CLOSE WINDOW

GT1920: rims bsrung ba'i cho ga
Wyliee-texts produced with BDRC’s OCR application

ཐ་མ་ཟངས་དཀར་མ་ཆེ་བས་བསྒྱུར་བའོ།། ། སྔ་མོ་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ།། རྣལ་འབྱོར་པ་རིམས་བསྲུང་བར་འདོད་ན། དང་པོ་མཆོད་པ་དང་གཏོར་མ་པོ་རིམས་ཀྱི་འབྱུང་པོ་ཚིམ་པ ་བྱས་ཏེ།། བདེན་པའི་སྟོབས་ཀྱིས་བརྗོད་པ་དང་གསོལ་བ་གདབ་པར་བྱའོ།། དེ་ནས་གདུགས་དཀར་མོའི་གཟུངས་བྲིས་ཏེ།། བསྒྲུབ་པར་བྱ་བའི་དཀྱིལ་འཁོནྟི་དབུས་སུ་དེ་གདུགས་སམ་རྒྱལ་མཚན་གྱི་རྩེ་མོར ་བཏགས་ཏེ། མཆོད་པ་དང་། གཏོར་མ་བཤ་མསྭཱ། རང་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏྭ། ཐུན་བཞིར་བསྒོམ་བཟླས་བྱའོ།། དེ་ཡང་ཉིན་མཚན་དུས་དྲུག་ཏུ་གདུགས་དཀར་མོ་འཁོར་དང་བཅས་པ་ལ་གསོལ་བ་གདབ་པ་དང་། མཆོད ་བསྟོད་དང་། བསྐོར་བ་བྱས་ཏེ་བུམ་པའི་ཆུས་བཀྲུ་ཞིང་བསྲུང་བ་ཡང་གདགོས་པོར་བྱའོ།། དཔལ་ཚངས་པ་དང་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་མགོན་པོ་ལ་ཡང་གཏོར་མ་བྱིན་ཏེ་གསོལ་བ་གདབ་བོ།། དེ་ནས་བསྒྲུབ་བྱ ་གདུགས་དཀར་མྱེའི་སྐྱོན་སྔར་ཕྱག་འཚལ་བ་དང་། མཆོད་པ་དང་། སྐོར་བ་ཐུན་བཞིར་བྱ་ཞིང་། གདོན་གྱི་ཚོགས་རྣམས་ལ་གཏོར་མ་བྷིནྱ་ཏེ་གསོལ་བ་གདབ་བོ།། ཁྱད་པར་དུ་རིམས་ཀྱི་འབྱུང་པོ་ལ་ཡང་གཏོར་མ་བྱིན་ཏེ་གསོལ ་བ་གདབ་པར་བྱའོ།། ཆོ་ག་དེ་ལྟ་བུ་དང་ལྡན་པས་ཐུན་བཞིར་གཟུངས་གདོན་པར་བྱའོ།། ཐོ་མར་ཡང་འཕགས་པ་ལ་མཆོད་པ་དང་། སྲུང་མོའི་ཚོགས་ལ་གཏོར་མ་རྒྱ་ཆེན་པོ་སྦྱིནོ།། རིམས་བསྲུང་བའི་ཆོ་ག་རྫོགས་སོ།། ་