| Wylie | e-texts produced with BDRC’s OCR application |
དཱི་བཱཾ་ཀཱ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། ། དང་པོར་སེམས་བསྐྱེད་ལ་གང་ལ་དམིགས་པའི་བསམ་རྒྱུད་དང་བཅས་པར་བྱའོ།། དང་པོར་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ ་རྣམས་དང་། གཙུག་གཏྣོར་དཱི་མ་མྱེད་པ་ལ་སོགས་པ་ལ་སོགས་པ་མདུན་གྱིས་ན་མཁའ་ལུ་བཞུགས་པར་བསམས་ལ་མཆོད་པ་རྒྱ་ཆེན་པོ་དེ་ངོས་སུ་དབུལ་ལོ།། དེ་རྣམས་ཀྱིས་ཀྱང་བདག་དང་བུམ་པ་ནད་པ་འམ་གང ་ལ་སྒྲུབ་པར་བྱེད་པ་དེ་ལ་བྱིན་གྱིས་རློབ་པར་གསོལ་བ་གདབ་པས་བྱིན་གྱིས་རློབ་པར་བསམ་མོ།། བུམ་པའི་ཁ་རྒྱན་དང་བཅས་པ་དེ་ལ་རང་ཡང་ཁྲུས་བྱ། གསོ་སྦྱོང་ལ་སོགས་པ་གཙང་མར་བྱས་ལ་གཟུངས་ཚར་བརྩ ་རྩ་རྒྱུད་བཟློས།། དེ་ན་སྱོ་གང་ལ་དམིགས་པ་དེ་ལ་དེ་བཞིན་གཤོགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་བསམས་ལ་ཁྲུས་བྱའོ།། བོས་མ་རྒྱུད་དང་བཅོས་པས་སོ།། ། བླ་མ་རྣམས་ལ་ཕྱག ་འཚལ་ལོ།། གལ་ཏེ་ཆོ་ག་བྱ་བར་འདོད་ན་དེས་ཁྲུས་བྱས་ལ་གོས་གཙང་མ་བགོས། སྤོས་ཀྱི་དཀྱིལ་འཁོར་གྲུ་བཞི་པ་བྱའོ།། སྙིང་པོའི་རོག་སྔགས་གྲོ་ག་ལ་བྲི་བར་བྱའོ།། མཆོད་རྟེན་ལྔ་གདབ་པར་བྱ། རིག་སྔགས་འད ་ཡང་མཆོད་རྟེན་གྱི་ནང་དུ་བཞུགས་པར་བྱ།། མཆོད་ཉོན་ནི་གྲཝ་བཞིར་གཞག་པར་བྱ། གཅིག་ནི་དཀྱིལ་འཁོར་གྱི་དབུསོ་སུ་གཞིག་པར་བྱ། ཤིང་བུ་བཙུགས་ཏེ་བོ་དན་དམར་པོ་སྦྱང་བར་བྱའོ།། མེ་ཏོག་གིས་གཏོར་བར ་བྱ། བུམ་པ་གང་བཱ་བཞི་བཞག། གྲཝ་བཞིར་པོག་ཕོར་བཞི་དང་། དུ་རུ་ཀ་དང་། ཨུ་ཀ་རུ་དང་། གུ་གུལླཱི་དུད་པས་བདུག་པར་བྱའོ།། སྤོས་ཀྱི་མཆོད་ཡོན་གྱི་སྣོད་བཞི་གཞག་པར་བྱ། ཡིད་བཞིན་གྱི་ནོར་བུ་རིན་པོ ་ཚོའི་སྔགས་འདི་གཉིས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། དཀྱིལ་འཁོར་ལ་བསྐོར་བར་བྱའོ།། ནད་གྱིས་བཏབ་པ། གནོད་པ། ནད་ཚབས་ཆེ་བ། ཚེ་ཟད་པ། དུས་མ་ཡིན་པར་འཆི་བས་འཇིགས་པ། རྒྱལ་པོ་དང་། ཕ ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ། བུ་འདོད་པ་རྣམས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པར་བཞག་གོ།། རྨ་བྱའི་སྒོ་ལྔས་བྱུབ་པར་བྱའོ།། མཆོད་རྟེན་གྱི་དཀྱིལ་འཁོར་ལ་མཆོད་པར་བྱའོ།། ཆོ་ག་འདི་ལན་ཅིག་བྱས ་ན་བསྐལ་པ་འབུམ་དུ་བྱས་པའི་ལས་ཀྱི་སྒྲིབ་པ་དང་བྲལ་ནས་སྒྲིབ་པ་མེད་པར་འགྱུར་རོ།། ཀུན་ནས་སྒོར་འཇུག་པའི་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་། དམ་ཚིག་ལ ་རྣམ་པར་བལྟ་བོའི་གཟུངས་སྔགས་འདི་བྲིས་ལ་མཆོད་རྟེན་གྱི་ནང་དུ་གཞག་གོ།། མཆོད་རྟེན་གསར་པ་འམ། རྙིང་པ་བཅོས་པ་ཡང་རུང་སྟེ། དེའི་ནང་དུ་གཞུག། སྤོས་དང་བྱུག་པ་ཡང་དབུལ་ལོ།། གཟུངས་སྔགས ་འདི་བྲིས་ལ་མཆད་རྟེན་གྱི་ནང་དུ་གཞུག་གི། མཚད་རྟེན་གསུར་པ་འམ། རྙིང་པ་བཅས་པ་ཡང་རུང་སྟེ། ངའི་ནང་དུ་གཞུག། སྦས་དང་བྱུག་པ་ཡང་དབུལ་ལོ།། གཟུངས་ཀྱི་སྔགས་ཟློས་ཤིང་བརྒྱ་རྩ་བརྒྱད་བསྐོར་བར ་བྱ། ཉིན་ཞག་རེ་ལ་ཉིན་ལན་གསུམ་མཚན་ལན་གསུམ་དྲན་པར་བྱའོ།། དེ་ནས་ཉི་མ་ཤར་བ་དང་ཤུར་ཕྱོགས་སུ་སྤྲོས་ཀྱི་དཀྱིལ་འཁོར་བྱ། ཉི་མ་ལོགས་སུ་མེ་ཏོག་གིས། ་གཏོར་རོ།། ཨ་ཀ་རུ་དང་། དུ་རུ་ཀིའི་དུ་བྱས་བདུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ།། མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་ལ་རིག་སྔགས་ཀྱི་སྙིང་པོ་བྲིས ་ཏེ་མཆོད་རྟེན་གྱི་ནང་དུ་བཅུག། དཀྱིལ་འཁོར་གྱི་སྟེང་དུ་བཞག་ན་གང་གཱའི་ཀླུང་བྱེ་བ་ཁྲག་ཁྱིག་འབུམ་ཕྱག་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག ་པར་འགྱུར་རོ།། སྙིང་པོ་འདི་བྲིས་ལ་གཞུག་གོ། གཙུག་ཏོར་དྲི་མ་མེད་པའི་གཟུངས་ཀྱི་ཆོ་ག་རྫོགས་སོ།། ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། གཙུག་ཏཻ་རཾ་དྲི་མ ་