CLOSE WINDOW

GT1915: ser ba bsrung ba'i thabs
Wyliee-texts produced with BDRC’s OCR application

ནད་དང་རླུང་དང་མཁྲིས་པ་ལ་སོགས་པ་དང་། རིམས་ཐམས་ཅད་གྲོལ་བར་འགྱུར་རོ།། འཇིགས་པ་ལས་སྐྱོབ་པའི་ཐབས་རྫོགས་སོ།། ། སེར་བ་བསྲུང་བ་འདོད་པས། འཁྲུལ་འཁོར་སྔ་མ་ལྟར ་བརྒྱད་བྱས་ཏེ། ཐ་མར་སེར་བའི་འབྱུང་པོ་མཱ་ར་ཡ་བན་དྷ་ཡ་ནན་བྱ་བ་བཀོད་ནས་བདག་ཉིད་ལྷའི་རྣལ་འབྱོར་བྱས་ནས། ཕྱག་རྒྱའི་ཚོགས་ཀྱིས་བཀུག་ཅིང་བཅིངས་ནས། ཁམ་ཕོར་རམ་ཐོང ་པར་བཅུག་ནས། བསྲུང་བར་བྱ་བའི་ཡུལ་གྱི་ཕྱོགས་མཚམས་བཞིར་དོང་གྲུ་གསུམ་སྔ་མ་ལྟར་མནན་ཏེ། དེ་གཟུངས་འདི་བྲིས་ཏེ་མཆོད་ཅིང་སྐོར་བ་བྱས་ནས་གཞག་པ་དང་། ཡུངས་ཀར་ལ་སྔགས་འབུམ་ལ་སོགས ་པ་བཟླས་ཏེ་གཞག་པ་དང་། གཞན་དུ་ཡང་བསྐོར་བ་དང་། ཚངས་པ་ལ་སོགས་པ་ལཾ་གཏོར་མ་བྱིན་ཏེ། གསོལ་བ་གདབ་པ་དང་། སྣང་སྲིད་ཀྱི་ལྷ་འདྲེ་དང་། བར་སྣང་གི་ལྷ་དང་། གནོད་སྦྱིན་ཀུནནེ་དང་། ཡུལ་དེའི་ལྷ་དང་། ་ཀླུ་ལ་སོགས་པ་ལ་མཆོད་པ་དང་གཏོར་མ་ཚིམ་པར་བྱས་ནས་གསོལ་བ་གདབ་བོ།། དེ་ནས་གཟུངས་ལ་རྟག་ཏུ་མཆོད་ཅིང་བཟླས་པ་དང་། སྐབས་སུ་མཆོད་པ་དང་གཏོར་མུ་བཏུང་ཞིང་། སྤྲིན་ལ་སོགས་པ་བྱུང་བའི ་ཚེ་བདག་ཉིད་ལྷའི་ང་རྒྱལ་བྱས་ཏེ་ཐམས་ཅད་འཇོམས་པ་ཟློས་ཤིང་ཡུངས་ཀར་དང་བཅས་པ་ན་མཁའ་ཐམས་ཅད་ཕྱག་རྒྱའི་ཚོགས་ཀྱིས་གང་བས་འཇོམས་པར་བསམ་མོ།། སེར་པ་བསྲུང་བའི་ཐབས་རྫོགས་སོ།། ་