| Wylie | e-texts produced with BDRC’s OCR application |
གཅན་ཟན་དང་ལ་སོགས་པ་ནི་རྒྱུ་དེ་ཕན་གདགས་པའོ།། ཀུན་ནས་སྒོར་འཇུག་པ་ལ་སོགས་པས་ནི་བཟླས་པའི་གྲངས་གསུངས་ཏེ་ལན་སྟོང་ནི་ཤི་བ་ལ་ཕན་གདུགས་པའི་བཟླས་བརྗོད་ཀྱི ་གྲངས་སོ།། ཁྲི་ནི་འཆི་བ་བླུ་བའི་ཚེས་བརྒྱད་ནས་ཉིའི་བར་དུ་དགེ་སློང་ལ་སོགས་པ་གང་ཟག་བཅུས་བྱེད་པའི་གྲངས་སོ།། འབུམ་ནི་བསྙེན་པའི་བཟླས་བརྗོད་ཀྱི་གྲངས་སོ།། འབུམ་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ཅེས། ་ནཱི་སྙིང་པོ་འབའ་ཞིག་གུར་ཀུམྦ་དང་གཱི་ལྤཱ་དང་ཙནྡྲ་ལ་སོགས་པས་སྔོན་བཞིན་བྷིས་ན་ཚ་ཚའི་ནང་དུ་བཅུག་པའོ།། འབུམ་ཚང་ནས་མཆོད་རྟེན་ཆེན་པོ་གཅིག་གི་ནང་དུ་གུ་ཙུག་སྟེ། ཤིང་བུ་བྷཱསྒྲེང་ཞིང་རྒྱུན་བཏགས་ནསྟེ། ་མཆོད་དྲོ་ཞེས་པ་ནི་འབུམ་གཏེར་ཆེན་པོའི་རིང་བསྲེལེ་ལོ།། དེ་ལ་མཆོད་རྟེན་གྱི་རིམ་པ་ནི། རི་འམ་ཐང་ངམ་ལྗོངས་གང་དག། དུར་ཁྲོད་ལ་སོགས་ཡངས་པ་མེད། ཡིད་འོང་གནས་སུ་རྒྱལ་པོ་ཡི།། སྐུ་གདུང་མཆོད ་རྟེན་བརྩིག་པར་བྱ།། ཡང་ནཱ་ས་འམ་རྡོ་དག་ལ།། མཁས་པས་ཚུལ་བཞིན་བརྐོ་བར་བྱ།། ས་འམ་རྡོ་འམ་ཤིང་དགེ་གམ།། ཡང་ན་ཚོགས་པས་བརྩིག་པར་བྱ།། དེ་ལ་སངས་རྒྱས་ཀྱི་མཆོད་རྟེན་ནི་ཁྱི་འཕ་བཅུ་གསུམ ་ཡན་ཆད། སུམ་ཅུ་རྩ་གཉིས་མན་ཆད་དོ།། རང་སངས་རྒྱས་ཀྱི་དགུ་ཡན་ཆད་བཅུ་གཅིག་མན་ཆད་དེ་ཆར་ཁབ་དང་ཏོག་ཀྱང་མེད་དོ།། དགྲ་བཅོམ་པའི་ཁྲི་འཕང་བཞི་ཡོན་ཆད་དོ།། འཁོར་ལོ་ལྔ་པའོ།། རྒྱུན་དུ ་ཞུགས་པ་ནས་ཕྱིར་མི་འོང་བའི་བར་གྱི་ཁྲི་འཕང་གསུམ་ཁོ་ནའོ།། འཁོར་ལོ་བདུན་པའོ།། ས་སོའི་སྨྲ་བའི་ཁྲི་འཕང་གཉིས་འཁོར་ལོ་བཞིའོ།། དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ཆ་བརྒྱད་དུ་བགོས་པའི ་མཆོད་རྟེན་ཆེན་པོ་བརྒྱད་ནི་གྲོང་ཁྱེར་སེར་སྐྱར་རྒྱལ་པོ་ཟས་གཙང་གིས་ཡོན་བདག་བྱས་ནས་དཔལ་ལྷ་ལས་བབས་པའི་མཆོད་རྟེན་བརྩིགསོ།། ཡུལ་མ་ག་དྷ་དབུས་འགྱུར་ཚལ་དུ་རྒྱལ་པོ་མ་སྐྱེས་དགྲས་ཡོན་བདག་བྱས་ནས ་བྱང་ཆུའ་ཆེན་པོའི་མཆོད་རྟེན་བརྩིགས་སོ།། གྲོང་ཁྱེར་རྩ་མཆོག་ཏུ་གྱད་རྣམ་སྟི་ཡོན་བདག་བྱས་ནས་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་བརྩིགས་སོ།། ཡུལ་བཱ་རཱ་ཎ་སེ་རུ་སེར་སྐྱའི་རྒྱལ་པོ་ཚངས་བྱིན་གྱིས་ཡོན་བདག་བྱས་ནས ་དཔལ་ཆོས་ཀྱི་འཁོར་ལོའི་མཆོད་རྟེན་བརྩིགས་སོ།། ཡུལ་ཡངས་པ་ཅན་དུ་རྒྱལ་པོ་ལི་ཙ་བྱཾ་གཞོན་ནུས་ཡོན་བདག་བྱས་ནས་དཔལ་ཀ་ནི་ཀའི་མཆོད་རྟེན་བརྩེགས་སོ།། ཡུལ་མཉན་ཡོད་དུ་རྒྱལ་པོ་གསལ་རྒྱལ་གྱིས་ཡོན་བདག ་བྱས་ནས་དཔལ་བཀྲ་ཤིས་སྒོ་མངས་བརྩིགས་སོ།། ཡུལ་ཆད་གེར་རྒྱལ་པོ་འདུན་འཛིན་ཏི་ལས་ཡོན་བདག་བྱས་ནས་དཔལ་བོད་ཅན་གྱི་མཆོད་རྟེན་བརྩིགས་སོ།། ཡུལ་ཏི་ཀ་ཙ་ཤིར་རྒྱལ་པོ་ཨིནྡྲ་བ་མིས་ཡོན་བདག་བྱས་ནས། ་མཆོད་རྟེན་པདྨ་ཅན་བརྩིགས་སོ།། སླད་ཆད་ཀྱང་དེ་དག་གི་རྗེས་སུ་འབྲངས་ཏེ་བརྩིགས་པར་བྱའོ།། དེ་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ཚུལ་དུ་བརྩིགས་ན། སྐུ་གདུང་གི་རྨང་ཡོད་ན་རྨང་རྟེན་ཇི་ལྟར་མཐོ་བ་བཟང་ངོ་།། ་རྟེན་མེད་ན་བང་རིམ་དང་པོའི་སུམ་ཆའི་ཚད་དོ།། དེའི་སྟེང་དུ་དགེ་བཅུ་ནི་ཕྱིར་བསྐྱེད་པ་དང་རྔམས་པང་རཱི་མ་དང་པོའི་རྔམས་བྱེད་དོ།། གནམ་འཕང་ཕྱི་ལ་བང་རིམ་དང་པོའི་ངོས་ཆུད་དོ།། དེ་ཡན་ཆད་སྲོག་ཤིང་སྟེ་བང་རིམ ་དང་པོའི་བཞི་གསུམ་གྱི་ཚད་དོ།། བང་རིམ་བཞི་འཕང་མཉམ་མོ།། བང་རི་མོ་རྔམས་ཀྱི་ཕྱིར་ཚད་ཁྲི་འཕང་ངོ་།། བུམ་རྟེན་ཁྲི་འཕང་གི་ཚད་དོ།། བུམ་པ་ནི་བང་རིམ་དང་པོའི་སུམ་གཉིས་ཀྱི་ཚད་དོ།། སྟོད་ཀྱི་སྐྱེད་ནི་བར ་རིམ་གསུམ་པ་དང་མཉམ་མོ།། བྲི་རྟེན་གྱི་རྒྱ་ནི་བང་རིམ་བཞི་པའི་ལྔ་ཆ་གཅིག་གོ།། པྲེ་ནི་བྲྀང་རིམ་བཞི་ཆ་གཅིག་གོ། དེ་གཉིས་ཀའི་འཕངས་ནི་བྱང་རིམ་གྱི་སུམ་གཉིས་དང་བང་རིམ་གྱི་ཕྱེད་དོ།། བང་རིམ་བཞི་ཤར ་དང་སྟོར་གསལ་ཁུང་བང་རིམ་ཉིད་ཀྱི་བརྒྱད་ཆའོ།། སྲོག་ཤིང་གི་རྩ་བ་བང་རིམ་བཞི་པ་ལ་རེག་གོ། འཁོར་ལོ་བཅུ་གསུམ་གྱི་འཕང་དུ་བང་རིམ་དང་པོའི་བཞི་གསུམ་གྱི་ཚད་དོ།། འཁོར་ལོ་དང་པོ་ནི་བྲེའི་ཟུར་བཞི་ལ ་སླེབ་སོ།། དེ་བཞི་ཆས་འཁོར་བའི་ཚད་ནི་འཁོར་ལོ་བཅུ་གསུམ་པའོ།། བཅུ་གཅིག་པོ་ཡང་དེའི་རིམ་གྱིས་གཞོལ་བའོ།། རྡེག་པར་ཐམས་ཅད་ནི་ཅི་མཛེས་སུ་བྱའོ།། ཐུགས་རྗེས་མདོ་གཟུངས་འཕང་ལོ་ཆུང་བ ་དང་མཉམ་མོ།། དེའི་སླད་དུ་རྔམས་ཀྱི་བཞི་གསུམ་ནི་འཇམ་པོ་ཉིད་སྟོང་དུ་བཞི་ཆ་ཅིག་ནི་ཕྲེང་བའི་སུལ་བཅུ་དྲུག་པའོ།། དེའི་སྟེང་དུ་འཁོར་ལོ་བཅུ་གསུམོ་པ་ཉིད་ཀྱི་ཤིང་ཕྱེད་ཚད་ཡང་རྩེ་ཕྲ་བ་བང་རིམ་ཉིད ་ཀྱི་འཕང་བྱེད་དོ།། ཡང་སྲོག་ཤིང་འཕང་དུ་བྲེ་ཆེད་ཙམ་སྟེང་དུ་ཟླ་བའི་རྩེ་མོ་གདུགས་དང་མཉམ་སྲོག་ཤིང་ལ་བསྐོར་ཏེ་རྩེ་མོ་དགད་དོ།། གདུགས་ནི་འཁོར་ལོ་བདུན་པ་དང་མཉམ་མོ།། ་གདུགས་ཁེབས་འཁོར་ལོ་དྲུག་པ་དང་མཉམ་མོ།། ཟ་ར་ཚགས་ནི་བྲེའི་འཕང་དང་མཉམ་མོ།། ཡང་སྲོག་ཤིང་འཕང་དུ་བྲེའི་སུམ་ཆའི་ཚད་ཀྱི་སྟེང་དུ་ཉི་མ་ཟླ་བ་ལུས་ཁྱད་གཡུང་ཙམ་མོ།། ཉི་མའི་སྟེང་དུ་ཏོག་གི་ཨུཏ་པ་ལ ་གསང་བའི་ཏོག་བུ་འདྲ་སྟེ་ཅི་མཛེས་ཉི་མ་དང་ཟླ་བ་དང་ཏོག་ཐམས་ཅད་ཀྱི་ཟུར་ལ་བྱ་མི་འཆགས་པར་བྱ་བའི་ཕྱིར་ལྕགས་ཀྱི་ཐུར་མ་རྣོན་པོ་གཟེར་བར་བྱའོ།། ཏོག་ནཱི་སེར་པོ་ཉི་མ་ནི་དམར་པོ།། ཟླ་བ་ནི་དཀར་པོ། གདུགས ་ཁེབས་ནི་དཀར་པོའོ།། གདུགས་ནི་སྔོན་པོ་གདུགས་ཀྱི་ཕྱོགས་བཞིར་རིགས་བཞིའི་ཕྱག་རྒྱ་བྲིའོ།། ཐུགས་རྗེའི་ཕུལ་ནི་དམར་པོའོ།། ཐུགས་རྗེ་ཉིད་དངོ་ཤེས་བཅུ་ནི་སེར་པོའོ།། སྲོག་ཤིང་ནི་དམར་པོའོ།། མཆོད་རྟེན་ཀྱང ་དཀར་པོའོ།། དགེ་བཅུ་ཡང་སེར་པོའོ།། རྨང་དང་རྨང་རྟེན་ལྗང་ཁུའོ།། མཆོད་རྟེན་བརྩིག་པའི་རིམ་པའོ།། ད་ནི་མཆོད་རྟེན་གྱི་བུམ་སྟེང་དུ་གདུང་མ་བཞི་རྒྱ་གྲམ་དུ་བྲི་བར་བྱའོ།། དེ་ཇི་ལྟར་འཚམ་པའི་དཀྱིལ་འཁོར་བཞེངས ་པར་བྱ་སྟེ། དཀྱིལ་འཁོར་གྱི་ཚད་དང་མཉམ་པའི་ཞེང་གི་བཞི་བྲིའོ།། དེའི་སྟེང་དུ་རྡོ་ལེག་བམ་སོ་བཏང་བའི་སོ་ཕག་ལེགས་པར་གཞིབ་བོ།། དེའི་སྟེང་དུ་བཀྲིས་པའི་རྩཝ་མུན་ཛ་བཏུབས་པ་དང་། བསྲེས་པའི་དྲི་བཟང་པོའི་ཆུས ་སྨྲས་ནས་གློ་ཕྱེ་དང་ཤིང་བལ་བཀལ་བས་བསྲེ་བར་བྱའོ།། རྒྱ་ཇི་ཙམ་ཡོད་པའི་བཅུ་དྲུག་གུམ་བརྒྱད་ཀྱི་ཆ་ནི་འཕངས་སུ་བྱའོ།། གཉེར་མ་དང་སྒྲོ་འབུར་མེད་པའི་གྲུ་བཞི་པར་བྱའོ།། དེ་ནས་ཐིག་གདབ་པ་དཀྱིལ་འཁོར་ཆེན ་པོ་བཀོད་པའི་རྒྱུད་ལས། སྐྱོན་མེད་རས་བལ་འཇམ་པོས་ནི།། ཤིན་ཏུ་གཙང་པོའི་བུ་མོས་ནི།། ཤར་དུ་བལྟས་ནས་དགུ་བསྒྲིལ་དུ།། སྔགས་འདི་བརྗོད་ཅིང་བཀལ་བ.རརོ་བྱ།། ཨོཾ་ཨ་ནོ་ནྱ་ཨ་ནུ་ག་ཏོ་ཡ།། སརྦ་དྷརྨ ་རཾ་པ་ར། སརྦ་དྷརྨ་ཨ་ནན་ཏ་ཡ། མ་སུ་པ་ར་པ་ཐ་སརྦ་དྷརྨ་ཧཱུཾ། ཤར་ནུབ་ལྷོ་བྱུང་ཚངས་ཐིག་གདབ།། ཚངས་དང་ངོས་དང་གྲུ་ཆད་གདབ།། ནང་གི་ཕྱེད་ཀྱང་ཕྱེད་ཚད་གདབ།། རྒྱབ་ཏུ་ཕྱེད་ཕྱེད་ཚད་གཏབ་ནས།། ལྔ་པ ་ཕྱི་ནས་ཚྭ་རེ་གདབ།། དྲུག་པ་དབུས་ཀཱར་རྒྱབ་མ་བཀས།། བཞི་རྒྱབ་ཕྱོགས་བཞིར་དབུས་ཆ་བཞི།། རེ་རེ་ཡང་ནི་བཞི་བཞིར་བ་སྒོ།། དེ་ནི་སྒོའི་དཀྱིལ་འཁོར་རོ།། ཕོ་བྲང་ཅི་བདེར་སྒྲུབ་པར་བྱའོ།། དེའི་རྒྱབ་ཏུ་ཆ་གཉིས ་ཀྱང་།། ཕྱེད་ཆ་རེ་རེར་བསྐོར་བ་ནི་པདྨ་རྡོ་རྗེ་འོད་ཕྲེང་དང་།། མཆོད་པ་བགོས་པའི་ས་གཞི་སྟེ་ཞེས་པའི་ཚུལ་གྱིས་ཐིག་བཏབ་ནས་ས་ཚོན་བཀྱེ་བས་གྲུ་བཞི་སྒོ་བཞི་རྟ་བབས་དང་དྲ་ཤར་དང་ཟླ་མཛེས་དང་བུ་དན་ལ་སོགས་པའི ་དཀྱིལ་འཁོར་གྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་བྲིའོ།། ཕྱི་རོལ་དུང་བ་རིམ་པ་གསུམ་ནི་སྣ་ཚོགས་པདྨ་དང་རྡོ་རྗེ་སྔོན་པོའི་ཕྲེང་བ་དང་དམར་སེར་མེ་འོད་འབར་བ་ཐམས་ཅད་དུ་ཟླུམ་པོ་དྲང་བའོ།། དཀྱིལ་འཁོར་དེ་ལ་ལྷའི་རྟེན ་དགོད་པར་བྱ་སྟེ། སྐུ་བམ་ཙཱ་ཀ་ལི་འམ་ཕྱག་རྒྱ་འམ་མིང་ཡིག་ཀྱང་རུང་སྟེ། ཚོན་མ་ལུས་པཱར་བྲིས་ནས་དགོད་པར་བྱའོ།། དེའང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད ་ལས། ཕུང་པོ་ལྔ་དང་བཅཝ་བརྒྱད་ཁམས། འབྱུང་བཞིར་བཅས་པའི་ལུས་ཀྱི་ནི།། དཀྱིལ་འཁོར་ཆེན་པོ་འདི་བལྟས་ནས།། མི་དོ་མྱུར་དུ་གྲོལ་བར་འགྱུར་ཞེས་སོ།། དེ་ནས་ལུས་དཀྱིལ་འཁོར་ཅི་ལྟ་བ་གཟུགས་བརྙན་གྱི་དཀྱིལ ་འཁོར་ལའང་ལྷ་ཉི་ཤུ་རྩ་བདུན་དུ་ངེས་སོ།། དེའང་གཟུངས་ཀྱི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ལ་སོགས་གཙོ་བོ་ཡབ་ཡུམ་ལི་ལྷ་མོ་ཉི་ཤུ་རྩ་དྲུག་གིས་བསྐོར་བའོ།། རིག་སྔགས་ཀྱི་དཀྱིལ་འཁོར་ལྷ་མོ་དང་བྱང་ཆུབ་སེམས ་དཔའོ།། གསང་སྔགས་ཀྱི་དཀྱིལ་འཁོར་ལ་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའོ།། འོན་ཀྱང་ཉི་ཤུ་རྩ་བདུན་དེ་དག་ཀྱང་ཕྱོགས་དང་ཁ་དོག་གི་བྱེ་བྲག་གི་ལྷ་རེ་རེ་ཡང་བཞི་བཞིར་འགྱུར་ལ། དེ་ལྟར་ནོ་རིགས ་འདུས་པའི་ལྷ་བརྒྱ་རྩེ་བརྒྱད་དོ།། དེ་ཉི་ཤུ་རྩ་ལྔར་འདུ་ཞིང་དགུ་དང་ལྔ་དང་གཅིག་ཁོ་ནར་ཡང་ངེས་སོ།། དེ་བརྒྱ་རྩ་བརྒྱད་དོ་དབང་དུ་བྱོས་ནས་དབུས་སུ་རྣམ་པར་སྣང་མཛད་ཆེན་པོ་ཞ་བཞི་ཕྱག་བརྒྱད་ཞབས་བརྒྱད་པ་ཡུམ ་དང་བཅས་པའོ།། གཡས་སུ་ཉི་མ་རྣམ་པར་སྣང་མཛད་དོ།། གཡོན་དུ་ཟླ་བ་རྣམ་པར་སྣང་མཛད། ཤར་དུ་མི་བསྐྱོད་པ་ལ་རིགས་བཞི་དང་སྦྱིན་མོ་ལ་སོགས་པ་བཞི་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་བཞི་དང་། ་སེ་ལ་སོགས་པ་བཞིས་བསྐོར་བའོ།། དེ་ཁོ་ན་བཞིན་དུ་ལྷོ་དྲང་ནུབ་དང་བྱང་དུ་ཡང་ཤེས་པར་བྱའོ།། དེ་ནི་དབུས་ཀྱི་ཕོ་བྲང་ངོ་།། དེ་ཡང་སྒྲིབ་པ་རྣམ་པར་སེལ་བའི་རྒྱུད་ལས།། ཐབས་དང་ཤེས་རབ་རང་བཞིན་གྱི།། དཀྱིལ ་འཁོར་གཙོ་བོ་རྣམ་སྣང་མཛད།། མདོག་སྒྲ་བྱང་ཆུབ་མཆོག་གི་རྒྱལ།། ཞལ་བཞི་པ་ལ་ཕྱག་བརྒྱད་དོ།། རིག་པ་ཀུན་གྱི་འབྱུང་གནས་མཆོག། ཟླ་བ་ཉི་མ་རྣ་མ་སྣང་མཛད།། ཉི་མ་ཟླ་བ་འཆང་བའོ།། ཕྱོགས་བཞི ་ཕོ་བྲང་དབུས་སུ་ནཾ།། རྡོ་རྗེ་རིན་ཆེན་པདྨའི་རིགས།། ལས་ཀྱི་རིགས་རྣམས་སོ་སོར་ཡང་།། རང་རིག་སངས་རྒྱས་སྲས་པོ་དང་།། སྤྱན་མ་བདག་མོ་གོས་དཀར་སྤྲུལ།། གཟུགས་སྒྲ་དྲི་རོ་ལྷ་མོ་དང་།། སྒེག་མོ་གར་ཕྲེང་གཱ ་མ་རྣམས།། ཕྱོགས་མདོག་རིགས་ཀྱི་ཕྱག་རྒྱ་ཅན།། གཡོན་ད་རང་རྟགས་རྒྱ་འཆང་བ།། ལྡེམ་བག་ཞི་བའི་ཚུལ་དུ་བསམ།། ཞེས་པ་དང་། ཡང་བྱང་ཆུབ་སེམས་དཔའ་སུམ་བཅུ་གཉིས།། ལྷའི་སྣམ་པུར་དགོད་པར་བྱ།། ་རིག་པའི་ལྷ་མོ་ཁྲོ་མོ་ཆེ།། མོས་པས་སྐྲྀ་ལ་དགོད་པར་བྱ།། ཞེས་གསུངས་སོ།། དེའི་རྒྱུབ་ཏུ་ལྷ་རྣམས་ལ།། བསྐལ་བཟང་སེམས་དཔའ་བཅུ་དྲུག་གོ།། སྒོ་བཞིར་ལྷ་མོ་བཞི་འམ་ཁྲོ་བོ་བཞི་དབུས་ཀྱི་གཙོ་བོ་ལ་ཡང་གཟུང། ་ཀྱི་ཚུལ་དུ་བསྒྲུབ་པ་ལ་ལྷ་མོ་བཞིའོ།། རིག་སྔགས་དང་གསང་སྔགས་ཀྱི་ཚུལ་དུ་བསྒྲུབ་བོ་ལ་རིགས་བཞི་ཉིད་དོ།། ཡང་དབུས་སུ་རིགས་ལྔ་མཚམས་སུ་སྤྱན་མ་ལ་སོགས་པ་བཞི་དང་ཕོ་བྲང་གི་དབུས་སུ་གཟུགས་རྗེ། ་ལ་སོགས་པ་བཞི་དང་སྒོ་བཞིར་ལྕགས་ཀྱུ་མ་ལ་སོགས་པ་འམ་ཡང་ན་ཁྲོ་མོ་བཞིའོ།། སྒོའི་ནང་གི་ལྷ་རྣམས་ལ་བྱང་ཆུབ་སེམས་དཔའ་ཟུང་རེ་ཏེ་བརྒྱད་དོ།། རྟེན་དག་བཀོད་ནས་དཀྱིལ་འཁོར ་ཡོལ་བ་དམར་པོ་དང་བླ་རེ་སྔོན་པོས་བྱའོ།། ཅོད་པན་དང་བ་དན་དང་རྒྱལ་མཚན་དང་གཟུངས་ལ་སོགས་པ་ངོས་རེ་རེ་ཡང་བརྒྱད་བརྒྱད་མངོན་པར་འདུ་བྱ་སྟེ་ལེགས་པར་བགོད། དེའི་སྟེང་དུ་ཁྲི་བཅས་ནས་གཡོན་གྱི་བདག་པོ་གང ་དེའི་གོས་ལ་སོགས་པ་དང་གཟུགས་བརྙན་བཞག་པར་བྱའོ།། དེ་ནི་དཀྱིལ་འཁོར་གྱི་རིམ་པའོ།། ད་ནི་དཀྱིལ་འཁོར་དེ་ལ་མཆོད་པར་བྱ་སྟེ། ལྷའི་གྲངས་ཀྱི་མཆོད་པས་དཀྱིལ་འཁོར་དེ་ཡོངས་སུ་བསྐོར་ནས་སྒྲུབ་པ་པོ་ཕྱོགས ་བཞིར་བཞུགས་ཏེ། ཇི་ལྟར་བཀོད་པའི་དཀྱིལ་འཁོར་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་པར་ལྷའི་ཚོགས་དང་བཅས་པ་སྐད་ཅིག་གིས་དམིགས་ནས་རང་བཞིན་གྱིས་ལྷ་བཅུག་སྟེ། ན་མཁར་ཟླ་བའི་དཀྱིལ་འཁོར་ལ ་གནས་པའི་ཨ~ཾ་ཡིག་ལས་འཕྲུལ་པའི་ལྷ་མོའི་ཚོགས་ཀྱིས་མཆོད་པར་བསམ་ཞིང་། གཞུང་གཞན་དུ་གསུངས་པའི་ཚིགས་བཅད་དང་སྔགས་དུ་མས་མཆོད་ཅིང་བསྟོད་པར་བྱའོ།། སལ་སྙན་དུ་མའི་ཚོགས་བཀྲོལ ་ཞིང་བཀྲ་ཤིས་ཀྱི་གྲུ་དུ་མ་དང་སྨོན་ལམ་དུ་བརྗོད་པར་བྱའོ།། འབྱོར་བ་རབ་ཀྱིས་ནཻ་རཾ་དང་རོའི་སྣོད་བརྒྱན་ཅིང་རོ་བཅུག་ནས་རོའི་ལྷའི་ཕྱོགས་སུ་ས་ལེགས་པར་བསྟར་བའི་དཀྱིལ་འཁོར་ཁྲུ་བཞི་ནས ་བཅུ་དྲུག་གི་བར་དུ་ཅི་རིགས་པར་བྱ་སྟེ། ཁྲུ་བཞི་པ་མ་ཐོ་གང་ནས་ཁྲུ་གང་གི་བར་དུ་བརྩིག་པར་བྱའོ།། དེ་ལ་མཁས་པས་ཐིག་འདི་ལྟར་གདབ་པོ།། ཚངས་ཐིག་ཟུར་ངོས་ལེགས་བཏབ་ནས། ཟླར་བཞི་སྡོམ་གདབ་པར་བྱ། ་ཆ་ཆེན་བཞི་རུ་འགྱུར་བ་ཡིན། དེ་ནས་གསུམ་གསུམ་བགོས་ནས་ནི། ཆ་ཆེན་བཅུ་གཉིས་འགྱུར་བ་ཡིན། དེ་ནས་གཉིས་སུ་བགོས་ནས་ནི།། ཆ་ཆེན་ཉི་ཤུ་བཞི་རུ་འགྱུར།། དེ་ནས་ཆ་བྲན་བགོས་ནས་ནི།། ཚངས་པའི ་ཐིག་གི་ངོས་གཉིས་ཀྱི།། ཆ་ཆེན་དང་པོའི་ཕྱེད་དུ་བགོ། ཕྱིའི་ཆ་ཕྱེད་དེ་བཞིན་བགོ། ཆ་ཆེན་གཉིས་པའང་ཆེད་དུ་བགོ། ནང་གི་ཆ་ཕྱེད་དེ་བཞིན་བགོ། ཆ་ཆེན་གསུམ་པའི་མཐའ་ལ་གཅིག། ཆ་ཆེན་བཞི་པའི་ཕྱི་ནང་གི། ཆ་རེ ་བཏབ་ཅིང་ལྔ་པ་ཕྱེད།། ཆ་ཆེན་དྲུག་པ་ལྷ་རྣམ་འགྱུར།། ཆ་ཆེན་བདུན་པ་ཕྱི་ནང་གི། ཆ་རེ་གདབ་ཅིང་དབུས་གཉིས་བཞག། ཆ་ཆེན་བརྒྱད་པ་ཕྱེད་དུ་བགོ། ཕྱི་ཡི་ཆ་ཕྱེད་དེ་བཞིན་བགོ། ཆ་ཆེན་དགུ་བཞི་རུ་བགོ། ཆ་ཆེན་བཅུ་པ ་ཕྱི་ནང་གི། ཆེ་རེ་གདབ་ཅིང་དབུས་གཉིས་གཞག། ཆ་ཆེན་བཅུག་ཕྱེད་དུ་བགོ།། ཆ་ཆེན་བཅུ་གཉིས་ཁོར་ཡུག་འགྱུར།། ཕྱོགས་གསུམ་དུའོང་དེ་བཞིན་ནོ།། སྒོ་ཅིགོ་ཕྱེད་ན་ཚངས་ཐིག་དང་།། ཕྱོགས་གཅིག་ཟུར་ཐིག་གདབ ་བྱས་ནས།། ཚངས་པའི་ཐིག་གི་ངོས་གཉིས་སུ།། ཆ་ཆེན་ལྔ་ལྔ་བགོ་བྱས་ནས།། ཆ་ཆེན་བཅུ་རུ་འགྱུར་བ་ཡིན།། དེ་ནས་གཉིས་སུ་བགོ་བྱས་ནས།། ཆ་ཆེན་ཉི་ཤུར་འགྱུར་བ་ཡིན།། དེ་ནས་ཆ་བྲན་བགོ་བར་བྱ།། ཚངས་པའི།། ་ཐིག་གི་ངོས་གཉིས་ཀྱི།། ཆ་ཆེན་དང་པོ་ཕྱེད་དུ་བགོ།། ཕྱིའི་ཆ་ཕྱེད་དེ་བཞིན་བགོ། ཆ་ཆེན་གཉིས་ནི་བྱེད་དུ་བགོ།། ཆ་ཆེན་གསུམ་པའི་མཐར་ཆ་གཅིག། ཆ་ཆེན་བཞི་པ་ལྔ་སྣུམ་འགྱུར།། ཆ་ཆེན་ལྔ་པ་ཕྱི་ནང་གི། ་ཆ་རེ་གདབ་ཅིང་དབུས་གཉིས་བཞག། ཆ་ཆེན་དྲུག་པོ་ཕྱེད་དུ་བགོ།། ཆ་ཆེན་བདུན་པ་བཞི་རུ་བསྒོ།། ཆ་ཚན་བརྒྱད་པ་ཕྱི་ནང་གི། ཆ་རེ་གདབ་ཅིང་དབུས་གཉིས་བཞག། ཆ་ཆེན་དགུ་པ་ཕྱེད་དུ་བའོ།། དེ་ནས་བསྐོར་བ་རིམ་ག ་བྱ།། གསུམ་པ་མཐའི་ཆ་ཕྲན་བསྐོར།། ཆ་ཆེན་བཅུ་པ་ཁོར་ཡུག་འགྱུར།། སྒོ་གསུམ་པ་སོགས་བྱེད་འདོད་ན།། ཕྱི་ནང་དཀྱིལ་འཁོར་གང་ཡིན་པའི།། ཚད་ཀྱི་རིམ་པས་བྱ་བ་ནི།། ཆ་ཕྲན་དཔྲཱི་དང་བསྣུན་པར་བྱ།། དེ་ནས་བློ་དང་ལྡན་པས་ཚོན ་སྣ་མ་ལུས་པས། དཀྱིལ་འཁོར་གྲུ་བཞི་པ་རིམ་པ་གཉིས་སམ་ཡང་ན་རིམ་པ་གཅིག་ཁོ་ན་བྲིའོ།། དེར་སྔོན་དུ་བཤད་པའི་དཀྱིལ་འཁོར་ལྷ་གང་མོས་པ་དགོད་པར་བྱའོ།། གལ་ཏེ་རིམ་པ་གཉིས་བྲིས་ན་བར་ཁྱམས་ལ་འཇིག ་རྟེན་སྐྱོང་བ་བཅུ་དགོད་པར་བྱའོ།། དེ་ཡང་བརྒྱ་བྱིན་དཀར་པོ་རྡོ་རྗེ་འཆང་།། མེ་ལྷ་དམར་པོ་མེ་ཐབ་འཆང་།། གཤིན་རྗེ་སྔོན་པོ་བེ་ཅོན་འཆང་།། བདེན་བྲལ་སྔོན་སྐྱ་རལ་གྲི་འཆང་།། ཆུ་བདག་དཀར་པོ་ཞགས་པ་འཆང་།། རླུང་ལྷ་ལྗང་སེར་བ ་དན་འཛིན།། གནོད་སྦྱིན་ལྗང་སྔོན་དབྱུག་པ་འཆང་།། དབང་ཕྱུག་ལྗང་སྐྱ་རྩེ་གསུམ་འཛིན།། ས་བདག་མི་ནི་བུཾ་ལྗང་སེར།། ཉི་ཟླ་ཚངས་པ་དཀར་སེར་ནི།། འོད་འཕྲོ་འཁོར་ལོ་འཛིན་པའོ།། ལྷ་དེ་དག་གི་སྭ་ཌ་སཾ་ཕྱག་རྒྱ་བཾ་སྐུ་དགོད་པོར་བྱའོ། 26།། ་