CLOSE WINDOW

GT192: dpal bde mchog gi sA ts+tsha'i cho ga
Wyliee-texts produced with BDRC’s OCR application

ཆོ་ག་བསྡུས་པ་རྫོགས་སོ།། ། དཔལ་བདེ་མཆོག་གི་སཱཙྪ་བརྗོད་པར་བྱ་སྟེ། དེ་ནས་འཇིམ་པ་བྱས་ལ་མདུན་དུ་བཞག་ལ། ཁྲུས་བྱས་ནས་སེམས་བསྐྱེད་དེ། བདག་ཉིད་སྐད་ཅིག་མས་ལྷུར ་བསྒོམས་ལ། ཚད་མེད་པ་བཞི་བསྒོམ་པར་བྱ། དེ་ནས་ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་འདྲག་པ་མི་དམྱིགས་པར་བྱ་སྟེ།། ཡི་གེ་ཧཱུཾ་བསམ། དེ་ལས་རྡོ་རྗེ། དེ་ལས་ཧེ་རུ་ཀ་ཡོབ་ཡུམ་དུ་བསྐྱེད་དོ།། དེ་ནས་རང་གི་སྙིང ་གའི་ཧཱུཾ་གི་འོད་ཟེར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས་ལ། ཧེ་རུ་ཀ་ཡེབ་ཡུམ་ལ་བསྟིམ་པར་བྱའོ།། དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པས་འོད་དུ་ཞུ་སྟེ། བྱང་ཆུབ་སེམས་སུ་གནས་པ་ལ། ཧེ་རུ་ཀའི་སྙིང ་པོ་འམ། ཉེ་བའི་སྙིང་པོ་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབས་ཏེ། ཡང་སྔགས་དེ་ཉིད་ཀྱིས་གདབ་པར་བྱའོ།། སཱཙྪ་རེ་རེ་ལ་ཧེ་རུ་ཀ་རེ་ར་བསམས་ལ། དེ་རེ་རེ་ལས་ཀྱང་ཧེ་རུ་ཀ་མིང་པོ་སྤྲོས་ལ་དེ་རྣམས་ཀྱིས་བདག་དང ་སེམས་ཅན་ཐམས་ཅད་གྱི་དོན་རྫོགས་པར་བྱེད་པར་བསམ་མོ།། རྟེན་འབྲེལ་གྱི་སྔགས་བཟླས་པས་མཽ་དྲུག་བསྡུ་བར་བྱའོ།། དེ་ནས་གྲུབ་ན་མཆོད་པ་རྣམས་པ་ལྷ་དབུལ།། མ་གྲུབ་ན་མེ་ཏོག་གཏོར་ལ་བསྐོར་བ་བྱའོ།། ་མཆེ་བ་གཙིགས་ཤིང་འཇིགས་པ་ཆི།། སྔགས་ཀྱིས་མེ་ཏོག་ཕྲེང་བས་བརྒྱན།། ཤ་ཆེན་རབ་ཏུ་གསོལ་མཛད་པ།། ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད་།། དེ་ནས་སྨོན་ལམ་གདབ།། དགེ་བའི་རྩ་བ་བསྔོ་བར་བྱའོ།། བདེ ་མཆོག་གི་སཱུཙྪའི་ལུགས་རྫོགས་སོ།། ། དེ་ནས་རབ་གནས་རྒྱས་པ་བྱེད་ན། གོང་དུ་བསྟན་པ་ལྟར་སཱཙྪ་གང་འགྲུབ་བཏབ་ལ། དེ་ནས་རང་ལྷའི་རྣལ་འབྱོར་དུ་སྐད་ཅིག་མས་བསྒོམ ་སཱཙྪ་དེ་སྟོང་པ་ཉིད་དུ་བསམ། དེ་ལས་པདྨའི་གདན་བསྒོམ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་བསམ། དེ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ནས།། འོད་ཀྱི་སླར་ལ་འདུས ་པས་ཧཱུཾ་ལས་ཐིམ། ཧཱུཾ་དེ་ཡང་འོད་དུ་ཞུ་བ་ལས་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བར་བསྒོམས་ལ། རང་གི་སྙིང་གིའི་ཧཱུཾ་གི་འོད་ཀྱིས་ཡེ་ཤེས་ཀྱིས་ཧེ་རུ་ཀ་ཡབ་ཡུམ་སྤྱན་དྲངས་ལ་བེསྟིམ་མོ།། དེ་ནས་དེ་ལ་དབང་བསྐུར་ལ། ་སྤྱི་བོར་མི་བསྐྱོད་པ་བསྒོམ་མོ།། དེ་ནས་མཆོད་པ་དང་རྒྱན་རྣམས་དབུལ་ལོ།། ཧེ་རུ་ཀླུའི་སྙིང་པོ་བཟླས། རྟེན་འབྲེལ་གྱི་སྔགས་ལན་གསུམ་བཟླས། དེ་ནས་སྨོན་ལ་མོ་གདབ་པོ།། དེ་ནས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོན ་སཱ་ཙྪ་གཙང་སོར་བཞུགས་སུ་གསོལ།། ཨོཾ་ཤྲཱི་བཛྲཱི་ཧཱུ~ཾ་རུ་རཱ་ཀེ་ཙྪ་ཧཱུ~ཾ་ཕཊ། ཊཱི་ཀི་ནི་ཛྭ་ལ་ས་པར་སྭཱཿ། ཨོཾ་ཛྫཧེཧཧཱུཾ་ཧཱུཾ་ཕཊ། པྱེདྷརྨཱ་ཧ་ཏུ་པྲ་བྷ་བཱ་ཧི་ཀུནྟེ་ཥཱནྟ་ཐཱ་ག་ཏོ་ཧྞཱ་བ་དཏ། ཏེཥྛ་ལྱ་ལ་ནི.ོཾ ་དཱི་མཧཱ་ཤྲ་མ་ཎཿ།། སཱཙྪའི་ཆོ་ག་མ་ཧཱ་པྲཛྙཱ་རཀྵི་ས་ཏེས་མཛད་པ། ལོ་ཙ་བ་བཤེས་གཉེན་བ་རིས་བསྒྱུར་བ་རྫོགས་སོ།། ། རྒྱ་གར་སྐད་དུ། ཙཀྲ་སམྦ་ར་སཱ་དྷ་ན ་