CLOSE WINDOW

GT1928: gtsug tor nas byung ba'i gdugs dkar mo can sbyin sreg gi cho ga
Wyliee-texts produced with BDRC’s OCR application

ཟངས་དཀཪྵོ་ཙའི་འགྱུར་རོ།། ། རྒྱ་གར་སྐད་དུ། ཨུཥྞཱི་ཥ་སཱི་ཏཱ་ཏ་པ་ཏྲེ་ཧོ་མ་བི་དྷི། བོད་སྐད་དུ། གཙུག་ཏོར་ནས་བྱུང་བའི་གདུགས་དཱཀཱ་ར་མོ་ཅན་སྦྱིན་སྲེག་གི་ཆོ་ག། གུ་དུགས་དཀར་མོ་ཅན་ལ་ཕྱག ་འཚལ་ལོ།། གཞན་དོན་མཐར་ཕྱིན་ལྷ་མོ་ནི།། གདུགས་དཀར་ཅན་ལ་ཕྱག་འཚལ་ཏེ།། ལྷ་རྣམས་མཉེས་པར་བྱ་བའི་ཕྱིར།། སྦྱིན་སྲེག་གིས་ནི་ཚིམ་པར་བྱ།། དྲི་ཞིམ་པོའི་ཆུས་ལེགས་པར་ཁྲུས་བྱས་གོས ་གསར་པ་དགོས་ཏེ། རྒྱན་ཁྱད་པར་ཅན་བཏགས་ལ་བགེགས་བསྲུང་པོ་དང་། བསྲུང་བའི་འཁོར་ལོ་བསྒོམ་པར་བྱའོ།། དེ་ནས་རྒྱུད་དག་པར་བྱ་སྟེ། ཕྱག་དང་མཆོད་པ་ལ་སོགས་རྒྱུད་དག་པར་བྱའོ།། བརྩམ་དུ་རུང ་བའི་ས་ཕྱོགས་སུ་ཕྲིན་ལས་དང་སྦྱར་ཏེ། ཐབས་དང་རྫས་ལ་སོགས་པ་རྫོགས་པར་བྱས་ལ། ཤིང་གང་ཡིན་པ་བཅེར་ཏེ། མཆོད་པ་དང་བསྲོག་རྫས་ཚོགས་པ་དང་། ཨོཾ་བཛྲ་ཛྭ་ལ་རི་ཞེས་པས་མེ་སྦར་ལ། དེ་ནས ་སྟོང་པ་ཅུད་མེད་པར་བསྒོམས་ཏེ། ཨོཾ་བཛྲ་ཛྭཱ་ལཱ་སརྦ་དྷརྨཱ་བཛྲཱ་སརྦྦ་དྷརྨ་སྠཱ་ཙནྡྷེ་ཞེས་པའི་སྒྲས་སྟོང་ཀཪྵ་བསྒོམ་མོ།། དེའི་ངང་ལས་འབྱུང་བ་རི་ར་དང་བཅས་པའི་སྟེང་དུ་བྷྲཱུཾ་ལས་མེ་ཐབ་གཞལ་ཡས ་དུའོ།། དེར་ཨ་དང་ཟླ་རེ་ལ་ས་བོན་གྱི་ཡི་གེ་ལས་འོད་ཟུར་ཁ་དོག་སྣ་ཚོགས་པ་ལྡན་པ་འཕྲོས་ཤིང་འདུས་པ་ལཱ་མེ་ལྡ་།། ར་པོ་ཏྤན་ཀུན་རྫོགས་པ། ཕྱག་བཞི་པ་ཨ་ག་ཚོམས་སེམས་འཥྞཱི2་།། གསུས་པ་ཆེ་ལ་འབར ་ཅན། གཡས་རྡོ་རྗེ་དང་བགྲང་ཕྲེང་བསྣམས་པ། གཡོན་གཉིས་སྐྱིབས་སྦྱིན་དང་། གུནྡྷེ་བསྣམས་པའོ།། ཐུགས་ཀན་རཱི་དམར་པོ་གྲུ་གསུམ་གྱིས་མཆིན་པའོ།། དེ་ནས་དེ་ཉིད་དང་འདྲ་བའི་ཡེ་ཤེས་མས་དཔའ་སྤྱན་དྲངས་ཏེ། ་དོན་ཚུར་གཤིག་འབྱུང་བ་ཆེ།། ལྷའི་རྒྱལ་པོ་དྲང་སྲོང་མཆོག། སྲྀག་བླུགས་ཞལ་ཟེས་བི་ཞེས་སླད་དུ།། འཕར་བའི་ནང་དུ་ཤེགས་སུ་གསོལ།། ཨེ་ཧཱུཾ་ཧི་ཨ་ག་ན་ཡེ་མ་ཧཱ་རཱ་ཛ་ཀ་ཛ་ཧཱུཾ་འབྱུང་བ་ཆེན་པོ་མེ་ཡི་ལྷ།། ལྷ་རྒྱལ ་སྲོང་འི་བྱུང་བའི་མཆོག། སྒེག་ཐུགས་ཞལ་ཟས་བཟླས་ནས་ཀྱང་། འདི་ཉིད་དུ་ནི་བཞུགས་སྡུ་ག་སྷོ།། དེ་ནས་ཡོན་ཆབ་ཀྱི་སྟེ་སྤྱན་དྲངས་ལ། བསང་གཏོར་བྱིན་ཏེ་དབང་བསྒྱུར་བར་ཏེའོ།། ནས་མཆོད་པ་དང་ཕྱུག་གིསོ་མ ་དེ། མར་གྱི་དགང་བླུགས་ཕུལ་ཏེ། ཚངས་པའི་འཇིག་རྟེན་མགོན་སྐྱོབ་པའི།། གཟི་བརྗིད་ཆེན་པོ་མེ་ཡི་ལྷ།། སྐུ་བཅས་སྐུ་ནི་དཔལ་དང་ལྡན།། རྔ་མ་བརྗིད་རྒྱན་ལྡན་ལས་ལ་དབང་།། སྲེག་བླུགས་ཕུལ་བས་ལས་རྣམས་བསྒྲུབ།། ་ཝཱི་ལ་སོགས་པའི་ལྷ་དཔལ་ཏྭེ།། ཇི་ལྟར་འདོད་པཥྚི་ལས་བསྒྲུབ་པ།། གཟི་བརྗིད་རྒྱལ་ལ་ཕྲག་འཚལ་བསྟོད།། བསང་གཏོར་ཕུལ་ལ། ཨ་ག་ན་ཡེ་ཧ་བྱཱ་ཀ་བྱཱ་བ་ཧ་ན་ཡཱ། ཨ་ཏི་བྷཱུ་ཏི་བྱ། སརྦ་པཱ་པཾ་ཤཱནྟ་ཏཾ་ཀུ་རུ་ཞེས་པ་འམ། ་ཨོཾ་བཛྲ་ཨ་ག་ན་ཡེ་སྭཱ་ཧཱ། ཤིང་འོད་ལ་ནི། ཨོཾ་ཨཱ་ག་ན་ཡཻ་སྭཱ་ཧཱ། མར་ཞལ་དུའོ།། ཨཱཾ་སརྦ་པཱ་པཾ་ད་ཧཱ་ན་བཛྲཱ་ཡ་སྭཱ་ཧཱ། ཏི་ལ་དང་སྤངས་དཀར་ཕྱུག་དུའོ།། སརྦ་སཾ་བ་དེ། ཞོ་དང་འབྱས་ཆན་ཕྱག་ཏུའོ།། ཨོཾ་པྲ་ཏི་ཧ་ཏཱ ་ས་ཀུ་ཞི་གཙུག་ཏུའོ།། བཛྲེ་ཨཱ་ཡུཿཥེ་དུར་བ་གཙུག་ཏོར་དུའོ།། མེ་དཱི་བཾ་ག་ཡ། ནས་ཞལ་དུའོ།། མཱཧྣེ་གྷསྨཻ་རཾ། གྲྀ་ཞལ་དུའོ།། མ་ཧཱ་བ་ལ། སྲན་མ་ཞལ་དུའོ།། མ་ཧཱ་པུཥྚ་ཡེ། འབྲས་སོ་བ་ཞལ་དུའོ།། མ་ཧཱ་ཤྭཱ་ཡ་ཨ་མ་། ་ཏི། ཞེས་བྱ་བས། ཛ་ཏི་ཕ་ལ་དང་། སྟནྨ་དང་། བིལ་བུ་རྣམས་ཞལ་དུའོ།། རྫས་ཐམས་ཅད་མེ་ལྷའི་སྔགས་ཀྱིས་བསྲེག་པར་བྱའོ།། ཨུ་དུམ་བར་ལ་སོགས་མིང་དང་ཐིག་མ་ཐ་མར་བརྒྱན་ཏེ་བསྲེག་པར་བྱའོ།། དྲི་དང་མེ ་ཏིག་དང་སྤོས་དང་། མར་མེ་དང་མཚ་དྭེ་ཡི་ན་རྣམས་ནི་སོ་སོར་དབུལ་བཱིར་བྱའོ།། ཨོཾ་བཛྲ་ཨ་ན་ལ་མདྷྱེ་བྷཱུ་ཏཱ་ཛྭ་ལ་ཡཱ་སརྦ་བྷསྐྲྀ་ཀུ་རུ་སརྦ་དྲྀཥྚཱནཱ་མ་མ་ཧཱུཾ་ཕཊ། ཤན་ཏ~ཾ་ཀུ་རུ་སྭཱ་དྷཱ། མཱཾ་ལྷ་གཟི་བརྗིད་བསྟོད་པའི་དགང་བླུག ་ཕུལ་ལ། མཆོད་པ་དང་བསྟོད་པ་བྱའོ།། དེ་ནས་མེ་ལྷའི་ཐུགས་ཀར་དཀྱིལ་འཁོར་བ་འམ་ལྷ་རྣམས་དཀོར་པོ་ལ་སོགས་པར་བསྐྱེད་པ་ལས་འོད་ཟེར་འཕྲོས་པ་ལས་ཡེ་ཤོས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། དེ་བཞིན ་གཤེགས་པའི་གདུང་དང་། རྡོ་རྗེའི་གདུང་དང་། པདྨའི་གདུང་དང་། གླང་པོའི་གདུང་དང་། གཞོན་ནུའི་གདུང་དང་ཀླུའི་གདུང་དང་། འདུས་པའི་གདུང་དང་། དེ་བཞིན་གཤེགས་པ་མ ་ལུས་པ་དང་། རྒྱལ་བའི་རྡོ་རྗེ་གཞན་གྱིས་མི་ཐུབ་མ། གཏུམ་ཆེན་སྐྱོབས་ཆེན་འབྱོར་བ་མོ།། བགེགས་ཚོགས་འཇིམས་མ་གཤེགས་སུ་གསོལ།། བསིང་གཏོར་ཕུལ་ཏེ་མཆོད་ཡོན་གྱི་སྨན་རྙིངས་ལ་སྤྱུགས་དང ་ཕྱག་རྒྱས་བརྟན་པར་བྱའོ།། དེ་ནས་མཆོད་པ་དང་བསྟོད་པ་འབྱུང་པོའི་རིམ་པ་བརྗོད་པར་བྱའོ།། དེ་ནས་གོང་མ་བཞིན་དུ་བགང་བླུགས་དང་། སྲེག་བླུགས་དབུལ་ལོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥི་སི་ཏཱ་ཏཱ་པ་ཏྲེ་ཧཱུཾ། ཨ་མུ ་ཀོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྙིང་པོ་འམ། ཉེ་བའི་སྙིང་པོ་འམ། ཨོཾ་ན་མོ་བྷ་གཱ་བ་ཏི་ཨུཥྞཱིཥཱ་ཡཽ་གུད་དྷེ་བི་ར་ཙ་བི་མ་ལེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་སམ། རྫས་སོ་སོའི་སྔགས་རྣམས་ཀྱི་ཁྱད་པར་གྱིས་དཀྱོར་བི་འམ། ལྷ ་རྣམས་ཚོམ་པར་བྱ་སྟེ་སྡིག་པ་སྲེག་པའི་སྔགས་ཀྱིས་བསྲེག་པར་བྱའོ།། དེ་ནས་མཆོད་པཱ་དང་། བསྟོད་པ་བྱས་ལ་སྨོན་ལམ་གདབ་བོ།། བདག་གིས་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་ཕྱག་རྒྱའི་ཚོགས་དང་བཅས ་པ། ཇི་ལྟར་ཚོགསོ་བའི་མཆོད་པ་དང་། སྦྱིན་སྲེག་རྣམས་ཀྱིས་མཆོད་པས། བདག་མིང་འདི་ཞེས་བགྱི་བ་དང་། སེམས་ཅན་ཐམས་ཅད་སྒྲིབ་པ་གཉིས་བྱང་ནས། ཚོགས་གཉིས་རྫོགས་ཏེ། འདི་ཉིད་དུ་བླ་ན་མེད་པའི ་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག་ཅེས་གསོལ་བ་བཏབ་ལ། གདུགས་དཀར་མོ་ཅན་ཕྱག་རྒྱའི་ཚོགས་དང་བཅས་པ་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་དང་ཡོན་གྱི་བདག་པོ་རྣམས་ལ་ནད་ཀྱི་རིགས་སུ་གྱུར་པ་རླུང་དང ་མཁྲིས་པ་དང་། བད་ཀན་དང་འདུས་པ་ལུས་གྱུར་པ་ཐམས་ཅད་ཞི་བར་མཛོད་ཅིག། གདོན་གྱི་རིགས་སུ་གྱུར་པ་གདོན་སྟོང་ཕྲག་བརྒྱད་ཅུ་ལས་ཐར་པར་མཛོད་ཅིག། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་ཐམས་ཅད་ཞི ་བྷུར་མཛད་དུ་གསོལ།། བཟོད་པར་གསོལ་བ་ནི་བདག་སྙིགས་མ་ལྔའི་དུས་ཀྱི་སེམས་རྒྱུན་དུ་གྱུར་པ་སྟི་ཡོ་བྱད་མཚོགས་པ་དང་། བད་ག་ལུས་དང་པོ་པར་གྱུར་པས་སེམས་ལྔ་དབང་མ་ཐོབ་སྟེ། བྱིང་བ་དང་རྒོད་པའི་དབང ་གིས་མིག་གི་སེལ་བ་དང་། ཆོ་ག་ཉམས་ཏེ་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པ་ཆེན་པོ་མཛོད་དུ་གསོལ་ལོ།། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་ཏེ། རྗེས་སུ་འཐུན་པའི་དངོས་གྲུབ་གསོལ།། སངས་རྒྱས་ཡུལ་དུ ་གཤེགས་ནས་ཀྱང་།། གཏན་དུ་གཤེགས་པ་མ་ལགས་པས།། སླར་ཡང་འབྱོན་པར་མཛད་དུ་གསོལ།། མུཿགཙྪ་ཞེས་པས་གཱཤེགས་སུ་གསོལ་ལོ།། མཇུག་མེ་ལྷ་མཆོད་པ་དང་། ལས་སྒྲུབ་པའི་སྦྱིན་སྲེག་བྱ་སྟེ། ་བསྟོད་པ་ནི་འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས།། མི་ལྷའི་རྒྱལ་པོ་དྲང་སྲོང་མཆོག་གྱུར་པ།། ཡེ་ཤེས་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག། འཛིན་བྱེད་མེ་ལྷ་ཉིད་ལ་ཕྱག་འཚལ་བསྟོད།། གཟི་བརྗིད ་ལྡན་པ་མེ་ཡི་ལྷ།། འདོད་པ་ཐམས་ཅད་སྩོལ་མཛད་པ།། བདག་གཞན་དོན་བསྒྲུབས་ལ་བཞུགས།། ཚངས་པའི་སྲས་ལ་ཕྱག་འཚལ་འདུད།། དེ་ནས་ཡེ་ཤེས་ཀྱི་མེ་ལྷ་གཤེགས་ཏེ།། ་བསྐྱེད་པ་མེ་འབར་བ་ལ་བལྟས་ཏེ། ཨོཾ་མ་མ་ཧཱུཾ་ནི་སརྦ་དཱ་ཧ་ནུ་བཛྲ་ཡ་ཆེ་གེ་མོ་ཤཱནཱ་ཏཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་བརྒྱ་འམ་སྟོང་ངམ་ཁྲི་འམ་འབུམ་མམ།། ཇི་སྲིད་ནུས་པས་སྲེག་པར་བྱའོ།། བདག་གི་ཆོ་གའི་རིམ ་པའོངས།། ལྷག་པའི་ལྷ་རྣམས་མཉེས་བྱ་སྟེ། སྲིད་པའི་བཙོན་རེ་ར་ཉམ་ཐག་པའོ།། འགྲོ་ཀུན་སྐྱིད་མཚོ་བརྒལ་བར་ཤོ་ག། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གཏུ ་དཀར་མོ་ཅན་མ་ཞེས་བྱ་བའི་སྦྱིན་སྲེག་གི་ཆོ་ག། སློབ་དཔོན་རྡོ་རྗེ་རྣོན་པོས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨུཥྞཱི་ཥཱ་བྷ་པཱ་སི་ཏཱ་པ་ཏྲེ་བི་དྷི་ནཱ་མཾ། བོད་སྐད་དུ། གཙུག ་