CLOSE WINDOW

GT1905: 'phags ma gdugs dkar mo can gzhan gyis mi thub ma zhes bya ba'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱཱ་སི་ཏ་ཏ་པ་ཏྲེ་ཨ་པ་རཱ་ཛཾ་ཏ་ནཱ་མ་ནོ་པེ་ཀཱ། བོད་སྐད་དུ། འཕགས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་སྒྲུབས་ཐབས། འཕགས་མ་གདུགས ་དཀར་མོ་ལ་ཕྱག་འཚལ་ལོ།། ལྷ་མོ་གདུགས་དཀར་ཅན་བསྒྲུབས་པར་འདོད་པས། གནས་དབེན་པར་ཁྲུས་བྱས་སྟན་བདེ་བ་ལ་འདུག་སྟེ། རང་སྐད་ཅིག་གིས་ལྷ་མོར་བསྐྱོད་པའི་ཨོཾ་གྱི་འོད་ཀྱིས་འཕགས་མ་རི་ཁྲོད་མ་དང ་སངས་རྒྱས་ལ་སོགས་པ་སྤྱན་དྲངས་ལ་ཕྱག་བྱ་སྟེ། མཆོད་པོ་ལ་སོགས་པའི་བདུན་རྣམ་དག་གིས་ཚོགས་བསགས་ནས། ཚངས་པའི་གནས་བཞི་དང་། ཡེ་ཤེས་ཀྱི་ཚོགས་བསག་པར་བྱའོ།། དེའི་ངང་ལས་སྙིང་གའི་ཨོཾ ་ལས་འོད་འཕྲོས་དོན་གཉིས་བྱོས་ཚུར་འདུས་པ་ལྔས་གདུགས་དཀརུ་པོ་ཨོཾ་གྱིས་མཚོན་པར་གྱུར། དེ་ལས་འོད་ཟེར་སྐུ་ཕྲ་མོར་འཕྲོས་འདུས་པ་ལས་བདག་ཉིད་ལྷ་མོ་གདུགས་དཀར་ཅན་སྐུ་མོདོག་དཀར་མོ་ཞལ་གཅིག་ཕྱག ་གཉིས་པ། སྨན་གཉིས་ལས་བྱམས་པ་དང་། སྙིང་རྗེའི་འོད་ཟེར་འཕྲོ་བ། གཡས་སྐྱབས་སྦྱིན། གཡོན་གདུགས་དཀར་པོ་བཟུང་བ། པདི་ཟླའི་གདན་ལ་ཞབས་སྐྱིལ་ཀྲུང་གིས་བཞུགས་ཤོང་སྒེག་པའོ།། དེ་དབུ་རྒྱན་དང་རྣ་རྒྱུན ་ལ་སོགས་པའི་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པར་བལྟའོ།། སྤྲོན་རི་ཁྲོད་མ་དང་ལེགས་ལྡན་གྱིས་བསྐོར་བས་བསམ་མོ།། དེ་ལ་ཨོཾ་གྱི་འོད་ཀྱིས་ཡེ་ཤེས་པ་དགུ་གཽ་གཞུག་བཅིང་དབང་དུ་བྱའོ།། དེ་ཉིད་ལ་དབང་པོསྐུར་ལ་པོར ་ཅནས་དབུ་རྒྱུན་ནོ།། དེའི་ཐུགས་ཀར་འཕགས་མ་མཚོན་གྲང་བ་ཨོཾ་དང་བཅས་པར་བསྡུའོ།། དེ་ཉིད་ལས་སྐྱོ་བར་གྱུར་ན་ཡེ་ཤེས་ཀྱི་ལྷ་མདུན་དུ་བཀུག་ལ་ཕྱག་དང་མཆོད་བྱ་སྟོང་བྱས་ནས་ཐུགས་ཀ། ་གཉིས་སུ་ཨཱ~ཾ་ལ་སྔགས་ཀྱིས་བསྐོར་བ་དམིགས་ནས་ཞལ་དང་ལྟེ་བར་མགལ་མེ་འཁོར་བས་རང་གཞན་ཐམས་ཅད་ཀྱི་ནད་གདོན་ལ་སྩོགས་པ་བསྲེགས་པར་བསམས་ནས། ཏདྱ་ཐཱ། ཨོཾ་ཨ~ཾ་ནོ་ལེ་ཡཱ་ན་ལ། ་དེ་བི་ཥ་དེ། བཻ་རེ་བེ་རེ། བཛྲ་དྷ་རཾ། བནྡྷ་བནྡྷ་ནི། བཛྲ་པཱ་ཎི་ཕཊ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་དྷཾ་བནྡྷ་ཕཊ་སྭཱ་ཧཱ། འབུམ་ལ་སོགས་པ་བཟླས་པར་བྱའོ།། དེ་ནས་ཐུན་མཚམས་སུ་མདུན་གྱི་ཡེ་ཤེས་པ་ལ་དམིགས་པའི་མདོ་དང་། ་ལྷ་མོ་ལེགས་ལྡན་ལ་གཏོར་མ་བཏང་ནས། སྤྱོད་ལམ་གྱི་རྣལ་འབྱོར་བྱའོ།། འཕགས་པ་གདུགས་དཀར་མོ་ཅནྡ་གྱི་སྒྲུབ་ཐབས། སློབ་དཔོན་ཙན་དྲ་གོ་མིས་མཛོད་པ་རྫོགས་སོ།། ། ལོ་ཙ་བ ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། ཎྱ་གར་སྐད་དུ། ཨཱཪྻཱ་ས་ཏི་ཏེ་པ་ཏྲ་ཨ་པ་རཱ་ཛི་ཏཱ་པཱ་ལཻ་ཏ་བཱི་དྷི་ནཱ་མཿབོད་སྐད་དུ། འཕགས་པ་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན ་