CLOSE WINDOW

GT1908: bsrung ba'i 'khor lo
Wyliee-texts produced with BDRC’s OCR application

བཟློག་ཅིང་གཟིར་བ་དང་། དམག་དཔུང་གཞོམ་པ་དང་། དངོས་གྲུབ་བསྒྲུབ་པ་དང་། སེར་བ་བསྐྱུང་བ་དང་། སྤྲེའུ་གསོ་བ་དང་། གཏོར་མ་བཏང་བ་དང་། མཛེ་ནད་གསོ་བ་དང་། འཇིགས་པ་བསྒྲུབ་པ་ཀུན ་དང་པོའི་ཕན་ཡོན་ལས་འབྱུང་བ་ལྟར་ཐམས་ཅད་བྱའོ།། བདག་འདྲ་བློ་དམན་སོ་སོ་སྐྱེ་བོ་ཡིས།། འཕགས་པ་མཆོག་ལ་ཆུ་ཡི་ཐིགས་ཙམ་བསྟོད།། འདི་ལས་བསྐྱེད་པའི་བསོད་ནམས་གང་བྱུང་བས།། བདོག་དང་སྲིན། ་ཀུན་གྱི་མཆོག་ཐོབ་ཤོག། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས།། སློབ་དཔོན་ཙནྡྲ་གོ་མིས ་མཛད་པ་རྫོགས་སོ།། ། དྲི་ལྔ་རང་ངམ་གཞན་ལ་བསྲུང་བ་འདོད་པས། དང་པོར་གྲོ་ག་འམ་རཱས་སམ་ཤིང་ཤུན་ལ། གུར་ཀུམཱ་གྱིས་རིམ་པ་བཞིར་གནས་པར་བསྐོར་ཏེ་དབུས་སུ་འཁོར་ལོ་རྩིབས་བརྒྱད ་པ་བཀོད་པའི་སྟེ་བ་ལ་བསྐྱང་བར་བྱ་བའི་མིང་བསྲུང་ཚིག་དང་བཅས་པ་བྲིས་ཏཱཾ། རྩིབས་བརྒྱད་པོ་དག་ལཱ་ནཱི། ཨོཾ་རི་ཥི་གྲཱ་ནཱ་ནས་ཨཥྚཱ་ན་མའི་བར་དུ་སོ་སོར་བྱིས་ཏེ། ཡང་བསྲུང་བའི་ཚོགས་དང་བཅས་པར་རོ།། གཉིས ་པ་ལ་ནི་ཏདྱེ་ཐཱ། ཨོཾ་ནས་ཧཱུཾ་དྲུཾ་བནོ་དྷའི་བར་དུ་སྡེ་ཚན་བརྒྱད་དུ་དགོད་པར་བྱའོ།། རིམ་པ་གསུམ་པར་ནི་ཞི་བར་བྱེད་པའི་རིག་སྔགས། ཏདྱ་ཐཱ། ཧཱུཾ་ནས་མ་མའི་བར་དུ་དགོད་པར་བྱའོ།། རིམ་པ་བཞི་པར་ནི། ཐམས་ཅད ་འཇོམས་པའི་རིག་སྔགས་ཨོཾ་ཨཱ་སི་ཏཱ་ན་ལཱརྐ་ནས་བི་ས་ན་ཡའི་བར་དུ་བསྲུང་བའི་ཚིག་དང་བཅས་པར་དགོད་པར་བྱའོ།། དེ་ལྟར་བྲིས་པ་དེ་བུམ་པ་འམ་མཎྜལ་སྟེང་དུ་བཞག་ནས། བདག་ཉིད་ལྷའི་རྣལ་འབྱོར་རྫོགས ་པར་བྱ་སྟེ། འཁོར་ལོའི་དབུས་ཀྱི་ཡི་གེ་ལས་འཕགས་པ་གདུགས་དཀར་མོ་ཅན་འཁོར་བཅས་བསྐྱེད་པར་བྱའོ།། དེ་ནས་མདུན་དུ་གཞལ་ཡས་ཁང་བསམས་ཏེ། ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་དྲངས་མཆོད་པ་བྱ་སྟེ། ་གཟུངས་ནས་འབྱུང་བས་གསོལ་བ་བཏབ་ལ། བཟླས་པ་རྒྱའམ་སྟོང་ངམ་ཅི་ཙམ་འཚམ་པར་བྱའོ།། དེ་ནས་འཁོར་ལ་ཡང་མཆོད་ཅིང་ཚངས་པ་དང་དབང་པོ་དང་ཉེ་དབང་དང་ལེགས་ལྡན་ལ་སོགས་པ་ལ་གཏོར་མ་ཕུལ་ཏེ། ་གསོལ་བ་བཏབ་ནས་རང་ངམ་གཞན་སྐྱེས་པ་འམ་བུད་མེད་དེ་ཕྱག་འཚལ་ཞིང་སྐྱབསུ་འགྲོ་བ་བྱས་ནས། ཡུངས་ཀར་དང་བཅས་པས་ལུས་སམ་མགུལ་དུ་བཏགས་ན་མེས་མི་ཚུགས་པ་ལ་སོགས་པའི་ཡོན་ཏན་དང ་ལྡན་ནོ།། སློབ་དཔོན་ཙནྡ་དྲ་གོ་མིས་མཛད་པའི་བསྲུང་བའི་འཁོར་ལོ་རྫོགས་སོ།། ། བདག་ཉིད་བསྙེན་པ་ཐོབ་པས་འཁྲུལ་འཁོར་འཆིང་བར་འདོད་ན།། དུར་ཁྲོད་ཀྱི་རས་ལ་ཁྲག་དང་དུག་དང ་ལེན་ཚྭ་དང་། སྐེ་ཚེ་ལ་སོགས་པའི་ཁུ་བས་འཁོར་ལོ་མུ་ཁྱུད་གཉིས་ལ་བསྐོར་བ་བྲིས་ཏེ། ནང་མའི་ལྟེ་བ་ལ་བསྒྲུབ་བྱའི་མིང་ས་བོན་གྱི་ཡི་གེ་བྲིས་པའི་ཕྱི་རོལ་དུ། ཏདྱ་ཐཱ། ཨོཾ་ནས་ཧཱུཾ་དྲུཾ་བིན་དྷའི་བར་དུ་བྲིས་པ། ་