| Wylie | e-texts produced with BDRC’s OCR application |
བསྡུས་ནས་རང་ཉིད་ལ་བསྲུང་བར་བྱའོ།། དེ་ལྟ་བུ་དེ་ཡང་གང་ཞིག་ཚར་མཆོད་ཀྱི་བར་དུ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ།། མངོན་སྤྱོད་ཀྱི་ལས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ ་རྫོགས་སོ།། ། དེ་བཞིན་དུ་ས་གཞི་སེར་པོ་ལ་རྫས་རྣམས་ཡང་ལས་དང་། མཐུན་པ་བསགས་ལ།། ཐ། ཁུང་གླུ་བཞི་པར་རྒྱས་པའི་སྦྱིན་སྲེག་བྱོའོ།། དེ་བཞིན་དུས་གཞི་དམར་པོ་ལ་སོགས་པ ་ལས་དང་འཐུན་པར་རྫས་བསགས་ཏེ། ཐབ་ཁུང་ཟླ་ག་མ་བྱས་ཏེ། དབང་གི་སྦྱིན་སྲེག་བྱའོ།། སྲོབ་དཔོན་ཙན་དྲ་གོ་མིའི་མན་ངག་གོ། སྦྱིན་སྲེག་རྫོགསོ།། ། དངོས་གྲུབ་སྒྲུབ་པའི་སྒོ་ནས་སྲི ་སོ་བ་ནི། བུད་མེད་བུ་འདོད་པ་གང་དག་ལ་ལ་གཟུངས་འདི་བྲིས་ཏེ། གདུགས་སམ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནུས་རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་དེ་ལ་མཆོད་པ་དང་། སྐོར་བ་བྱ་ཞིང་། ཚངས་པ་དང ་དབང་པོ་ལ་སོགས་པ་ལ་གཏོར་མ་དང་མཆོད་པ་བྱས་ཏེ་གསོལ་བ་གདབ་པར་བྱའོ།། དེ་ལྟར་བྱས་ན་བུ་རྙེད་པར་འགྱུར་བ་དང་། ཚེ་དང་བསོད་ནམས་དང་སྟོབས་ལ་སོགས་པ་ཡང་རྙེད་པར་འགྱུར་རོ།། དངོས་གྲུབ་སྒྲུབ་པའི་སྒོ་ནས ་སྲིའུ་གསོ་བ་སློབ་དཔོན་ཙན་དྲ་གོ་མིས་མཛད་པོ་རྫོགས།། ། རྣལ་འབྱོར་པས་བཟློག་པའི་ཟོར་བྱ་བར་འདོད་ན། དང་པོར་རྫས་བསགས་པ་ནི། ཁམ་པའི་མི་མོའི་གཟུགས་བཞི་འམ། བརྒྱ་ད་དམ། བཅུ ་བྱའོ།། དེ་ནས་སྒོ་ང་དང་། མདའ་འུག་པ་མ་སྐྱེར་བའི་མདེའུ་ཅན་བཞི་དང་། ཁྲག་ཕོར་བཞིར་དུག་དང་ཟོར་གྱི་སྣ་དུ་མ་བླུགས་པའི་སྣོད་བཞི་དང་། དམར་གཏོར་ཆ་བཞི་དང་། མཆོད་པ་རྣམ་པ་ལྔ་བ་ཤམ་མོ།། དེ་རྣམས་ཀྱང་གླང ་འབྱོར་ན་བཅུ་བཅུ་མ་འབྱོར་ན་བརྒྱད་དམ་བཞི་བསག་པ་ནི། དེ་ནས་སྔགས་མཁན་བཅུ་འམ་བརྒྱད་ངམ། བཞི་འམ། ཐ་མར་རང་གཅིག་པུས་ལུས་ལ་ཁྲག་དང་སོལ་བས་བྱུགས་ཏེ། གོས་ནཀ་པོ་བགོས་ནས་ཁྲོས ་པའི་ཡིད་ཀྱིས་གནས་ཏེ། རང་ལྷའི་རྣལ་འབྱོར་དུ་བྱས་ཏེ། ཐུན་དྲུག་གུམ། ཐུན་བཞིར་ཐམས་ཅད་འཇོམས་པར་བྱེད་པའི་སྔགས་རིངས་དང་། འབྱུང་པོ་ཚུར་གཅོད་པའི་ཡུངས་དཀར་དང་། ཚེལ་སྔགས་ཏེ། དེ་རྣམས་ལ ་གཟེར་ནས་བར་བར་དུ་ནང་གདོན་ཐམས་ཅད་ལ་བྱཾ་ཞེས་བྱ་བས་གདབ་བོ།། དེ་ཡང་གདུགས་དཀར་མོ་ཅན་ལ་ཐུན་བཞི་འམ། དྲུག་ཏུ་མཆོད་བསྟོད་བྱས་ཏེ་བྱོ་བ་དང་། བཟློག་པར་གསོལ་བ་གདབ་པ་དང་། ལྷ་མ་སྲིན་སྡེ ་བརྒྱང་དང་། ཡུལ་ལྷའི་གསོལ་བ་གདབ་པར་བསམ་མོ།། དེ་ལྟར་ཐུན་བཞི་འམ་དྲུག་ཏུ་བསྔགས་པ་དེ། ཆོས་གྲངས་དང་། གཟའི་སྐར་བརྩིས་ཏྭ། དུས་ལ་བབ་པ་ན་སྐྱེས་བུ་སྔགས་དང་ལྡན་པ་འམ། ཆོ་ག་དང་ལྡན ་ང་བསྩལ་ཏེ། དེ་ལྟ་བུ་ཡང་རང་ངམ། གཞན་ཤིན་ཏུ་ཉེན་ཆེ་ན། ནར་མར་བྱས་པས་དུས་མ་ཡིན་པར་འཆི་བ་བརྒྱད། དགྲ་དང་བགེགས་བཟློག་པར་ངེས་ཏེ། བྱོལ་སྔགས་བཟླས་ཀྱང་འགལ་བ་མེད་དོ།། བཟློག་སྡེ ་