| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ས་མྦྷ་ཡ་རཀྵ་སྱཱ་དྷ་ནེ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བའི་སྦུབས་ཐབས། དེ་བཞིན་གཤེགས་པ་འོད་ཟེར་དྲི་མ་མེད་པ། ་སྙིང་པོ་ལ་ཕྱག་འཚལ་ལོ།། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། གང་འདོད་དངོས་གྲུབ་སྦྱིན་མཛད་པའི།། བླ་མའི་ཞབས་ཀྱི་རྡུལ་ལ་ནི།། དངོས་པོ་ཀུན་གྱིས་ཕྱག་འཚལ་འདུད།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ་རྒྱལ་སྲས་ཐུ་བོ་རྣམས་ལ་ཡང་།། དངོས་ཀུན་ཕྱག་བྱས་འོད་ཟེར་གྱི།། དྲི་མེད་སྙིང་པོ་སྒྲུབ་ཐབས་བཤད།། བཀྲ་ཤིས་ཡི་འོང་བདེ་གནས་སུ།། ཁྲུས་བྱས་བདེ་བའི་སྟན་ལ་འདུག། གསུམ་ལ་སྐྱབས་སུ་འགྲོ་བ་དང་།། ་བྱང་ཆུབ་སེམས་ནི་བསྐྱེད་པ་དང་།། སྡོམ་བཟུང་ཚད་མེད་བཞི་ལ་གནས།། རང་སྙིང་ཨ་ལས་འོད་བྱུང་བས།། བླ་མ་སངས་རྒྱས་བྱང་ཆུབ་སེམས།། ན་མཁའི་ངོས་ལ་བསམ་པར་བྱ།། ཕྱག་འོ་ཚལ་མཆོད་པ་ལ་སོགས ་བྱོ།། དེ་ནས་སྟོང་པའོ་ངོ་བོར་བསམ།། ཨོཾ་ཤྲཱི་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀེ་ཧཾ།། དེ་ནས་ལམ་རྗེས་དྲན་པར་བྱ།། ཨ་ལས་ཟླ་བ་རྡོ་རྗེར་བསྐྱེད།། དེ་ཡིས་ཇི་ལྟར་འདོད་རྒྱལ་པོས།། བགྲོགས་རྣམས་བསྐྲད་པར་བྱས་ནས་ནི།། ་དེ་དབུས་ན་མཁའ་གྲུ་གསུམ་ཟླུམ།། གྲུ་བཞི་རི་རབ་རྣམ་པར་བསམ།། གྲུ་བཞི་སྒོ་དང་རབ་ལྡན་པ།། འོད་དང་ལྡན་པའི་ཁང་པར་བསྒོམ།། ལྟེ་བར་པདྨ་ཟླ་བ་ལ།། ཨ་དང་མཾ་མུ་ཧྲིཿཧཱུཾ་ལས།། ཨ་ལས་ནོར་བུ་འབར ་བར་གྱུར།། རྒྱུ་ཡ་ག་སྨྲ་ཆགས་མ་ངས་ལ།། ཞལ་གཅིག་ཕྱག་གཉིས་རྒྱུན་དང་ལྡན།། གཡས་པ་སྐྱབས་བྱིན་གཱཡན་ནོར་བུ།། མཚན་དང་དཔེ་བྱང་ཚོགས་པ་དབུས།། གཡས་སུ་འཇམ་དང ་རྣོན་པོ་ལ།། རྒྱུ་བ་ཏུ་ཤཱཀྵུ་ཐུབ་པ་ཉིད།། གཡོན་དུ་སིངྒེ་སྐྱ་བསམ་བྱ།། མདུན་དུ་ཕྱག་ན་རྡོ་རྗེ་བསྒོམ།། མདུན་གྷྲྀ་ན་མཁའ་ཡེ་ཤེས་བས་མོ།། བྷིནྡ་བརླབས་དབང་བསྐུར་བསམ་པོར་བྱ།། མཆོད་པ་སྟོང་ལེགས་པ་རྫོགས་པ་དང ་རྩེ་གཅིག་ཡིད་ཀྱིས་བསྒོམ་པར་བྱ།། དཾ་ལས་སྦྱིན་སྙིང་པོ་བཟླས།། གཙུག་ཏུ་བཟླས་དང་སྨོན་བྲག་བཟླས།། སྙིང་ག་ཉིད་དུ་བཟླས་པའོ།། ཉེ་བའི་སྙིང་པོ།། ཨོཾ་སརྦ་ཏཾ་ཐཱ་ག་ཏ་མུ་དྲ་ཨ་དྷིཥྛི་ཏེ་སྭཱ་ཧཱ། དྭེ་ནས་གཏོར་མས་མཆོད ་ནས་གཤེགས།། བདག་ཉིད་སྤྱོདོ་ལམ་ཉིད་བྱ་ཞིང་།། སྣང་བ་སྒྱུ་མ་བཞིན་དུ་སྨད།། འདི་བྱས་དལ་བསྡིགས་པ་དག། དྲི་མེད་འཁོར་ལོའི་སྐུར་གྱུར་ཤོག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱོ་དམ་ཚིག་བསྲུང་བ་ཞེས་བྱ ་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་དཱི་པཾ་ཤྲཱི་ཛྙཱ་ནཱས་མཛད་པ་རྫུ་གས་སོ།། ། པཎྜི་ཏ་དེ་ཉིད་དང་། བོད་ཀྱི་ལོ་ཙ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། ་