང་བཞིན་ནོ།། མགྲོ་བོ་ལ་སོགས་པ་གནས་ཉི་ཤུ་རྩ་བཞིར་དགོདཔར་བྱའོ།། གསུམ་པ་གོ་ཆ་ཆེན་པོའི་བསྲུང་བའོ།། དེ་ལྟར་བསྒོམས ་ནས་སྒོམ་པས་སྐྱོ་བར་གྱུར་ན་ཡང་དག་པར་བསྟོད་ལ་སྔགས་བཟླས་པ་བྱའོ།། དེ་ལ་རིམ་པ་ནི་འདི་ཡིན་ཏེ་ལྷ་མོ་དང་མགོན་པོ་མ་གཏོགས་པའི་ཕྱི་མ་རྣམས་ཀྱི་ནི་མིང་ཉིད་སྔགས་ཏེ།། ཨོཾ་ནི་དང་པོར་བྱས་ལ་ཧཱུཾ་ཧཱུཾ་ཕཊ་ནི ་མཐར་སྦྱར་རོ།། ཨོཾ་ཌཱ་ཀཱི་ནི་ཡེ་ཧཱུཾ་ཧཱུཾ་ཕཊྚ་དེ་ལྟར་ཐམས་ཅད་ལིའོ།། དེ་ལ་འདིར་བཟླས་པའི་རིམ་པ་ནཱི། རྣལ་འབྱོར་པའི་སྔགས་བཟུང་སྟེ།། དེ་ཡཾ་ཁ་ནས་བརྗོད་པའི་རོམ ་ཁ་ཡི་སྐྲོད་པའི་རྣམ་པ་ལྟར། རྫི་རྗེའི་ལམེ་ནས་ཕྱིར་བྱུང་སྟེ།། དཀར་པོ་དམར་པོ་དེ་བཞིན་སེར། ནག་པོ་གཉིས་ཀྱིས་རྣམ་པ་བཞིས།། པདྨའི་ལམ་ནས་རབ་བཞུགས་ཏེ།། པདྨ་ནས་ནི་པང་རིམས ་འཁོར་ལོ་འཁོར་བའི་གཟུགས་ཀྱིས་ནི།། བློ་དང་ལྡན་པས་སྔགས་བཟླས་བྱ།། དེ་ལྟར་རྡུལ་འབྱོར་བཟླས་རི་མ་ནི།། ཤེས་བྱ་སྔགས་ལ་གོམས་པར་བྱ།། བླ་མའི་རྡོ་རྗེ་གནང་དྲིན་གྱིས།། ན ་བ་དབང་སོགས་བྱེ་བྲག་གིས།། ལས་རྣམས་བཞི་ནི་ངེས་པ་རུ།། སྔགས་པས་མྱུར་དུ་འགྲུབ་པར་འགྱུར།། འདི་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། དེ་ནས་གཞན་ཡང་རང་གི་སྙིང་གའི་ཟླ་བའི་སྟེང་དུ་ཧཱུཾ་ངོ་།། ཧཱུཾ་ལས་བྱུང་བའི ་རླུང་གིས་ཨཱ་ལི་ཀཱི་ལིའོ།། འཇུག་པའི་རླུང་གིས་ཉེ་བར་བསྡུའོ།། དེ་ལྟར་ལན་མང་དུ་ན་མཁའི་ཁོངས་སུ་སྤྲོ་ཞིང་ཡི་གེ་ཡང་སྔོན་བཞིན་དུ་ཐིམ་པ་རཾ་གྱུར་པར་བསམ་པར་བྱའོ།། འདི་ནི་ཆོས་ཀྱི་སྐུའོ།། དཔལ་འཁོར་ལོ་སྡོམ་པའི ་སྒྲུབ་ཐབས། སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ་རྫོགས་སོ།། ་རྒྱ་བར་གྱི་མཁན་པོ་དོན་ཡོད་རྡོ་རྗེ་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་བའོ།། ་