CLOSE WINDOW

GT1929: gtsug tor nas byung ba'i gdugs dkar mo can gyi cho ga zhes bya ba
Wyliee-texts produced with BDRC’s OCR application

དཀར་མོ་ཅན་མ་ཞེས་བྱ་བའི་སྦྱིན་སྲེག་གི་ཆོ་ག། སློབ་དཔོན་རྡོ་རྗེ་རྣོན་པོས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨུཥྞཱི་ཥཱ་བྷ་པཱ་སི་ཏཱ་པ་ཏྲེ་བི་དྷི་ནཱ་མཾ། བོད་སྐད་དུ། གཙུག ་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་ཆོ་ག་ཞེས་བྱ་བ། རྗེ་བཙུན་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། རྣམ་སྣང་མཛད་རིགས་གཙུག་ཏོར་གྲགས།། ཕྱག་སྟོང་སྦྱིན་སྟོང་ཞབས་བཏུད་ནས།། གཟུངས་ཀྱི་རིམ་པ་ལས ་བྱུང་བའོ།། དཀྱིལ་འཁོར་ཆོ་ག་བཤད་པར་བྱ།། ཆུ་ཀླུང་ངམ། ནགས་ཚིལ་ལམ། ཆུ་བོའི་འགྲལ་ལཿ།། ཆ་བིའི་འགྲམ་མམ། རོའི་སུལ་ལམ། ཕུག་གམ། ཡིད་དང་མཐུན་པའི་ཡུལ་དབེན་པ་བས་མཐའི་དགོན ་བར།། སློབ་དཔོན་གཙུག་ལག་མཁས་པ་ཆོས་ལ་དགའ་བ་བསླབ་པ་བསྲུང་བ་འགོགས་ན་བདེ་བ། སྙིང་རྗེ་ཅན་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་དཀྱིལ་འཁོར་ལ ་སོགས་པའི་ལས་ལ་མཁས་པ་རྨི་ལམ་དུ་རྟགས་དང་མཚན་མ་ཐོབ་པ། སྒྲུབ་པའི་གྲོགས་པོ་རིགས་བཙུན་པ་ཆོས་སྤྱོད་པ་དད་པ་ཙོན་སྙིང་སྟོབས་ཆེ་ཞིང་བརྩོན་འགྲུས་ཅན་བསམ་པ་བཟང་ཞིང་མི་སྐྱོ་བ་གཞན་གྱིས ་བྲིད་ཀྱང་འཕགས་པའི་ཚུལ་མི་གཏོང་བའི་གྲོགས་དང་། ལྷན་ཅིག་ཏུ། སྟན་བདེ་བ་ལ་འདུག་སྟེ། སྒྲུབ་པའི་ཡན་ལགཽ་ནི་རྫས་མེ་ཏོག་དཀར་པོ་དྲི་ཞིམ་པ་དང་། རྩ་བ་དང་སྡོང་བུ་ལ་སོགས་པ་སྦྱར་བའི་སྤོས་དཀར་པོ་དང་། ་ཙན་དན་དཀར་པོའི་དྲི་དང་། འབྲས་དཀར་གྱི་བེ་ཤོས་དང་། ལུག་ལྔ་སོགས་པ་དཀར་བ་ལས་བྱུང་བའི་མར་གྱི་མར་མེ་དང་། འབྲས་ཡོས་དང་། ཙན་དན་དཀར་པོ་དང་། མེ་ཏོག་དཀར་པོ་དང་ལྡན་པའི་ཨཱརྒྷ་དང་། ་གཙུག་ཏོར་དཀར་མོའི་ཉེ་བའི་སྙིང་པོ་བཟླས་པའི་ཁྲུས་བྱས་ལ། སྙིང་པོ་སྔགས་བཟླས་ཏེ། སྟོད་གཡོགས་དང་སྨད་གཡོགས་དཀར་པོ་བགོས་ནས། གཙུག་ཏོར་ནས་བྱུང་བ་བཞིན་ཚོགས་སོགས་པའི་ལྷ་མདུན ་དུསྤྱན་དྲངས་ལ། བདུན་རྣམ་དག་བྱས་ཏེ། གཙུག་ཏོར་ནས་བྱུང་བ་བཞིན་དུ་ཁྲོ་མོ་བཅུ་བདུན་བསྒོམས་ལ་སྔགས་བཅུ་གསུམ་བརྗོད་ནས་ཐུགས་ཀའི་འོད་ཟེར་ལས་ར་བ་དང་དྲ་བ་དང་། བླ་རེ་དང་མེ་འོད་རྣམས་བྱུ་། ་བསྲུང་བར་བྱསམ་བྱར་བྱའོ།། དེ་ནས་རང་གི་སྙིང་གར་ཡི་གེ་ཧཱུཾ་བཀོད་ནས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ།། དེ་ནས་དབྱངས་ཡིག་བཅུ་དྲུག་ལས་ཟླ་བའི་དཀྱིལ་འཁོར ་བསྐྱེད་ལ་དེའི་སྟེང་དུ་ཡི་གེ་ཧཱུཾ་བསམ་མོ།། དེ་ཡོངས་སུ་གྱུར་པ་ལུས་རྡོ་རྗེ་དཀར་པོ་རྩེ་དགུ་པ་བསམ་མྱོ།། དེ་ནས་འོད་ཟེར་སྥ་ར་ཎ་ཧཱུཾ་ཞེས་པས་སྤྲོ་བ་དང་། སཾ་ཧཱ་ར་ཎ་ཧཱུ~ཾ་ཞེས་པས་བསྡུས་ནསྱ། བདག་ཉིད་བཅོམ་ལྡན་འདས ་བྱ་ཀཽ་ནི་རྡོ་རྗེ་རྡོ་རྗེ་དང་ཞགས་པ་བསྣམས་པ། དགླེགས་ཀྱི་རྒྱལ་པོ་དྷཱིནྡེ་ལཾ་ཀེ་གདུན་དུ་གཏིང་བ། སྐུ་མདོག་སྟོནྡེ་པོ་སངས་རྒྱས་ལྔའི་རྐྱོད་པན་ཙཱ་ན~ཾ། རྡོ་རྗེའི་རྒྱུན་གྱིས་བརྒྱན་པ།། མོའི་ཕུང་པོའི་དབུས་ན་བཞུགས་པ་བསམས ་ལ། དེའི་སྙིང་ག་ནས་ཉེ་བའི་སྙིང་པོའི་སྔགས་བརྗོད་པས་ཤར་ལ་སོགས་པའི་ཁྲོ་མོ་བརྒྱད་སྤྲུལ་པཾ་ཧཱུཾ་དྲུཾ་ཧྲིཿཥྚྲྀ་གྱིས་བདག་དང་ཁྲོ་མོ་བརྒྱད་བྱིན་གྱིས་བརླབས་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་བཟླས་ནས། དེའི་མདུན་དུ་གདུག། ་པ་ཐམས་ཅད་ཚར་གཅོད་པའི་དཀྱིལ་འཁོར་དབུ་སྟོང་མངའ་བ། ཕྱག་སྟོང་མངའ་བ།། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན་འགྲེལ་པ་ནས་འབྱུང་བ་བཞིན་བསྒོམས་ལ། མཆོད་པས ་མཆོད་པ་དང་གཙུག་ཏོར་དཀར་མོའི་གཟུངས་ཀྱིས་བསྟོད་པ་དང་། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ་ཞེས་ཕྲིན་ལས་བཅོལ་ལ།། སྙིང་པོའི་དཀྱིལ་འཁོར་ཕྱོགས་སྐྱོང་བ་བཅུས་བསྐོར་བར ་བསྣམས་ལ། གཏོར་མ་བཅུ་དབུལ་བ་དང་། གདོན་ཐམས་ཅད་ལ་གཏོར་མ་གསུམ་མཁའ་སྤྱོད་དང་། ས་སྤྱོད་དང་ས་འོག་ན་སྤྱོད་པའི་དབྱེ་བས་ཕྱེ་བ་ལ་མཆོད་པ་ཕུལ་ནས་གཟུངས་ནས་འབྱུང་བ་བཞིན་དུ་ཕྲིན་ལས ་བཅོལ་ལ་གཤེགས་སུ་གསོལ་བར་བསམ་པར་བྱའོ།། དེ་ནས་ཉེ་བའི་སྙིང་པོའི་འཁྲུལ་འ་ཁོར་ཁྲོས་ལ་རྒྱལ་རིགས་ལ་སོགས་པ་ལ་གདོག་སོ།། ཡང་ན་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་གྲོང་ངམ། གྲོང་ཁྱེར་རམ། ་གློང་རྡལ་གྱི་སྒོར་བཙུགས་ཏེ། ཀློག་པ་བཞི་ཕྱོགས་བཞིར་བཞུག་པ་མཆོད་པ་ཆེན་པོ་བྱས་ལ་སྦྱོར་བ་བརྒྱ་རྩ་བརྒྱད་བྱུ་བ་འམ། ཡང་ན་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་གྲོང་ངམ། གྲོང་རྡལ་ལ་སྐོར་བར་བྱའོ།། ་འདི་ཐམས་ཅད་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་འབུམ་སྔོན་དུ་བཟླས་ཏེ། གཟུངས་བརྒྱ་རྩ་བརྒྱད་བཟླས་ཀྱུ་ཚོན་དཀར་པོས་དཀྱིལ་འཁོར་བྲིས་ཏེ། མཆོད་ནས་ལས་ཐམས་ཅད་ཤེས་པར་བྱའོ།། གཙུག་ཏོར་ནོས་བྱུང་བ ་གདུགས་དཀར་མོ་ཅན་རྩི་གཟུངས་འདོན་པའི་ཆོ་ག། སློབ་དཔོན་ཤུ་རཾ་ག་བརྞྞ་བཛྲ་ས་མཛད་པ་རྫོགས་སོ།། ། ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། ། གཙུག་ཏོར ་