| Wylie | e-texts produced with BDRC’s OCR application |
རྫོགས་སོ།། ། ལྷ་མོ་གདུགས་དཀར་མོའི་མངོན་སྤྱོད་ཀྱི་ཆོ་ག་བྱེད་པར་འདོད་པས། དང་པོར་ས་བཞི་ཡང་གདུག་ཅིང་གས་པ་དང་། རྩུབ་པ་ལ་ཐབ་ཁུང་ཟུར་གསུམ་ངོས་རེ་ལ་ཁྲུ་རེ་ཡོད་པ་ལ་ཟབས་སུ་ཁྲུ ་ཕྱེད་པ་བྱ་སྟེ། དབུས་སུ་འཁོར་ལོ་ལ་རྡོ་རྗེས་མཚན་པ། ཁ་ཡང་རྡོ་རྗེས་བསྐོར་བ། ས་བཞི་ཡང་དུག་དང་ཁྲགྲ་ལ་སོགས་པ་ནག་པོར་བྱུགས་ཏེ། མེ་ཏོག་ནག་པོ་དང་འབྲུ་ནག་པོས་གཏོར་རོ།། དེ་ནས་དྲག་པོའི་མཆོད ་པ་དང་གཏོར་མ་བཤམས་ལ། དྲག་པོའི་རྫས་ཁྲག་དང་དུག་དང་། ལིང་ག་དང་། སྐེ་ཚེ་དང་། རྫོ་ཕྱི་ལྕགས་ཕྱེ། ཟིར་བའོ་ནག་པ། སྲན་མ་ནག་པོ། དེ་ལྟར་རྫས་བ་ཤམས་ནས། བདག་ཉིད་ལྷའི་རྣལ་འབྱོར་བྱས་ལ། ་ཐབས་དང་རྫས་རྣམས་སྟོང་པར་བསམས་ཏེ། ཛཾ་ལས་ཐབ་ཁུང་གྲུ་གསུམ་པ་བསྐྱེད་པའི་ནང་དུ། ཆོ་ག་གསུམ་གྱིས་གདུགས་དཀར་མོ་འཁོར་དང་བཅས་པ་དྲག་པོའི་ལྷར་བསྐྱེད་པར་བྱའོ།། དེའི་མདུན་གྱི་ན་མཁའ ་ལ་ཡེ་ཤེས་པ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བཞུགསུ་གསོལ་ནས་མཆོད་པ་དང་བསྟོད་པ་བྱས་ཏེ། བསྲེག་རྫས་རྣམས་ཡུམ་གྱི་སྔགས་ཀྱི་ཐ་མར་མཱ་ར་ཡ་བཏགས་ཏེ། ཁྲ་ག་དང་དུག་ལ་སོགས་པས་ལན་བདུན ་ནས་ཉི་ཤུ་རྩ་གཅིག་གི་བར་དུ་དབུལ་བར་བྱའོ།། དེ་ནས་མཆོད་པ་དང་བསྟོད་པ་བྱས་ལ་བཟོད་པར་གསོལ་བ་ལ་སོགས་རྣམས་བྱའོ།། དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་པ་དང་། དམ་ཚིག་སེམས་དཔའ ་བསྡུས་ནས་རང་ཉིད་ལ་བསྲུང་བར་བྱའོ།། དེ་ལྟ་བུ་དེ་ཡང་གང་ཞིག་ཚར་མཆོད་ཀྱི་བར་དུ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ།། མངོན་སྤྱོད་ཀྱི་ལས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ ་རྫོགས་སོ།། ། དེ་བཞིན་དུ་ས་གཞི་སེར་པོ་ལ་རྫས་རྣམས་ཡང་ལས་དང་། མཐུན་པ་བསགས་ལ།། ཐ། ཁུང་གླུ་བཞི་པར་རྒྱས་པའི་སྦྱིན་སྲེག་བྱོའོ།། དེ་བཞིན་དུས་གཞི་དམར་པོ་ལ་སོགས་པ ་